དྲ་གྲོགས་ཚོས་ཤེས་གསལ་རེད། བོད་ཀྱི་དུས་བབ་ནང་བཀོད་པའི་ཚེ་མཆོག་གླིང་གི་བླ་ཕྱག་གི་ཐག་གཅོད་འདི་ང་ཚོ་དམངས་གཙོ་དང་རང་དབང་ལ་ཁ་ཕྱོགས་པའི་མི་རབས་གསར་པ་ཚོར་ལྟོས་ན། ཡ་ང་བ་དང་སེམས་སྐྱོ་དགོས་པའི་གནས་སྟངས་ཤིག་རེད་སྙམས།
ཚེ་མཆོག་གླིང་གི་ཕྱག་མཛོད་ཀྱིས་དགོན་པའི་ནང་བུད་མེད་ཁྲིད་ཡོང་བ་དང་། རྒྱུན་དུ་དགོན་པའི་ནང་ཆང་རག་ལ་ལོངས་སྤྱོད་པ། དེ་བཞིན་དགོན་པའི་མ་དངུལ་རྣམས་སྒེར་གྱི་བདག་ཐོབ་བྱས། དེ་ལ་དགོན་པའི་མཁན་པོ་དང་གྲྭ་དམངས་ཚོས་སྐྱོན་བརྗོད་བྱེད་སྐབས། ཁོང་ཚོ་རྒྱ་གར་གྱི་པུ་ལི་སི་ལ་རྩིས་སྤྲོད་བྱས། དེའི་རྒྱབ་ལ་ད་དུང་ཚེ་མཆོག་གླིང་གི་སྤྲུལ་སྐུ་ཁྲིད། སྤྲུལ་སྐུས་བུད་མེད་དགོན་པར་ཁྲིད་ཡོང་བ་དང་དགོན་པར་ཆང་རག་སྤྱོད་པ་འདི་ཁོ་པའི་འགན་མ་རེད་ཟེར་ནས་དགོན་པའི་མཁན་པོ་དང་། འགན་ཁྱེར་མཁན་ཚང་མ་ཕྱིར་འབུད་བྱས། དེའི་རྗེས་ལ་གྲྭ་དམངས་ཚོས་ལངས་ནས་ཚང་མ་དགོན་པ་ནས་ཕྱིར་ཐོན།
གནས་ཚུལ་འདིས་ང་ཚོར་ཚོར་བ་སྐྱུར་མོ་ཤུགས་ཆེ་སྤྱིན། དང་པོ། དགོན་པའི་བླ་མ་དང་ཕྱག་མཛོད་ཀྱིས་སངས་རྒྱས་ཀྱི་བསྟན་པར་འགན་ཁུར་ཅི་ཡང་མི་བྱེད་པར། དེའི་བསྟན་འཛིན་གྲྭ་པ་དཀྱུས་མར་མཐོང་ཆུང་དང་ཐུབ་ཚོད་ཤ་སྟག་བྱེད་པ།
གཉིས་པ། ད་དུང་སྤྲུལ་སྐུ་དང་ཕྱག་མཛོད་ངན་པ་ལག་སྦྲེལ་ཐོག་དངུལ་དང་སྒེར་གྱི་བདེ་བ་གཙོ་བོར་རྩིས་ནས་དགོན་པ་དང་གྲྭ་དམངས་ཀྱི་བདེ་རྩར་བསམ་གཞིགས་མ་བྱེད་པ་འདི་ཤིན་དུ་ཐབས་སྡུག་རེད།
དེར་བརྟེན་ང་ཚོས་ཨ་རབ་ཀྱི་དཔྱིད་ཀའི་སྒེར་ལངས་ལ་སློབ་སྦྱོང་བྱས་ནས། གདན་ས་ཁག་ལ་བཞུགས་པའི་དགེ་འདུན་པ་དང་། མི་དམངས་ཀྱི་བདེ་སྡུག་དང་སངས་རྒྱས་བསྟན་པར་ཞབས་ཞུ་གྲུབ་མཁན་གྱི་བླ་མ་རྣམས་གཅིག་སྒྲིལ་བྱས་ནས་དྲང་བདེན་མིན་པའི་བྱ་སྤྱོད་འདི་དག་ལ་ངེས་པར་དུ་ངོ་རྒོལ་བྱེད་དགོས། དྲང་བདེན་ལ་རྒྱབ་སྐྱོར་བྱས་ནས་དགོན་པའི་བླ་ཕྱག་གཉིས་ཀྱི་རྩ་ནས་དགོན་པ་ཚུར་བླངས་ནས་དེ་དག་ཚེ་མཆོག་གླིང་གི་གྲྭ་དམངས་ཀྱི་ལག་ཏུ་རྩིས་སྤྲོད་བྱེད་དགོས།
དྲང་བདེན་ལ་རྒྱབ་སྐྱོར་གནོངས་རོགས།
ད་བྲིས་མ་བྲིས་དང་བཤད་མ་བཤད་ཡོད་ནི་མ་རེད། སུས་ཉན་གི་རེད། མི་འདི་ཅན་པོ་ལ་འཇིག་རྟེན་ན་སྨན་གཅིག་ཡོད་པ་དེ་ཝུ་སུང་དང་ཀྲི་ཧྲེན་གྱི་ཁུ་ཚུར་ལྟ་བུ་དགོས་པ་རེད། དེ་ནི་ད་དུས་ཚོད་ཀྱི་དབང་གིས་ང་ཚོས་བཀོལ་ས་ལ་མི་འགྲོ དེ་མ་གཏོགས་སྨན་གཞན་ཡོད་ནི་མ་རེད། བསྟན་འཛིན་སྒང་གི་བུད་མེད་དེ་དང་། ཚེ་མཆོག་གླིང་གི་གྲྭ་བ་དེ་ཚོ་ལ་སྡུག་གྱོང་དེ་འདྲ་ཞིག་ཁུར་དགོས་པའི་ལས་ཡོད་བཏང་ནི་རེད། སྙིང་རྗེ་འཇིག་རྟེན་ན་ཉམ་ཆུང་དེ་ཚོ་སྡུག་ཆེ་གི་ཡ།
