ཤར་མཁན་སྤྲུལ་འཇམ་དཔལ་བློ་གྲོས་ཀྱིས།
ཉེ་ཆར་སྤྱི་ཟླ་ལྔ་བའི་ནང་བོད་གཞུང་མང་ཚོགས་ཆེན་གྲོལ་རྗེས། བོད་གཞུང་གི་མིང་བརྗེ་བསྒྱུར་དང་། མུ་མཐུད་དུ་རང་རློམ་ཅན་གྱིས་བྱས་ཉེས་འགེབ་སྲུང་གི་གཏམ་བཤད་རིམ་པ་དག་ལ་རྒྱལ་ཞེན་ལྷག་བསམ་ཅན་དག་ལ་བློ་ཕམ་ཧ་ཅང་ཆེ་བ་མངོན་གསལ་ཡིན།།
ད་ལྟ་ཡང་བསྐྱར་ཟླ་༩ བའི་གྲོས་ཚོགས་སྐབས་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་འདོགས་རྒྱུའི་གྲོས་གཞི་བཏོན་པ་དེ་ཡང་སྔར་གྱི་རང་རློམ་ལ་ཨུ་ཚུགས་ཕྱིར་ལོག་བྱས་པ་ལས་ཆབ་སྲིད་ཀྱི་དོན་སྙིང་རྨང་ནས་ཤོར་ཡོད། སྔ་སོར་ཁོང་ཚོའི་དམ་བཅའ་གཞུང་ཞེས་པའི་མིང་དེ་འདོར་དགོས་པར་བཤད་པ་ལ་ཕྱིར་ལོག་པས། སྔ་ཕྱི་ནང་འགལ་གྱིས་རང་གི་རང་མཚང་བརྡོལ་བ་ལས་འདུག་གམ།
༡ རྒྱུ་མཚན་ནི། དེའང་ཉེ་སྔོན། བོད་མིའི་སྒྲིག་འཛུགས་ཟེར་བ་དེ་༧གོང་ས་མཆོག་གིས་སྐུ་སྒེར་ཡིག་ཚང་བརྒྱུད་ནས་གཅིག་སྡུད་བྱས་ཏེ་གནང་བ་ཡིན་ཚུལ་དེ་སྔ་ཚིག་གྱིས་ཕྱི་ཚིག་མ་ནོན་པར་རྫུན་ཕུག་འགྲོ་ཁ་མའི་གཏམ་གྱིས་བརྡོལ་མ་སོང་ངམ།
༢ མ་འོངས་པའི་དཀའ་ངལ་འགོག་ཆེད་ཡིན་ཟེར་བ་དེ་ཡང་ཁུངས་ལུང་མེད་པ། གཏད་སོ་མེད་པའི་བབ་ཅོལ་དང་ཁོང་ཚོས་བྱས་ཉེས་འགེབ་སྲུང་ཁོ་ནའི་ཆེད་དུ་གྱ་ཚོམ་དུ་སྨྲས་པ་མངོན་མ་སོང་ངམ།
༣ བོད་གཞུང་གི་མིང་བསྒྱུར་ཀྱང་མ་འོངས་བའི་རྩ་དོན་མི་འགྱུར་ཟེར་བ་ནི་དེ་བས་ཀྱང་བབ་ཅོལ་དང་གྱ་ཚོམ་གྱི་སྲིད་དོན་རྩེད་མོ་བྱས་པ་དཔྱོད་ལྡན་སུས་ཀྱང་ཤེས་སླ།
གཅིག ༧གོང་ས་མཆོག་གིས་གཞུང་ཟེར་མི་ཉན་ཟེར་བ།
ད་ལོའི་སྐུའི་འཁྲུངས་སྐར་ཉིན། ཨ་རིའི་རྒྱལ་ས་ཝ་ཤུན་ཀྲོན་དུ་། ༸གོང་ས་མཆོག་སྐུ་དངོས་ནས་༼ དེ་ག་ནང་བཞིན་དུ་ང་ཚོས་དེར་བཙན་བྱོལ་གཞུང་བྱས་ནས། བོད་སྐད་ནང་ལ་གཞུང་ཟེར་བ་ཁོ་དག་དག་འགྲོ་གི་ཡོད་རེད། ང་ཚོས་བླ་བྲང་གཞུང་ཟེར་ཡ། ཆོས་གཞུང་ཟེར་བ་འདྲ་བོ། མི་ཚང་གཞུང་ཟེར་བ། ང་ཚོས་དེ་འདྲ་ཟེར་གི་རེད་པ། ཚིག་དེ་གོ་བའི་ཐོག་ནས་ང་ཚོ་བོད་གཞུང་ཟེར་བ་དེ་ཡོད་བསྡད་པ་དེ། ད་ཆ་དངོས་གནས་དྲང་གནས་ཀྱིས་དམངས་གཙོ་མི་མང་གིས་འོས་བསྡུ་བྱས་ནས་སླེབས་བསྡད་པའི་གཞུང་དང་མགོ་ཁྲིད་ཞིག་དུ་ཆགས་བསྡད་ཡོད་པ་རེད།༽ ཞེས་གསུངས་གནང་འདུག་པ་དེ་ཨ་རིའི་བོད་སྐད་བརྙན་འཕྲིན་ཁང་ནས་ཐད་ཀར་རྒྱང་བསྲིངས་བྱས་བ་ད་དུང་དྲ་ལམ་ནས་གཟིགས་ན་༸གོང་ས་མཆོག་གིས་བོད་གཞུང་ཞེས་པ་འདོགས་མི་རུང་བར་གསུང་ཟེར་བའི་རྫུན་ཕུག་བརྡོལ་ཡོད།།
གཉིས། མ་འོངས་པར་དཀའ་ངལ་འཕྲད་ཟེར་བ།
