(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།)
དཔལ་དགྱེས་པ་རྡོ་རྗེ།
ན་ མོ་ མ་ ཧྰ་ གུ་ རུ་ ཨ་ བྷྱ་ མ་ ཏི་ ཡེ། །
སྡེ་ གསུམ་ ཀློང་ དགུའི་ བཀའ་ བསྟན་ དམ་ ཆོས་ མཛོད། །
ཚེགས་ ཆུང་ དོན་ ཀུན་ རྟོགས་ པའི་ མན་ ངག་ ཐབས། །
མ་ ནོར་ སྒོ་ ཆེན་ འབྱེད་ པའི་ ལྡེའུ་ མིག་ མཆོག །
བསྟན་ པའི་ སྙིང་ པོར་ འཛིན་ ལ་ ཡང་ ཡང་ བསྔགས། །
༡.
བརྒྱུད་ པ་ དགུ་ ལྡན་ རིག་ འཛིན་ བླ་ མའི་ སྲོལ། །
ཟབ་ རྒྱས་ ཐེག་ པའི་ བརྗོད་ བྱ་ ནང་ རྒྱུད་ གསུམ། །
མདོ་ སྒྱུ་ སེམས་ ཀློང་ མན་ ངག་ རྗོད་ བྱེད་ ལས། །
བསླབ་ གསུམ་ རྒྱུད་ ལ་ འཕོ་ བའི་ ཆོས་ འཁོར་ རྒྱལ། །
༢.
ཐོག་ མེད་ ལས་ ཉོན་ ཤེས་ བྱའི་ སྒྲིབ་ པ་ ཡི། །
མ་ རིག་ ཆགས་ སྡང་ འགྲོ་ བའི་ ཚ་ གདུང་ ལ། །
ཞི་ བསིལ་ མྱང་ འདས་ ཟླ་ བའི་ གཟི་ བྱིན་ ཅན། །
སྡུག་ བསྔལ་ ཀུན་ སེལ་ ཐར་ པའི་ གདུགས་ དཀར་ རྒྱལ། །
༣.
འཇིགས་ མེད་ ཏིང་ འཛིན་ ཤེས་ རབ་ སྒྲོན་ མེ་ ཡི། །
ལུང་ རྟོགས་ བཤད་ སྒྲུབ་ འཛིན་ སྐྱོང་ སྤེལ་ མཁས་ པས། །
ཕ་ རོལ་ བདུད་ དང་ མུ་ སྟེགས་ ཕམ་ མཛད་ པའི། །
བློ་ གྲོས་ དྲི་ མེད་ བསྟན་ པའི་ རྒྱལ་ མཚན་ རྒྱལ། །
༤.
སྒྲིབ་ བྲལ་ མཁྱེན་ པའི་ ཡེ་ ཤེས་ རྣམ་ དག་ པས། །
མཚན་ དཔེའི་ ཡོན་ ཏན་ ཕུན་ ཚོགས་ ཡོངས་ རྫོགས་ པའི། །
སྨིན་ གྲོལ་ དབང་ ཕྱུག་ ཀུན་ བཟང་ རྡོ་ རྗེ་ འཆང་ ། །
ཚོགས་ གཉིས་ ཕུལ་ བྱུང་ དཔལ་ གྱི་ བེའུར་ རྒྱལ། །
༥.
ཐུགས་ བསྐྱེད་ མཐར་ ཕྱིན་ བྱང་ ཆུབ་ ཆེན་ པོའི་ སྐུ། །
མི་ ཟད་ འབྲས་ ཆོས་ རྒྱ་ མཚོས་ ལེགས་ གཏམས་ པ། །
ཟབ་ རྒྱས་ ཚངས་ དབྱངས་ ཡན་ ལག་ དྲུག་ ཅུའི་ སྒྲ། །
སྒྲོག་ མཁས་ ཆོས་ དུང་ དཀར་ པོ་ གཡས་ འཁྱིལ་ རྒྱལ།
༦.
རྣམ་ དཀར་ ལེགས་ བཤད་ འོ་ མའི་ རྒྱ་ མཚོ་ ཆེ། །
མདོ་ སྔགས་ རིག་ གནས་ བཅུད་ ཀྱི་ བདུད་ རྩི་ ཀུན། །
རྣམ་ དཔྱོད་ ཧུབ་ ཀྱིས་ འདྲེན་ པའི་ རྣལ་ འབྱོར་ པ། །
མན་ ངག་ དབང་ ཕྱུག་ བུམ་ པ་ རིན་ ཆེན་ རྒྱལ། །
༧.
སྲིད་ པར་ གནས་ ཀྱང་ དྲི་ བྲལ་ བྱང་ ཆུབ་ སེམས། །
ཀུན་ ལྡན་ ངག་ གི་ དབང་ ཕྱུག་ འཇམ་ དཔལ་ དབྱངས། །
ཟུར་ ཕུད་ ལྔ་ བའི་ མཁྱེན་ བརྩེ་ ནུས་ མཐུའི་ དཔལ། །
ཀུན་ འདུས་ སྔགས་ འཆང་ པདྨ་ དཀར་ པོ་ རྒྱལ། །
༨.
