བསྟན་འཛིན་ཤེས་རབ།
དེ་རིང་སྟེ་ ༢༠༠༡ ལོའི་ཟླ་ ༩ ཚེས་ ༡༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་བའི་སྟེང་། འོད་དཀར་དྲ་ཚིགས་ཀྱིས་བསྡུས་པའི་སྙན་ངག་སྒྲོགས་སྦྱང་འགྲན་ཚོགས་རིམ་པ་གཉིས་པའི་ཐོག་མ་དེ། མོན་གྷོ་གཞིས་ཆགས་དང་སྦེལ་ཀོབ་གཞིས་ཆགས་གཉིས་མཉམ་དུ་སྦེལ་ཀོབ་གཞིས་གྲོང་དང་བོའི་མཉམ་འབྲེལ་ཚོགས་ཁང་ནང་ཚོགས། སྙན་ངག་གི་འདུ་ཚོགས་འདིའི་སྟེང་སྦེལ་ཀོབ་གཞིས་ཆགས་གསར་རྙིང་གཉིས་ཀྱི་གཞིས་མགོ་རྣམ་པ་གཉིས་དང་། ས་གནས་གཞོན་ནུའི་ཚོགས་གཙོ། ས་གནས་བུད་མེད་ཚོགས་པ། ས་གནས་བོད་རང་བདེན་ཚོགས་པའི་ཚོགས་གཙོ། ས་གནས་ཁག་གི་གསར་འགོད་པ། སྦེལ་ཀོབ་སློབ་གྲྭའི་དགེ་རྒན་དང་དགའ་ལྡན་བྱང་རྩེ་སློབ་གྲྭའི་སློབ་སྤྱི། སེ་ར་དགོན་པའི་དགེ་འདུན་པ་དང་སྦེལ་ཀོབ་སློབ་གྲྭའི་སློབ་ཕྲུག་བཅས་མི་སྣ་བརྒྱ་ལ་ཉེ་བ་ཞིག་ཚོགས་ཞུགས་གནང་། འགྲན་ཚོགས་དབུ་འཛུགས་སྐབས། འོད་དཀར་དྲ་བའི་གཙོ་བདག་ཨ་ལགས་ཤིང་བཟའ་རིན་པོ་ཆེ་མཆོག་གིས་གསུངས་དོན། ང་ཚོས་སྙན་ངག་གྱེར་འདོན་གྱི་འགྲན་ཚོགས་འདི་ལྟ་བུའི་ལས་རིམ་ཞིག་གཉེར་དོན་ནི། གཙོ་བོར་སྐད་ཡིག་རིག་གནས་ལ་ཞབས་འདེགས་སྒྲུབ་ཆེད་ཡིན་ཏེ། ཉིས་སྟོང་དགུ་ལོའི་བོད་ནང་གི་སློབ་ཕྲུག་རྣམས་ཀྱི་སྐད་ཡིག་གི་ཡར་ལངས་ལ་བརྟེན་ནས། ད་ལྟའི་ཆར་བོད་ཕྱི་ནང་གཉིས་སུ་རང་མི་རིགས་ཀྱི་སྐད་ཡིག་ལ་དོ་སྣང་གསར་བ་ཞིག་སླེབས་བཞིན་པའི་སྒང་ཡིན་ལ། ལྷག་དོན་ཉེ་བའི་ཆ་ནས་ཀུ་ཤུ་རྟགས་ཅན་གྱི་ཁ་པར་སོགས་སུ་བོད་ཡིག་བེད་སྤྱོད་ཐུབ་པར་གྱུར་པའི་ཉེར་ལེན་ལ་བརྟེན་ནས། རང་རེའི་གཞོན་སྐྱེས་ཁྲོད་བོད་ཡིག་ལ་དབྱིངས་འཕར་བཞིན་པའི་གནས་ཚུལ་གསར་བ་ཞིག་འབྱུང་གི་ཡོད། ང་ཚོས་ཁོང་རྣམས་ཀྱི་དོ་སྣང་དང་དང་བ་དེའི་རྒྱུན་མུ་མཐུད་གནས་ཆེད་དང་དེ་ལ་རམ་འདེགས་སམ་ཤུགས་ཚད་སྤར་ཆེད། ཁ་ཡོད་ལག་ཡོད་དང་མིག་ཁར་དངོས་སུ་མཐོང་དུ་ཡོད་པའི་ལས་འགུལ་འདི་སྤེལ་བ་ཡིན་གསུངས། གཞན་ཡང་ཤེས་གསལ་ལ། སྙན་ངག་གྱེར་འདོན་གྱི་ལས་རིམ་འདི་ནི། བོད་ཀྱི་རིག་གནས་སྒྱུ་རྩལ་ལ་ཞབས་འདེགས་དང་སྙན་ངག་སྒྱུ་རྩལ་གྱི་འཕེལ་རྒྱས་ལ་སྒུལ་ཤུགས་ཐེབས་ཆེད་ཡིན་ལ། རིག་གནས་སྒྱུ་རྩལ་གྱི་འཕེལ་རིམ་འདི་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་གི་གནས་རིམ་ལ་ཤུགས་རྐྱེན་ཐེབས་ཆེད་ཀྱང་རེད་འདུག
འགྲན་ཚོགས་དངོས་ཀྱི་སྟེགས་བུའི་སྟེང་། གྱེར་འདོན་པ་རྣམས་ཀྱིས་གཅིག་ལས་གཅིག་ལྷག་གི་གྱེར་འདོན་གནང་ཞིང་། མདོ་འཛིན་པའི་དྲི་གཏམ་དང་། དཔྱད་བསྡུར་བའི་དགོངས་ཚུལ་བཅས་ཀྱིས། སློབ་ཕྲུག་ཚོར་སྐུལ་ལྕགས་དང་དམངས་ལ་གོ་རྟོགས་གསར་བ་ཞིག་ཐོབ་པའི་སྣང་ཚུལ་མང་དུ་བྱུང་།
