(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།)
གསལ་ལེ་རྒྱལ་ནས།
གྲོང་ཚོ་འདི་ནི་དུད་ཁྱིམ་སུམ་བརྒྱ་དང་གྲྭ་ཤག་ཉིས་བརྒྱས་གྲུབ་པའི་འཇིག་རྟེན་ཆུང་ཆུང་ཞིག་ཡིན། ཨ་ཁུས་བཤད་ན་ང་བརྒྱད་དང་རིག་གསར་གྱིས་བར་ཆད་དེ་བཏང་མེད་ཚེ་ད་ལྟ་དུད་ཁྱིམ་ཆིག་སྟོང་དང་གྲྭ་ཤག་དགུ་བརྒྱས་གྲུབ་ཡོད་ཟེར། ཡིན་ནའང་དེ་ཚར་ཚར་བའི་སྐད་ཆ་ཞིག་རེད།
སྐྱ་སེར་གཉིས་ཀས་འཐབ་སྟངས་མི་གཅིག་ནའང་མཐར་དེད་པའི་དམིགས་ཡུལ་གཅིག་ཡིན་ཏེ། དེ་ནི་རང་རང་ལ་འཐོབ་འདོད་པའི་བདེ་སྐྱིད་དེའི་ཆེད་དུ་ཡིན།
བཤད་ཚུལ་ལྟར་ན་དགོན་པའི་རྒྱབ་རི་མཐོན་པོའི་སྟེང་ན་ཤམ་བྷ་ལ་དང་བདེ་བ་ཅན། ཕྱིར་མི་ལྡོག་པའི་གནས་སོགས་གོ་ཐོས་སུ་སོང་བའི་གནས་རྩ་ཆེན་ཚང་མ་ཡོད་པར་བཤད། གནམ་འདེགས་རི་བོའི་ངོས་ཀྱི་སྟོད་ན་གསེར་ནག་གི་གཙུག་རྒྱན་སྤྲས་བའི་དུང་གི་བུམ་པ་བཞིན་ལྟ་ན་སྡུག་ཅིང་ཡིད་དུ་འོང་བའི་རི་བོ་སྤུན་གཉིས་ཐད་ཀར་འབུར་བ་དེ་སྟེང་ཕྱོགས་འོ་མའི་རི་བོ་སྤུན་གཉིས་ཡིན་ལ། ས་བརྒྱད་པ་ཐོབ་པའི་གནས་ཡིན་ཞིང་དེ་ནས་ཐར་ཚེ་ཕྱིར་མི་ལྡོག་པའི་སར་བསླེབས་པ་རེད་ཟེར། སྟེང་ཕྱོགས་འོ་མའི་རི་བོ་ནས་དཔག་ཚད་འགའ་མར་བབས་ན་མ་ཧ་གསེར་གྱི་རུས་སྦལ་ཞིག་གན་རྐྱལ་དུ་ལོག་ནས་ཡུན་རིང་འཕགས་པའི་ཤུལ་ཡིན་ཞེས་ས་ལེབ་མོ་མཆོད་ཀོང་ལྟ་བུ་ཞིག་ཡོད་པ་དེར་སའི་ལྡེ་བ་ཞི་ལྷག་འབྱུང་བའི་གནས་ཟེར་ཞིང༌། དེ་ནི་རིགས་དྲུག་འདྲེན་པའི་དགོན་གྱི་གདན་ས་ཡིན། རི་བོ་འདིའི་རི་སྐེད་དུ་ནགས་ཀྱིས་བཟུང་ཞིང་ནགས་སྲུབ་ན་རི་དྭགས་དང་གཅན་གཟན་དུ་མ་ཡོད་པས། མདའ་གྲི་མདུང་གསུམ་གྱི་མཚོན་ཆ་འཛིན་མི་ཆོག་པའི་གྲྭ་རྐྱང་ཞིག་འདི་ནས་རི་རྩེར་ཐར་བའི་གོ་སྐབས་ཡེ་ནས་མེད། གལ་ཏེ་ཐར་བའི་དབང་དུ་བཏང་ནའང༌། རི་མགོའི་ཉིན་སྲུབ་གཉིས་ཀ་དབྱར་དགུན་མེད་པར་གངས་ཀྱིས་བཟུང་ཡོད་པས་ཕྱི་རྒྱལ་གྱི་གངས་འཛེགས་རུ་ཁག་ཅིག་གིས་ཀྱང་གངས་འདབས་ནས་ལྟ་ཙམ་བྱས་རྗེས་མགོ་གཡུག་བཞིན་ཅི་ཡང་མི་སྨྲ་བར་ཕྱིར་ལོག་སོང་ཟེར། བླ་རྒན་ཚོར་རི་མགོར་འཛེགས་པའི་ཐབས་ཤེས་ཅི་ཡོད་ངས་ད་དུང་མི་ཤེས་མོད། ལོ་རེ་ནས་ལོ་རེར་གྲྭ་བ་ཇེ་མང་ནས་ཇེ་མང་རེད། དགོན་པའི་སྟེང་ན་ནགས་སྲུབ་ལ་འཐེན་པའི་རྐང་ལམ་ཆུང་ཆུང་ཞིག་ཡོད་མོད། དེ་ནི་གྲྭ་ཕྲུག་ཚོ་འབུད་ཤིང་འཐུ་རུ་འགྲོ་སའི་ལམ་ཁ་ཙམ་ལས། གྲྭ་རྒན་ཚོའང་མཚན་མོར་ལམ་ཕྲན་དེར་ཞུགས་ནས་ནགས་སྲུབ་ལ་གཅིན་པ་གཏོང་དུ་འགྲོ་མི་ཕོད། བླ་རྒན་ཚོས་བཤད་ན་ཁོ་ཚོར་རི་མགོར་འཛེགས་པའི་ལམ་ཁ་གཉིས་ཡོད་ལ། གཅིག་ནི་མདོ་ལ་རིང་མོ་བརྒྱུད་ནས་འགྲོ་བ་དང་ཅིག་ཤོས་ནི་བསྔགས་ལ་བྲག་ནག་བརྒྱུད་ནས་འགྲོ་དགོས་མོད་གང་ལྟར་སླེབ་ས་ནི་རི་མགོ་འདི་ཡིན་ཟེར། བསྔགས་ལམ་ནི་ལམ་རྙིང་དང་མདོ་ལམ་ནི་ལམ་གསར་ཡིན། ལམ་འདི་གཉིས་ལ་གསར་རྙིང་གི་ཁྱད་པར་ཡོད་པ་མ་ཟད་བརྒྱུད་རིམ་བདེ་མིན་དང་རིང་ཐུང་གི་ཁྱད་པར་ཡང་ཡོད་ཟེར། ང་དགུ་ལོར་