ཆགས་ ཐོགས་ ཀུན་ བྲལ་ མཉམ་ པ་ ཉིད་ ཀྱི་ སྐུ། །
ཐབས་ ཤེས་ ཟུང་ འཇུག་ བདེ་ སྟོང་ ཡེ་ ཤེས་ རྩལ། །
ལྷན་ སྐྱེས་ ཕྱག་ རྒྱ་ ཆེན་ པོར་ དབང་ འབྱོར་ པའི། །
མཁྱེན་ རབ་ དབང་ ཕྱུག་ གསེར་ ཉ་ རིན་ ཆེན་ རྒྱལ། །
སྐྱབས་ རྗེའི་ དབུ་ ལ་ བཀྲ་ ཤིས་ གདུཊ་ ལྟར་ སྐྱོབས། །
སྤྲུལ་ སྐུའི་ བཀྲ་ ཤིས་ མི་ ནུབ་ རྒྱལ་ མཚན་ བརྟན། །
དམ་ ཆོས་ གསུང་ ལ་ བཀྲ་ ཤིས་ ཆོས་ དུང་ འཁྱིལ། །
ཐུགས་ ལ་ བཀྲ་ ཤིས་ དཔལ་ གྱི་ བེ་ འུ་ གསལ། །
སྤྱན་ ལ་ བཀྲ་ ཤིས་ རིན་ ཆེན་ གསེར་ ཉས་ རྒྱན། །
ལྗགས་ ལ་ བཀྲ་ ཤིས་ པད་ མོ་ ལོ་ འདབ་ རྒྱས། །
མགུལ་ ལ་ བཀྲ་ ཤིས་ རིན་ ཆེན་ བུམ་ པ་ འཁྱིལ། །
ཕྱག་ ལ་ བཀྲ་ ཤིས་ ཡོན་ ཏན་ ནོར་ བུ་ འཛིན། །
ཞབས་ ལ་ བཀྲ་ ཤིས་ ཕྲིན་ ལས་ འཁོར་ ལོ་ འཁོར། །
བཀྲ་ ཤིས་ བདེ་ ལེགས་ རྟགས་ བརྒྱད་ རིན་ པོ་ ཆེའི། །
ཕྱི་ ནང་ གསང་ བའི་ བཀྲ་ ཤིས་ གང་ ཡིན་ པ། །
དེང་ འདིར་ ཁྱེད་ ལ་ ཕུན་ སུམ་ ཚོགས་ པར་ ཤོག །
ཅེས་ པ་ འང་ རབ་ རྒྱན་ ལྕགས་ ཡོས་ ཆུ་ སྟོད་ ཟླ་ བའི་ དབང་ ཕྱོགས་ དུས་ ཚེས་ དགེ་ བར་ ༧སྐྱབས་ རྗེ་ དམ་ པ་ འཇིགས་ མེད་ བློ་ གྲོས་ རྒྱལ་ མཚན་ གྱིས་ རྒྱལ་ བསྟན་ སྤྱི་ དང་ ཁྱད་ པར་ སྔ་ འགྱུར་ རིག་ འཛིན་ བརྒྱུད་ པའི་ ཆོས་ འབྱུང་ གི་ ཆ་ ཤས་ སྔ་ འགྱུར་ བཀའ་ མ་ ཤིན་ ཏུ་ རྒྱས་ པ་ གླེགས་ བམ་ བརྒ ྱ་ དང་ ཉི་ ཤུའི་ དཀར་ ཆག་ ཞིབ་ རྒྱས་ སུ་ བཀོད་ པ་ ཤེས་ རབ་ རིན་ པོ་ ཆེའི་ སྒྲོན་ མེ་ ཞེས་ བྱ་ བ་ ལེགས་ གྲུབ་ བྱུང་ བས་ ཤིན་ ཏུ་ དགའ་ བའི་ ཡི་ རང་ དང་ རྟེན་ འབྲེལ་ དགའ་ སྟོན་ ལ་ བཀྲ་ ཤིས་ བདེ་ ལེགས་ ཀྱི་ ཤིས་ ཚིག་ ཅིག་ གང་ དྲན་ དུ་ ཤྲྰི་ ཨ་ ནནྟ་ བཛྲས་ ཝ་ ཡེལ་ བུདྡྷ་ ཛྙྰ་ ནའི་ ཆོས་ གླ ིང་ ནས་ བྲིས་ དགེའོ། །
དབུ་ལ་བཀྲ་ཤིས་གདུག་དཀར་འཁྱིལ་བས་འབྲུག་མོའི་ནུ་འཁེབས་ལི་གྷར་བསྣབས།
གསུངས་ནི་འབྲུག་སྒྲ་དྲག་ཏུ་སྒྲོགས་པས་འབྲུག་མོ་མཛེས་མའི་ཡིད་དབང་བཀུགས།
ཐུགས་ནི་ཀུན་གསལ་ཆོས་དབྱིངས་ཀློང་ནས་འབྲུག་མོར་དགའ་ནས་སྤྱན་ཆབ་བསིལ།
ཐུན་མིན་གདུལ་བྱ་འབྲུག་མོ་འདུལ་མཁས་སྙིགས་དུས་བསྟན་འཛིན་འགྲན་ཟླ་བྲལ།
སྐུ་ལ་བཀྲ་ཤིས་འབྲུག་མོ་གཅེར་བུར་འཁྲིལ།།
ལྗགས་ལ་བཀྲ་ཤིས་འབྲུག་མོའི་བྷ་ག་ཞིམ།།
ཕྱག་ལ་བཀྲ་ཤིས་འབྲུག་མོའི་འོ་འཛིན་འཇམ།།
ཐུགས་ལ་བཀྲ་ཤིས་འབྲུག་མོའི་འདོད་བརྩེ་འབར།།
བཀྲ་ཤིས་ཀུན་གྱིས་ཁོང་ལ་བཀྲ་ཤིས་ཤོག།
སྐྱུར་རྩི་དང་ནགས་སེང་ལ་ཕུལ་བ། །
ཨེ་མ་ཧོ། །