གཞུང་ཞེས་པ་ Government ཟེར་བའི་དོན་དུ་གོ་བ་དང་དེ་ལ་མ་འོངས་པར་དཀའ་ངལ་འཕྲད་པར་དོགས་པས་ཡིན་ན་ནི། བཙན་བྱོལ་བོད་གཞུང་ཞེས་པའི་མིང་བརྗེ་དགོས་དོན་རྩ་བ་ནས་མེད་ཏེ། བཙན་བྱོལ་གཞུང་ཞེས་པ་དེ་སྔོན་སྐད་ཡིག་གང་གི་ཐོག་ཏུ་ཡང་Government ཟེར་བའི་དོན་དུ་ནི་བསྒྱུར་མེད། བོད་ཀྱི་སྐད་ཡིག་ཐོག་ནས་ནི། བོད་གཞུང་ཞེས་པ་རྒྱལ་ཁབ་ཞིག་གི་གཞུང་གི་གོ་དོན་ཡོད་པ་གཞིར་བཞག་ལ། བསམ་བཞིན་དུ་མ་བསྒྱུར་ནའང་མཐའ་གཅིག་ཏུ་རྒྱལ་ཁབ་ཅིག་གི་དབུས་གཞུང་ལ་གོ་མི་དགོས་པས་ཁྱད་ཆོས་ཡོད་ཕྱིར། མ་འོངས་པར་ཉེན་ཁ་འགོག་ཆེད་མིང་བསྒྱུར་དགོས་ཟེར་བ་གཞི་འཛིན་ས་མེད་པའི་དཀྲོག་གཏམ་གཏན་ཚིགས་ཀྱིས་ཕོངས་བ་ཞིག་ཏུ་གྱུར་མ་སོང་ངམ།
གསུམ། མིང་ལ་འགྱུར་བ་བཏང་པས་དོན་ལ་འགྱུར་བ་མི་འགྲོ་ཚུལ་ལབ།
དེ་དག་ནི་འཁང་སེམས་ཆེ་བ་གང་ཞིག་གིས་བྱས་ཉེས་འགེབ་ཐབས་སུ་དངོས་ཡོད་ལ་གཡོ་རྫུན་ཙམ་དུ་ཟད་དེ། སུས་ཀྱང་ཤེས་སླ་ཞིང་དོན་དངོས་དང་འགལ་བ། ཤེས་བྱ་ཡོད་ཚད་མིང་གིས་མཚོན་ཡོད་པའི་དོན་དངོས་མངོན་གསལ་བ་དེ་ཙམ་ཡང་མཐོང་བའི་བློ་མིག་གིས་ལྡོངས་བ་ལ་ཡིད་རེ་ཆད། བློ་རེ་ཕམ། དེ་ནི་ངོ་བོ་དང་རྣམ་པ་གོ་ནོར་ཐེབས་པ་ཞིག་རེད། དོན་གྱི་ཆེད་དུ་མིང་རྩོད་ལེན་དང་གཙིགས་སུ་འཛིན་པ་ནི་འཛམ་གླིང་ཡོངས་ཀྱི་གཤིས་ལ་གྲུབ། བོད་ཀྱི་རྩ་དོན་ཡང་འདི་ལས་འདའ་ཚུལ་མེད། ལྷག་པར་དུ་བོད་གཞུང་ཞེས་པའི་མིང་དེ་ནི། རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རྣམ་ཤེས་ཀྱི་འཁྲི་ཤིང་དང་། ཚེ་སྲོག་གི་ཁ་ཆེམས་རེད། མ་འོངས་མི་རབས་རྗེས་མ་ཚོས་བདེན་དོན་འཐབ་རྩོད་ཀྱི་སྲོག་རྩ་རེད། འདི་ལ་སུ་ཞིག་གིས་རྨེག་མེད་ཀྱི་ལས་རྩོམ་པ་ཡིན་ན་དེ་ནི་ལོ་རྒྱུས་ཀྱི་ནག་ཉེས་ཆེ་ཞིང་དོན་དངོས་དང་བདེན་པ་ལ་བརྩི་བཀུར་མེད་པའི་འཆལ་གཏམ་ཡིན།
བླུན་པོའི་ཚོགས་ཀྱིས་བཀུར་བའི་དབུས་ན་འགྱིང་བའི་འཁང་སེམས་ཅན་སྲིད་དོན་ལངས་ཕྱོགས་ལ་གདེང་ཚོད་མེད་པས། དགྲ་དགའ་གཉེན་སྡུག་གི་ངོ་ཚ་བའི་བྱས་ཉེས་ལ་བསམ་ན་དམ་པའི་དྲུང་ནས་རྒས་ཀྱང་རང་མགུ་ང་རྒྱལ་བཙན་པས་ ༧མགོན་པོ་གང་གིས་གསུང་གི་སྣང་བས་ཡང་མ་བཏུལ་བའི་མཚོན་རྟགས་ལས་ཅི་ཡོད།།
བཞི། མིང་གསར་བ་དེ།
བོད་མིའི་གཞུང་གི་སྒྲིག་འཛུགས་ཟེར་བའི་དྲུག་སྒྲའི་གཞུང་དང་སྒྲིག་འཛུགས་གཉིས་ཐ་དད་དུ་གནས་བར་བསྟན་པས། གཞུང་དེ་གང་དང་། སྒྲིག་འཛུགས་དེ་གང་རེད་ཅེ་ན། མཛུབ་མོ་འཛུགས་ས་ཐ་དད་པ་རེ་རྙེད་རྒྱུ་མེད་ལ། ཨུ་ཚུགས་ཀྱིས་ཐ་དད་དུ་བསྟན་ན། གཞུང་དེའང་རང་སོར་གནས་ཡོད་པས་མ་འོངས་པར་དཀའ་ངལ་ཡོང་བར་དོགས་པ་རང་སོར་ལྷག་པས་རྐང་རྗེས་ལག་བསུབ་བྱས་པའི་རྩེད་མོ་ལས་མ་འདས་སམ། མ་ཟད་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་པ་ནི་བོད་མི་ཁོ་ནའི་སྒྲིག་འཛུགས་ལས་གོ་མི་ཐུབ། བོད་གཞུང་ཞེས་པས་ལོ་རྒྱུས་ཀྱི་སྔ་ཕྱི་ལ་མ་ལྟོས་པར་བོད་ཁོངས་སུ་ཡོད་པའི་མི་རིགས་གཞན་དག་ཀྱང་འདུས་པས་ཁྱབ་ཆེ་བའི་མ་འོངས་ཆབ་སྲིད་ཀྱི་དོན་སྙིང་གི་དགོས་དོན་ལྡན་ཡོད།། བོད་གཞུང་གི་མིང་དང་། རྒྱལ་རྟགས་ཀྱི་མིང་དག་ཆབ་སྲིད་ཀྱི་དོན་སྙིང་ཡོད་དགོས་པ་ལས། རྒྱ་གར་རང་བཙན་ཐོབ་ཟིན་པ་ཚོས་སྨོན་ཚིག་ཅིག་བྲིས་ཡོད་པར་ཞེན་དེ་རྒྱན་ཚིག་དང་གསོལ་འདེབས། སྨོན་ཚིག་ལྟ་བུ་བྲིས་ན་མ་འོངས་པའི་ལངས་ཕྱོགས་གསར་བ་ལ་དོན་སྙིང་གི་ནུས་པ་བྲལ།