འདུ་ཚོགས་འདིའི་མཇུག་བསྡུའི་གཏམ་དུ། འོད་དཀར་དྲ་བའི་རྩོམ་སྒྲིག་པ་བསྟན་འཛིན་ཤེས་རབ་ཀྱིས་སྨྲ་དོན། ད་རེས་ཀྱི་སྙན་ངག་འདུ་ཚོགས་འདིའི་སྟེང་། སྤྱིར་ཡིན་ན་གྱེར་འདོན་པ་བཅོ་བརྒྱད་ཡོད་མོད། འོན་ཀྱང་རྒྱུགས་སྤྲོད་དང་ཕྱོགས་བསྐྱོད་སོགས་ཀྱི་དབང་གིས། འདིར་དངོས་སུ་མཉམ་ཞུགས་གནང་མཁན་དགུ་ལས་མེད་སོང་། ད་ཐེངས་ཀྱི་འདུ་ཚོགས་འདིའི་ནང་མཉམ་ཞུགས་གནང་བའི་གྱེར་འདོན་པ་རྣམ་པ་གཙོ་བྱས་པའི་སྙན་ངག་གྱེར་འདོན་པ་ཡོངས་ལ་ང་ཚོས་སྙིང་ཐག་པ་ནས་ཐུགས་རྗེས་ཆེ་ཞུ་བཞིན་པར་མ་ཟད། ང་ཚོའི་ཐོག་མའི་དམིགས་ཡུལ་ལྟར་དང་། ང་ཚོ་ཚང་མའི་མོས་ཕྱོགས་ལྟར། འགྲན་རྩོད་ཀྱི་བྱ་དགའ་ཐོབ་མིན་ལ་མ་ལྟོས་པར། ཚང་མས་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་རང་རེའི་སྐད་ཡིག་དང་རིག་གནས་སྒྱུ་རྩལ་གྱི་འཕེལ་འགྱུར་ལ་བརྟུན་པ་བསྐྱེད་དེ་ནུས་ཤུགས་སྤེལ་རོགས་ཟེར།
མཇུག་མཐར་ཀུན་བཟང་བསྟན་འཛིན་ལ་ཨང་དང་བོ་དང་། སྣང་གསལ་རྒྱ་མཚོ་ལ་ཨང་གཉིས་པ། མཆོག་མཛད་རྒྱ་མཚོ་ལ་ཨང་གསུམ་པ། འཇིགས་མེད་ལེགས་བཟང་ལ་ཨང་བཞི་བ་བཅས་ཀྱི་རྒྱལ་ཁ་ཐོབ་སྟེ། རིམ་པ་གསུམ་པའམ་མཐའ་མའི་གྱེར་འདོན་འགྲན་ཚོགས་ནང་ཞུགས་རྒྱུ་རེད།
གཞན་ཡང་གནས་ཚུལ་སྤེལ་བ་ལྟར་ན། རིམ་པ་གསུམ་པའམ་མཐའ་མའི་སྙན་ངག་གྱེར་འདོན་འགྲན་ཚོགས་ནི། ས་གནས་ཁག་གི་གྱེར་འདོན་པ་ཡོངས་མཉམ་གཅིག་ཏུ་འདི་ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་རྡ་སར་འཚོག་རྒྱུ་རེད་ལ། སྙན་ངག་རྩོམ་རིག་གི་ཚོགས་ཆེན་དང་། སྙན་ངག་བྱ་དགའ། གཞན་ཡང་བོད་ཕྱི་ནང་གི་ཕུལ་དུ་བྱུང་བའི་རྩོམ་པ་པོ་བཅུ་ལ་རྩོམ་རིག་ཕུལ་བྱུང་གི་བཟང་བསྟོད་འབུལ་བའི་བྱ་འགུལ་སོགས་ཀྱང་དེ་དུས་མཉམ་དུ་སྤེལ་རྒྱུ་རེད།
རིམ་པ་གསུམ་པའི་སྙན་ངག་གྱེར་འདོན་པ་རྣམས་ཀྱིས་ངེས་དགོས་པའི་དོན་དག་ཅིག་ཡོད་པ་ནི། སྙན་ངག་གྱེར་འདོན་པ་རྣམས་ཀྱིས་རང་ཉིད་ཀྱིས་གྱེར་འདོན་བྱེད་རྒྱུའི་སྙན་ངག་དེ་བློ་ཐོག་ནས་གྱེར་དགོས་ལ། གལ་སྲིད་ཤོག་ངོར་བལྟས་ནས་གྱེར་ཚེ་ཐོབ་སྐར་གྱི་བརྒྱ་ཆའི་ངེས་ཅན་རེ་གཅོག་རྒྱུ་དང་། སྔོན་ཆད་གྱེར་འདོན་བྱས་ཟིན་པའི་སྙན་ངག་དེ་བསྐྱར་དུ་གྱེར་འདོན་བྱས་རུང་དགག་བྱ་ཅི་ཡང་མེད། རིམ་པ་གཉིས་པའི་འགྲན་རྩོད་ཀྱི་སྐར་ཆ་ཐོབ་སྟངས་དང་སྙན་ངག་པ་གསོ་སྐྱོང་ཞུ་རྒྱུའི་ཐོག་མའི་དམིགས་ཡུལ་ལྟར། སྙན་ངག་གྱེར་འདོན་པ་རྣམས་ཀྱིས་གང་གྱེར་འདོན་ཞུ་རྒྱུའི་སྙན་ངག་དེ་སོ་སོ་རང་ཉིད་ཀྱི་མིན་ཚེ་སྙན་ངག་ལ་ཐོབ་སྐར་མེད་པ་བཅས་རེད།
སེ་འབྲས་དགེ་གསུམ་ལ་ཕེབས་ནས་ཐོས་བསམ་བྱེད་རོགས།
སོ་སོའི་མི་རིགས་དང་རིག་གནས་གསོལ་རྒྱན་ལ་ཞབས་ཞུ་རེད་རྒྱ་ཆ་རྒྱ་རྒྱབ་སྐྱོར་ཡོད།།
སེར་འབྲས་དགའ་གསུམ་ལ་ཕེབས་ནས་སྙན་ངག་གྱེར་རོགས།
རིན་པོ་ཆེ་རྣམ་པ་གཉིས་ལ་དམིགས་ཀྱི་ཐུགས་རྗེ་ཆེ་ཞུ་བ་དང་བོད་ཀྱི་རིག་གཞུང་ཕྱོགས་ལ་ལས་འགན་རྒྱ་ཆེར་སྤེལ་བ་ལ་རྒྱབ་སྐྱོར་དང་བསྟོད་བསྔགས་ཡོད།