རྟོག་ལྡན་པ་འགའ་ལམ་འདི་གཉིས་ཀའི་གང་རུང་ཞིག་བརྒྱུད་ནས་རི་རྩེར་ཕེབས་སོང་བར་བཤད་མོད། ལོ་ངོ་ལྔ་བཅུའི་རྗེས་ནས་ཤེས་གསལ་ལྟར་ན་རི་བོ་ཧི་མ་ལ་ཡ་ཡིན་ན་ཅིག་གི་ཕ་རོལ་གྱི་ས་ཐོག་ཅིག་ན་འདུག་ཟེར། བླ་རྒན་ཁ་ཤས་རི་རྩེར་འཛེགས་པའི་ལོ་ཚད་ཡོལ་ནས་མགོ་སྐྲ་དཀར་པོར་གྱུར་ཏེ་འགྲོ་འདུག་གི་གོམ་ཁའང་བསྒྱུར་དཀའ་ཡང༌། ད་དུང་ལམ་གཉིས་ཀའི་གང་ལའང་མ་ཞུགས་པར་བསྡད་ཡོད། འདི་ནི་ངའི་སེམས་ཁུར་ཆེ་ཤོས་ཤིག་ཡིན། དྲང་མོར་བཤད་ན་བླ་རྒན་འདིའི་རིགས་མདོ་ལམ་བརྒྱུད་འདོད་མེད་ལ་བསྔགས་ལམ་བརྒྱུད་འདོད་ཀྱང་མེད་པར། ཆོས་སྐྱོང་སྲུང་མའམ་གཞི་བདག་ཅིག་གིས་ཁོའི་ལག་པ་ནས་འཐེན་དེ་འཁྲིད་འགྲོ་རྒྱུར་བསྒུག་ཡོད།
དགོན་པ་ནས་ད་དུང་མར་བབས་ན་མེ་ཏོག་ལུང་བ་ཡོད་ལ། མེ་ཏོག་ལུང་བའི་གཡས་གཡོན་གཉིས་སུ་སྤེན་ཐུང་འཐར་འཐོར་དུ་སྐྱེས་ཡོད། སྟོད་ཀྱི་རི་ངོས་སུ་སྤེན་མའི་སྐྱེས་རྒྱ་ཅུང་མཐུག་པོ་ཡོད། དེ་ནི་སྐྱ་སེར་གཉིས་ཀའི་ས་མཚམས་ཡིན། ལུང་བའི་ནང་དུ་དབྱར་དགུན་གཉིས་ཀར་བརླན་གྱིས་བཟུང་ཞིང་དེ་རུ་དྲོད་གྲང་སྙོམས་པའི་ཆུ་མིག་ཅིག་ཡོད། ཆུ་མིག་དེའི་གོང་ན་དེའུ་འབུར་ཆུང་ཆུང་ཞིག་ཡོད་ལ་དེ་ལ་ངེས་འབྱུང་རི་བོ་ཟེར། དེ་ནི་གྲོང་ཚོ་འདིའི་བླ་རི་ཡིན། ཞོ་དང་འོ་མས་མཆོད་པ་ཕུལ་ན་སྐབས་རེར་ངེས་འབྱུང་རི་བོ་འགུལ་ཙམ་འགུལ་ཙམ་བྱེད་པའི་མོད་ལ་གནམ་འདེགས་རི་བོའི་རྩེ་ནས་འབྲུག་སྒྲ་ལྡིར་ལྡིར་གྲགས་ལ་དེ་ནི་གཞི་བདག་ཧ་ཅང་དགའ་བའི་རྟགས་ཡིན། ཡིན་ནའང་གྲྭ་བ་ཚོས་དེ་ནི་འཇིག་རྟེན་པའི་ལྷ་དགའ་བའི་རྟགས་རེད་ཅེས་མཐོང་ཆེན་མི་བྱེད་མོད། ལྐོག་ཉན་བྱེད་མཁན་ཡང་ཁ་ཤས་ཡོད་པར་བཤད། ངས་གོ་ཚོད་ལྟར་ན་དགོན་པའི་གྲྭ་བ་བྱེད་སྐབས་མ་མཐར་ཡང་མེ་ཏོག་ལུང་བའི་ནང་ནས་མཚན་གཅིག་ལ་ཞག་སྡོད་བྱས་རྗེས་ངེས་འབྱུང་རི་བོར་སོང་ནས་གནམ་འདེགས་རི་བོའི་ས་དང་ལམ་གྱི་རིམ་པ་སྒོམ་དགོས་བར་བཤད་མོད། གྲོང་ཚོ་འདིའི་ཕྲུ་གུ་ཚོ་མེ་ཏོག་ལུང་བ་དང་ངེས་འབྱུང་རི་བོར་མ་མཇལ་བར་ཐད་ཀར་དགོན་པར་ཞུགས་ནས་གྲྭ་བ་བྱེད་ཀི་ཡོད།
ངས་སྐད་ཆ་འདིའི་དོན་ད་དུང་ཅི་ཡིན་མི་ཤེས་མོད་གྲྭ་བ་ཚོས་བཤད་ན་མེ་ཏོག་ལུང་བ་དང་དེའི་ནང་གི་ཆུ་མིག་དེ་ཀུན་འབྱུང་བདེ་པ་ཡིན་པས་ཤིན་ཏུ་མི་གཙང་ཟེར། ཡིན་ནའང་གྲོང་པ་ཚོར་དེ་ནི་མི་གཙང་བའི་སྣང་བ་ཅི་ཡང་མེད། སྲིད་པ་རྒད་པོས་བཤད་ན་ཁོ་ཚོའི་ཨ་ཕའི་ཨ་ཕའི་ཨ་ཕ་དང་ཨ་མའི་ཨ་མའི་ཨ་མ་སོགས་ལུང་བ་འདི་ནས་ཡོང་བར་བཤད་པས། གྲོང་པ་ཚོར་མཚོན་ན་འདི་ནི་མི་གཙང་ནའང་རང་གི་སྐྱེས་ས་སྐྱེས་ཡུལ་ཡིན་ཞེས་དབྱར་དགུན་མེད་པར་ཁོམ་སྐབས་རེ་བྱུང་ན་གནས་འདི་རུ་ཡོང་ནས་ཞོ་དང་འོ་མས་མཆོད་པ་འབུལ་བ་མ་ཟད། དགོན་པའི་འདབས་སུ་དཔེ་ཀློག་བྱེད་དུ་ཡོང་བའི་གྲྭ་བ་རྒན་གཞོན་གཉིས་ཀའང་མེ་ཏོག་ལུང་བའི་ནང་དུ་ལྐོག་ལྟ་བྱེད་རྒྱུར་གོམས་ཡོད། ཡིན་ནའང་བླ་རྒན་ལ་ལས་མེ་ཏོག་ལུང་བར་རྣམ་རྟོག་བྱེད་མོད་དེ་ནི་དམིགས་བསལ་བ་འགའ་རེ་ཡིན། ཆོས་ཕྱོགས་ཀྱི་ཤེས་བྱ་ཅི་ཡང་མེད་པའི་མི་ཞིག་གིས་བལྟས་ན་དགོན་པ་འདི་ནི་སྟེང་ཕྱོགས་འོ་མའི་རི་བོ་དང་མེ་ཏོག་ལུང་བའི་བར་གྱི་བཙོན་ཁང་ཞིག་ཡིན།