ད་རེས་བོད་གཞུང་གི་མིང་མ་བསྒྱུར་བའི་གོང་འདིར། མི་སྒེར་གྱི་ཕོར་བའི་ཁ་ཙམ་དང་འཚོ་བ་རྒྱས་སྤྲོས་ཁོ་ནར་མི་ལྟ་ཞིང་། རང་རིགས་ཀྱི་རྩ་བའི་བདེན་དོན་ཤེས་ནས་སྨྲ་བ་དག་གིས་བློ་གཟུ་བོར་གནས་པའི་གཏམ་གྱི་ཞལ་འདེབས་རེ་ཅི་ནས་ཀྱང་གནང་རོགས་ཞུ།
ལྔ། རང་གི་ལྟ་ཚུལ་ཉུང་ངུར་བསྟན་པ།
ཇི་སྲིད་བཙན་བྱོལ་དུ་ནམ་གནས་བར་དུ། བཙན་བྱོལ་བོད་གཞུང་ཞེས་པ་དེ་ཁོ་ན་འོས་ཤིང་འཚམ་པ་དང་། དྲང་བདེན་ཀྱི་རིན་ཐང་ལྡན་ལ་དོན་དངོས་ལ་གཞོལ་བ། ཐ་ན་བརྗོད་བདེ་ཞིང་དོན་འདུས་སོ།།
བཙན་བྱོལ་ཞེས་པས་རང་ཚུགས་སུ་གནས་པའི་ཚད་ལྡན་གྱི་གཞུང་ཞིག་མིན་པར་བཙན་གནོན་ལ་བྱོལ་བའི་སྤྱི་གཞུང་ཞིག་གི་ངོ་བོ་ནུས་ལྡན་དུ་མཚོན་ཡོད། རྒྱལ་སྤྱིའི་ཁྲིམས་ཡིག་དག་དུ་ Government ཞེས་པའི་ངོ་བོར་དེབ་སྐྱེལ་བྱས་ཡོད་མེད་ལ་མ་ལྟོས་པར་བོད་གཞུང་ཞེས་པས་མི་ལོ་༢༡༣༨ གྱི་ལོ་རྒྱུས་ལྡན་པའི་བོད་རྒྱལ་ཁབ་གྱི་གཞུང་དེ་ལུ་གུ་བརྒྱུད་དུ་བཟུང་བ་ཡིན་པར་བསྟན་ཡོད། དེ་ཡང་ཁ་གསལ་ཞིང་དོན་དང་མཐུན་པས་རྒྱལ་སྤྱིའི་ཡོངས་ཁྱབ་ཀྱི་གོམ་འགྲོས་དང་ཡང་མཐུན་ཆ་ཆེའོ།།
བདེན་དོན་གྱི་ངོ་བོ་མི་ཉམས་ཕྱིར་བོད་ཡིག་ཐོག་ཏུ་བཙན་བྱོལ་བོད་གཞུང་ཞེས་དང་། ཤེས་ལྡན་པ་དབྱིན་སྐད་མ་སྐད་དུ་སྨྲ་བ་འགའ་དང་གོ་བསྡུར་བྱས་པ་ལྟར་ན་ Central Tibetan Administration ཟེར་བ་ལས Tibet Council In Exile ཞེས་བཏག་ན་དོན་སྙིང་ཁྱད་དུ་འཕགས། འདི་ནི་བོད་གཞུང་ཟེར་བ་བཞིན་དུ་རྒྱལ་ཁབ་དངོས་ཞིག་ལ་གོ་ཆོག་ཅིང་། ཡང་མཐའ་གཅིག་དུ་གོ་མི་དགོས་པར་རྒྱལ་ཁབ་ཅིག་གིས་སྐུ་ཚབ་ལ་ཡང་གོ་ཆོག་པས་འོས་ཤིང་འཚམ། གང་ལྟར། སྔར་གྱི་ནོར་འཁྲུལ་ངོས་ཟིན་པ་དང་། མུ་མཐུད་དུ་མཛོ་སྐེ་གཡང་སྦྲེལ་མི་བྱེད་པར་བག་ཡོད་བསྟེན་པའི་དུས་ལ་བབས། ད་དུང་དཔྱད་དགོས་འདོད་ན་སྐད་ཡིག་གང་ཞིག་གི་མ་སྐད་སྨྲ་བ་པོ་དག་དང་ཆེད་ལས་མཁས་པ་དག་དང་མཉམ་དུ་གོ་བསྡུར་གནང་གལ་ཤིན་ཏུ་ཆེའོ། །
Comments on “སྔ་ཕྱི་འགལ་བའི་བབ་ཅོལ་གྱི་མཚང་བརྡོལ་བ།”
Comments are closed.
རིན་པོ་ཆེ་ཁྱེད་བདེན་པ་རེད་རྒྱབ་སྐྱོར་ཡོད།
ཨ་་ཨ་་ཨ་་་་ངོ་མ་བདེན་པའི་ལོ་རྒྱུས་ལ་གཞི་བཅོལ་ནས་བཤད་འདུག་པས་་་་་རྒྱུ་མཚན་མང་ཞིང་དོན་དངོས་རེད།
ཡིན་ཡང་ངས་ཆབ་སྲིད་ཡག་པོ་མི་ཤེས་ཡ།་་་་་གང་ལྟར་བསམ་ཚུལ་ཡག་པོར་གླེང་འདུག
བདེན་པའི་གསུང་ལ་མངོན་པར་སྟོད་དོ། རྒྱབ་སྐྱོར་ཡོད། དེ་དེ་བཞིན་ནོ།
འོན་ཀྱང་། གནད་དོན་རྗེན་པར་བསྟན་ཀྱང་གོ་རྒྱུ་མེད་པའི་སྲིད་དོན་ཚོང་པར་ག་ཚད་བཤད་ཀྱང་ད་ཅང་ཕན་ནི་མ་རེད།
རིན་པོ་ཆེ་ཁྱེད་ཀྱིས་བོད་མིའི་སྒྲིག་འཛུགས་ཟེར་བ་འདི་༧གོང་ས་མཆོག་གིས་མ་གནང་བ་རེད་ཟེར། གཞུང་ཕྱོགས་ནས་༧གོང་ས་མཆོག་གིས་གནང་བ་རེད་ཟེར། ད་དངོས་ཡོད་ཀྱི་དཔང་རྟགས་གསལ་པོ་ཞིག་མེད་ན་གོང་གི་བཀའ་སློབ་ཐུང་ངུ་དེས་ཁག་པོ་བྱས་སོང་ང་།