རིན་པོ་ཆེ་རྣམ་གཉིས་ཀྱི་མཛད་པ་མཐའ་དག་ལྷུན་གྱིས་གྲུབ་ཅིང་། བོད་རང་གི་སྐད་ཐོག་ནས་སྙན་ཚིག་བཟང་པོ་ངག་ལ་གྱེར་བའི་སྲོལ་བཟང་གི་དགའ་སྟོན་ཡུན་ནས་ཡུན་དུ་བརྟན་པ་དང་དེ་ལ་བརྟེན་ནས་འཛམ་གླིང་འདིའི་ཐོག་བོད་པའི་རིག་གཞུང་རྒྱུན་འཛིན་གྱི་ལས་འགུལ་སྔར་བས་དར་རྒྱས་ཡོང་བའི་སྨོན་འདུན་ཞུ་ཞུ།།
འོད་དཀར་དྲ་བའི་གསལ་བསྒྲགས་ཤིག
འོད་དཀར་དྲ་ཚིགས་ཀྱིས་སྤེལ་བཞིན་པའི་སྙན་ངག་གྱེར་འདོན་འགྲན་ཚོགས་རིམ་པ་གཉིས་པ་དེ་ལྷོ་ཕྱོགས་ནས་འགོ་བཙུགས་ཟིན་པ་ལྟར་དང་། སྐབས་ཐོག་དེ་རང་གི་ཕྱི་གསལ་ནང་གསལ་གྱི་ཨང་ཐོབ་གནས་རིམ་ཡང་ང་ཚོས་དྲ་ཐོག་ནས་བསྒྲགས་ཟིན་ལྟར་ལགས་མོད། འོན་ཀྱང་ལས་དོན་འདི་གྲ་དག་ཅིང་སྤུས་ལེགས་པ་དང་། མི་རྣམས་ཀྱི་དང་བ་འདྲེན་པ་ཞིག་འོང་ཕྱིར། སྤེལ་ཟིན་པའི་གནས་ཚུལ་ཁྲོད་ཀྱི་ཨང་ཐོབ་མི་སྣའི་ཐད་ནས་འགྱུར་བ་ཞིག་མི་གཏོང་རང་གཏོང་ཆགས་སོང་། སྤྱིར་མི་གྲངས་ཉུང་བའི་ང་ཚོའི་སྤྱི་ཚོགས་ཁྲོད། བོད་སྐད་ཡིག་གི་ཤེས་ཚད་དང་ཁ་ལྕེ་སྐད་ངག་སོགས་སྣ་འཛོམས་ཅན་གྱི་མི་སྣ་ཅུང་དཀོན་པོར་ཡོད་ལ། ལྷག་དོན་དེ་ལྟའི་མདོ་འཛིན་པ་བྱེད་ཐུབ་པའི་མི་སྣ་ཧ་ཅང་ཉུང་། དེ་བཞིན་ང་ཚོའི་ལས་འགུལ་འདིའི་རྗེས་ཕྱོགས་ཀྱི་མདོ་འཛིན་པ་ཡང་རེག་དཀའ་བའི་གནས་སྟངས་འཕྲད་བཞིན་ཡོད། གནས་ཚུལ་འདིའི་འོག་ནས། ད་ཐེངས་ཀྱི་གྱེར་འདོན་འགྲན་ཚོགས་ཁྲོད་ཨང་རྟགས་ཐོབ་པའི་ཀུན་བཟང་བསྟན་འཛིན་ལགས་འགྲན་ཐོབ་ཨང་རིམ་ཁྲོད་ནས་ཕྱིར་འཐེན་གནང་སྟེ། སྐབས་རྗེས་མའི་འདུ་ཚོགས་ཀྱི་མདོ་འཛིན་པ་གནང་རྒྱུ་དང་། དེ་མཚུངས་སུ། འགྲན་བསྡུར་ཁྲོད་ཨང་རིམ་ལྔ་བ་ཐོབ་པའི་བུ་མོ་སྨོན་ལམ་སྒྲོལ་མ་ལགས་ཨང་རིམ་བཞི་བར་སྤར་ཏེ་མཐའ་མའི་འགྲན་བསྡུར་ནང་ཞུགས་རྒྱུའི་གྲོས་མཐུན་བྱུང་ཡོད།
སྙན་ངག་གྱེར་འདོན་པ་ཀུན་བཟང་བསྟན་འཛིན་ལགས་ནི། ཨེ་ཤ་ཡ་རང་དབང་རླུང་འཕྲིན་གྱི་མོན་གྷོ་ས་གནས་ཀྱི་གསར་འགོད་པ་ཡིན་ལ། རིམ་པ་དང་བོའི་མོན་གྷོ་ས་གནས་ཀྱི་བོད་ཀྱི་གདངས་སྙན་ངག་གྱེར་འདོན་འདུ་ཚོགས་ཀྱི་མདོ་འཛིན་པ་དང་། ཐེངས་འདི་སྟེ་རིམ་པ་གཉིས་པའི་ལྷོ་ཕྱོགས་ཀྱི་སྙན་ངག་གྱེར་འདོན་འདུ་ཚོགས་ཀྱི་མདོ་འཛིན་པ་བཅས་གནང་། ཁོང་ནི་དམངས་ཚོགས་ཀྱི་ཆེས་དགའ་བསུ་དང་གདེང་འཇོག་ཐོབ་པའི་མདོ་འཛིན་པ་གཅིག་བུ་དེ་ཡིན་པར་མ་ཟད། རེ་བ་ཆེན་པོ་ཡོད་པའི་སྙན་ངག་གྱེར་འདོན་པ་ཞིག་ཀྱང་ཡིན། ད་ཐེངས་ཁོང་གྱེར་འདོན་འགྲན་བསྡུར་བའི་ཁོངས་ནས་ཕྱིེར་འཐེན་གནང་དུ་འཇུག་དོན་ནི། ལས་འགུལ་འདིའི་མདོ་འཛིན་པ་ཡིན་ཕྱིན་ལས་དོན་འགན་འཛིན་གྱི་ཁོངས་མིའི་གྲས་ཀྱང་ཡིན་པས་ན། རྒྱ་ཆེའི་དམངས་ཚོགས་ལ་ལྟ་ཚུལ་མི་ཡོང་བའི་ཕྱིར་དང་། མདོ་འཛིན་པ་བྱེད་བཞིན་པའི་ངང་འགྲན་བསྡུར་དུ་ཞུགས་ཚེ། སྐར་གྲངས་ཐོབ་སྟངས་ཀྱི་ཐད་ནས་དམིགས་བསལ་གྱི་ཁེ་བཟང་ཞིག་རེག་ངེས་པ་བཅས་ཀྱིས་ཡིན། ཐག་གཅོད་འདི་ང་ཚོའི་འཐུས་ཤོར་དང་སྐྱོན་ཆ་རུ་ངོས་འཛིན་གནང་རུང་ཆོག་པས། རྒྱ་ཆེའི་དཔྱོད་ལྡན་པ་རྣམས་ཀྱིས་དཀྱེལ་ཡངས་དང་ལྷག་བསམ་གྱི་དགོངས་པ་བཞེས་རོགས་ཞེས་ཞུ་རྒྱུ་ཡིན།