སེང་ལྕམ་འབྲུག་མོ་ཁབ་ཏུ་བཞེས་ནས་འཛམ་གླིང་སེང་ཆེན་རྒྱལ་པོ་གྱུར། །
འབྲུག་མོ་མཛེས་མའི་རྟེན་འབྲེལ་ཀུན་འཛོམས་བདེ་ཆེན་ཡེ་ཤེས་ཁབ་ཏུ་སོན། །
སྟག་སེང་ཁྱུང་འབྲུག་སྒྱུ་རྩལ་ངོམ་ནས་ནག་ཕྱོགས་བདུད་ཀྱི་གཡུལ་རྒྱལ་བཞིན།
བཀྲ་ཤིས་བདེ་ལེགས་ཕྱི་ནང་གསང་བའི་ཕུན་སུམ་ཚོགས་པའི་མགོན་ཉིད་རྒྱལ། །
རྒྱལ་བའི་ལུང་རྟོགས་དམ་ཆོས་ཞེས་པ་བཤད་དང་སྒྲུབ་པ་ཁོ་ནས་འཛིན། །
ཐོས་བསམ་སྒོམ་པའི་བསྙེན་སྒྲུབ་ཕྲིན་ལས་བསྟན་པའི་སྙིང་པོ་ལེགས་པར་སྐྱོང་། །
མདོ་སྔགས་བསྟན་པའི་འཆད་རྩོད་རྩོམ་པས་ངེས་དོན་རྒྱལ་བའི་བསྟན་པ་སྤེལ། །
༧སྐྱབས་རྗེ་དམ་པ་སྙིགས་མའི་མགོན་པོ་ཚེ་མཐའ་ཡས་པར་བཞུགས་གསོལ་འདེབས། །
སྙིགས་དུས་གཡོ་སྒྱུའི་མུན་ཀློང་ཁྲོད་ན་ཁྱོད་ནི་བདེན་ཆེན་ཉི་མ་དངོས། །
བསྟན་བཤིག་རྐུན་ཇག་འཇིག་རྟེན་ཁམས་འདིར་ཁྱོད་ནི་དྲང་སྲོང་ཟླ་བ་དངོས། །
དྲང་བདེན་དཀོན་པའི་འཛམ་གླིང་འདི་ན་ཁོང་ནི་བསླུ་མེད་གྲོགས་ཀྱི་མཆོག །
བདེན་རྫུན་མངར་སྐྱུར་ཚོར་བ་ཡོད་ན་ཡང་དག་རྣམ་དཔྱོད་གཞན་ལས་ལྷག །
བདེན་དྲང་མཆིས་པ་དག་གིས་གཟིགས་དང་ང་ཚོའི་ཆོས་དང་རིག་གཞུང་འདི་དག་པུ་གུའི་རྩེ་ཆས་དང་ངན་པའི་ཚོང་ལས་ལྟ་བུ་ཞིག་ཏུ་མ་ཡིན་པར་མཁྱེན་པར་མཛོད་ཅིག་གུ །
སེང་ལྕམ་འབྲུག་མོ་ཁབ་ཏུ་བཞེས་ནས་ཚ་བོ་ཞལ་དཀར་ཧོར་ལ་ཤོར།
འབྲུག་མོ་མཛེས་མ་ཁབ་ཏུ་བཞེས་ལས་ཁས་བླངས་འདུལ་བའི་སྡོམ་པ་ཤོར།
སྟག་སེང་ཁྱུང་འབྲུག་སྒྱུ་རྩལ་བྲལ་ནས་མི་ཚེ་འབྲུག་མོའི་གཡོག་ཏུ་གྱུར།
བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཙམ་ལས་དེ་མིན་དམ་པའི་ཡོན་ཏན་ཅི།
བསྟན་འཛིན་ཡིན་ན་འདུལ་ཁྲིམས་སྲུང་ནས་དམ་ཆོས་འདུལ་བའི་ལ་རྒྱ་བཟུང་།
༧སྐྱབས་རྗེ་ཡིན་ན་སྐྱབས་ཡུལ་འགྲོ་ལ་ཡང་དག་ལེགས་པའི་ལམ་བཟང་སྟོན།
སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་དགོས་ན་དེ་ཡིན་རྒྱུ་རྣམས་ཚང་བར་དགོས།
བུ་མོར་མཛེས་མར་འཁྱུད་པའི་ཕྱག་རྒྱ་འཇིག་རྟེན་ཁྱིམ་པ་ཀུན་གྱིས་མཁྱེན།
མཁས་དབང་མཆོག་གིས་འབྲུག་མོས་འཆང་བའི་བརྩེ་དུང་རྩོམ་དེ་ཀློག་པ་ལས།
ཀུ་རེའི་ཚུལ་དུ་ཞུས་པ་ཡིན་པས་ཐུགས་ལ་འཕོགས་ན་བཟོད་པར་གསོལ།