ད་ངོ་མ་མི་ཤེས་ཀི་ཡ་སུ་བདེན་སུ་མི་བདེན་མི་ཤེས་ཀི་་་དོན་དངོས་གཞུང་ཞེས་བཞག་ན་བློ་བདེ་བོ་ཞིག་མི་འདུག་གམ་་སྲིད་དོན་པ་དེ་ཚོ་ལ་ཁེ་བཟང་གང་ཡོད་ན་་རིན་པོ་ཆེ་ནས་ཡག་པོ་གསུངས་འདུག་རྗེས་སུ་ཡི་རང་ཡོད་་་
ལྷོ་སྨོན་འབྲུག་རིས་ལགས།
ཤར་མཁན་སྤྲུལ་རིན་པོ་ཆེས། མཐའ་གཅིག་ཏུ་བོད་མིའི་སྒྲིག་འཛུགས་ཟེར་བ་འདི་༧གོང་ས་མཆོག་གིས་མ་གནང་པར་ཐག་བཅད་མི་འདུག གཏན་ཚིག་བཀོད་ནས་ཕ་ཆེར་གནང་ཡོད་ཁུང་མི་འདུག་གསུང་བ་རེད། ཞིབ་དུ་གཟིགས་ན་ཤེས་ནུས། དེ་གཙོ་བོ་ཁོང་ཚོས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ནང་འགལ་བཤད་པར་གཞི་བཅོལ་མི་འདུག་གམ། ད་ལྟ་ཁོང་ཚོར་ཡང་སྐྱར་བརྒྱུད་ལམ་ཁག་གི་གཅིག་དྲིས་ན་ཕར་ཆེར་ནང་འགལ་ཞིག་བཤད་ཀྱི་རེད།
མ་ཟད་རིན་པོ་ཆེས་་་དཔྱད་གཏམ་སྔ་མ་དེའི་ནང་དུ་གང་ལྟར་གང་ཟག་ལ་ལྟོན་པ་ལས་ཆོས་ལ་ལྟོན་ན་མི་ལེགས་སམ་ཞེས་འདྲི་ཚིག་དང་བཅས་པའི་གསུང་འདུག་པར་ཡང་དཔྱད་རིགས་སྙམས་ལགས།
ཤར་མཁན་སྤྲུལ་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་གཅིག།
སྐབས་༡༤ བའི་བཀའ་སྤྱི་གཉིས་ཀྱིས་བབ་ཅོལ་ནོར་འཁྲུལ་ཞིག་བསག་ཡོད་པར་ཐེ་ཚོམ་མི་འདུག ད་སྐབས་༡༥ བའི་བཀའ་སྤྱི་གཉིས་ཀྱིས་སྔར་གྱི་ངན་གོམ་ལ་ཡང་སྐྱལ་མི་འགྲོ་བར། བློ་གཟིར་བོར་གནས་ནས་ནོར་འཁྲུལ་ཡོ་སྤྲེང་གནང་ཐུབ་པའི་རེ་བ་ཡོད།
ལྷོ་སྨོན་འབྲུག་རིས་ལགས།
ཤར་མཁན་མཁན་སྤྲུལ་གྱིས་མཐའ་གཅིག་ཏུ་ྋོགོང་ས་མཆོག་གིས་མ་གནང་གསུང་བ་མ་རེད། གཏན་ཚིག་གིས་དཔྱད་ན་ཁོང་མེད་པ་ཁོང་ཚོས་བརྒྱུད་ལམ་ཁག་དུ་ནང་འགལ་གསུང་བས་བསྒྲུབ་འདུག མ་ཟད་དཔྱད་རྩོམ་སྔ་མའི་ནང་དུ་གང་ལྟར་ཆོས་ལ་ལྟོན་ན་གང་ཟག་ལྟོན་དགོས་མིན་གསུང་བར་ཡང་བསམ་བློ་བཏང་རིན་འདུག
ཁྱེད་ལ་བདེན་པ་འདུག་ཡིན་ན་ཆབ་སྲིད་ཟེར་བ་ལ་དོན་སྙིང་ལྡེན་པ་ཞིག་དང་འདས་མ་འོངས་ད་ལྟ་གསུམ་ལ་ལྟ་ཤེས་ཉན་ཞིག་དགོས་པ་བཤད་མ་དགོས་པ་རེད་ལྷག་པར་དུ་ང་ཚོ་ལ་ཁ་ཡོད་ལག་ཡོད་མྱུར་དུ་ཤ་རྩ་རུས་ལ་སྨན་ཐུབ་པ་ཞིག་གལ་འགང་ཆེའོ།།།།།
མཁན་སྤྲུལ་ཁོང་དེ་འདྲ་བའི་མཁས་པ་དང་བྱང་ཆུབ་མདོག་མང་པོ་གཤད་སྟངས་ལ་རྟགས་ཤིང་དཔྱད་ན་ཁོང་མ་འོང་བཀའ་བློན་ཁྲི་པ་བསྐོས་ན་ག་འདྲེ་འདུག།
དྲ་གྲོགས་རྣམས་སྐུ་ཁམས་བཟང་།
གོང་གི་མཁན་སྤྲུལ་ཞེས་པའི་མིང་ཆེན་པོ་ཞིག་འཁྱེར་ནས་ཡིག་རྙོག་དང་ཡིག་རྫོབ་གང་བྲིས་འདུག
དང་པོ།མིང་ཚིག་བེད་སྤྱོད་མ་ཤེས་པ།
གཉིས་པ།བརྗོད་དོན་གནད་ལ་མ་འཁེལ་བ།
གསུམ་པ།བྲེལ་མེད་ལུང་འདྲེན་བྱས་པ།
བཞི་པ།རྩོམ་ཡིག་དེ་ནད་བཅོས་སྲོག་སྐྱོབས་མིན་པར་དགྲ་ཤ་ལེན་སླད་ཡིན་པ་ཚིག་བརྗོད་ལས་ཤེས་ཐུབ།
ལྔ་པ།མདོར་ན་ཁོང་གི་མདོང་རྩེ་དེ་བཙན་བྱོལ་བོད་མིའི་གནད་མི་སྣ་དང་།དབུ་ཁྲིད་བཀའ་སྤྱི་གཉིས་ལ་བལྟད་ཡོད་པ།