གཞན་ཡང་གལ་ཆེ་བ་ཞིག་ལ། རིམ་པ་གསུམ་པའི་སྙན་ངག་གྱེར་འདོན་པ་རྣམས་ཀྱིས་ངེས་དགོས་པའི་དོན་དག་ཅིག་ཡོད་པ་ནི། སྙན་ངག་གྱེར་འདོན་པ་རྣམས་ཀྱིས་རང་ཉིད་ཀྱིས་གྱེར་འདོན་བྱེད་རྒྱུའི་སྙན་ངག་དེ་བློ་ཐོག་ནས་གྱེར་དགོས་ལ། གལ་སྲིད་ཤོག་ངོར་བལྟས་ནས་གྱེར་ཚེ་ཐོབ་སྐར་གྱི་བརྒྱ་ཆའི་ངེས་ཅན་རེ་གཅོག་རྒྱུ་དང་། སྔོན་ཆད་གྱེར་འདོན་བྱས་ཟིན་པའི་སྙན་ངག་དེ་བསྐྱར་དུ་གྱེར་འདོན་བྱས་རུང་དགག་བྱ་ཅི་ཡང་མེད། རིམ་པ་གཉིས་པའི་འགྲན་རྩོད་ཀྱི་སྐར་ཆ་ཐོབ་སྟངས་དང་སྙན་ངག་པ་གསོ་སྐྱོང་ཞུ་རྒྱུའི་ཐོག་མའི་དམིགས་ཡུལ་ལྟར། སྙན་ངག་གྱེར་འདོན་པ་རྣམས་ཀྱིས་གང་གྱེར་འདོན་ཞུ་རྒྱུའི་སྙན་ངག་དེ་སོ་སོ་རང་ཉིད་ཀྱི་མིན་ཚེ་སྙན་ངག་ལ་ཐོབ་སྐར་མེད་པ་ཡིན། གལ་སྲིད་མི་གཞན་གྱི་སྙན་ངག་རང་ཉིད་ཀྱི་ཡིན་པ་ལྟར་རང་མིང་སྦྱར་ཏེ་བཀོལ་སྤྱོད་བྱས་ཚེ། ཨང་རིམ་ཅི་ཐོབ་ལ་ལྟོས་པ་མེད་པར་འགྲན་བསྡུར་བའི་ཁྲོད་ནས་ཕྱིར་འབུད་བྱ་སྲིད་པས་དེ་དོན་དགོངས་འཇགས་ཡོང་བ་ཞུ།
གལ་བོ་ཆེ་ལ་ནན་ཏན་གྱིས་ཞུ་རྒྱུ་ཞིག་ནི།
རིམ་པ་གསུམ་པའི་སྙན་ངག་གྱེར་འདོན་པ་རྣམས་ཀྱིས་ངེས་དགོས་པའི་དོན་དག་ཅིག་ཡོད་པ་ནི། སྙན་ངག་གྱེར་འདོན་པ་རྣམས་ཀྱིས་རང་ཉིད་ཀྱིས་གྱེར་འདོན་བྱེད་རྒྱུའི་སྙན་ངག་དེ་བློ་ཐོག་ནས་གྱེར་དགོས་ལ། གལ་སྲིད་ཤོག་ངོར་བལྟས་ནས་གྱེར་ཚེ་ཐོབ་སྐར་གྱི་བརྒྱ་ཆའི་ངེས་ཅན་རེ་གཅོག་རྒྱུ་དང་། སྔོན་ཆད་གྱེར་འདོན་བྱས་ཟིན་པའི་སྙན་ངག་དེ་བསྐྱར་དུ་གྱེར་འདོན་བྱས་རུང་དགག་བྱ་ཅི་ཡང་མེད། རིམ་པ་གཉིས་པའི་འགྲན་རྩོད་ཀྱི་སྐར་ཆ་ཐོབ་སྟངས་དང་སྙན་ངག་པ་གསོ་སྐྱོང་ཞུ་རྒྱུའི་ཐོག་མའི་དམིགས་ཡུལ་ལྟར། སྙན་ངག་གྱེར་འདོན་པ་རྣམས་ཀྱིས་གང་གྱེར་འདོན་ཞུ་རྒྱུའི་སྙན་ངག་དེ་སོ་སོ་རང་ཉིད་ཀྱི་མིན་ཚེ་སྙན་ངག་ལ་ཐོབ་སྐར་མེད་པ་ཡིན། གལ་སྲིད་མི་གཞན་གྱི་སྙན་ངག་རང་ཉིད་ཀྱི་ཡིན་པ་ལྟར་རང་མིང་སྦྱར་ཏེ་བཀོལ་སྤྱོད་བྱས་ཚེ། ཨང་རིམ་ཅི་ཐོབ་ལ་ལྟོས་པ་མེད་པར་འགྲན་བསྡུར་བའི་ཁྲོད་ནས་ཕྱིར་འབུད་བྱ་སྲིད་པས་དེ་དོན་དགོངས་འཇགས་ཡོང་བ་ཞུ།
སྙན་ངག་གྱེར་འདོན་པ་རྣམས་ཀྱིས་གང་གྱེར་འདོན་ཞུ་རྒྱུའི་སྙན་ངག་དེ་སོ་སོ་རང་ཉིད་ཀྱི་མིན་ཚེ་སྙན་ངག་ལ་ཐོབ་སྐར་མེད་པ་ཡིན། གལ་སྲིད་མི་གཞན་གྱི་སྙན་ངག་རང་ཉིད་ཀྱི་ཡིན་པ་ལྟར་རང་མིང་སྦྱར་ཏེ་བཀོལ་སྤྱོད་བྱས་ཚེ། ཨང་རིམ་ཅི་ཐོབ་ལ་ལྟོས་པ་མེད་པར་འགྲན་བསྡུར་བའི་ཁྲོད་ནས་ཕྱིར་འབུད་བྱ་སྲིད་པས་དེ་དོན་དགོངས་འཇགས་ཡོང་བ་ཞུ།
གལ་སྲིད་མི་གཞན་གྱི་སྙན་ངག་རང་ཉིད་ཀྱི་ཡིན་པ་ལྟར་རང་མིང་སྦྱར་ཏེ་བཀོལ་སྤྱོད་བྱས་ཚེ། ཨང་རིམ་ཅི་ཐོབ་ལ་ལྟོས་པ་མེད་པར་འགྲན་བསྡུར་བའི་ཁྲོད་ནས་ཕྱིར་འབུད་བྱ་སྲིད་པས་དེ་དོན་དགོངས་འཇགས་ཡོང་བ་ཞུ།