རིག་གནས་གསར་བརྗེའི་རྗེས་སུ་དགོན་པ་ནས་རང་འདོད་ཀྱིས་ངེས་འབྱུང་རི་བོར་སྒོམ་སྒྲུབ་ལ་ཡོང་མཁན་ཐོག་མ་དེ་བན་དེ་བློ་བཟང་འཕེལ་རྒྱས་ཡིན་ཞིང་མི་ཚང་མས་ཁོ་ལ་ཟ་ལེ་རྒྱལ་ཟེར། ཁོ་ལ་འདུག་གནས་དང་འཚོ་རྟེན་ཅི་ཡང་མེད་མོད་ཡ་མཚར་བ་ཞིག་ལ་ཁོས་མེ་ཏོག་བཅུད་ལེན་བྱེད་ཀྱིན་འདུག་ཟེར། ངོ་མ་ཁོས་མེ་ཏོག་བཅུད་ལེན་བྱེད་ཤེས་ན་མེ་ཏོག་ལུང་བའི་ནང་དུ་མེ་ཏོག་བཅུད་ལེན་བྱེད་རྒྱུ་དེ་ཅི་འདྲའི་ལས་སླ་བོ་ཞིག་རེད་ཨང༌།
བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་སྙན། འོན་ཀྱང་བོད་ནུབ་ཕྱོགས་པས་འདོན་ཅིང་འབྲི་བ་དང་མི་མཐུན་པའི་མིང་ཚིག་དང་ཚིག་ཕྲད་དག། མདོ་སྨད་པ། མཁས་དབང་དགེ་འདུན་ཆོས་འཕེལ། བོད་དང་བོད་རིག་གཞུང་ལ་གཅེས་པ་ཅན་གྱི་གསུང་འབུམ། དེབ་གསུམ་དུ། ༡༩༩༠ ལོར། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། དེ་དག་ཆ་ཚང་བལྟས་ཏེ། དེ་ནས་བཤད་པའི་མིང་ཚིག་དག་ཆ་དང་། ཚིག་ཕྲད་ཀུནམཐུན་པར་ཁྱོད་ཀྱི་རྩོམ་བྲིས་ཀྱི་དག་ཆ་དང་ཚིག་ཕྲད་ཀུན་་བཟོ་བཅོས་ཐུབ་ཚེ། བོད་ཡུལ་ཡོངས་ཀྱི་ཀློག་པ་པོ་རྣམས་ལ་ཕན་པར་འགྱུར་ཞེས་བསམས་སོ།།
ངས་ཁྱོད་ལ་ཀུན་མཐུན་གྱི་མིང་ཚིག་གཅིག་རང་ཤེས་བ་དེ་བེད་སྤྱད་ནས། ལོ། ལོ་སོ། ལོ། ལོ་སོ་ཟེར། དེ་ལས་གཞན་པའི་ཀུན་མཐུན་གྱི་མིང་ཚིག་ཁྱོད་ཚོའི་ཁ་ལ་གོམས་པ་དེ་ངས་འབྲི་ཤེས།
ཨོ། ད་དུང་བཤད་རྒྱུ་ཞིག་ལ་༼བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་སྙན།༽ཟེར། ཀུན་མཐུན་གྱི་མིང་ཚིག་མིན་པའི་རྗོད་བྱེད་སྙན་མོ་དེ་གང་ནས་ཡོང་བ་ཡིན་ནམ། དྲི་བ་འདི་ཁྱོད་ཀྱིས་ཁྱོད་ལ་དྲིས།
ཨོ། ད་དུང་བཤད་རྒྱུ་ཞིག་ལ་༼བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་སྙན།༽ཟེར། ཀུན་མཐུན་གྱི་མིང་ཚིག་མིན་པའི་རྗོད་བྱེད་སྙན་མོ་དེ་གང་ནས་ཡོང་བ་ཡིན་ནམ། དྲི་བ་འདི་ཁྱོད་ཀྱིས་ཁྱོད་ལ་དྲིས། མིང་དང་ཚིག་གིས་མ་གྲུབ་པའི་རྗོད་བྱེད་ཅིག་ཡོད་དམ།
ཨ་ཙི། གསལ་ལེ་རྒྱལ། དང་པོ་བསྟོད་པ་བྱེད་པ་ནི་སྐྱོན་བརྗོད་བྱེད་སྟངས་ཀྱི་འཐབ་རྩལ་རེད།
ཨོ། ཐབས་ཡིན་ནའང་དེ་འདྲའི་ཐབས་སྡུག་ཅིག
རྩོམ་འདི་ཞིབ་ཏུ་བལྟས་ཀྱང་ཟ་ལེ་རྒྱལ་ཟེར་བ་འདི་ལས་གཞན་ཀུན་མཐུན་གྱི་མིང་ཚིག་གམ་ཆོལ་ཁ་གསུམ་ཡོངས་ཁྱབ་རང་བཞིན་ཅན་གྱི་མིང་ཚིག་མ་ཡིན་པ་ཞིག་རྙེད་མ་སོང་། དེས་ན་རྒན་ལགས་ཀྱིས་ཕལ་ཆེར་ལ་དྭགས་ཀྱི་སྐད་དང་མི་མཚུངས་འདུག་གསུངས་ཡིན་ས་རེད།