དྲུག་པ།ཁོང་གིས་དགྲ་བོ་རྒྱ་དམར་ལའང་དེ་ལྟ་བུའི་ཚིག་ངན་གྱིས་སྦགས་པའི་རྩོམ་དམ་དུམ་དེ་འདྲ་བྲིས་མྱོང་ཡོད་ཀྱི་མ་རེད།བློ་ཕམ་པ་ཞིག་ལ་ཁོང་རང་གིས་འོས་ཤོག་བླུགས་ནས་འདེམས་ཐོན་བྱུང་བའི་ཁྲིམས་མཐུན་གྱི་བོད་མིའི་དབུ་ཁྲིད་རྣམས་ལ་དེ་ལྟ་བུའི་རྩོམ་རྫོབ་དེ་འདྲ་འབྲི་རྒྱུ་ལྟ་ཅི་བློ་ལ་ཤར་བའང་བློ་ཕམ་རེད།
རྗེས་སུ་མུ་མཐུད་མཇལ་ཡོང་།
རྩོམ་པ་པོ་སྐུ་ཞབས་ཤར་མཁན་གྱིས་གསུངས་པ་བདེན་པབདེན་རྐྱང་་རེད།
ཡིན་ན་ཡང་།
ང་ཚོའི་སྤྱི་ཚོགས་དཀའ་ངལ་ཆེ་ཤོས་ནི་བོད་མི་རང་རང་སོ་སོས་རྒྱུ་མཚན་དང་སྦྲེལ་ནས་བསམ་བློ་གཏིང་
ཟབ་མི་གཏོང་བར་གཞན་ལ་མཉེས་ཏེ་མི་ཆེན་དང་དཔོན་ཆེན་གྱི་མྱོང་བའི་གཏམ་ཟེར་ཚད་ལ་ཉན་པ་དང་།
འཇིགས་བསྐུལ་གྱི་ཉན་ཁའི་གཏམ་རྫིག་འདོགས་ཁ་པོ་དེ་ཚོ་སྒྲ་ཇི་བཞིན་ཁས་ལེན་བྱེད་རྐྱང་བྱས་ཏེ་འབྱུང་རྐྱེན་དང་དེའི་རྒྱབ་ལྗོངས།
ཞིག་སྒྲུབ་ཀྱི་ཡོད་མིན་སོགས་ལ་བསམ་བློ་སྔ་ཕྱི་སྦྲེལ་ནས་མ་བཏང་བའི་དབང་གིས་རེད།
ད་ཆ་ང་ཚོར་࿉࿉࿉࿉࿉࿉༼བོད་གཞུང་དགའ་ལྡན་ཕོ་བྲང་༽ཞེས་པ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གཟི་བརྗིད་ཅན་གྱི་
མཚན་སྙན་མིང་དོན་མཚུངས་པ་དེ་མེད་ན་ཡང་།
གལ་སྲིད༼་བོད་གཞུང་༽ཞེས་པའམ་༼བོད་པའི་གཞུང་༽ཞེས་པའི་སྲིད་གཞུང་གི་ངོ་བོ་མཚོན་བྱེད་དུ་གྱུར་པའི་ནུས་ལྡན་གྱི་མཚན་ཞིག་མེད་ན།
མ་འོངས་པར་སྐབས་བཞི་པ་དང་ལྔ་པ་སོགས་ཀྱི་བཀའཌྷ་བློན་ཁྲི་པའམ་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་
སྐབས་༡༥དང་༡༦སོགས་ཀྱི་འོས་ཤོག་འཕེན་སྐབས་ཆ་ཤས་ལེན་མཁན་དང་དོ་
འཁུར་གནང་ད་ལྟ་ལས་ཇེ་ཉུང་དུ་འགྲོ་བ་གདོན་ཟ་བ་རང་རེད་ལ་ཕལ་ཆེར་ཁག་པོ་རེད་དེ་དུས་ཡང་སྐྱར་སྲིད་དབང་སྒེར་འཛིན་ནམ་གཅིག་བསྡུས་ལམ་ལུགས་ཆགས་སྲིད་པ་ཡང་རེད།
གང་ཡིན་ཟེར་ན་ཚང་མ་གཞན་རྒྱ་དཀར་ནག་སོགས་ལ་བསྟུན་ཆེས་དྲགས་པས་རང་ལུགས་བརླག་ཅིང་།
རྒྱལ་ཁབ་ཀྱི་ངོ་བོ་མཚོན་པའི་ཐོག་མར་དང་བ་འགྲེན་བྱེད་ཀྱི་མཚན་སྙན་གཟི་བརྗིད་ཅན་མེད་པའི་ཕྱིར་རོ།
འཛམ་གླིང་ཐོག་གི་ཁེ་ལས་དང་བྱ་ལས་ཀྱི་མཚན་པ་གང་ཞིག་ཡིན་ཀྱང་ཐོག་མར་བཟོ་གྲཱ་དང་ཚོང་ཁང་གི་
མིང་དེའི་ཆེད་དུ་འགྲོ་སོང་ཨ་སྒོར་སོགས་འབུམ་ཕྲག་མང་པོ་གཏོང་གི་ཡོད་པས་དེ་ནི་དགོངསཔ་རྒྱུ་མཚན་
དགོས་པ་གང་གི་ཆ་ནས་ཀྱང་ཚན་རིགས་དང་མཐུན་ཞིང་མིའི་སེམས་ཁམས་ཐོག་མར་དང་བ་འདྲེན་པ་ལ་
དམིགས་གསལ་གྱི་ནུས་པ་ཡོད་པས་སོ།
ཡ་དྲ་གྲོགས་གངས་ཞེན་ལགས། ང་གཉིས་ལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས་རེད་འདུག གལ་སྲིད་རིན་པོ་ཆེས་༧གོང་ས་མཆོག་གིས་མ་གནང་བར་གསུངས་པ་མིན་ན། ༼ཨ་རིའི་བོད་སྐད་བརྙན་འཕྲིན་ཁང་ནས་ཐད་དཀར་རྒྱང་བསྲིངས་བྱས་པ་ད་དུང་དྲ་ལམ་ནས་གཟིགས་ན་༧གོང་ས་མཆོག་གིས་བོད་གཞུང་ཞེས་པ་འདོགས་མི་རུང་བར་གསུངས་ཟེར་བའི་རྫུན་ཕུག་བརྡོལ་ཡོད་༽ ཅེས་བྲིས་པའི་རྫུན་དེ་ག་རེར་ཁོང་གིས་ངོས་འཛིན་ནམ། དེའི་ཕུག་ག་འདྲ་སེ་བརྡོལ་བ་རེད་དམ