དེ་ག་རང་རེད། ཚེ་མཆོག་གླིང་གི་དགོན་བདག་བླ་མ་དང་ཕྱག་མཛོད་གཉིས་ཀྱིས་དངུལ་དང་བཟའ་ཟླ་གཙོ་བོ་ལ་བཞག་ནས་ཆོས་ཁྲིམས་ཕལ་བར་བཞག་པ་དེ་བསྟན་པ་རྨང་ནས་བཤིགས་མཁན་གཏེ་བོ་ཆགས་ཡོད་ལ། བོད་ཀྱི་ཁྲིམས་ཞིབ་ཁང་དང་ཆོས་རིག་ལས་ཁུངས་ཀྱི་ངོས་ནས་གནས་ཚུལ་དེ་ལ་དྲང་བདེན་གྱི་རྒྱབ་སྐྱོར་མ་བྱས་པ་དང་། ལྷག་པར་རི་བོ་དགེ་ལྡན་པའི་དགོན་པ་ཞིག་ལ་ཆ་བཞག་ན་སྐྱ་མིན་སེར་མིན་གྱི་མི་ངན་དེ་ཚོས་དགོན་པའི་མིང་བེད་སྤྱད་དེ་ཚོང་གི་ཁེ་སྤོགས་རེག་ཡོད་ཚོད་འདུག་ལ། ད་ཕྱིན་འདི་ལྟར་སོང་ན་རི་བོ་དགེ་ལྡན་པའི་ཞབས་འདྲེན་དང་བསྟན་དགྲ་ངོ་མ་དེ་རེད། གནས་ཚུལ་དེ་གྲྭ་མང་གི་སེམས་སྐྱོ་ནས་མིག་ཆུ་བཞུར་རྒྱུ་མ་གཏོགས་དྲང་བདེན་གྱི་ལམ་ཁ་ཞིག་མེད་པ་ཐག་གིས་ཆོད་དོ། །
དྲང་བདེན་ལ་རྒྱབ་སྐྱོར་བྱས་ནས་དགོན་པའི་བླ་ཕྱག་གཉིས་ཀྱི་རྩ་ནས་དགོན་པ་ཚུར་བླངས་ནས་དེ་དག་ཚེ་མཆོག་གླིང་གི་གྲྭ་དམངས་ཀྱི་ལག་ཏུ་རྩིས་སྤྲོད་བྱེད་དགོས།
ད་སེམས་ཁུར་མ་བྱེད་རོགས། ངས་བལྟས་ན་ཚེ་མཆོག་གླིང་འབོད་པའི་དགོན་པ་དེའི་ལོ་རྒྱུས་མཇུག་རྫོགས་སོང་བ་རེད། ལོ་ངོ་འགའི་ལོ་རྒྱུས་ལྡན་པའི་དགོན་པ་དེ་ད་ནས་བཟུང་དགོན་བདག་བླ་མ་དང་ཕྱག་མཛོད་གཉིས་ཀའི་སྐྱེས་དམན་དང་བུ་ཕྲུག་གསོ་ས་ལྟ་བུ་ཞིག་ཏུ་གྱུར་བ་རེད། ད་ནས་བཟུང་དགོན་པ་འདིའི་ནང་ལ་གྲྭ་བ་འཛུལ་གི་མ་རེད་ལ་སྦྱིན་བགད་དེ་དག་གིས་ཀྱང་སྒོར་མོ་ཆུ་ནང་ལ་གཡུག་གི་མ་རེད། ཤུལ་ལུས་ཀྱི་གྲྭ་འགའ་ཡོད་པ་དེ་དག་གིས་ཤུགས་ཅི་ཙམ་བརྒྱབས་ནའང་འབྲས་བུ་མེད་པ་ཤེས་ཏེ་རང་རང་ས་ནས་ལམ་ཞིག་འཚོལ་གྱིན་ལོས་ཡོད། དགོན་པ་སྟོང་སོང་བ་རེད། དེ་སྟོང་བ་བཟོ་མཁན་དགོན་བདག་བླ་མ་དང་དེས་བློས་མི་ཆོད་པའི་ཕྱག་མཛོད་སྦྱིན་བདག་འཚོལ་དེ་གཉིས་རེད། འདི་ནི་རང་དབང་ལུང་པ་ནས་བོད་པ་རང་གིས་གཏོར་བའི་དགོན་པ་ཐོག་མ་རེད་ལ་བོད་མིའི་ལོ་རྒྱུས་ནང་བོད་པས་དགོན་པ་གཏོར་བ་ཐོག་མའང་རེད།
ཚེ་མཆོག་གླིང་གི་དགོན་པ་ནི་གཞིས་དགོན་ཞིག་ཡིན་པས་རྙོག་དྲ་དེ་རིགས་ག་ལེར་ཐག་ཆོད་ཡོང་གི་རེད། དེ་ལས་རྙོག་དྲ་ཆེ་རུ་མ་སློང་རོགས། ཁྱེད་ཀྱིས་བཀོད་པའི་ནང་དོན་ལ་གཟིགས་དང་། སྐུལ་སློང་ག་རེ་ཡིན་མིན་ངས་བཤད་ཤེས་ཀྱི་མིན་འདུག ཡང་སྙིང་དགེ་ལུགས་པའི་གདན་ས་གསུམ་ཡར་ལང་བཅུག་ནས་ཁྲིག་དྲི་བྲོ་བའི་མིང་རྗེས་ཞིག་བཟོ་བཅུག་རྩིས་ཨེ་ཡོད། ༼དེར་བརྟེན་ང་ཚོས་ཨ་རབ་ཀྱི་དཔྱིད་ཀའི་སྒེར་ལངས་ལ་སློབ་སྦྱོང་བྱས་ནས། གདན་ས་ཁག་ལ་བཞུགས་པའི་དགེ་འདུན་པ་དང་། མི་དམངས་ཀྱི་བདེ་སྡུག་དང་སངས་རྒྱས་བསྟན་པར་ཞབས་ཞུ་གྲུབ་མཁན་གྱི་བླ་མ་རྣམས་གཅིག་སྒྲིལ་བྱས་ནས་དྲང་བདེན་མིན་པའི་བྱ་སྤྱོད་འདི་དག་ལ་ངེས་པར་དུ་ངོ་རྒོལ་བྱེད་དགོས།༽ བསམ་མནོ་གཏོང་ནས་བྲིས་རོགས།