ཟུར་ཟ་དང་རྒྱབ་སྐྱོར་གནང་མཁན་གྱི་དྲ་གྲོགས་ཡོངས་ལ་འདིར་ཕེབས་ཏེ་དོ་སྣང་གནང་བར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
རྒྱ་ ཆེ་བའི་གཟིགས་པ་པོ་རྣམ་པ་དང་དཔྱད་འདེམས་པ་དག་ལ་ཞུ་རྒྱུར་འོད་དཀར་དྲ་ཚིགས་ ཀྱི་དངོས་གཞིའི་སྙན་ངག་སྒྲོགས་སྦྱང་སྐབས་སུ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ གི་ལྷོ་ཕྱོགས་ས་གནས་གསར་འགོད་པ་ཀུན་བཟང་བསྟན་འཛིན་ནས་རྩོམ་པ་པོ་གཟུངས་ ཕྱུགས་སྐྱིད་ཀྱི་སྙན་ངག་དེབ་<> གྱི་ཤོག་ངོས་༩༧་ནང་གི་སྙན་ངག་ཡུམ་ཆེན་མ་ཞེས་པའི་ཁ་བྱང་ལ་གང་འདོད་དུ་བཅོས་ བསྒྱུར་བྱས་པ་དང་རྩོམ་ཡིག་ནང་དུ་འཕྲི་སྣོན་བརྒྱབས་ནས་ད་ཐེངས་ས་ཁུལ་དེར་ཨང་ དང་པོའི་རྒྱལ་ཁ་བླངས་པ་ནི་སྙན་ངག་རྐུས་ཁྱེར་བྱས་པའི་རུལ་སུངས་ཀྱི་གནད་དོན་ ཚབས་ཆེན་ཞིག་ཡིན་པས་ཁྱེད་རྣམས་ནས་ཞིབ་ཕྲ་སྒོས་གནད་དོན་འདིའི་རིགས་ལ་ཞིབ་ འཇུག་དང་ཁོང་ད་ཐེངས་ཚུད་གྲས་ནས་ཕྱིར་འཐེན་བྱེད་རྒྱུ་འབོད་སྐུལ་ཞུ་བཞིན་ཡོད། དེ་མིན་གནད་དོན་འདིའི་རིགས་རྒྱབ་ཡན་དུ་བཏང་ན་རྩོམ་པ་པོ་གཟུངས་ཕྱུག་སྐྱིད་ལ་ རྡ་སའི་རྩོམ་པ་པོ་སྐོར་ཞིག་ནས་རྒྱབ་སྐྱོར་བྱས་ཏེ་བོད་གཞུང་ཆེས་མཐོའི་ཁྲིམས་ ཁང་ལ་གཏུགས་བཤེར་བྱ་རྒྱུའི་གྲ་སྒྲིག་ཆ་ཚང་ཡོད།
གསར་འགྱུར་རེད།
ཐེངས་རྗེས་མའི་འགྲན་བསྡུར་སྤུས་དག་ཡོང་ཆེད་ད་ལྟ་ནས་འདིའི་རིགས་ཁྱབ་བསྒྲགས་བྱས་ན་བཟང་གི།
—-བདེ་འཚོའི་ངོ་དེབ་ལས་དྲངས།
གཟུངས་ཕྱུག་སྐྱིད་ཀྱི་སྙན་དེབ”འཇགས་མི་སྲིད་པའི་བཞུར་རྒྱུན”
ཐེངས་འདིར་ཀུན་བཟང་བསྟན་འཛིན་ལ་རྒྱལ་ཁ་ཐོབ་རྗེས་ཕྱིར་འཐེན་བྱེད་སྟངས་འདི་ག་རེ་ཡིན་ནམ། ཁྱེད་ཀྱིས་”ད་ཐེངས་ཁོང་གྱེར་འདོན་འགྲན་བསྡུར་བའི་ཁོངས་ནས་ཕྱིར་འཐེན་གནང་དུ་འཇུག་དོན་ནི། ལས་འགུལ་འདིའི་མདོ་འཛིན་པ་ཡིན་ཕྱིན་ལས་དོན་འགན་འཛིན་གྱི་ཁོངས་མིའི་གྲས་ཀྱང་ཡིན་པས་ན། རྒྱ་ཆེའི་དམངས་ཚོགས་ལ་ལྟ་ཚུལ་མི་ཡོང་བའི་ཕྱིར་དང་། མདོ་འཛིན་པ་བྱེད་བཞིན་པའི་ངང་འགྲན་བསྡུར་དུ་ཞུགས་ཚེ། སྐར་གྲངས་ཐོབ་སྟངས་ཀྱི་ཐད་ནས་དམིགས་བསལ་གྱི་ཁེ་བཟང་ཞིག་རེག་ངེས་པ་བཅས་ཀྱིས་ཡིན།” ཟེར་ཡང་ཁོང་འགྲན་བསྡུར་འདིར་མ་ཞུགས་སྔོན་དུ་ཁོང་གི་ལས་གནས་གང་ཡིན་ངོས་མ་ཟིན་པ་དང་མདོ་འཛིན་པ་གྱེར་འདོན་འགྲན་བསྡུར་ལ་ཞུགས་ཚེ་མི་དམངས་དོགས་པ་ཟ་བ་ཙམ་ཡང་མ་ཤེས་པ་ནི་ཡ་མཚན་པ་ཞིག་མ་རེད་དམ། ངས་བལྟས་ན་སྙན་ངག་མ་བདེ་འཚོའམ་གཟུངས་ཕྱུག་སྐྱིད་ཀྱི་སྙན་ངག་གཅོད་འབྲེག་གྱེར་གསུམ་བྱས་རྗེས་སྤྱི་ཚོགས་སྟེང་གི་གནོན་ཤུགས་མ་བཟོད་པར་ཁོང་ཕྱིར་འཐེན་བྱེད་དགོས་བྱུང་བ་རེད་བསམས། གཟུངས་ཕྱུག་སྐྱིད་དང་མཉམ་དུ་ངོ་དེབ་སྟེང་ཁ་བརྡ་བྱེད་དུས་ཁོང་གིས་ང་ལ་གོང་གི་