གསལ་ལེ་རྒྱལ་ལེགས། དགོངས་དག འབྲི་སྟངས་ཅུང་ནོར་བ་འདྲ། འོན་ཀྱང་ཁྱེད་ང་རྒྱལ་མ་བྱེད་ན། ངས་དམ་པའི་གསུང་དང་། དམ་པའི་ཡིག་ཚང་གི་རྗེས་སུ་འབྲངས་ཏེ བོད་ཀྱི་བློ་གསལ་གཞོན་ནུ་རྣམས་ལ་སྐྱེས་སུ་གཤམ་གསལ་ཚིག་དག་ལ་ཞུས་དག་ཀྱང་བྱེད་ཆོག་པ། ང་རྒྱལ་ཅན་གྱིས་ནི་ཡོན་ཏན་ཡང་ཡོན་ཏན་དུ་མི་རྩི་སྟེ། རྗེ་མར་པའི་རྣམ་ཐར། དེབ་ ཤོག་གྲངས་༦༦ན། བུ་ང་རྒྱལ་གྱི་སྒང་པོ་ལ། ཡོན་ཏན་གྱི་ཆུ་མི་ཆགས་བྱ་བ་ཡིན། ཞེས་པ་ལྟར་ལགས།
ཁྱེད་ལ་དམིགས་བསལ་དག་ཆ་དང་། ཚིག་ཕྲད་ལ་གཟབ་པར་བསྐུལ་བ་ནི། ས་པཎ་གྱིས།
བདག་ཉིད་ཆེ་ལ་སྐྱེ་བོ་ཀུན།
སྐྱོན་འཚོལ་འགྱུར་གྱི་དམན་ལ་མིན།
འཕན་ཟེལ་རིན་ཆེ་ལ་བལྟ་ཡི།
མགལ་དུམ་ལ་ནི་སུ་ཞིག་དཔྱོད།། ལེའུ ༢ ཚིགས་ ༢༣
ཅེས་པ་ལྟར་ཡིན། ཁྱོད་ཚོའི་ཁ་ལ་གོམས་པ་དེ་ངས་འབྲི་ཤེས། འདི་རང་ཡིན་ནམ། ཡང་ན་འདིར་དགག་སྒྲ་མ་ཡིག་ཆད་པ་ཡིན་ནམ། ཆ་མ་རྟོགས།
ཨོ། ད་དུང་བཤད་རྒྱུ་ཞིག་ལ་༼བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་སྙན།༽ཟེར། ཀུན་མཐུན་གྱི་མིང་ཚིག་མིན་པའི་རྗོད་བྱེད་སྙན་མོ་དེ་གང་ནས་ཡོང་བ་ཡིན་ནམ། དྲི་བ་འདི་ཁྱོད་ཀྱིས་ཁྱོད་ལ་དྲིས། མིང་དང་ཚིག་གིས་མ་གྲུབ་པའི་རྗོད་བྱེད་ཅིག་ཡོད་དམ།
ཞེས་པ་འདི་ལ་ལན་གདབ་པར་བྱ་སྟེ། ཡི་གེ་མ་དག་པ་རྣམས་བདག་རང་གིས་དག་པར་བྱས་ཏེ། འདོན་པས་དེ་ལྟར་བྲིས་པ་ལགས།
ཚིག་རྣམས་དག་པར་འབྲི་དགོས་ཏེ། ཇི་སྐད་དུ་ས་བཟང་མ་ཏིའི་ཞལ་ནས།
ལེགས་པ་བས་ཀྱང་མགྱོགས་པ་གཙོ།
མགྱོགས་པ་བས་སྙོམས་པ་གཙོ།
སྙོམས་པ་བས་དག་པ་གཙོ།
དེས་ན་དག་པ་གཙོ་བོ་ཡིན།།
ཞེས་གསུངས་པ་ལྟར་ཁྱེད་ཀྱིས་མི་འདོད་ཀྱང་། བློ་གསལ་གཞོན་ནུ་གཞན་དག་ལ་ཕན་པའི་ཕྱིར་དུ། གཤམ་གསལ་ཚིག་མ་དག་པ་རྣམས་དག་པར་བྱེད་དགོས་པར་མཐོང་སྟེ།
སྤྲས་བའི་ ་ཞེས་པར་སྤྲས་པའི་ཞེས་དང་། ཡོད་པ་མ་ཟད་ ཅེས་པར་ཡོད་པར་མ་ཟད། ཅེས་དང་། གྲྭ་བ་ ཞེས་པར་གྲྭ་པ་ཞེས་དང་། ལུང་བ་ ཞེས་པར། ལུང་པ་ཞེས་དང་། ཆུ་མིག་དེ་ཀུན་འབྱུང་བདེ་པ་ཡིན་པས་ཤིན་ཏུ་མི་གཙང་ཟེར། འདིར་བདེ་པ་ཞེས་པར་ན་ཡིག་ཆདདེ། བདེན་པ་ཞེས་ཡིན་ནམ། ལེགས་པར་མི་གོའོ། དགོས་བར་བཤད་མོད། ཅེས་པར་དགོས་པར་བཤད་མོད། ཅེས་དང་། འབུལ་བ་མ་ཟད། ཅེས་པར་འབུལ་བར་མ་ཟད། ཅེས་དང་། ངོ་མ་ ཞེས་པར་དངོས་མ་ཞེས་དགོས་ཏེ། དགེ་ཆོས་ཀྱིས། རང་གི་རྩོམ་དེབ་དང་པོའི་ཤོག་གྲངས་ ༢༨༢ ན། བོད་ཀྱི་རྩོམ་དངོས་མ་ནི་འདི་ཚོ་ཡིན་འདུག་སྟེ། ཞེས་གསུངས་པ་ལྟར་རོ། རང་ཤེས་བ་དེཞེས་པར་། རང་ཤེས་པ་དེ། ཞེས་བཅོས་པ་ལགས།ཐབས་སྡུག་ཅིག་ཅེས་པར་ཡང་། ཐབས་རྡུགས་ཤིག་ཅེས་དགོས་པར་མཐོང་སྟེ། དེ་ཉིད་ར་མགོ་དང་ས་མགོ་གསལ་པོ་འདོན་མ་ཐུབ་པས་དེ་ལྟར་ཆགས་པར་སེམས་སོ།།
ལེགས་པ་བས་ཀྱང་མགྱོགས་པ་གཙོ།
མགྱོགས་པ་བས་སྙོམས་པ་གཙོ།
སྙོམས་པ་བས་དག་པ་གཙོ།
དེས་ན་དག་པ་གཙོ་བོ་ཡིན།། ཞེས་པའི་ལེགས་པ་ཟེར་བ་དེ་ཅི་ལ་ཟེར་ནི་རེད། མགྱོགས་པ་དང་། སྙོམས་པ། དག་པ་གསུམ་པོ་མ་ཡིན་པའི་ལེགས་པ་ཟེར་བ་དེ་ཅི་ལ་ཟེར་ནི་རེད།
ངེས་འབྱུང་སྐྱོ་ཤས་ཀྱི་ཀུན་ནས་མ་བསླངས་ཤིང་། །
རང་འདོད་ཐོལ་བྱུང་གིས་དགོན་ལ་འགྲོ་ལུགས་འདི། །