ཁ་བརྡ་དྲ་རྒྱས་གསར་འགྱུར་འགོད་འདོད་ན་དེང་སང་བོད་ཀྱི་ས་ཁུལ་ཁ་ཤས་ནང་དུ་མེ་མདའ་རྒྱག་རེས་བྱེད་ནས་ནང་དམེ་བྱུང་བཞིན་པའི་གནས་ཚུལ་འགོད་ན་གང་འདྲ་འདུག རྒྱ་ཆེ་ས་བཞག་ནས་ཆུང་ས་གསར་འགྱུར་ཚབ་ཆེ་མདོག་གིས་བཏོན་མ་སྡད་ལོ། །
དགོན་པ་གཅིག་ལ་མི་གཉིས་མ་གཏོགས་གཞན་པ་ལ་ཐོབ་ཐང་གང་ཡང་མེད་པ་རེད་
ཉུང་ཤེས་ཀྱི་མ་དག་པའི་སྤྱོད་པས་མང་ཚོགས་ཏག་ཏག་བཟོས་པ་རེད་དེ་གོ་ཡག་མི་འདུག་ཡ
ད་དུང་ཤེས་དགོས་པ་ཞིག་ནི་སྤྲུལ་རྫུན་དེ་ལ་དགོན་པ་ནང་དུ་བུད་མེད་ཁྲིད་པ་དང་ཆང་རག་མཐུང་བར་ཐེ་གཏོགས་བྱེད་པའི་འགན་མེད་ན་སངས་རྒྱས་ཀྱི་བསྟན་པ་འདུལ་བ་བཞིན་སྤྱོད་པའི་གྲྭ་བཙུན་དག་དགོན་པ་ནས་བསྐྲད་པའི་འགན་ཞག་སུས་སྤྲད་པ་ཡིན་ན། ད་དུང་དེ་ལ་ཆོས་རིག་ལས་ཁུངས་ནས་ཀྱང་རྒྱབ་གཉེར་འདྲ་ཞིག་མཛད་རྒྱུ་འདི་ངོ་མ་ཡིད་སྐྱོ་དགོས་པ་ཞིག་རེད།
དམ་ཆོས་འདུལ་བའི་གཞུང་ན་དགེ་འདུན་སྡེའི་ནང་ཁུལ་ལ་ཐག་གཅོད་ཅི་བྱས་ཀྱང་གྲྭ་མང་ཚོགས་ནས་ཐག་གཅོད་བྱེད་དགོས་པ་གསལ་ཐག་ཆོད་ཡོད་རེད། དེར་བརྟེན་གནས་ཚུལ་འདི་རིགས་གྲྭ་མང་གིས་ཐག་གཅོད་བྱེད་དགོས་པ་ལས་མི་གཅིག་གིས་རལ་གྲི་གནམ་གཡུག་གིས་ཐག་གཅོད་བྱེད་སྟངས་འདི་འདྲ་ག་རེ་ཡིན་ནམ། གངས་ཅན་སྐྱིད་གཤོང་གི་སྐུ་ངོ་ཚོ་སྐྱིད་པོ་ཡོད་ནའང་། གནས་ཚུལ་འདི་འདྲ་གོ་
དམ་ཆོས་འདུལ་བའི་གཞུང་ན་དགེ་འདུན་སྡེའི་ནང་ཁུལ་ལ་ཐག་གཅོད་ཅི་བྱས་ཀྱང་གྲྭ་མང་ཚོགས་ནས་ཐག་གཅོད་བྱེད་དགོས་པ་གསལ་ཐག་ཆོད་ཡོད་རེད། དེར་བརྟེན་གནས་ཚུལ་འདི་རིགས་གྲྭ་མང་གིས་ཐག་གཅོད་བྱེད་དགོས་པ་ལས་མི་གཅིག་གིས་རལ་གྲི་གནམ་གཡུག་གིས་ཐག་གཅོད་བྱེད་སྟངས་འདི་འདྲ་ག་རེ་ཡིན་ནམ། གངས་ཅན་སྐྱིད་གཤོང་གི་སྐུ་ངོ་ཚོ་སྐྱིད་པོ་ཡོད་ནའང་། གནས་ཚུལ་འདི་འདྲ་གོ་ངོ་མ་སེམས་མི་སྐྱིད་ཀི། མར་མེ་རླུང་གིས་གཟིམ་ཡང་འཛུམ་ཤིག་ཤིག ལྷ་བཤོས་ཁྱིས་ཟོས་ཀྱང་འཛུམ་དམུལ་དམུལ་བྱས་ནས་འདུག་རན་མ་རེད། གངས་ཅན་སྐྱིད་གཤོང་གི་སྐུ་དྲག་གསར་པ་ཚོས་མགོ་རུལ་སྣ་ཡིས་མི་ཚོར་བ་བྱས་ནས་འདུག་རྩིས་ཡིན་པ་འདྲ། གསུང་མི་འབྱོན་ཀི།
ཚེ་མཆོག་གླིང་གི་དགོན་པའི་རྙོག་དྲ་དེ་
རང་གཞུང་གི་ཆུང་ས་ན་བདག་པོ་བྱེད་ཤེས་ན་ ད་ལྟའི་དུས་ཚོད་ལ་བདག་པོ་བྱེད་རན་པ་ལས་སྔ་དྲགས་མེད།
གལ་ཏེ་ད་ལྟ་དགོན་པའི་ནང་ནས་ཕྱིར་ཕུད་བཞགས་པའི་གྲྭ་རྐྱང་རེ་ཟུང་གི་སྤྱོད་པ་ལོགས་ཏེ་ ཕྱག་མཇོད་དང་བླ་རྒན་གཉིས་དམར་གསོད་བཏངས་བ་ཡིན་ན། སྐབས་དེར་རང་གཞུང་གི་འགན་ཞིག་ལེན་ཐུབ། འགན་དེ་གང་འདྲ་ཞིག་དུ་ལེན་རྩིས་ཡིན།
བསྟན་དགྲ་གཅིག་གི་ཁ་གཏད། །
རྒྱོ་དགྲ་ཉི་ཤུས་མ་ཆོག །