བླ་མ་ཁོང་གིས་གསུང་བའི་བསམ་ཚུལ་ལ་ཡི་རང་དང་། བསམ་ཚུལ་མཐུན་ས་ལ་རྒྱབ་སྐྱོར་ཡོད།
ཡིན་ཡང་། བསམ་ཚུལ་འདི་འབྲེལ་གྱི་སྐྱོན་ཕྱོགས་ནས་མཐོང་ཚུལ་ནི།
༡༽བསམ་ཚུལ་བཤད་སྐབས་ཀུན་སློང་ལ་ཁོང་ཁྲོ་དང་ང་རྒྱལ་གྱིས་རྐྱེན་བྱས་འདུག་པས་སྐྱོན་ཞིག
༢༽ཚིག་བེད་སྤྱོད་གཏོང་སྐབས་བླུན་པོ་སོགས་མ་རུང་བའི་ཚིག་ཁ་ཤས་ཀྱིས་བོད་མིའི་སྒྲིག་འཛུགས་དང་འགོ་ཁྲིད་ལ་བརྩི་བཀུར་མེད་པའི་སྐྱོན་ཞིག
༡༽སྐད་ཆ་བཤད་སྟངས་དེ་ཚོ་གུང་ཁྲན་ཏང་གི་གསར་འགྱུར་ནང་ཏཱ་ལའི་ཡུལ་གྱར་བ་ཟེར་བཞིན་སྡིགས་དམོད་བྱེད་པའི་རྣམ་འགྱུར་དང་ཆ་འདྲ་ས་མང་པོའི་སྐྱོན་ཞིག
མདོར་ན་བླ་སྤྲུལ་གྱི་མིང་ཁུར་ཚར་བའི་རྗེས་ལ་ནང་གི་ཆགས་སྡང་རྨོངས་གསུམ་ལ་ཚོད་འཛིན་བྱེད་དགོས་པ་དང་། ཚོད་འཛིན་ཡོད་པའི་གོ་བརྡ་ཞིག་སྤྲད་ཚར་བ་རེད། བླ་མ་སྤྲུལ་སྐུའི་གསུང་མོལ་གནང་སྟངས་དང་ཀུན་སྤྱོད་ལ་བདག་གཅེས་གནང་རྒྱུ་གལ་ཆེ་བ་ཞིག་མཐོང་གིན་འདུག
རྨོག་རུ་བསྟན་པ།
ཉིད་ཀྱིས། བླ་མ་ཁོང་གིས་གསུང་བའི་བསམ་ཚུལ་ལ་ཡི་རང་དང་། བསམ་ཚུལ་མཐུན་ས་ལ་རྒྱབ་སྐྱོར་ཡོད། ཟེར། ཁོང་གི་དཔྱད་བརྗོད་འདིའི་ནང་དོན་དག་གི་ནང་དུ་ཁྱེད་ལ་བསམ་ཚུལ་མི་མཐུན་ས་དང་། རྒྱབ་སྐྱོར་མེད་ས་ཞིག་ཡོད་དམ། ཡོད་ན་དྲྭ་ལམ་དུ་གསུང་རོགས་ཞུ། འདི་ནི་གལ་ཆེན་པོ་རེད།
ཡང་ཉིད་ཀྱིས། ཁོང་ཁྲོ་དང་ང་རྒྱལ་བརྩི་བཀུར་མེད་པ། སྐད་ཆ་བཤད་སྟངས་དེ་ཚོ་གུང་ཁྲན་ཏང་ནང་བཞིན་རེད་ཟེར་བ་སོགས་ནི། ཤེས་ཡོན་པས་གཏམ་ཞིག་ཨེ་ཡིན་སྙམ། དེས་ཁྱེད་ལ་རེ་བ་བཅིང་བ་ལས་འགོང་སོང་། བླ་མ་ཞིག་མ་ཟད་སྤྱི་སྟིང་གི་མི་ཞིག་ཡིན་ཡང་དེ་འདྲ་ལས་སླ་མོས་ཚོད་དཔགས་ཐུབ་གྱི་མ་རེད་དམ། ཁུང་ཁྲོའི་རྣམ་འགྱུར་དགོས་པའི་དུས་ལ་བབ་འདུག་པར་སྣང་། ཁོང་གིས་དེ་ལྟར་མ་གནང་ན་སུས་ཀྱང་མི་ཐུབ་པས། ངས་བསམ་ན་དུས་ཐོག་ཆར་བ་རང་རེད་སྙམས།
ངས་ཆབ་སྲིད་མི་ཤེས། ཡིན་ན་ཡང་ལོ་རྒྱུས་ལ་བལྟས་ནས་སོང་ན་བོད་ལ་ཆབ་སྲིད་ལམ་ལུགས་གཉའ་ཁྲི་བཙན་པོ་ནས་མགོ་ཚུགས་པར་འདོད་ལ། བོད་ཀྱི་ཆོས་རྒྱལ་རིམ་བྱུང་སྐབས་ནས་བཟུང་ཁྲིམས་ཀྱིས་དབང་བསྒྱུར་བྱེད་པའི་ལམ་ལུགས་དེ་ལ་རྒྱལ་རྒྱུད་ལམ་ལུགས་དང་། ས་སྐྱ་དང་ཕག་གྲུ། དགའ་ལྡན་ཕོ་བྲང་སྐབས་ལ་བོད་ཀྱི་ཆབ་སྲིད་ལ་འཕེལ་འགྲིབ་དང་ཉམ་ཉེས་མང་པོ་ཞིག་བྱུང་ཡོད་པ་དང་། ལོ་ངོ་སྟོང་ཕྲག་གི་རིང་བརྒྱུད་ནས་འོངས་བའི་ཆབ་སྲིད་ལམ་ལུགས་འདི་ད་ཆ་རྒྱལ་སྤྱིའི་འགྲོས་དང་མཐུན་པར་དམངས་གཙོ་ཡང་དག་པའི་ལམ་དུ་ཤར་བསྐྱོད་ཐུབ་པ་ནི་དགའ་འོས་པ་ཞིག་རེད། བཀའ་སྤྱི་གཉིས་དང་ས་གནས་འཐུས་མི་དང་གནད་ཡོད་མི་སྣ་བཞི་བརྒྱ་ལྷག་འདུ་འཛོམས་ཀྱིས་མང་མོས་ཐོས་ཐོག་ལོ་ངོ་སྟོང་ཕྲག་གི་ཆབ་སྲིད་ལམ་ལུགས་དེ་ལ་བོད་མིའི་སྒྲིག་འཛུགས་ཞེས་ཐག་ཆོད་བྱུང་བ་དེ་ལ་ཅུང་ཟད་ཉམ་དམའ་བ་ཞིག་བྱུང་འདུག་མོད། ཡུལ་དུས་གནས་བབས་དང་བསྟུན་ནས་མིང་ག་རེ་བཏགས་ཀྱང་ཁྱད་པར་མི་འདུག གཙོ་བོ་སྒྲིག་འཛུགས་སྲ་ཐག་ཐག་ཅིག་ཡོང་ན་དེས་འགྲིག་ག དེ་ལ་རྫུན་ཕུག་རྡོལ་ཟེར་དོན་ཅི་ཡོད། །