གྲྭ་བ་བྱེད་ལུགས་ཤིག་ཡིན་པར་བསམ་ན་ཡང་། །
དོན་གྱིས་ཐུབ་བསྟན་ལ་ཤེས་རྟོགས་མེད་པའི་རྟགས། །
ལ་དྭགས་མཁས་བ་ལགས། གསལ་ལེ་རྒྱལ་ལེགས་ཞེས་བའི་ལེགས་ཀྱི་འགྲེང་བུ་དེས་ཅི་ཞིག་སྟོན་ནམ། གསལ་ལེ་རྒྱལ་གྱི་རྣམ་པ་ལེགས་ཞེས་བའམ། ཡང་ན་ངའི་རྩོམ་འདིའི་བརྗོད་བྱ་དང་རྗོད་བྱེད་ལ་ཟེར་གྱིན་ཡོད། འབྲི་མི་ཤེས་ཞེས་བའི་མི་དང་ཀུན་འབྱུང་བདེན་པའི་རྗེས་འཇུག་ཆད་སོང་བ་ནི་བདེན་པའོ། ཐབས་སྡུག་ནི་ཐབས་ཤེས་ཡིན་ཡང་སྡུག་ཤོས་དེའོ་ཞེས་བའི་དོན་ནོ། ད་དུང་ཁྱོད་ཀྱི་མཆན་ཐུང་འདིའི་ནང་ན་ཡིག་ནོར་དང་ཆད་ནོར་མང་བོ་འདུག་མོད། ད་མི་བཤད་དོ།
ནགས་ཀྱི་སེང་གེ་ལེགས།
དགོངས་དག ཀྱང་སྒྲ་འགའ་ཆད་འདུག་སླར་བཅོས་ཏེ།
ལེགས་པ་བས་ཀྱང་མགྱོགས་པ་གཙོ།
མགྱོགས་པ་བས་ཀྱང་སྙོམས་པ་གཙོ།
སྙོམས་པ་བས་ཀྱང་དག་པ་གཙོ།
དེས་ན་དག་པ་གཙོ་བོ་ཡིན།།
བོད་ཀྱི་བཤད་སྲོལ་ལ། ཡིག་གཟུགས་ལེགས་པ། ཞེས་མཛེས་པའི་དོན་དུ་གསུངས་པར་མངོན། ད་ལྟ་ང་ལ་བསྟན་དར་ལྷ་རམས་པའི་གསུང་འབུམ་ཆ་ཚང་དེབ་གཅིག་ཏུ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས། ༡༠༠༨ལ་སྤར་པ་ཞིག་སྐལ་བ་བཟང་པོས་རྙེད་པའི་ཤོག་གྲངས་ ༥༩༡ན་ཚིགས་བཅད་འདི་ལུང་དུ་དྲངས་སོ།།
ལ་དྭགས་མཁས་བས། ༼གསལ་ལེ་རྒྱལ་ལེགས། ནགས་ཀྱི་སེང་གེ་ལེགས། ཅིག་ཅིག་ལེགས། ཉིག་ཉིག་ལེགས ༽ཞེས་མི་ཚང་མའི་མིང་གི་མཐའ་ལ་ལེགས་ཤིག་བྲིས་འདུག གཞན་པའི་ཡིག་སྐྱོན་འཚོལ་བའི་ལུང་རིགས་ཀྱི་བདག་པོ་ཞིག་ལ་ཡིག་སྐྱོན་ནི་འབྱུང་མི་སྲིད་པས། འདི་ནི་ངས་མཐོང་མ་མྱོང་བའི་ཀུན་མཐུན་མིང་ཚིག་ཅིག་ཡིན་ས་རེད།
གསལ་ལེ་རྒྱལ་ལེགས། ད་ལྟ་ཁྱེད་རྣམས་ཀྱིས་མིང་གི་མཇུག་ཏུ། ལགས་ཞེས་འབྲི་བའི་ཁུངས་བཙལ་དགོས་ན། ལེགས་ཡིན་འདུག བདག་གི་ལུང་པར་ལེགས་ཞེས་པ་སྐྱེ་བོ་དག་གིས་བཀོལ། སྟབས་ལེགས་ཀྱིས་བོད་ཚིག་མང་པོ་ལ་དྭགས་གཤམ་ཕྱོགས་པས་གནའ་བོའི་ཚུལ་བཞིན་འདོན། སྔར་དབུས་གཙང་པས་འདི་ལ་དགོད་གྲོ་བྱེད། རྒྱལ་ཁབ་གཞན་གྱིས་ཚིག་གི་འགྱུར་སྟངས་ལ་བརྟག་དཔྱད་བྱེད་པའི་ཚུལ་དེ་ལོབས་ན། ཁོ་བོས་བཤད་པ་འདི་དག་སེམས་ལ་འབབས་ཀྱི། བོད་དབུས་དང་ཤར་ཕྱོགས་པས་ཨེ་ཡིག་ཅན་ཡི་གེ་མང་པོ་་ཨ་ཡིག་ཏུ་འདོན་ཅིང་འབྲི་བ་དང་། དེ་བཞིན་ཨ་ཅན་ཡི་གེ་མང་པོ་ཨེ་ཡིག་ཏུ་འདོན་ཅིང་འབྲི་བ་འདུག་ཅེས་ལན་མང་བྲིས་པ་ཡིན། ཉེ་དུས་སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན་གྱིས། བྱ་གེག་དང་ནི་བར་ཆད་གེགས།། བྱ་གེག་ཅེས་པའི་འི་ཚིག་འདི་བོད་རྒྱ་ཚིག་མཛོད་ན་སོགས་ལ་བལྟས་པས་མ་རྙེད གལ་ཏེ་བྱ་གག་དང་ནོར་བ་ཡིན་ན། ཨ་ཡིག་དེ་ཨེ་ཡིག་ཏུ་ཀློག་པ་འདུག་ཅེས་སྔོན་དུ་མཆན་དུ་བྲིས། འདི་ལ་ལན་མ་འབྱོར། ཅི་ཡིན་ནམ་མ་ཤེས།
རང་སྐྱོན་རྡུལ་ཕྲན་བཞིན་དུ་རྟོགས་པར་དཀའ།
གཞན་སྐྱོན་རི་བོ་བཞིན་དུ་མངོན་པར་གསལ།