ད་ནི་ཆོས་གོས་ཁུར་ནས། །
རང་རང་ས་ལ་ཕེབས་སོང་། །
སངས་རྒྱས་འོད་སྲུང་དུས་ཀྱི། །
རྒྱལ་པོ་ཀྲི་ཀྲིའི་རྨི་ལྟས། །
ད་ནི་མངོན་གྱུར་འདུག་པས། །
ང་ནི་བློ་རང་བདེ་སོང་། །
བཙན་བྱོལ་ནང་ན་དགོན་པ་འདི་འདྲ་ཡང་ཡོད་པ་རེད། ཨ་ཁ་ཁ། སྙིག་པ་ལྔ་བདོ་ཟེར་བ་དེ་འདི་འདྲ་ལོས་ཡིན། ཚེ་མཆོག་གླིང་ཟེར་ན་གྲྭ་བ་ཁ་ཤས་ཀྱིས་ཁྱིམ་ཚང་ཞིག་ལ་གནས་བཅས་པ་དེ་རེད་འདུག་ཀ ཁྱིམ་ཚང་ཞིག་ཡིན་ན་གྲྭ་བ་ཚོས་གང་བྱུང་མང་བྱུང་བྱེད་ཆོག་གི་མ་རེད། དེ་ནི་སྦྱིན་བདག་སུ་ཡིན་པ་དེའི་ཁྱིམ་ཚང་རེད། དགོན་པ་མ་རེད། དེ་བས་ན་ཁྱིམ་བདག་ལ་དབང་ཆ་ཡོད་པ་འདྲ་ཞིག་རེད། གལ་སྲིད་དགོན་པ་ཞིག་ཡིན་ན། དེ་ནི་གྲྭ་མང་གི་རེད། ནང་གི་སྒྲིག་ཁྲིམས་སོགས་ཁྱིམ་པ་ཞིག་གིས་གང་བྱུང་མང་བྱུང་བྱེད་ས་ཡིན་རྒྱུ་མ་རེད། ཆོས་འདུལ་བའི་བཅའ་ཁྲིམས་ལྟར་འགྲོ་དགོས་རྒྱུ་རེད། བླ་མ་དང་ཕྱག་མཛོད་དེ་ཚོ་ལ་ཐོག་མར་སྐད་ཆ་འདི་འདྲི་དགོས་ས་རེད། ཁྱིམ་ཚང་ཞིག་ཡིན་ན་ཆོས་དོན་ལས་ཁུངས་ནས་དགེ་འདུན་པའི་འཚོ་སྣོན་ཞིག་སྤྲོད་བཞིན་པ་དེ་ག་རེ་བྱེད་དགོས་མིན་བསམ་བློ་གཏོང་དགོས་ས་རེད། ད་དུང་དགེ་འདུན་པ་དེ་དག་རང་རང་གིས་འདོད་པ་ལྟར་དགོན་པ་གཞན་ལ་འཛུལ་ཞུགས་བྱས་ཚེ་དགག་བྱ་མེད་པ་ཞིག་བཟོ་དགོས་རྒྱུ་རེད། དེ་མ་གཏོགས་འདི་དག་ལ་བྱེད་རྒྱུ་འདྲ་མི་འདྲ་ཡོད་པ་རེད། གཞན་ལ་ཡང་འཛུལ་ཞུགས་བྱེད་མི་ཆོག་པ་དེ་འདྲ་བཟོ་རྒྱུ་རེད།
དགོན་པ་ཞིག་མེད་སོང་བ་ཡིན་ན་གང་ཡང་ཧ་ལས་རྒྱུ་མི་འདུག། ང་ཚོ་བོད་གཞི་བྱེས་གཉིས་ནང་དགོན་པ་མང་མེད་ནའང་གཏན་ནས་ཉུང་མེད། དེའི་ན་ཚེ་ཆོག་གླིང་ནས་ཕྱིར་ཐོན་པའི་གྲྭ་བ་ཚོ་མི་རིགས་འཕེལ་རྒྱས་ལ་ཐུགས་བསམ་གཏོང་རོག མི་ངན་འགའ་ཞིག་དགོན་པ་དེའི་ནང་གང་དྲན་བྱེད་དུ་ཆུག ཡང་ན་མཚན་ཉིད་ལྡན་པའི་ཆོས་པ་ཚད་དང་ལྡན་པ་ཞིག་བྱེད་རོག གྲྭ་བ་དང་དགོན་པ་མང་ཆེ་བའི་བོད་པ་ཚོ་ལ་གང་ཡང་གྱོང་གུད་ཐེབ་གི་མེད ད་དུང་དགོན་པ་ཕན་མེད་གནོད་མེད་དགོན་པ་དེ་ཚོ་སྒོ་རྒྱག་རོག་གནང་།
ཉེ་ལམ་ཟི་ལིང་གྲོང་དང་ཁད་ཉེ་བའི་དགོན་པ་ཞིག་གི་ནང་དུ་མཚན་མོ་རྐུན་མ་བྱུང་སྟེ་རྒྱ་ནག་གི་སྤྱི་བདེ་མི་སྣ་ལ་སྐད་བཏང་། གྲྭ་ཤག་ནང་གི་མི་ཡོད་ཚད་ཚོགས་ཆེན་འདུ་ཁང་དུ་བསྡུས་ཚེ། དེའི་ནུབ་གྲྭ་ཤག་ཉིས་བརྒྱ་ཙམ་ལས་སྨད་ཙོང་མ་ཉི་ཤུ་རྩ་ལྔ་ཐོན་བྱུང་བ་རེད་ཟེར། འདི་འདྲའི་ལྟས་ངན་བོད་ཕྱི་ནང་གཉིས་ལ་ཁ་ཤས་ཡོད་ཚོད་འདུག