ཐ་ཚིག་དེ་ངོ་སྤྲོད་བྱས་སོང་དུས་མ་གཏོགས་ངས་གནས་ཚུལ་དེ་འདྲ་ཞིག་བྱུང་བ་མ་ཤེས། གང་ལྟར་བྱེད་སྟངས་འདིས་ང་ཚོའི་འོད་དཀར་སྙན་ངག་གྱེར་འདོན་ཡིན་ན་འདྲ། ཀླུ་སྨྱོན་རྩོམ་རིག་བྱ་དགའ་ཡིན་ཡང་རུང་ལས་འགུལ་ཚང་མར་མི་ལེགས་པ་དང་མ་ལྡེངས་པའི་ཆ་རེ་ཡོད་པ་དེ་བསྟན་འདུག་པས། ང་ཚོས་དེ་བེད་སྤྱད་དེ་ལས་དོན་ལེགས་འགྲུབ་ལ་བར་ཆད་གཏོང་དོན་མེད་པར་བསམས།
ཁྱེད་ཀྱི་མཆན་བརྒྱད་པ་དེས་ཐེངས་འདིར་ཀུན་བཟང་བསྟན་འཛིན་ཕྱིར་འབུད་གཏོང་དགོས་པའི་རྒྱུ་མཚན་གསལ་བོ་ཞིག་དཀྱོགས་ནས་བརྗོད་འདུག་མོད། ཐེངས་འདིར་གནས་ཡོད་གནས་ཚུལ་ཅི་བྱུང་གྱེར་འདོན་བྱེད་ཡུལ་མི་དམངས་ལ་གསལ་བཤད་མི་བྱེད་པ་ནི་ལས་དོན་བཀོད་སྒྲིག་པ་ཞིག་ལ་མཚོན་ན་མི་ལེགས་པའི་ཆ་ཞིག་ལོས་ཡིན།
ཀྱེ་གྲོགས་ཀླུ་སྨྱོན་ལགས། ཁྱེད་ཀྱིས་བཤད་པའི་དོན་དེའི་ཕྱེད་བདེན་པ་རེད་ལ། ཕྱེད་བདེན་པ་མ་རེད། བདེན་པ་མ་ཡིན་པ་དེ་ཡང་ཁྱེད་ཅག་གིས་བཤད་པ་དེ་བདེན་པ་མ་རེད་ཟེར་བ་མ་ཡིན་པར། ང་ཚོ་རང་སྟེང་ནས་ནོར་འཁྲུལ་ཤོར་བ་ཞིག་རེད། དེ་ཡང་ང་ཚོ་མ་ཡིན་པར་ང་རང་ཉིད་ཁོ་ནའི་སྟེང་ནས་ནོར་འཁྲུལ་ཤོར་བ་ཞིག་རེད། དེ་བས་ན་བདེ་འཚོ་ལགས་དང་ཀུན་བཟང་བསྟན་འཛིན་ལགས་གཙོ་བྱས་པའི་རྒྱ་ཆེའི་མི་དམངས་རྣམས་ལ་སྙིང་ཐག་པ་ནས་དགོངས་དག་ཞུ་རྒྱུ་ཡིན། གནས་ཚུལ་གསལ་བོར་བཤད་ན། ཉེ་སྔོན་ཕར་འགྲོ་བར་གྲ་སྒྲིག་བྱེད་བཞིན་པའི་སྐབས་ཤིག་ལ། ཀུན་བཟང་བསྟན་འཛིན་ལགས་ཀྱིས། ཁོང་གིས་གྱེར་འདོན་ཞུ་རྒྱུའི་སྙན་ངག་དེ་ངའི་ལག་ཏུ་བཞག་བྱུང་ལ། རྗེས་སུ་ངས་དེའི་མཇུག་ཏུ་ཁོང་གི་མཚན་བཀོད་པ་ཡིན། ཁེ་སྔོན་ཁོང་གིས་ང་ལ། སྙན་ངག་དེ་ཁོང་རང་ཉིད་ཀྱི་མ་ཡིན་པ་ཤོས་ཆེ་བ་སྟེ། གཞན་ཞིག་གི་སྙན་ངག་གི་བསམ་བློ་ཚུར་བསྡུ་བྱས་ཤིང་། རང་ཉིད་ཀྱི་ངག་ལ་བྱང་བདེ་བའི་ཆེད་དུ་འཕྲི་སྣོན་ཡང་མང་ཞིག་བྱས་ཡོད། དེ་བས་གཞན་གྱི་རེད་ཟེར་དགོས་པ་རེད་དམ། ངའི་ཡིན་ཟེར་དགོས་པ་རེད་ཟེར། ངས་བསམ་བློ་ཚུར་ལེན་བྱས་པ་ཙམ་ཡིན་ན་རང་ཉིད་ཀྱི་ཡིན་ཟེར་དགོས་པ་རེད། ཅེས་བཤད་དེ་རང་འཇགས་བཞག་པ་ཡིན། ཁ་སང་ཕྱིར་ཡོང་བའི་ལམ་བར་དུ་རྙོག་གྲ་འབྱུང་བཞིན་པའི་གནས་ཚུལ་དེ་གོ་སོང་ལ། གོ་ནས་ཀྱང་ངས་དགོངས་དག་དང་གསལ་བཤད་ཞུས་ཡོད། ལས་དོན་ལམ་ལྷོང་ཡོང་ཕྱིར་ང་ཚོ་ནང་ཁུལ་ནས་གྲོས་བསྡུར་ཐག་གཅོད་བྱས་ཡོད། འོན་ཀྱང་བདེ་འཚོ་ལགས་ཀྱིས་ད་དུང་མུ་མཐུད་རྙོག་གྲ་དང་དྲིལ་བསྒྲགས་གནང་བཞིན་ཡོད་ན། རང་རེའི་རིག་གནས་སྒྱུ་རྩལ་ལ་སྨན་པའི་ལས་དོན་འདིར་བར་ཆད་མི་འབྱུང་བའི་ཕྱིར་དང་། འཐུས་ཤོར་དང་ནོར་འཁྲུལ་བཟོ་བ་བོ་ང་ཉིད་ཀྱིས་རང་ཉིད་ཀྱི་སྐྱོན་ཉེས་ལ་མཛུབ་བཙུགས་ཀྱིས། ལས་གནས་ནས་གནས་དབྱུང་ངམ་ཕྱིར་འཐེན་བྱ་ངེས་ཡིན་པས། རྣམ་པ་ཚོ་ཐུགས་བློ་བདེ་བོ་གནང་རོགས།