ངའི་ཡི་གེའི་དག་ཆ་དག་ལ་སོ་སོའི་ལུང་སྐད་མ་ཡིན་པར་རིག་གཞུང་གི་སྐད་དང་ཆོས་སྐད་དང་བསྟུན་ནས། ནོར་འཁྲུལ་འདི་དང་འདི་འདུག་ཅེས་འབྲི་ན། བདག་གི་བློ་སྐྱེད་ལ་ཕན་པ་ལགས་སོ།།
རང་སྐྱོན་རྡུལ་ཕྲན་བཞིན་དུ་རྟོགས་པར་དཀའ།
གཞན་སྐྱོན་རི་བོ་བཞིན་དུ་མངོན་པར་གསལ།
ཞེས་བའི་ལེགས་བཤད་འདི་ཁྱོད་རང་གི་སྐེ་ལ་སྦྱོར། ཀུན་མཐུན་མིང་ཚིག་བེད་སྤྱོད་བྱེད་དགོས་ཚུལ་བཤད་བཞིན་དུ་ལེགས་ལ་ཀུན་དང་མི་མཐུན་པའི་ལོག་འགྲེལ་ཞིག་བརྒྱབས་པར་བལྟས་ན་དེའི་ཚོད་ཀྱི་མི་ཞིག་ཡིན་ས་རེད། ༼ད་ལྟ་ཁྱེད་རྣམས་ཀྱིས་མིང་གི་མཇུག་ཏུ། ལགས་ཞེས་འབྲི་བའི་ཁུངས་བཙལ་དགོས་ན། ལེགས་ཡིན་འདུག༽་ཟེར། དེའི་སྒྲུབ་བྱེད་དུ་༼བདག་གི་ལུང་པར་ལེགས་ཞེས་པ་སྐྱེ་བོ་དག་གིས་བཀོལ།༽ཟེར། ངས་ཁྱོད་ལ་དེ་མཚུམས་ཀྱི་སྒྲུབ་བྱེད་ཅིག་འགོད་པར་འདོད། ཉོན་ཨ། དབག་གི་ལུང་བར་ལགས་ཞེས་བ་སྐྱེ་བོ་དག་གིས་བཀོལ།
ལ་དྭགས་མཁས་བ་ལགས། ལགས་ནི་གུས་ཚིག་ཅིག་ཏེ་ལ་དྭགས་མཁས་བ་ལགས་ལྟ་བུ་དང་མཚམས་ལན་རེར་ཡིན་དང་རེད་ཅེས་བའི་དོན་དུའང་འགྲོ་སྟེ། གསལ་ལེ་རྒྱལ་ནི་ངེས་བ་དོན་གྱི་མཁས་བ་ལགས་ལྟ་བུ།
ལེགས་ནི་ཡག་པོ་ཡིན་པའི་དོན་དུ་འགྲོ་སྟེ། གསལ་ལེ་རྒྱལ་གྱི་ཚིག་གི་སྡེབ་སྦྱོར་ཤིན་ཏུ་ལེགས་ལྟ་བུ། དེ་བས་ཁྱོད་ཀྱིས་ལགས་ཀྱི་ཚབ་ཏུ་ལེགས་འབྲི་དགོས་ཚུལ་བཤད་པ་དེ་ནི་ཨུ་ཚུགས་ཙམ་མོ། ད་དུང་ཀུན་མཐུན་མིང་ཚིག་བེད་སྦྱོད་བྱེད་རབས་བཤད་བཞིན་དུ་རང་གི་ལུང་ཁུག་དེའི་འབྲོག་པ་ཚོའི་མིང་ལ་སྐྱེ་བོ་ཡིན་ན་ཅིག་བཏགས་ནས་དེ་དག་གིས་བེད་སྤྱོད་བྱེད་བཞིན་པའི་མིང་ཚིག་དག་ཀུན་མཐུན་དང་ཚད་མར་འཛིན་དགོས་ཚུལ་བཤད་པ་ནི་དེ་ལས་ཀྱང་དགོད་སྤྲོ་བ་ཞིག་རེད། ཨ་ཅན་ཨེ་ཅན་དང་ཨེ་ཅན་ཨ་ཅན་དུ་གྱུར་བའི་མིང་ཚིག་འགའ་རེ་ཡོད་པའིརྒྱུ་མཚན་གྱིས་ལགས་ལེགས་ལ་བསྒྱུར་དགོས་ཚུལ་བཤད་པའི་ཨུ་ཚུགས་དེ་ཨ་ཁུ་མཁས་བར་སྡུག་བསྡལ་ཐོལ་བ་ཞིག་རེད་ལགས། དེ་ཙམ་ཡིན། ད་ནས་བཟུང་ཅི་ཡང་མི་བཤད།
ད་དེང་སང་མཆན་གཅིག་འབྲི་ས་མི་འགྲོ་གི ཁ་བརྡ་སང་ལ་དགེ་རྐོས་ངར་བ་ཞིག་ཐོན་འདུག ཚང་མ་བསུབ་འགྲོ་གི དགེ་རྐོས་ཟེར་བ་དེ་ལྷུ་ཡོད་ས་ནས་གཏོར་མཁན། ལྷུ་མེད་ས་ནས་གཅོག་མཁན་ཟེར་བ་དེ་བདེན་པ་རེད་འདུག
གསལ་ལེ་རྒྱལ་ལེགས། ཡིན་ཤས་ཆེ། ཁྱེད་དང་ང་གཉིས་ད་དུང་ལོ་ཤས་མ་ཤི་ན། བོད་ཀྱི་སྐད་ཡིག་རིག་པ། (philology)ངས་སྦྱོང་ངེས་ལ། དེ་་བཞིན་དུ། ཁྱོད་ཀྱིས་ཀྱང་སྦྱོང་བའི་རེ་བ་ཡོད་ཀྱི། ལོ་ཁ་ཤས་རྗེས་སུ། རང་རེ་གཉིས་ཐུག་ཐུབ་པ་འབྱུང་ན། ལེགས་པ་འདུག དེ་མིན་བོད་ཀྱི་སྐད་ཡིག་རིག་པ་མ་ཤེས་པའི་ལྐུགས་པ་གཉིས་ཀྱི་རྩོད་པ་ནམ་ཡང་ཐག་མི་ཆོད་པ་ཐག་ཆོད། དེ་ཙམ་ཡིན། བཀྲ་ཤིས་བདེ་ལེགས།
སྐུ་མཁྱེན། དུ་དུང་ཏོག་ཙམ་རྩོད་དང་། ང་ཉན་རྒྱུར་ཤིན་ཏུ་དགའ། སྐྱིད་པོ་ཞིག་རེད།