གྲྭ་བས་སྐྱེས་མ་བླང་ནས་མི་རིགས་སྤེལ་རྒྱུ་དེང་རབས་པ་ཚོའི་འདོད་པ་རེད། འདོད་ཐོག་ཏུ་འགྲོ་སྐབས་ཀུ་ཅོ་བྱེད་རྒྱུ་ཆེར་མེད། སྤྱིར་ཁྱིམ་པ་དང་རབ་བྱུང་གི་སྡེ་སོ་སོ་བྱས་ཏེ་ཕན་ཚུན་མཐུན་པོ་གནང་ན་ལེགས། དགོན་པ་ཡིན་ན་གྲྭ་བཙུན་ལྟོ་སྐྱ་གོས་ཧྲུར་བྱས་ཏེ་སློབ་སྦྱོང་གནང་མཁན་ཚོའི་ཕྱག་ཏུ་བཞག་སྟེ། བླ་མ་དང་ཕྱག་མཛོད་ཐབས་ཤེས་ཡོད་མཁན་ཚོས་ཚེ་མཆོག་གླིང་སྔགས་པ་གྲྭ་ཚང་བཙུག་སྟེ་གསང་ཡུམ་ཟེར་བ་དེ་མངོན་ཡུམ་བྱས་ཏེ་ཉར་ན་རང་དབང་རེད། དེ་ལ་སྐྱོན་བརྗོད་བྱེད་དགོས་དོན་ཡང་མེད། གྲྭ་བའི་འཐབ་རྩོད་དེ་ཡག་རྒྱུ་མེད། རྒྱབ་ལ་གྲོང་པ་ཡོང་རྒྱུ་རེད། དེ་ནས་ཆོལ་ཁ་དང་བོད་སྤྱི་ལ་གནོད་པ་བྱུང་རྒྱུ་རེད། དེ་བས་ད་ལྟ་ནས་ཞི་འཇམ་དང་བགྲོ་གླེང་གི་ཐབས་ལམ་ནས་ཐག་གཅོད་བྱ་རྒྱུ་གལ་ཆེན་པོ་རེད། །
བོན་པོ་ལགས། ངོ་ནས་བཤད་ན་འདིའི་རིགས་བན་དེ་ཚོ་ལ་ཁ་མཆུ་འཛུགས་ཡ་མི་འདུག སོ་སོའི་བསྟན་པ་སོ་སོས་བདག་པོ་རྒྱག་དགོས་པ་རེད། ག་རེ་བྱས་ནས་ས་དེ་གའི་བོན་པོ་ཚོས་བདག་པོ་རྒྱག་མ་ཐུབ་པ་རེད། ང་ཚོ་སྡེ་བའི་ནུབ་ཕྱོགས་སུ་སོང་ན་ཤིང་ནགས་ཤིན་ཏུ་མང་པོ་ཞིག་ན། ཁ་ཉིན་ཕྱོགས་ལ་འཁོར་བའི་ས་ཆ་དགུན་ཁ་ཡང་ཁ་དབུགས་དྲོ་ས་ཞིག་འདུག ང་ཚོའི་མི་རྣམས་ཀྱིས་དགོན་སྟེགས་ཟེར་ནས་འབོད་ཀྱི་རེད། ས་ཆ་དེ་ན་སྦུག་འདྲ་བོ། སིལ་འདྲ་བོ་དེ་འདྲ་མང་པོ་ཞིག་འདུག ད་དུང་གོ་ཐོས་ལ་དེང་སང་མི་ཁ་ཤས་ཀྱི་སྔོགས་ནས་བཙོང་གི་ཡོད་པ་གོ ངོ་ནས་བཤད་ན་དེ་དག་ནི་བོན་པོ་ཚོ་ལ་རིན་ཐག་བྲལ་བའི་གནའ་རྫས་རེད། བོན་པོ་ཚོས་བདག་པོ་མ་རྒྱབ་པར་རྒྱ་རྒན་གནའ་རྫོགས་རྟོགས་ཞིབ་པར་བཙོང་ན་དེ་ཡག་པོ་ཞིག་མ་རེད། འདི་ལ་བོན་པོ་ཚོས་ངོས་ནས་གཞན་ལ་ཁ་ངན་དཀྲིས་ནས་རང་གི་ལག་པ་མཆན་ལ་བཅུགས་ནས་སྡོད་པའི་དུས་མ་རེད། ས་གནས་སོ་ལ་ལ་འབྲེལ་བ་བཙུགས་ནས། ས་གནས་དེ་གའི་མི་རྣམས་དང་འབྲེལ་ནས་བདག་པོ་རྒྱབ་ན། བདག་པོ་རྒྱག་ཡ་ཡོད་པ་རེད། ང་ཚོ་ས་ཆ་ན་བོན་པོ་མང་པོ་ཡོད་ན་ཡང་། དེ་ཚོ་ལ་གནའ་རྫས་དེའི་རིགས་ཀྱི་རིན་ཐང་ག་ཚོད་ཡོད་མེད་ལ་བསམ་བློ་གཏོང་ཐུབ་པ་དེ་འདྲ་མི་འདུག ད་དུང་ཁྱིམ་ཚང་ནང་ལ་ཁས་ཡོང་ན་རྣམ་རྟོག་ཡང་བརྩི་བཞིན་འདུག དེ་ནི་གནའ་རྫས་དེ་དག་ལ་བདག་པོ་ནོ་ས་བདག་ལྟ་བུ་འམ། གཞི་བདག་བལྟ་བུ་ལ་ཡིད་ཆེས་བྱས་ནས། གལ་སྲིད་ནང་ལ་ཁས་ཡོང་ན་ནང་མི་ལ་གནོད་པ་ཡོང་པའི་རྣམ་རྟོག་འདྲ་བོ་དེ་འདྲ་ཡོད་པ་རེད། གལ་སྲིད་སྐུ་ཉིད་ཀྱི་ངོས་ནས་བདག་པོ་རྒྱག་པའི་འདུན་པ་ཡོད་ན། ས་ཆ་དེ་དག་རྩད་གཅོད་དང་སོགས་ཀྱི་ཐད་ལ་ངས་ཁྱོད་ལ་རོགས་པ་བྱས་ཆོག འོན་ཀྱང་ས་བརྐོ་ཐད་ལ་ང་ལྟ་བུས་ལག་པ་འཆང་པའི་སྤོབས་པ་མེད། དེ་མ་གཏོགས་གལ་སྲིད་ས་བསྐོ་རང་ངོས་ནས་བྱེད་ཐུབ་ན། སྲིད་གཞུང་གི་བཀའ་བརྒྱའི་ཕྱོགས་ལ་ང་ཚོས་ཡང་སྙན་ཞུ་འབུལ་རོགས་བྱེད་ཆོག་གི་རེད།