ལགས་སོ། དཔྱོད་ལྡན་འདུལ་འཛིན་ཆེན་པོ་སྐྱུར་རྩི་ནས་མཆོག་གིས་ཀུ་རེ་རྩེད་མོ་འདྲ་ཡིན་ན་ཅི་ཞུ་ཡ་མེད། སྤྱིར་ན་འདུལ་འཛིན་གྱིས་སྔགས་འཆང་ལ་སྨད་པ་དང་བུད་མེད་སྐྱོན་ཆེན་རང་ལྟ་བ་དེ་ཉན་ཐོས་ཆོས་ལ་ཞེན་ཆགས་ཆེ་ནས་གངས་རིའི་བསྟན་སྲིད་ཕན་གནོད་དང་འཕོ་འགྱུར་ཆེན་པོ་བཟོས་ཡོད། སྔགས་པས་རབ་བྱུང་སྨད་ཟེར་བ་དཀོན་པོ་རེད། ཆོས་ལུགས་དང་གྲུབ་མཐའ་ཡང་གོང་མ་ལ་འོག་མས་གནོད་པ་མེད་པར་སྣང་ངོ་། མདོར་ན་གངས་ཅན་བོད་ཀྱི་ཆོས་སྡེ་གཉིས་པོས་གཅིག་གིས་གཅིག་ལ་གུས་བཀུར་བྱས་ན་ཡག་པོ་རེད། བོད་རིགས་སྤུན་ཟླ་ཞེས་པ་བོད་རང་གི་སྐད་ཡིག་དང་རིག་གཞུང་ལ་བདག་གིར་གནང་བར་མཛད་པ། རབ་བྱུང་འདུས་སྡེ་ཞེས་པ་ཕོ་རྒོད་ཁྱུ་གཅིག་མ་ཡིན་པར་ངེས་འབྱུང་རྣལ་མའི་རང་ཚུགས་ཟིན་པ། །སྔགས་འཆང་སྐྱབས་མགོན་ཞེས་པ་དྲང་བདེན་གྱི་ཆོས་པ་འདོད་ཡོན་ལམ་ཁྱེར་རང་འདོད་མྱང་འདས་ཐོབ་བརྩོན་བདུད་ཀྱིས་མི་ཚུགས་པ་ཞིག་ལ་གོ་དགོས་པ་ལས་གཞན་དུ་མི་འཛིན་པར་མཁྱེན་ནོ། །
བཀུར་འོས་པའི་དྲ་གྲོགས་རྣམ་པ་དང་བོད་རིགས་སྤུན་ཟླ་རྩོམ་པ་པོ་སྨྱུག་འཛིན་ནམ་ངག་རྩལ་པ་ཀུན་ལ་ཞུ་སྙིང་།
རང་ཅག་གི་ལས་དབང་འདི་བསམ་ཡུལ་ལས་འདས་པའི་འཕོ་འགྱུར་སླ་བའི་འཛམ་གླིང་གི་གྲུ་ཁ་གྱི་ན་བར། ཤར་ནུབ་རྒྱ་མཚོ་ཆེན་པོའི་རྦ་རླབས་ཀྱིས་བསྐྱོད་པའི་བོད་རིགས་ཀྱི་བསྟན་སྲིད་ཀྱི་གྲུ་ཆུང་འདི། ཕར་ཚུར་གཡོ་འགུར་མྱུར་བའི་གོམས་ཁ་འདི་ནས། གེགས་དང་བར་ཆད་མེད་པར་གླིང་ཕྲན་གངས་ལྡན་ལ་ཞི་བདེར་ཕྱིན་པའི་སྨོན་འདུན་ནི། ང་ཚོ་མཐོ་དམན་དྲག་ཞན་མེད་པའི་སྤྱི་མཐུན་གྱིས་གསོལ་འདེབས་དང་སྨོན་འཇུག་གི་བསླབ་བྱ་ཞིག་རེད། དེ་ལྟར་འབྱུང་འགྱུར་གྱི་རྒྱལ་ཁ་འདི་འདྲ་ཞིག་ང་ཚོ་ཚང་མས་དཔལ་འབྱོར་དྲག་རྩལ་གྱིས་གཡུལ་ལས་རྒྱལ་མི་ཐུབ་པར་མངོན་སུམ་ཚད་མ་རེད། རྗེས་སུ་དཔག་ན་དངོས་དོན་རིག་པའི་རྣམ་དཔྱོད་དང་ནང་བསྟན་སེམས་ཀྱི་ཞི་བདེ་འདིས་ལམ་སྟོན་གསལ་བའི་བདེན་དཔུང་གིས་ང་ཚོ་ཚང་མ་ལ་མི་མཐུན་གཡུལ་ལས་རྒྱལ་བའི་རྒྱལ་ཁ་ཞིག་ཐོབ་སྲིད་པ་རེད། དེས་ན་སྐད་ཡིག་དང་རིག་གནས་དར་རྒྱས་སུ་འཛིན་སྐྱོང་སྤེལ་གསུམ་གནང་བར་ནི་གནད་འགག་ཅིག་ཆོག་མ་ཡིན་པར་ཚང་མས་མཁྱེན་གསལ་དགོས་པ་རེད། ཁྱད་པར་ད་ཐེངས་ཀླུ་སྨྱོན་ཧེ་རུ་ཀས་མིག་རྒྱང་རིང་པོས་ལམ་སྟོན་བཟང་པོའི་སྙན་འགྲན་བཀའ་བཀོད་གནང་བ་བཞིན། བདག་གིས་ཀྱང་འདིར་ཐོལ་བྱུང་གི་སྙན་ཚིག་ཅིག་བསྐུར་ཡོད། བརྗོད་བྱ་དང་རྗོད་བྱེད་ཀྱི་ནང་དོན་ལ་དཔྱད་རོགས། བདག་གིས་ད་རིས་བྱ་དགའི་ཆེད་ཙམ་མིན་པར་དེང་དུང་ཤེས་ཡོན་ཅན་གྱི་མི་སྣ་ཚོ་ནི་ང་ཚོ་བོད་མིའི་དེད་དཔོན་དང་མ་འོངས་པའི་གསོན་རྩ་ཡིན་པ་དང་། རིག་གཞུང་དར་སྤེལ་ལ་དགའ་བསུ་ཞུས་པ་ཡིན། གཟིགས་དང་། ཕྱི་གླིང་པ་ཚོ་ཆོས་དཔལ་རིག་གཞུང་དར་རྒྱས་ཕུན་སུམ་ཚོགས་པར་སོང་བའི་སྲོལ་རྒྱུན་གྱི་འཚོགས་འདུ་དང་། དགའ་རྟགས་སྲོལ་རྒྱུན་དེ་འདྲ་དག ང་ཚོ་བོད་མི་རིགས་ཀྱི་ནང་ནས་མི་ཚེ་སྙན་ངག་ལ་དུང་བའི་སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོ་ལྟ་བུའི་མཚན་ཐོག་གིས་གཟེང་རྟགས་སྤྲད་པའི་གོ་སྐབས་ལེགས་འགྲུབ་ཅིག་དང་སྲོལ་རྒྱུན་རྣམ་དག་ཅིག་བྱུང་ན་བོད་མི་རིགས་ཀྱི་བསོད་ནམས་དང་བརླབ་ཆེན་གྱི་ཕྲིན་ལས་ཡིན་པར་ངེས་པར་ཤེས་དགོས།