དབུ་མའི་ལམ་གྱི་ལས་འགུལ་ཁང་གི་དྲུང་ཆེ་དང་བོད་མི་དམངས་སྤྱི་འཐུས་ཀྱི་ལས་གནས་གཉིས་ཀའི་ཐོག་ཞུགས་ཡོད་པའི་དྲ་གྲོགས་སྨོན་རུ་བསྟན་པ་ལགས།
༡་་གཙོ་བོ་བརྗོད་གཞིའི་ཐོག་ཏུ་དྲང་བདེན་གྱི་བསམ་ཚུལ་གསུངས་ཐུབ་པ་ནི་ངོ་ཚ་དགོས་པའི་གནས་སྟངས་རེད། ཁོང་ཁྲོ་དང་ང་རྒྱལ་འདུག་གསུངས་པར་བདེན་པ་རེད། ཤི་བའི་རྣམ་ཤེས་འཁོར་ས་དང་གསོན་པོས་ཡིད་བརྟེན་བྱས་ས་ཡི་སྲོལ་རྒྱུན་ལྡན་པའི་བོད་གཞུང་གི་མིང་ཚིག་རྩ་མེད་བཟོ་དུས་སུ་ཁོང་ཁྲོ་དང་ང་རྒྱལ་མེད་པའི་རྒྱལ་གཅེས་པ་ཞིག་ཡོད་སྲིད་ཀྱི་མ་རེད།
༢་་་རྩོམ་པ་པོའི་བརྗོད་བཞིན་པའི་བརྗོད་བྱའི་ཐོག་ཏུ་གནད་ལ་ཁེལ་བའི་ལན་གནང་མ་ཐུབ་པར་རྩོམ་པ་པོའི་ཀུན་སྤྱོད་ལ་དགག་བྱ་བྱས་པ་ནི་ཁྱོད་རང་སྡུག་ཐུག་པའི་སྐད་ངན་ཤོར་བ་རང་རེད།
༣་་་བོད་གཞུང་ཞེས་པའི་སྲོལ་རྒྱུན་ལྡན་པའི་མིང་ཚིག་འདི་རྩ་མེད་བཟོས་ན་་་མ་འོང་ཕུངས་རྒྱང་རིང་པོར་ཕན་ཐོགས་ཡོད་པའི་གསལ་བཤད་གནང་ཐུབ་ཀྱི་མེད་པ་ནི་དབུ་མའི་ལས་འགུལ་ཁང་གི་ང་ཚ་རེད་དོ།
ཤར་མཁན་སྤྲུལ་འཇམ་དཔལ་བློ་གྲོས་ཀྱིས་གསུང་བ་དེ་བདེན་པ་རེད་བདེན་པའི་གསུང་ལ་མངོན་པར་སྟོད་དོ། མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད།་ཧཧཧཧཧཧ
རིན་པོ་ཆེ་ཡི་གསུང་ལ་རྒྱབ་བསྐྱོར་ཡོད། བཙན་བྱོལ་བོད་གཞུང་སོར་འཇོག་བྱེད་མིན་ནི་ལོ་རྒྱུས་ཀྱི་རྒྱུན་མཐུད་མིན་དང་ཁྲིམས་ཐོག་ནས་ཁུངས་སྐྱེལ་བྱེད་འདུན་ཡོད་མེད་ལ་ཐུག་ཡོད།
མི་ལོ་ལྔ་བཅུའི་གོང་དུ་ང་ཚོས་དེ་སྐྱེལ་ཇི་འདྲ་ཞིག་བྱས་ཡོད་པ་མགོ་མ་འཚོས་པ་ནི་སེམས་སྐྱོ་བ་རང་རེད. ད་ཆ་དེང་ཐོག་གི་་དེབ་སྐྱེལ་ནང་བཞིན་བོད་ཡིག་ཐོག་ཏུ་སྤྱོད་དགོས་ཚུལ་གསུང་དུས. མགོ་བཅད་རེད. མིང་བསྒྱུར་རེད་སོགས་ཟེར. ངོ་ནས་མགོ་འཚོས་འདོད་མེད་དམ་མགོ་མ་འཚོས་ཁུལ་གྱིས་ཅིག་བསམ་བཞིན་ཡོད་ན་མི་ཤེས་སོ.
མ་འོང་བར་རང་བཙན་བྱུང་ན་མིང་གང་འདོག་རང་ལག་རེད. རང་སྲིད་རང་སྐྱོང་ལ་ཡང་འོས་འཚམས་ཤིག་འདོག་དགོས་ངེས་རེད. ཟིན་བྲིས་ཚོགས་ཆུང་གིས་་བཞུང་ཞེས་པའི་ཚིག་བཞག་ཡོད་ལ་་དེ་འཇོག་དགོས་དོན་་པད་མ་འབྱུང་གནས་ལགས་ཀྱིས་་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་བར་ཉན་ན་མགོ་མ་འཚོས་ས་མི་འགྲོ་ངེས་ཅན་ནོ.
སྐྱབས་མགོན་རིན་པོ་ཆེ་ཡིས་ཨ་རིར་དེ་འདྲ་གསུང་ཡོད་ན་་དེ་ནི་ཟིན་བྲིས་ཚོགས་ཆུང་གི་ཟིན་བྲིས་དང་་ད་ལྟའི་ཨུ་ཚུགས་ཅན་ཞེས་བསྡུག་ས་ཚོའི་རྒྱབ་བརྟེན་ཉག་གཅིག་ཏུ་འགྲོ་བ་ལས་གཞད་དུ་ཁོ་བས་མི་སེམས་སོ.