བོན་པོ་ལགས། ད་ལྟ་བོན་གྱི་ཆོས་སྐོར་དུ་མ་ཞིག་བཙོང་གི་འདུག ཐམས་ཅད་གསེར་བྲིས་རེད། རྒྱ་གར་ཏུ་དགོས་ས་ཡོད་ན་ཕལ་ཆེར་ཐོབ་རྒྱུད་རེད། གོང་ཆེན་པོ་འདུག གླེག་བམ་རེར་རྒྱ་ནག་གི་སྒོར་མོ་ཁྲི་གསུམ་རེ་ཡིན་ཚོད་འདུག དཔེ་དཀོན་ཡིན་མིན་ཆ་མ་འཚལ། མཚན་བྱང་ཡང་བརྗེད་སོང་། སྟོད་མངའ་རི་ཕྱོགས་ནས་ཡོང་བ་རེད་ཟེར། ཟླ་རྗེས་མར་ང་ལ་པར་བཤུས་ཤིག་ཐོབ་རྒྱུ་བྱས་ཡོད། ཡོང་ན་དེ་སྐབས་དྲྭ་ཐོག་ཏུ་འགོད་ཆོག །
ད་ཡིན་ན་བསྟན་པ་ག་པར་སླེབ་འདུག་གཟིགས་དང་དགོན་པའི་སྒྲིག་ཁྲིམས་དགོན་པའི་གྲྭ་པ་ཚོར་དབང་ཆ་མེད་པར་ཁྱིམ་པས་དབང་ཆའི་འོག་གྲྭ་པ་ཉེས་རྣམས་དགོན་པ་ནས་ཐོན་དགོས་པར་བསམ་ན་འདི་འདྲ་སྐྱོ་བ་ལ། ཆོས་ལྡན་ལས་ཁུངས་ཀྱིས་མཚོན་འབྲེལ་ཡོད་རྣམས་ནས་ཐག་བཅད་ཡག་པོ་ཞིག་མ་འབྱུང་ན་དཔེ་ཟག་ས་རེད་བསམ་གྱིན་འདུག་གོ །
གྲྭ་པ་ཉེས་མེད་རྣམས་སུ་བཅོས་རོགས་གནང་།
གཞོན་ནུ་ཟླ་མེད་ལགས་་་དང་་་དྲི་མེད་ལྷག་བསམ་ལགས་་་རྣམ་གཉིས་ནས་བཀའ་སློབ་དང་དགོངས་འཆར་གསུངས་བར་བཀའ་དྲིན་ཆེ། དེ་རིང་དུས་ཚོད་མེད་ཉིན་ཤས་རྗེས་ལན་ཕུལ་ཆོག་པ་ཞུ།
ཆོས་དོན་ལས་ཁུངས་ནས་ངེས་པར་དུ་ཚེ་མཆོག་གླིང་ལ་སྤྲད་པའི་རོགས་དངུལ་དེ་ཚོ་ཚུར་ལེན་དགོས། བླ་མ་དང་ཕྱག་མཛོད་དེ་གཉིས་ཀྱིས་དགེ་འདུན་གྱི་དངུལ་འཕྲོག། དགོན་པ་ནས་ཕྱིར་ཕུད་བཏང་། ད་དུང་འཇོན་ཐང་ངོམས་ཀྱི་འདུག
ཨ་རིའི་རླུང་འཕྲིན་གཉིས་པོས་ངེས་པར་དུ་དེའི་སྐོར་ལ་གསར་འགྱུར་སྤེལ་ནས་བླ་ཕྱག་དེ་གཉིས་ཀྱི་ནོར་འཛོལ་ཐེར་འདོན་བྱེད་དགོས།
ངན་པ་ལང་ཤོར། ལྟས་ངན།
དུས་ངན་སྙིགས་མའི་མཐར་ཐུགས་ལ། གསང་སྔགས་ནུས་པ་མེ་ལྟར་འབར། ཞེས་གསུངས་པས། ད་གྲྭ་དགོན་ཐམས་ཅད་སྔགས་དགོན་ལ་བསྒྱུར་བ་གནང་ན་མི་ལེགས་སམ།
དགེ་འདུན་པའི་རྩོད་རྙོག་ཅིག་ཐག་གཅོད་བྱེད་དགོས་ན་་་དགེ་འདུན་པའི་ཚུལ་ཤིང་བརླང་ནས་མང་གཙོའི་ལམ་དང་མཐུན་པའི་ཐག་གཅོད་བྱེད་དགོས་པ་་་བཅོམ་ལྡན་འདས་ཀྱི་བཀའ་མངག་ཡིན་ཙང་་་་དགོན་པའི་བླ་ཕྱག་མིང་འཛིན་པ་འདི་ཚོའི་སྣང་བ་གང་དྲན་བྱེད་ཆོག་པ་ཞིག་མིན །
གསལ་ལེ་རྒྱལ་ཁྱོད་ནོར་སོང་། དེ་ལྟ་བུ་གཏན་ནས་འབྱུང་མི་སྲིད། གལ་ཏེ་བོད་གཞུང་དང་སྐུ་སྒེར་ཡིག་ཚང་གིས་བདག་པོ་མ་རྒྱག་པ་ཡིན་ན་ཕྱག་མཛོད་དང་སྤྲུལ་སྐུ་གཉིས་ལ་མཚོན་འང་གྲྭ་བ་
འདི་དག་རང་འགུལ་གྱིས་ཕྱི་ཐོན་པ་དེ་ཁོང་གཉིས་ཀྱི་བསམ་བློ་འགྲིག་སོང་བ་རེད། ད་ལྟ་ཁོང་གཉིས་གྱིས་བལ་ཡུལ་དང་ཧི་མ་ལ་ཡའི་རི་བརྒྱུད་དུ་གྲྭ་བ་འཚོལ་དུ་འགྲོ་ཡི་རེད། ཕྲུ་གུ་ལོ་བརྒྱད་དགུ་ཅན་ཅང་ཅང་ཁྲིད་ཡོང་ནས་དགོན་པ་ཉམས་གསོ་བྱེད་གི་རེད ། དེ་དག་ནི་ཁོང་གཉིས་ཀྱི་ཚོང་རྫས་ཡག་ཤོས་ཞིག་ཏུ་འགྱུར་འགྲོ