ཀླུ་སྨྱོན་ཧེ་རུ་ཀ་པའི་ཡེ་ཤེས་ཀྱི་རྒྱ་མཚོར། །
ཀླུ་རྒྱལ་གཙུག་གི་ནོར་བའི་བྱ་དགའ་ཡི་ལེགས་སྐྱེས། །
ཀླུ་བདུད་གཡུལ་རྒྱལ་བོད་འབངས་བསམ་དོན་ཀུན་འགྲུབ་ནས། །
ཀླུ་སྒྲུབ་གཉིས་པའི་མཚན་སྙན་འཛམ་གླིང་ལ་ཁྱབ་ཤོག །
གང་དྲན་དུ་ཤྲྰིས་གུས་ཕུལ། །
དཔལ་དགྱེས་པ་རྡོ་རྗེ་མཆོག་གིས་སྙན་ངག་་གི་བསྟོད་རྩོམ་ཡ་མེད་ཅིག་བྲིས་གནང་འདུག་པར་བཅོས་མིན་སྙིང་ནས་བསྔགས་བརྗོད་ཡོད། བསྔགས་བརྗོད་གནང་མཁན་དང་བསྔགས་བརྗོད་གནང་ཡུལ་གཉིས་ཀ་མཁན་པ་འགྲན་ཟླ་བྲལ་བ་གཉིས་ཡིན་པའི་ངོས་འཛིན་ཞུ་བཞིན་ཡོད། ངའི་གོ་ཚོད་ལ་དཔལ་དགྱེས་པ་རྡོ་རྗེ་དང་། སྟག་གསོད་འབྲོང་འདུལ། བོན། ཟེར་བ་འདི་གསུམ་མི་གཅིག་ཡིན་ཚོད་གདའ་ན་དེ་དངོས་འབྲེལ་ཡིན་མིན་གྱི་ལན་ཞིག་ཡོད་པ་ཞུ།
བོད་ཡིག་སྡོམ་གསར་གནད་ཀྱི་སྒྲོན་མེ། དགེ་འདུན་རྒྱ་མཚོ། ༑ཡི་གེའི་ངོ་བོ་སྒྲ་དང་རི་མོས་མཚོན།། འདོད་རྒྱལ་མིང་ཡིན་ངེས་ཚིག་འགྲེལ་བ་མེད།། ཐོན་མིས་གསར་བཟོའི་བོད་ཀྱི་ཡི་གེ་ནི།། སྒྲ་སྦྱོར་ཡིན་གྱི་འདྲ་གཟུགས་འགྱུར་བ་མིན།། དེ་ལ་དབྱངས་བཞི་གསལ་བྱེད་སུམ་བཅུར་ངེས།། སྲོག་གཅིག་རྐྱེན་གཉིས་ཕ་མ་བུ་ཚར་བཏགས།། ༑རང་གྲོགས་གསལ་བྱེད་དག་དང་མ་སྦྱར་ན།། རྣམ་འགྱུར་མི་གསལ་དོན་མི་སྟོན་པ་དབྱངས།། གནས་དང་བྱེད་རྩོལ་མིང་གི་གཞིར་གྱུར་ཞིང་།། སྐྱེ་བོའི་ངག་གྱུར་དོན་སྟོན་གསལ་བྱེད་དོ།། ༑ཡི་གེ་གང་ལས་སྐྱེ་བའི་རྒྱུ་དག་ནི།། གནས་དང་རྩོལ་བ་རླུང་དང་རྣམ་རྟོག་བཞི།། ཞིང་དང་འདེབས་ལས་ཆུ་དང་ས་བོན་བཞིན།། རིམ་བཞིན་སྦྱར་ཏེ་ངག་ལས་རྟོགས་པར་བྱ།། ༑མགྲིན་པ་སྣ་དང་སྤྱི་བོ་ཁོག་པ་སྐན།། ལྕེ་དང་སོ་དང་མཆུ་བཅས་གནས་ནི་བརྒྱད།། དྲིལ་བུ་པི་ཝང་འཁྲོལ་བའི་དཔེ་བཞིན་སྤྱར།། རྒྱ་གར་སྐད་བཞིན་བོད་ལ་སྦྱོར་བ་མིན།། ༑ཡི་གེ་ལྕི་ཡང་འཇམ་རྩུབ་རིང་ཐུང་དང་།། སྲོག་ཆེན་སྲོག་ཆུང་བོད་ལ་མི་མཁོ་དོར།། ཕྲད་དང་ཅུང་ཟད་ཕྲད་པ་བཙུམ་པ་དང་།། ཕྱེ་དང་དོག་པ་ཡངས་པ་བྱེད་ལས་དྲུག། དྲིལ་ལྕེ་ལག་པས་བསྒུལ་བའི་རྣམ་འགྱུར་འདྲ།། བྱེད་པ་རྩོལ་བ་སོགས་ཀྱི་ཐ་སྙད་བཏགས།། ༑བརྗོད་པ་ཀུན་སློང་ནང་གི་རླུང་གཡོས་པ།། ཡི་གེའི་གདངས་རྣམས་སྐྱེད་པའི་ས་བོན་ཉིད།། དབུགས་ཀྱི་འབྱུང་རྔུབ་འབྱིན་པའི་རྩོལ་བ་གཙོས།། ལྷན་ཅིག་བྱེད་པའི་རྐྱེན་འདུས་མིང་གི་གཞིར།། ཆོས་ཉིད་སྟོབས་ཀྱིས་ཅི་ཡང་འབྱུང་བ་བཞིན།། མིང་ཚིག་བརྗོད་པ་གྲུབ་པས་དོན་ཀུན་སྟོན།། ༑དབུ་ཁྱུད་ཨྃ་ཡིག་དབང་ལྔ་སྐུ་ཡི་མཚོན།། དབང་ཕྱུག་ཆེན་པོའི་ངོ་བོར་སྐྱེ་འགག་བྲལ།། ཤད་ནི་དབྱེ་མཚམས་གཅོད་བྱེད་བཀའ་ཡི་གཙོ།། སྟོབས་འཕྲོག་གདེངས་ཀ་བརྗིད་པའི་ནཱ་གཱའི་གཟུགས།། ཚེག་ཁྱིམ་བར་སྟོང་མཁའ་དང་ཐིགས་ལེས་མཚོན།། རྣམ་པ་འགྱུར་བ་ཀློག་གི་ཆེད་དུ་བྲིས།། ༑གསལ་བྱེད་ཕོ་དང་དབྱངས་བཞི་མོ་རུ་བརྗོད།། སྔོན་རྗེས་བུ་དང་མགོ་འདོགས་ཚ་བོར་གཏོགས།། དབྱངས་བཞི་སྲོག་དུ་ཞུགས་པའི་སྲོལ་མེད་པས།། ལོང་བས་ལོང་བ་གཡང་ལ་མ་འཁྲིད་ཨང་།། ༑ཕོ་ཡི་ཡི་གེ་གསལ་བྱེད་སུམ་ཅུ་ནི།།གནས་དང་བྱེད་པས་ཅི་ལྟར་སྐྱེད་པའི་ཚུལ།། འ་ཧ་ཨ་གསུམ་རྩོལ་བ་དྲག་ཞན་གསུམ།། ཁོག་པའི་གནས་དང་མགྲིན་པར་བརྟེན་ལས་འབྱུང་།།༑ ཀ་ཁ་ག་ང་མགྲིན་པའི་ཡི་གེ་བཞི།། གཙོ་བོར་མགྲིན་པའི་སྦུགས་ནས་ལྷོད་ཀྱིས་དབྱུངས།། ༑ཅ་ཆ་ཇ་ཉ་ཙ་ཚ་ཛ་ཞ་ཡ།། ཤ་བཅས་བཅུ་བོ་ལྕེ་དང་རྐན་ལས་སྐྱེས།། ༑ཏ་ཐ་ད་ན་ཟ་ལ་ས་བཅས་བདུན།། ལྕེ་རྩེ་ཅུང་ཟད་སོ་དང་ཕྲད་ལས་བྱུང་།།༑ པ་ཕ་བ་མ་ཝ་བཅས་མཆུ་ཡིས་སྐྱེད།།༑ ང་ཉ་ན་མ་གཙོ་བོར་སྣ་ལས་འབྱུང་།། ༑ར་ཡིག་ཁོ་ན་ལྕེ་རྩེ་འདར་ལས་དབྱུང་།། སྤྱི་བོའི་ཡི་གེ་ཞེས་ཀྱང་བརྗོད་པ་ཡིན།། དབྱངས་བཞི་རྐྱང་བ་སྐྱེད་པའི་གནས་མེད་པས།། ཞ་དཔེ་ལྷ་འགེབས་བྱེད་པ་ཤིན་ཏུ་འཁྲུལ།། སྨྲ་སྒོ་བཤད་པ་རྒྱ་གར་ཤན་ཞུགས་ཕྱིར།། ཐོན་མིའི་ཕྱག་བྲིས་རྐང་བས་མ་གསུབ་ཨང་།། ༑ཡི་གེ་འདུས་པས་མིང་དང་ཚིག་གྲུབ་ཚུལ།། འདི་ཡང་ཤེས་པ་ཤིན་ཏུ་གལ་ཆེས་པས།། བོད་ཀྱི་ཡི་གེ་མགོ་འདོགས་འཕུལ་རྟེན་དང་།། དབྱངས་ཀྱི་ང་རོ་སྦྱར་པས་མིང་ཚིག་གྲུབ།། བརྗོད་པ་གསལ་བྱེད་དོན་རྣམས་འཆུགས་མེད་སྟོན།། ༑མགོ་ཅན་རྐན་དང་སྤྱི་བོ་སྣ་ནས་བསྒྲེང་།། འདོགས་བཞི་ལྕེ་དང་སོ་དང་ཕྲད་པས་བཀུག། དབྱངས་དང་ལྡན་རྣམས་མཆུ་ཡི་བར་ནས་དྲང་།། སྔོན་རྗེས་མིང་གཞི་སྟོབས་ཀྱིས་སྣ་ཚོགས་ཉིད།། ༑ར་ལ་ས་གསུམ་མགོ་ཡི་ཡི་གེར་དྲན།། ར་མགོ་བཅུ་གཉིས་ལ་མགོ་ལྔ་ཟུང་སྟེ།། ས་མགོ་བཅུ་གཅིག་འདོགས་ཅན་བཞི་ཡང་ཡོད།། ཡ་བཏགས་བདུན་དང་ར་བཏགས་བཅུ་གཅིག་ཡོད།། ལ་བཏགས་དྲུག་དང་ཝ་བཏགས་བཅོ་ལྔར་བརྩིས།། ༑ར་མགོ་་་་་་