གྲོགས་ཀླུ་སྨྱོན་ལགས། ཉིད་ཀྱི་གསུངས་ཚུལ་ལ་ལྟོས་ན། ཉེ་སྔོན་ངས་ཉིད་ལ་བསམ་འཆར་ཚིག་འགའ་བཤད་པ་དེ། ཉིད་ཀྱིས་ངས་བསམ་བཞིན་དུ་སྐུ་ཉིད་ཀྱི་ལས་དོན་ལ་བར་ཆད་བརྩམས་པ་རེད་དགོངས་ཡོད་པ་འདྲ། མ་ཟད་ད་དུང་སེམས་ལ་སྣག་འདུག་པ་འདྲ། འདིར་གསལ་བཤད་ཞུ་རྒྱུ་ཞིག་ལ། ཉིད་ཀྱིས་དགོངས་བཞིན་པ་དེ་འདྲ་ཞིག་རྩ་བ་ཉིད་ནས་མིན་ཞེས་ཞུ་རྒྱུ་དང་། ངས་བཤད་པ་དེ་དག་ཡོད་ཚད་ང་རང་དངོས་ནས་ལྷག་བསམ་ཟོལ་མེད་ཅིག་འཁུར་བའི་ཐོག་ནས། ཉིད་ཀྱི་རྩོམ་རིག་བྱ་དགའ་འབུལ་བའི་ལས་དོན་དེ་སྤུས་ལེགས་དང་གཟི་བརྗིད་ལྡན་པ་ཞིག་ཡོང་ན་སྙམ་པ་ཁོ་ནས་ཡིན་ཞེས་ཞུ་རྒྱུ་ཡིན། གཞན་ནང་ཁོངས་ནས་གཅིག་གཅིག་ལ་མངོན་འཚང་འདྲི་རེས་བྱེད་རྒྱུ་ནི་ང་ཚོའི་འོས་ཕྱོགས་མ་ཡིན་པ་དགོངས་འཇགས་ཡོང་བ་ཞུ།
བསྟན་འཛིན་ཤེས་རབ་ནས་བླུན་བཤད་བྱས་པ་ནི་ཡིད་སྐྱོ་བ་ཞིག་རེད།
ཀུན་བཟང་བསྟན་འཛིན་ལ་དགོངས་དག་ཞུ་དགོས་པའི་རྒྱུ་མཚན་མེད་ལ་རྩོམ་པ་པོ་གཟུངས་ཕྱུག་སྐྱིད་ལ་དགོངས་དག་བྱས་ཙམ་གྱིས་ཉེས་པ་དག་ནི་མ་རེད།
རྒྱ་ཆེའི་དཔྱོད་ལྡན་པ་རྣམས་ཀྱི་སྤྱན་སྔར། གོང་གི་ཀླུ་སྨྱོན་ལགས་ཀྱི་མཆན་ལས་གསུངས་པའི་གནས་ཚུལ་དེའི་ཐད་ནས་ལས་འགུལ་འདིའི་གཙོ་སྐྱོང་བ་ཨ་ལགས་ཤིང་བཟའ་རིན་པོ་ཆེ་དང་། སྙན་ངག་མ་གཟུངས་ཕྱུག་སྐྱིད་ལགས་དང་། ཀུན་བཟང་བསྟན་འཛིན་ལགས་སོགས་ང་ཚོའི་ནང་ཁུལ་ནས་ཐག་གཅོད་གཙང་མ་བྱས་ཟིན་པ་ཡིན་པས། ད་ཕྱིས་གཞི་རྩ་མེད་པའི་དཀྲུག་གཏམ་དང་དཀྲོགས་རྐྱེན་རིགས་མི་བཟོ་བའི་རེ་བ་ཡོད། གལ་སྲིད་ད་དུང་བློ་མི་བདེ་བའི་དོགས་གཞི་དང་སེམས་ཁྲལ་རིགས་ཡོད་ན་ཁ་པར་ཨང་གྲངས་འདིའི་ཐོག་ཐད་ཀར་འབྲེལ་གཏུགས་གནོངས་དང་། ༩༨༤༥༦༦༡༠༧༧ ཁ་གསལ་གཏིང་གསལ་ཆགས་ངེས་ཡིན། སྤྱིར་སུ་འདྲ་ཞིག་གིས་གཞི་རྒྱ་ཆེ་བའི་ལས་དོན་ཅི་ཞིག་སྒྲུབ་རུང་འཐུས་ཤོར་དང་སྐྱོན་ཆའི་རིགས་གཅིག་ཀྱང་མི་འབྱུང་ཟེར་རྒྱུ་ཧ་ཅང་དཀའ་བས་ང་ཚོ་ཡང་དེའི་རང་བཞིན་ལས་མ་འདས། འོན་ཀྱང་མ་འོངས་པའི་ལས་དོན་སྒྲུབ་ཕྱོགས་ཐད་ནས་ང་ཚོས་འབད་བརྩོན་ལྷོད་མེད་ཞུ་རྒྱུ་ཡིན་པས་དེ་དོན་དགོངས་འཇགས་ཞུ།
ཨ་རོགས། ཁྱོད་ཀྱི་ཟིན་བྲིས་ནང་དུ་བཏབ་པའི་ངའི་བདེ་འཚོའི་ངོ་དེབ་ནང་གི་མཆན་དེ་བསུབས་འདུག་ག གནོང་ཞིག་གི་སྟེང་ལ་ཁེལ་སོང་བ་རེད་དམ་སྙན་ངག་མ་བདེ་འཚོས་སྐྱག་རྫུན་བཤད་པ་རེད། འདི་ལ་གསལ་བཤད་ཅིག་ཡོད་ན་དགའ། བདེན་པ་ལ་གདོང་ལེན་བྱེད་མི་ཐུབ་ན་ལས་འགུལ་འདི་རིགས་སྤེལ་རྒྱུ་དཀའ་གི་ཡ། སྟག་གི་རྔ་མར་འཇུ་དཀའ། འཇུས་པའི་ཉིན་མོར་གློད་དཀའ་ཡ། བདེ་འཚོས་དེའི་སྐོར་གླེང་སློང་བྱས་པའི་ཉིན་དེ་རང་ལ་དྲ་ཐོག་དང་ཡིག་ཐོག་ནས་མི་མང་ལ་གསལ་བཤད་བྱེད་དགོས་པ་ཞིག་རེད། དེ་མ་གཏོགས་ཀུན་བསྟན་མདོ་འཛིན་ཡིན་པ་སོགས་ཀྱིས་ཀུན་བསྟན་གྱིས་བདེ་འཚོའི་སྙན་ངག་འབྲེག་གཅོད་བྱས་པའི་ལས་ཀ་རྫོབ་རོ་དེ་ཡོངས་སུ་བཀབ་འདུག་པ་དེ་ནི་ཁྱེད་རྣམ་པའི་ཕྱག་ལས་གནང་སྟངས་ལ་ཚགས་ཚུད་མ་བྱུང་བ་རེད། འདི་ཙམ་ལ་བརྟེན་ནས་ཉིད་ཀྱིས་ལས་དགོངས་ཞུ་དགོས་ཀྱི་མ་རེད།