བཤད་པ་ཙམ་གྱིས་ཅི་ཡང་མི་འགྲུབ་པས་ལག་ལེན་དུ་བཀོལ་ཐུབ་མིན་ནི་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཅི་ལས་ལ་བལྟ་དགོས་པ་རེད། ངས་བལྟས་ན་ཆོས་དོན་ལས་ཁུངས་འདི་མང་ཙམ་ལས་དོན་དངོས་སུ་ཐུག་དུས་ལས་ཀ་ཐུབ་མཁན་ཧ་ལམ་མེད།
དེ་མིན་ན་བོད་པ་ཚང་མ་ཚེ་མཆོག་གླིང་གི་སྒོར་སོང་ནས་ངོ་རྒོལ་བྱེད་དགོས་པ་རེད། འདི་ནི་བོད་མིའི་སྐྱིད་སྡུག་མཉམ་མྱོང་བྱས་པ་ཞིག་ཡིན་པས་ཚང་མས་ཐུགས་བསམ་བཞེས་གལ་ཆེ།
༸རྒྱལ་མཆོག་དགེ་འདུན་གྲུབ་ཀྱི་ཞལ་སྔ་ནས།
༙༙༙༙༙ཚུར་རང་གི་ངང་ཚུལ་ལ་ལྟས་ན།།
ཕྱི་དགེ་སྦྱོང་ཚུལ་འཆོས་ཀྱིས་མཛེས་ཤིང།།
ཆོས་སྡེ་སྣོད་ཟབ་མོ་ཐོས་ནཡང་།།
ནང་གཤིས་རྒྱུད་མ་དུལ་ཤིང་ལྟར་རེངས།།
ཞེས་གསུངས་པས་ཕན་ཚུན་བློ་གཟུ་བོར་གནས་པའི་ཐོག་ནས་དང་པོའི་རྙོག་དྲ་བྱུང་རྐྱེན་དང་།
བར་གྱི་འགྱུར་བ།མཐའ་མའི་ཐག་གཅོད་སོགས་ཞིབ་ཕྲ་གཟིགས་ནས་བསམ་ཚུལ་གླེང་ན་རིན་ཐང་ཆེ་བ་མ་
གཏོགས་གཞན་རི་བོང་ཅལ་འདྲོགས།དང་སེམས་འཚོར་གྱི་རྗེས་སུ་འབྲངས་བ་ནི་ཕྱོགས་ལྷུང་ཅན་གྱི་ངང་
ཚུལ་ཙམ་དུ་ཟད་དོ།
དཔལ་ཆོས་ཀྱི་གྲགས་པས།
མ་ཚང་མེད་རྒྱུ་དེ་ལ་ནི།།
འབྲས་བུ་གང་གིས་བཟློག་པར་ནུས།།
ཞེས་གསུངས་པས་དེ་ལ་ཞིབ་འཇུག་གནང་ནས་ཕྱོགས་ཞེན་སྤངས་ཏེ་ཕན་ཚུན་ཕྱོགས་གཉིས་ཀའི་སྐྱོན་
ཡོན་ཇི་མ་ཇི་བཞིན་གླེང་ན་ལེགས་
མི་སམ་སྙམ་
༸རྒྱལ་མཆོག་དགེ་འདུན་གྲུབ་ཀྱི་ཞལ་སྔ་ནས།
༙༙༙༙༙ཚུར་རང་གི་ངང་ཚུལ་ལ་ལྟས་ན།།
ཕྱི་དགེ་སྦྱོང་ཚུལ་འཆོས་ཀྱིས་མཛེས་ཤིང།།
ཆོས་སྡེ་སྣོད་ཟབ་མོ་ཐོས་ནཡང་།།
ནང་གཤིས་རྒྱུད་མ་དུལ་ཤིང་ལྟར་རེངས།།
ཞེས་གསུངས་པས་ཕན་ཚུན་བློ་གཟུ་བོར་གནས་པའི་ཐོག་ནས་དང་པོའི་རྙོག་དྲ་བྱུང་རྐྱེན་དང་།
བར་གྱི་འགྱུར་བ།མཐའ་མའི་ཐག་གཅོད་སོགས་ཞིབ་ཕྲ་གཟིགས་ནས་བསམ་ཚུལ་གླེང་ན་རིན་ཐང་ཆེ་བ་མ་
གཏོགས་གཞན་རི་བོང་ཅལ་འདྲོགས།དང་སེམས་འཚོར་གྱི་རྗེས་སུ་འབྲངས་བ་ནི་ཕྱོགས་ལྷུང་ཅན་གྱི་ངང་
ཚུལ་ཙམ་དུ་ཟད་དོ།
དཔལ་ཆོས་ཀྱི་གྲགས་པས།
མ་ཚང་མེད་རྒྱུ་དེ་ལ་ནི།།
འབྲས་བུ་གང་གིས་བཟློག་པར་ནུས།།
ཞེས་གསུངས་པས་དེ་ལ་ཞིབ་འཇུག་གནང་ནས་ཕྱོགས་ཞེན་སྤངས་ཏེ་ཕན་ཚུན་ཕྱོགས་གཉིས་ཀའི་སྐྱོན་
ཡོན་ཇི་མ་ཇི་བཞིན་གླེང་ན་ལེགས་
མི་སམ་སྙམ་
ད་ངོ་མ་སྡུག་ནི་ཞིག་རེད་་་་་་་་་་་སངས་རྒྱས་བསྟན་པ་བསྣུབ་ཚར་སོང་ད་་་་་་་ཚེ་མཆོག་གླིང་གི་སྤྲུལ་རྫུན་དང་་་་་ཕྱག་མཛོད་གཉིས་ནས་་་