༼ལགས༽་ཅེས་བའི་འབྱུང་ཁུངས་༼ ལེགས༽་ཡིན་པ་གསལ་བོ་རེད། ལ་དྭགས་ཀྱི་སྐད་ཀྱི་ནང་དུ། གང་དུ་འགྲོའམ་ཞེས་པ་ལ། ག་རུ་ཆ་ཟེར་བ་ལ་བརྟགས་ན་ཆ་ཞེས་པ་མིང་དང་བྱ་ཚིག་གཉིས་ཀ་ལ་འགྲོ་བ་སྨོས་མེད་རེད། དཔེར་ན། སྤྱོད་འཇུག་ལས། ཐམས་ཅད་བོར་ཏེ་ཆ་དགོས་པ།། ཞེས་པའི་ཆ་ནི་ཆས་ཞེས་པའི་མ་འོངས་པ་རེད། སྐད་བརྡ་རིག་པའི་སྐོར་ལ་སྦྱང་གོམས་གཤིས་ཕྱིན་པ་ཞིག་མེད་ན་གང་བྱུང་གིས་ཐག་གཅོད་རྒྱུ་ལས་སླ་བོ་ཞིག་མ་རེད།
སྔོན་མ་རྒན་ལ་དྭགས་པ་ངེད་གཉིས་ཀྱི་གླེང་མོལ་སྐབས་ཁོ་བོས་ཀྱང་ལགས་དང་ལེགས་ཀྱི་སྐོར་ལ་བསམ་འཆར་ཞིག་ཕུལ་བ་ཡིན། འོན་གྱང་ལན་གནང་མ་སོང་། གསལ་ལེ་རྒྱལ་གྱིས་བཤད་པ་ལྟར་རེད། དེ་གཉིས་ཀྱི་གོ་དོན་མི་འདྲ་བས་ལགས་ཚབ་ཏུ་ལེགས་བྲིས་ན་དོན་འཁྲུལ་བར་འགྱུར་བས་གསལ་ལེ་རྒྱལ་ལགས་ཞེས་འབྲི་བ་ལེགས་ན་རྒན་ལགས་ཀྱིས་སླད་ཆར་བཅོས་པའི་རེ་བ་ཡོད། དེ་མིན་ལགས་ཀྱི་ཁུངས་ལེགས་ལ་གཏུགས་དགོས་སུ་ཆུག་ཀྱང་ད་ལྟ་དེ་གཉིས་ཀྱི་གོ་དོན་ཡེ་ནས་མི་འདྲ་བས་སོ།
ཨ་མདོ་བས་བླ་མ་ལ་ཨ་ལགས་ཅེས་འབོད་པ་ནི་གཞན་ལ་གུས་པ་ཞུ་བའི་མཚོན། བླ་མ་ལགས། དགེ་རྒན་ལགས། ལྟ་བུ། ཡང་ན་ལགས་ཅེས་པ་ནི་ཡིན་ནམ་རེད་ཅེས་བའི་དོན་ལའང་འཇུག་སྟེ། དཔེར་ན། ཁྱེད་རང་གྲྭ་བ་བྱེད་འདོད་ཡོད་དམ། ལགས་ཡིན། ལྟ་བུ། ལེགས་ཅེས་པ་ནི་བཟང་བའམ་སྤུས་དག་པ་ལ་འཇུག །དགེ་རྒན་གྱིས་སློབ་མ་ཞིག་ལ། སྐལ་བཟང་ལགས་ཅེས་མི་སྦྱོར་བར་ལེགས་ཅེས་སྦྱར་ན་ཞེ་ས་ལ་མི་གོ་བར་ལེགས་སྨོན་ལ་གོ་ཆོག་པས། རྒན་ལ་དྭགས་པས་ལགས་ཀྱི་སྦྱོར་སྟངས་མ་ཤེས་པ་ཞིག་ག་ལ་ཡིན། རྒན་ལ་དྭགས་པས། འཕགས་ཁོ་ལེགས། ཨ་ར་དཀར་པོ་ལེགས། གསལ་ལེ་རྒྱལ་ལེགས་ཅེས་ལེགས་སྨོན་གྱི་ཚུལ་དུ་སྦྱར་བ་ལ་འགལ་བ་ཅང་མེད་གི་ཡ། དེ་ལ་རྩོད་པ་གང་ཡང་མི་འདུག་ལགས། ལེགས་སོ་ལེགས་པར་གསུངས།
ལ་དྭགས་མཁས་བ་ལགས། གླེན་པ་གཉིས་ལ་གྲོས་མི་ཡོང་བ་ནི་བདེན་པ་རེད། རང་བློ་རང་ལ་ལྐོག་གྱུར་མིན་ཞེས་བ་ན་ཁྱོད་ཀྱིས་ཁྱོད་རང་གླེན་པ་ཞིག་ཡིན་པ་དེ་ལོས་ཤོས། ཡིན་ནའང་ང་ནི་མཁས་བ་ཞིག་ཡིན། རང་བློ་རང་ལ་ལྐོག་གྱུར་མིན། ཧ་ཧ་ཧཧ་། ཁྱོད་ཀྱིས་ད་དུང་སློབ་སྦྱོང་བྱོས་དང་ཁྱོད་ཀྱི་ཡོན་ཏན་ངའི་ཡོན་ཏན་གྱི་ཚད་འདིར་བསླེབ་ཚེ་ཡུན་གྱིས་གྲོས་བྱེད་ཆོག དེ་མིན་སློབ་དཔོན་ཆེན་མོའི་མིང་ཙམ་གྱིས་ཡོང་གི་མ་རེད། ཨ་ལ། སྐད་ཆ་འདི་དག་ཀུ་རེ་ཡིན། གཏམ་ཀུ་རེ་མེད་ན་བཤད་སྲོལ་མེད་ཅེས་བ་རེད། ཡིན་ཡང་ཟ་ཟུར་གྱི་ཚིག་སྣེ་དེ་དག་གྲི་དང་མདུང་ཡིན། སེམས་ཆུང་བྱོས།
གནའ་དེང་རྩོམ་རྩལ་ཟུང་དུ་སྦྲེལ་བའི་རིས།
འགུལ་ཞིང་གཡོ་བའི་གར་ལ་རྩེན་པའི་ཚེ།
ངག་རིག་གཟུགས་སུ་གྲུབ་པའི་ཆོ་འཕྲུལ་ཞེས།
ཀུ་ཅོ་ཏོག་ཙམ་ཡོད་པའང་ད་ལྟའི་སྲོལ།
ཧ་ཧ། དོན་སྙིང་ཡོད་ཀི། རྩོད་ཡ། རྩོད། མུ་མཐུད་དུ་རྩོད།
རྒན་ལ་དྭགས་པ་དང་གསལ་ལེ་རྒྱལ་རྣམ་པ་གཉིས་དགུང་གྲངས་བརྒྱད་ཅུར་བསླེབས་གྲབས་ཡོད་པ་རེད། ད་དུང་རྣམ་པ་གཉིས་ཀྱིས་བོད་ཀྱི་དག་ཡིག་གི་སྐོར་ལ་སེམས་ཤུགས་མ་ཆག་པར་གཅིག་གིས་ང་རང་མཁས་པ་ཡིན་ཟེར། གཅིག་གིས་གཉིས་ཀ་གླེན་པ་ཡིན་ཟེར། བོན་དེ་དང་རྩོད་པ་ལྟ་བུ་རེད་མི་འདུག ཧ་ཧ་ཧ་སྐུ་རྩེད་ཡིན་ད།