འདི་ག་ཨ་རིའི་རྩོམ་པ་པོ་ཞིག་གིས་སྒྲུང་དེབ་ཅིག་བྲིས་ནས་དེབ་ཁྲི་མང་པོ་འགྲེམ་སྤེལ་བྱས་ཚར་རྗེས། དེའི་ནང་གི་ཚིག་གྲུབ་གཅིག་རྩོམ་པ་པོ་གཞན་ཞིག་གི་དེབ་ལས་རྐུ་བཤུས་བྱས་པ་མི་གཞན་ཞིག་གིས་ཤེས་ཏེ་ནག་ཉེས་ཐེར་འདོན་བྱས་པས། མི་དེའི་རྩོམ་དེབ་ཡོངས་རྫོགས་འགྲེམ་འཇོག་ཕྱིར་བསྡུ་དང་འབྲེལ་རྩོམ་པ་པོ་གཞན་དག་དེར་དགོངས་དག་ཐུགས་བདེན་ཡོངས་གྲགས་སུ་ཞུས་པ་རེད། འདི་ནི་ཟུར་བཤད་ཅིག་ཡིན།
དོན་དག་འདི་རིགས་ནི་མཆན་ཞིག་གི་ཚུལ་དུ་གླེང་སློང་བྱས་ན་བདེ་བོ་ཡིན་པ་ལས། རྟ་ནག་པའི་བྱེད་སྟངས་བཞིན་ངས་དེའི་སྐོར་གཞི་རྒྱ་ཆེ་རུ་བཏང་ནས་ཤོག་ངོས་གསུམ་བཞི་ལོངས་པའི་དགག་རྩོམ་བྲིས་ཏེ་དྲ་ངོས་སུ་བཞག་ན་རང་གཞན་གཉིས་ཀ་མི་སྐྱིད་པའི་གནས་སུ་བསྐྱལ་བ་ཞིག་མ་རེད་དམ།
ཨེ། ཁྱོད་ཀྱི་ཁ་པར་ཨང་གྲངས་ཤིག་ང་ལ་བྱིན་དང་། ཡང་མིན་ན་ཨང་གྲངས་འདིའི་ཐོག་ཚུར་ཁ་པར་རྒྱབ་ནི་ཡང་འགྲིག ༨༠༩༥༠༥༠༥༡༨ དོན་དག་གལ་ཆེན་ཞིག་གི་སྐོར་ཉིད་ལ་རེ་བ་བྱེད་དགོས་པ་འདུག གཞན་ད་ཐེངས་ཀྱི་དོན་དག་འདིའི་རིགས་ཐག་གཅོད་བྱས་ཟིན་པས། ཡང་བསྐྱར་གླེང་སློང་མི་བྱེད་རྒྱུའི་རེ་བ་ཡོད།
རེད་རེད། དེ་རེད། ཡང་གཅིག་བཤད་ན་ང་ཚོས་ཕན་ཚུན་ལ་རྒྱབ་སྐྱོར་དང་མ་འདང་བའི་ཆ་ལ་གསལ་འདེབས་བྱེད་པ་ལས། གཅིག་གཅིག་ལ་མངོན་འཚང་འདྲི་བ་དང་ཚིག་གིས་དགག་རྒྱག་བྱས་ན་ཡག་པོ་མི་འདུག་ལ། དེ་ནི་ང་ཚོའི་རང་གཤིས་ཀྱང་མ་རེད། དེ་རེད་ལ་ཟེ།
ཁྱེད་ཁེ་ན་སྒྲར་ཕེབས་ཟིན་ཏམ། ཁ་པར་ཨང་གྲངས་འདི་རྒྱལ་ཁབ་གང་ཞིག་བརྒྱུད་ནས་བེད་སྤྱོད་བྱེད་དགོས།
རྒྱ་གར་ན་ཡོད། ༠༠༩༡ ༨༠༩༥༠༥༠༥༡༨
ཨོ་ཡ། བཀའ་དྲིན་ཆེ། ངའི་གློག་འཕྲིན་ཁ་བྱང་འདི་ཡིན། ttensher@hotmail.com
ཡ་ཡ། ད་ཨ་ལགས་གཉིས་ཀ་དྲ་གཏུག་རྒྱབ་ནས་མཁོ་མ་སོད་པར་ཁེར་ཐུག་རྒྱག་རྒྱུ་ཡིན་ས་རེད། ཁེར་ཐུག་རྒྱབ་ན་བསྟན་འཛིན་ཤེར་རབ་གཟུགས་ཆུང་ནི་རེད་མི་བྰ་ཁོ་ཐག་ཡིན། ཀླུ་སྨྱོན་འདི་གཟུགས་སྟོབས་ཆེ་ནི་རེད། དེ་སྒང་ལ་ལག་པ་རིང་ནི་རེད། ལག་པ་གཅིག་གིས་ཁ་སང་རྟ་ནག་པས་ཅིག་གི་སྙིང་རྩ་ནས་དགག་པ་བཞིན་དུ་དགག་ནས། དེ་ནས་ལག་པ་གཅིག་གིས་མྱིག་རྡུང་ནང་ལ་ཁྲ་ལམ་ལམ་ཤར་ནི་ཁ་ཤས་ཅིག་རྒྱབ་བཞག་ན། འགྲིག་འགྲོ་ནི་རེད། ཡང་བསྟན་འཛིན་ཤེས་རབ་ཕྱོགས་ནས་ཀླུག་སྨྱོན་གྱི་ལག་པ་ཚུར་མ་འཇུས་སྔོན་ལ། རླུག་པའི་རྩ་ནས་འཇུ་འེ་ཐུབ་ལྟོས་དང་། དེ་ནས་ཀླུ་སྨྱོན་གྱི་ཁ་ནས་ཆུ་དྭངས་མོ་ཞིག་བཞུར་ནས་སར་རྩོག་འཇོག་ནི་རེད། གང་ལྟར་ཁྱེད་གཉིས་ཀྱི་སུ་སྨན་ཁང་ནང་ལ་བསྐྱལ་དགོས་ན་ང་ཡོང་ནས་རོགས་པ་བྱེད། ཧིན་དབྱིན་གཉིས་ལ་ཐོག་ནི་མ་རེད། འོན་ཀྱང་ངའི་ཁ་མ་བླངས་ན། ངས་མང་པོ་མ་བཤད་པར་རྐང་བཅགས་བྱེད་ནི་རེད། ཨ་ལགས་ཡིན་མ་ཡིན་པད་ཙིག་མེད། ཧཧཧ