ད་ལྟ་འདི་ལྟར་མི་འདོད་པ་ཚོས་གཞི་ནས་དེབ་སྐྱེལ་གསར་བར་འབད་དགོས པ་ལས་ དེ་རང་ལ་བོད་ཡིག་ཐོག་ཏུ་རང་འདོད་གང་ལེགས་ཤིག་བརྗོད་འདོད་པ་ནི་་་་་་་་
ངོ་ནས་བྱས་ན་་་ངམ་ནག་བཞིན་གྱི་གཉེར་མ་ཡལ་དགོས་ཚོད་ཡིན་འདྲ་་་་་་
འདས་པའི་བོད་དེ་རྒྱལ་ཁབ་ཅིག་ཡིན་མིན་གྱི་ཆ་ནས་མིན་པར་འབྱུང་འགྱུར་གྱི་བོད་དེ་རང་བཙན་གྱི་རྣམ་པར་གནས་ཐུབ་མིན་གྱི་ཆ་ནས་བསམ་གཞིགས་དང་གྲ་སྒྲིག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཤིག་གཏན་ལ་ཕབ་ཡོད། དེ་བས་བཅའ་ཁྲིམས་ཀྱི་ནང་དོན་ཐད་ནས་རང་བཙན་གྱི་ངོ་བོ་མེད་པ་ཞིག་ལ་སྤྱིར་བཏང་གི་གཞུང་ཙམ་གྱི་ཐ་སྙད་ཅིག་འགོད་མིན་གྱི་རྩོད་པ་འདི་ནི་བུ་མོ་ཞིག་ལ་བུའི་མིང་འདོགས་པ་ཙམ་ལས་ཅི་ཡང་མིན་ནོ།
གལ་ཏེ་དོན་གྱི་འགྱུར་བ་ཞིག་དགོས་ན། བཅའ་ཁྲིམས་ཀྱི་ངོ་བོ་སྒྱུར་བཅོས།
གནམ་གྱི་ལོ་ཡག་པོ་ལགས. ལོ་རྒྱུས་ནི་ལོ་རྒྱུས་རང་རེད. དེར་འགྱུར་བ་བཏང་སོང་བསམ་པ་ནི་་་གུང་ཁྲན་ཏང་གི་སློབ་གསོའི་འོག་ཏུ་འཚར་ལོང་བྱུང་བས་བསླད་པའི་བློ་ཁོ་ནའོ
རྣམ་པ་ཚོས་ཡིག་ནོར་ལ་ཡིད་གཟབ་གནང་རོགས། ༼རིན་པོ་ཆེ་བདེན་པ་རེད། ཡིན་ན་ཡང་བཀའ་བློན་ཁྲི་ཟུར་ཟམ་གདོང་མཆོག་ནས་བོད་དང་མོད་མི་དམངས་ལ་ལྷག་བསམ་མེད་ང་ད་ལྟ་རྩ་བའི་བླ་མའི་བཀའ་སྒྲུབ་པ་ཡིན་ཁོང་རང་ནས་གསུང་ཚར་བ་རེད། སྤེན་པ་ཚེ་རིང་ལ་རང་ཚུག་དང་ལང་ཕྱོགས་ལ་རྒྱུད་མེད་པའི་གྲས་རེད༽བལྟོས་དང་འདིའི་ནང་ལ་ཡིག་ནོར་ག་ཚོད་མང་གི
༸གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཅེས་པའི་ཐ་སྙད་འདི། བོད་ཕྱི་ནང་གཉིས་ལ་ཁྱབ་ཐུབ་ཀྱི་མི་འདུག གངས་ལྗོངས་རང་དབང་མང་གཙོའི་སྒྲིགས་འཛུགས་སམ། གངས་ལྗོངས་རང་དབང་མང་གཙོའི་ལྷན་ཁང་། གང་རུང་ཞིག་ཡག་པོ་འདུག་ཅེས་བཀའ་གནང་འདུག། ཡིན་ཡང་། བོད་མིའི་སྒྲིག་འཛུགས་ཞེས་པའི་ཐ་སྙད་འདི། ཟམ་གདོང་བླ་མའི་རྩ་དོན་དང་། ཚོགས་གཙོ་སྤེན་པ་ཚེ་རིང་གི་མངོན་འདོད་ཡིན་པ་འདྲ། དེ་སྔོན་༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ཆུ་སྤྲེའུ་ཞལ་གདམས་ལག་བསྟར་མ་བྱུང་བ་དེས། ལོ་རྒྱུས་རིང་ཞིང། རིགས་གཞུང་ཕྱུགས་པའི་མི་རིགས་ཞིག། ཐར་བཙན་བྱོལ་བའི་ལོ་ཟླའི་ནང་ཐིམ་པ།།།
བོད་མི་རིགས་དང་། བོད་རྒྱ་ཆེའི་མི་དམངས་གློད་མ་བཏང་བར། བོད་མིའི་སྐྱིད་སྡུག་མཉམ་མྱངས་གནང་མཁན། ༧ཀུན་གཟིགས་༧པན་ཆེན་སྐུ་ཕྲེང་བཅུ་བ། ཨེར་ཏེ་ནི་ཆོས་ཀྱི་རྒྱན་མཚན་མཆོག་གི་གསུངས་ཀྱི་དུམ་བུ་ཞིག། ལས་ལ་བརྩོན་ཞིང་། དཔའ་ངར་ཆེ་བའི་བོད་མི་རིགས་ཀྱིས་མི་རབས་ཚ་རྒྱུད་ཀྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་། ངའི་མི་ཚེའི་ནང་མ་འཇོག་པའི་དམ་བཅའ་བརྟན་པོ་གཞག་ཡོད།།
བོད་མི་རིགས་དང་། བོད་རྒྱ་ཆེའི་མི་དམངས་གློད་མ་བཏང་བར། བོད་མིའི་སྐྱིད་སྡུག་མཉམ་མྱངས་གནང་མཁན། ༧ཀུན་གཟིགས་༧པན་ཆེན་སྐུ་ཕྲེང་བཅུ་བ། ཨེར་ཏེ་ནི་ཆོས་ཀྱི་རྒྱན་མཚན་མཆོག་གི་གསུངས་ཀྱི་དུམ་བུ་ཞིག། ་་་་་་ ལས་ལ་བརྩོན་ཞིང་། དཔའ་ངར་ཆེ་བའི་བོད་མི་རིགས་ཀྱིས་མི་རབས་ཚ་རྒྱུད་ཀྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་། ངའི་མི་ཚེའི་ནང་མ་འཇོག་པའི་དམ་བཅའ་བརྟན་པོ་གཞག་ཡོད།།
བོད་མི་རིགས་དང་། བོད་རྒྱ་ཆེའི་མི་དམངས་གློད་མ་བཏང་བར། བོད་མིའི་སྐྱིད་སྡུག་མཉམ་མྱངས་གནང་མཁན། ༧ཀུན་གཟིགས་༧པན་ཆེན་སྐུ་ཕྲེང་བཅུ་བ། ཨེར་ཏེ་ནི་ཆོས་ཀྱི་རྒྱན་མཚན་མཆོག་གི་གསུངས་ཀྱི་དུམ་བུ་ཞིག། ་་་་་་ ལས་ལ་བརྩོན་ཞིང་། དཔའ་ངར་ཆེ་བའི་བོད་མི་རིགས་ཀྱིས་མི་རབས་ཚ་རྒྱུད་ཀྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་། ངའི་མི་ཚེའི་ནང་མ་འཇོག་པའི་དམ་བཅའ་བརྟན་པོ་གཞག་ཡོད།།
བོད་མི་རིགས་དང་། བོད་རྒྱ་ཆེའི་མི་དམངས་གློད་མ་བཏང་བར། བོད་མིའི་སྐྱིད་སྡུག་མཉམ་མྱངས་གནང་མཁན། ༧ཀུན་གཟིགས་༧པན་ཆེན་སྐུ་ཕྲེང་བཅུ་བ། ཨེར་ཏེ་ནི་ཆོས་ཀྱི་རྒྱན་མཚན་མཆོག་གི་གསུངས་ཀྱི་དུམ་བུ་ཞིག། ་་་་་་ ལས་ལ་བརྩོན་ཞིང་། དཔའ་ངར་ཆེ་བའི་བོད་མི་རིགས་ཀྱིས་མི་རབས་ཚ་རྒྱུད་ཀྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་། ངའི་མི་ཚེའི་ནང་མ་འཇོག་པའི་དམ་བཅའ་བརྟན་པོ་གཞག་ཡོད།།
རྩོམ་འདིར་མཆན་སྒོ་བཀག་ཡོད་།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com