ཨ་ར་དཀར་པོ་ལགས། བཀྲ་ཤིས་རྟགས་བརྒྱད་ཀྱི་མཆོད་པ་འདི་མཆོད་ཡུལ་སྐྱབས་རྗེ་དམ་པ་ཉིད་བཟང་བ་ལས་ཐོལ་བྱུང་གི་བསྟོད་ཚིག་འདི་དག་བྲིས་པ་ཡིན། ཨ་ར་དཀར་པོ་ཁྱོད་ཀྱིས་དེ་འདྲའི་བཅོས་མིན་སྙིང་ནས་བསྔགས་བརྗོད་གནང་བར་བཀའ་དྲིན་ཆེ། བྱ་དགའ་མ་ཐོབ་རུང་འགྱོད་སུན་གང་ཡང་མེད་ལགས། ཁྱེད་ཀྱི་གོ་ཚོད་ཀྱི་མིང་དེ་ཚོ་ང་རང་གི་མིང་མིན་ལགས་སོ། བདག་གིར་འཛིན་པའི་མིང་ནི་དཔལ་དགྱེས་པ་རྡོ་རྗེ་འདི་ཁོ་ན་ཡིན་པས་མཁྱེན་པར་མཛོད་ཅིག
མ་རབས་རིང་ལུགས་ཀྱི་ཕྱོགས་འཛིན་པ་འགས་འཇིགས་བསྐུལ་དངོས་སུ་བྱུང་བདག་ལ་ཡ་ང་དང་བག་ཚ་དགོས་པ་ཅི་མི་འདུག
ཁོ་ཚོར་ངས་བཤད་པ་ཡིན། ཁྱེད་ཚོས་ངའི་མགོ་བཅད་རུང་སྐེ་ཁྲག་འོ་མ་ཡིན་བཤད་ཡོད། ། དཔེར་ན་བདག་གིས་ལྷག་བསམ་དག་པས་ཆོས་མཐུན་གྱིས་མཐོ་དམན་སྤྲུལ་མིང་འཛིན་པ་དང་ཆོས་ལུགས་ནས་བཟུང་སྟེ་ཡག་ཉེས་ག་རེ་དང་བཟང་ངན་སྣ་ཚོགས་པ་དག་བདག་གིས་ཅི་འཆར་དང་ཅི་བཤད་ཡོད་པ་ཐམས་ཅད་ཨེ་མ་ཧོའི་རིག་མཛོད་ཆེ་ཆུང་དུ་འགྲེལ་ཆེན་དང་རྒྱས་པ་འགའ་ཞིག་མ་གཏོགས་ཚང་མ་སྦས་གསང་མེད་པར་བཀོད་ཟིན། དེར་གཟིགས་དང་ཤེས་སོ། །
ཉེ་ཆར་བདག་གི་ཡིག་ཟམ་དང་ངོ་དེབ་ལས་འགའ་ཞིག་གིས་བདག་ལ་བཀྲ་ཤིས་བདེ་ལེགས་དང་འགའ་ཞིག་གིས་ད་ལྟ་གསོད་རྒྱུ་ཡིན་ཞེས་འཇིགས་བསྐུལ་བྱུང་ཡང་དེ་ག་རང་ལན་ཞུས་པ་ཡིན། ཡིད་མ་ཆེས་ན་ཁ་བརྡ་དྲ་བདག་ལ་དྲིས་དང་དྲ་ཞབས་རྐུན་མ་ཏག་ཏག་ངོས་ཟིན་ནི་རེད། དཔེར་ན་བདག་གི་ཨེ་མ་ཧོའི་རིག་མཛོད་ཆེ་བའི་ནང་དུ་ཁྱོད་ཚོས་བཟང་ངན་གྱི་མཆན་ཅི་བཏབས་ན་བྲིས་པའི་མི་དེའི་གློག་ཀླད་དུ་ཡར་འཛུལ་བའི་ཁ་བྱང་དང་བཅས་པ་ཤེས་ཀྱིན་འདུག །
http://www.amahoweb.org/
དེས་ན་བདག་གིས་
དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།
http://www.amahonet.blogspot.com/
དེང་རབས་ངོ་ལྐོག་མི་ཐུབ་པའི་རྫུན་མ་ཚོ་ཚར་གཅོད་པ་ལས་སླ་འོ་རེད། ཨ་ར་དཀར་པོ་སྐུ་ཚེ་བརྟན།
ད་ཡང་ང་རང་ཡུན་རིང་ཁ་བརྡ་དྲ་བར་མཆན་འབྲིར་ཡོང་གི་མེད་པས། ད་བདེ་མོ་གྱིས།
དཔལ་གཅེས་ལགས་བཀྲ་ཤིས་བདེ་ལེགས།
དམ་སྡོམ་ཟླ་བ་ནུབ་ཀྱི་རི་ལ་ཤོར།།
དམ་སེལ་དབང་གིས་སེམས་ལ་རྒྱལ་འགོང་ཞུགས།།
དམ་མིན་དམ་རྫུ་དཔལ་གཅེས་བྱ་བ་དེ།།
དམ་ལྡན་ཆོས་སྐྱོང་སྲུང་མས་ཚར་ཆོད་ཅིག།
དཔལ་གྱེས་བསྡོ་རྗེ་ལགས།
ཁྱེད་ནི་མིང་མང་ལ་རྙོགས་སྒྲ་ཆེ་བ་ཁོག་ཏུ་དོལ་རྒྱལ་གྱི་་ཟིན་པ་མི་ནམ་བསམ་གི་འདུག་དེ་མིན་ང་ཚོ་བོད་མི་ཡོངས་ལ་ད་ལྟ་བཀའ་ངལ་ག་འདྲ་ཡོད་ཚང་མའི་མཁྱེན་གསལ་ལྟར་རེད་ང་ཚོ་མི་རིགས་མཐུན་ལམ་ཡག་པོ་བྱེ་ཡག་གལ་ཆེན་པོ་མཐོང་གི་འདུག།
ནགས་སེང་ལགས། སྟག་གསོད་འབྲོང་འདུལ་དཔལ་དགྱེས་ཡིན་པ་དེ་ཁོ་རང་གིས་ཁས་བླང་གིས་གྲུབ་སོང་། ཁྱོད་དེ་ལ་གསལ་བཤད་ཅི་ཡང་མི་དགོས། ཁྱོད་ཀྱང་ཕལ་ཆེར་དཔལ་གཅེས་ཀྱི་མིང་གི་རྣམ་གྲངས་ཡིན་ལས་ཆེ།