༡༽ འཕགས་ཁོ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༡ གི་ཆུ་ཚོད་ ༤ སྐར་མ་ ༣༡
ལ་དྭགས་འཇམ་དཔལ་ཟེར་བ་འདི་རྒྱུན་ལྡན་མིན་པ་འདྲ། མི་འདྲ་ལ་ཁ་སློང་གི་མ་འདུག མཚམས་ཤིག་ལ་ཐང་ཆད་ནས་ལོག་འགྲོ་ན་ཐང། ལ་དྭགས་འཇམ་དཔལ། དང་པོ་ཡག་པ་སྦྱོངས། དེ་ནས་དག་བཅོས་བྱེད་དུ་ཤོག རྗེ་ཙོང་ཁ་བས། རང་འཁོར་བའི་འདམ་ལས་མ་གྲོལ་བར་གཞན་འཁོར་བའི་ལས་འདྲེན་པའི་ཐབས་ཤིག་གང་ན་ཡོད། ཅེས་གསུངས་པ་འདི་ཁྱོད་གཅིག་པོ་ལ་བཤད་ཀྱི་ཡོད་པ་འདྲ། གལ་སྲིད་སྦྱོང་བརྡར་རམ་ཡར་རྒྱས་ཀྱི་ཆེད་དུ་ཡིན་ན། རྗེས་མ་ནས་མགོ་ལ་འཚམ་པའི་ཞྭ་ཞིག་གྱོན་རྒྱུ་མ་བརྗེད་ལོ།
འདི་ལ་ལ་བཤད་པར་བྱ་ཏེ། བདག་གིས་བརྒྱ་གཞུང་རྣམས་དང་། བོད་ཀྱི་སྐད་ལ་ནང་ཅན་ཆུད་པའི་ལོ་ཙ་པ་སྟེ། འཇིག་རྟེན་མིག་ཏུ་གྱུར་པའི་བོད་འགྱུར་རྣམས་གང་ནུས་ཀློག་པར་མ་ཟད་། ཚིག་དོན་ལ་གོ་་བསྡུར་ཏེ། སྐད་གཉིས་ཀྱི་ཚིག་རྣམས་ལེགས་པར་སྦྱངས་པ་དང་། དེར་མ་ཟད་བོད་་སྐད་གཞུང་ཆེན་རྣམས་འབྲི་བ་པོ། རོང་ཟོམ་ཆོས་བཟང་པཎ་ཆེན། ཆོས་རྗེ་ས་པཎ། ཀུན་མཁྱེན་ཇོ་མོ་ནང་པ། ཀློང་ཆེན་རབ་འབྱམས་པ། བུ་སྟོན་རིན་པོ་ཆེ། རྗེ་རྒྱལ་བ་ཡབ་སྲས་གསུམ། པཎ་ཆེན་དགེ་འདུན་གྲུབ། མི་ཕམ་རིན་པོ་ཆེ། སྙིགས་དུས་ཀྱི་མཁས་པ་ཆེན་པོ་མདོ་སྨད་པ་དགེ་འདུན་ཆོས་འཕེལ་སོགས་ཀྱི་གསུང་འབུམ་དག་ལས་ཆ་ཤས་རེ་ལེགས་པར་བཀླགས་ཤིང་སྦྱངས། དེ་དག་གི་ཡི་གེ་དག་ཆ་རྟ་ཅང་ཤེས་ལྟ་བུ་དག་དོར་ཏེ། ཁྱོད་ལྟ་བུ་དག་གིས་ལས་སླ་བར་བཟུང་སྟེ། ཕལ་སྐད་དམ་ལུང་སྐད་ཀྱི་བོང་བུ་ཞྭ་བོ་ལྟ་བུར་བཞོན་པ་དང་། བོད་གཅིག་སྒྲིལ་གྱི་རྒྱ་ལམ་སྤངས་ནས། ཁྱོག་ལམ་ན་འགྲོ་བ་དག་མཐོང་ནས། དེ་དག་རྟ་བཟང་པོར་བཞོན་པ་དང་། ཁྱོག་ལམ་ནས་དྲངས་ཏེ། རྒྱ་ལམ་ཆེན་པོར་འཇུག་པའི་ཕྱིར་དུ་ཡིན་གྱི། བདག་རང་ཡི་གེ་དག་ཆ་ཤེས་མཁན་ཞིག་སྙམ་པ་དང་། གཞན་འབྲི་བ་པོ་དག་ལ་དམའ་འབེབས་པ་བྱེད་པ་རྩ་བ་ཉིད་མ་ཡིན་པ་ཁོང་དུ་ཆུད་པར་གྱིས་ཤིག།
ནང་ཅན་ཆུད་པའི ཞེས་པ་ནང་བྱན་ཆུད་པའི་ཞེས་ཀློག་པར་མཛོད་ཅིག
སྐབས་འདིར་ངས་བཤད་འདོད་པ་ཞིག་ནི།
གསལ་ལེ་རྒྱལ་གྱིས།
ཨོ། ད་དུང་བཤད་རྒྱུ་ཞིག་ལ ཞེས་པའི་ཨོ་དེ་ཡང་ཡིག་ནོར་ཡིན་པ་འདྲ། འོ། ཞེས་འ་ཆུང་དུ་གྲགས་པ་བྲིས་ན་ལེགས་པར་མཐོང་།
༼རྒན་ལ་དྭགས་པ་ལ་སྤེལ་མར་བསྟོད་པ།༽
བོད་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་ནས།།
དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ།།
གནས་མཆོག་ཝ་ར་ན་སིའི་མཐོ་སློབ་ནས།།
བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།།
ནུབ་ཕྱོགས་ཡུལ་གྲུ་ཆོས་ཀྱི་ཕོ་བྲང་ནས།།
ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།།
སྦྱངས་བའི་འབྲས་བུ་སྤྱི་དང་བྱེ་བྲག་ཏུ།།
ཀུན་ཀྱང་བསྟན་པ་རྒྱས་བའི་ཆེད་དུ་བསྔོས།།