གོང་གི་བསྙེན་པར་་་་་་་ཞེས་པའི་མཚམས་སུ། རྫོགས་མེད་པ་གསལ་པོ་རེད། ཅེས་པ་ཆད་འདུག་པས་དགོངས་འགལ་མེད་པ་ཞུ།
དྲ་གྲོགས་ནགས་ཀྱི་སངྒཻལགས། བོན་ཟེར་བ་དཔལ་གྱེས་བསྡོ་རྗེ་མིན་པ་གཞན་པ་ཞིག་ཁྱེད་ཀྱི་ཕྲན་ལ་རྩིས་སྤྲོད་བྱས་སོང་ན་གུས་པའི་དཔལ་གྱེས་བཤགས་པ་བྱེད་ཆོག །བོན་ཞེས་པ་དེ་དཔལ་རྡོ་ཡིན་པ་དཔང་རྟགས་་ཆ་ཚང་ཡོད།ཁོ་པའི་དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་མཚན་སྨོད་ག་ཚོད་བཏང་སོང་དེ་ཁྲིམས་འགལ་མིན་ན་གུས་པ་ཁྲིམས་འགལ་དོན་མེད།།
དང་པོ་རྟེན་རབ་བྱུང་ཡིན་ན་དེ་རྗེས་བུད་མེད་ལ་སྒྲོག་ན་གྲྭ་ལོག་རང་རེད། སྔོན་དུ་གངས་ལྗོངས་ཀྱི་དགེ་སློང་རྡོ་རྗེ་འཛིན་པ་རྣམས་ཀྱིས་འདུལ་བའི་ཉམས་བཞེས་རྩ་བར་འཛིན་པའི་ཐོག་ནས་གསང་སྔགས་ཀྱི་ལམ་དུ་བཞུགས་པ་ལས་གསང་སྔགས་ཀྱི་ཉམས་བཞེས་སྐབས་སུ་འདུལ་ཁྲིམས་བློས་བཏང་ནས་བུད་མེད་ལ་གང་བྱུང་ལོངས་སྤྱོད་གནང་གི་མེད། ཇི་སྐད་དུ་ཡང་། ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་འདུལ། །ནང་དུ་གསང་སྔགས་རྣལ་འབྱོར་ལྡེང་དང་ལྡན། །གསུངས་པ་ལྟར་དགེ་སློང་རྡོ་རྗེ་འཛིན་པས་གནམ་གྱིས་ས་བཀབས་པ་ལྟ་བུར་ཁྱབ་ཡོད།
ཡ་སྣ་ཚོགས་རང་གྲོལ། དེས་ན་ཁྱོད་རང་གིས་ལྟོས། ང་ལ་ཁྱད་པར་མེད།
ཁྱེད་ཚོས་ངོ་མ་ང་ནགས་སེང་དཔལ་དགྱེས་རེད་བསམ་གྱི་ཡོད་ན་ཁ་པར་ཨང་གྲངས་འདི་ལ་ཞོགས་དང་ང་སྒེར་གྱི་ཁ་པར་ངོ་མའི་སྟེང་ནས་ངས་འཕྲལ་དུ་ཁ་པར་གཏོང་ཡོང་། གལ་ཏེ་འདིར་འཇོག་སྟབས་མི་བདེ་ན་གློག་ཕྲིན་འདིའི་ནང་དུ་བཞག་ཆོག། chodenchoden70@yahoo.com ང་ཨ་རི་ལ་སྡོད་མཁན་ཞིག་ཡིན། དེ་རིང་ཝ་ཤིན་ཀྲོན་ན་ཡོད། གྲོསག་པོ་ཚོ། བོད་པ་ཞིག་ཡིན་ན་ལས་འབྲས་ལ་བརྩི་དགོས་ནི་རེད། དེ་འདྲ་བྱས་ནས་ཅི་བྱེད།
ཨོ་རེད། ཡང་མིན་ན་ད་ལྟ་རང་ཁ་པར་ཐོངས་དང་འདི་ངའི་ཁ་པར་ཡིན། སྒོ་ཕྱེས་ནས་བཞག་ཡོད། ཆ་ཚོད་ཉེར་བཞིའི་ནང་ག་དུས་བཏང་ན་ཡང་ཆོག 001-301-534-7862 གྲོགས་པོ་ཚོ། སྐྱག་རྫུན་ཟེར་བ་དེ་ཡག་པོ་ཞིག་མ་རེད་ཡ། རང་གི་སྣང་བ་ལ་མི་འགྲོ་བའི་མི་ཡོད་ཚད་མི་གཅིག་རེད་ཟེར་བ་དེ། རྒྱ་མིས་བོད་ནང་གི་ལས་འགུལ་ཐམས་ཅད་ཏཱ་ལས་ངན་སྐུལ་རེད་ཟེར་བ་དང་གཅིག་པ་དང་། མ་གཞི་ཁྱེད་ཚོས་ཀྱང་རྒྱ་ནག་ནས་སློབ་སྦྱོང་ཡག་པོ་རག་ཡོད་ས་རེད། ཁྱེད་ཚོས་ངོ་ལ་བལྟས་བལྟས་ལ་རྫུན་འདི་འདྲ་བཤད་ལུགས་ལ་བལྟས་ན་མཁན་ཆེན་བླ་མ་ལ་སྐྱོན་བརྗོད་ཚད་གཞི་མེད་སྐུར་འདེབས་ཡིན་པ་གསལ་པོ་རེད།