སྔགས་པ་དང་རབ་བྱུང་བ་གཉིས་ལ་མུ་བཞི་ཡོད། གཉིས་ཀ་ཡིན་པ་རྗེ་ཙོང་ཁ་བ་དང་དགེ་སློང་བསྟན་འཛིན་རྒྱ་མཚོ་ལྟ་བུ། སྔགས་པ་ཡིན་ལ་རབ་བྱུང་བ་མ་ཡིན་པ་མར་བ་ལོ་ཙཱ་བ་ལྟ་བུ། རབ་བྱུང་བ་ཡིན་ལ་སྔགས་པ་མ་ཡིན་པ་ཤྲི་ལང་ཀའི་དགེ་སློང་ལྟ་བུ། གང་ཡང་མ་ཡིན་པ་ཚེ་མཆོག་གླིང་གི་དགོན་བདག་བླ་མ་ལྟ་བུའོ། །བྱས་ཙང་སྔགས་པ་ཡིན་ན་གོས་དཀར་ལྕང་ལོ་ཅན་ཡིན་པས་མ་ཁྱབ་ལ། སྔགས་པ་ཡིན་ན་དམ་ཚིག་དང་སྡོམ་པ་ཚུལ་བཞིན་སྲུང་མཁན་ཞིག་དགོས་པ་རྒྱུད་སྡེ་དག་གི་དགོངས་པ་རེད། སྔགས་པ་ཡིན་ན་བྱམས་སྙིང་རྗེ་ལྷག་པར་དགོས་པ་དང་སེམས་ཅན་སྡུག་བསྔལ་ལས་སྐྱོབ་པའི་སེམས་ཤུགས་ལྷག་པར་དགོས་པ་སྟོན་པ་རྡོ་རྗེ་འཆང་གི་དགོངས་པ་རེད། དེ་འདྲ་ཞིག་མེད་པར་སྔགས་ཀྱི་འཆད་ཉན་སྐྱོང་རྒྱུ་ཟེར་བ་དང་སྔགས་པ་བྱེད་རྒྱུ་གཟུགས་བརྙན་ཙམ་རེད། དེ་བས་གྲྭ་བ་དཀྱིས་མ་བྱས་ནས་བསྡད་ན་ཡག་གི་རེད། སྔགས་ལུགས་ལ་བསམ་བཞིན་དུ་ཁུ་བ་འབྱིན་པ་རྩ་ལྟུང་དང་མདོ་ལུགས་ལ་རྩ་ལྟུང་མིན་པས་བསྲུང་བྱའི་ཆ་ནས་ཀྱང་ལྕི་ཡང་གི་ཁྱད་པར་ཡོད་པ་དང་། དཔུང་བཟང་གིས་ཞུས་པ་ལས། ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས།།སྔགས་འགྲུབ་པ་ནི་མ་གསུངས་སྟེ།།ཞེས་གསུངས་པ་སོགས་གོ་རྒྱུ་མང་ངོ་།།
སྔགས་རྒན་དེས་ མཁན་པོ་དང་ལྷག་པར་གྲྭ་པ་ཁ་ཤས་ཕྱིར་འབུད་བཏང་བ་ངོ་མ་བློ་ཕམ། ད་ལྟ་བོད་ཀྱི་རྗེས་འཛིན་དགོན་སྡེ་ཁག་ནང་ བོད་ནས་སླེབས་པའི་གྲྭ་པ་ག་ཚོད་དཀོན་པོ་ཆགས་འདུག སྔགས་རྒན་ཁྱོད་ཀྱིས་ཉིན་ལྟར་སྦྱོར་བ་བྱས་ཀྱང་བུ་ཕྲུག་ག་ཚོད་བཏོན་ཡོད། མ་གཞི་སྔགས་རྒན་ཁོ་ཡང་ཕྱག་མཛོད་ཀྱི་རྒྱབ་ལངས་མ་བྱས་ན་དངུལ་ཚང་མ་ཕྱག་མཛོད་ལག་པར་ཡོད་པས་ཁོ་སྐྲག་པ་ཡིན་རྒྱུ་རེད། ཡིན་ན་ཡང་ ད་ཕྱག་མཛོད་ཁྱོད་གཉིས་ཁང་སྟོང་ནང་དུ་དངུལ་གྲངས་ཀ་རྒྱབ་ནས་བསྡོད་ལའོ།།
གྲྭ་བ་དཀྱུས་མ་ཞེས་པར་བཅོས།
ཚེ་མཆོག་གླིང་གི་རིན་པོ་ཆེ་བླ་ལོག་དེ་དང་། ཕྱག་མཛོད་གྲྭ་ལོག་གཉིས་ཀ་ལྟ་བ་ལོག་པའི་དམ་སྲི་དུག་པ་ཅན་ཡིན་ངེས། རབ་ཏུ་བྱུང་བ་དགོན་པ་ནས་ཕྱིར་འབུད་གཏོང་པའི་བྱེད་སྟངས་དེ་ནི་རྒྱ་དམར་ཀླ་ཀློའི་དཔུང་གི་བྱེད་སྟངས་ལས་མ་འདས
༸གོང་ས་སྐྱབས་མགོན་ཆེན་པོས།
འཛམ་གླིང་མི་དམངས་ལ་བདག་གི་རེད། རྒྱལ་ཁབ་ཀྱང་མི་དམངས་ལ་བདག་གི་རེད། གསུངས་སོང་།
དེས་ན་དགོན་པ་ཡང་གྲྭ་དམངས་ལ་བདག་དགོས་ཀྱི་རེད།
ད་ཡིན་ན་ལྟད་མོ་འདུག བོད་ནང་གི་གནས་ཚུལ་ལ་གཟིགས་དང་། ༼ཉེ་ལམ་ཟི་ལིང་གྲོང་དང་ཁད་ཉེ་བའི་དགོན་པ་ཞིག་གི་ནང་དུ་མཚན་མོ་རྐུན་མ་བྱུང་སྟེ་རྒྱ་ནག་གི་སྤྱི་བདེ་མི་སྣ་ལ་སྐད་བཏང་། གྲྭ་ཤག་ནང་གི་མི་ཡོད་ཚད་ཚོགས་ཆེན་འདུ་ཁང་དུ་བསྡུས་ཚེ། དེའི་ནུབ་གྲྭ་ཤག་ཉིས་བརྒྱ་ཙམ་ལས་སྨད་ཙོང་མ་ཉི་ཤུ་རྩ་ལྔ་ཐོན་བྱུང་བ་རེད་ཟེར། འདི་འདྲའི་ལྟས་ངན་བོད་ཕྱི་ནང་གཉིས་ལ་ཁ་ཤས་ཡོད་ཚོད་འདུག༽ དེ་བཞིན་བོད་ཀྱི་བང་ཆེན་གྱི་ཟིན་བྲིས་ཁག་གཅིག་གི་ནང་དུ་བོད་ཀྱི་ས་ཁུལ་གི་ནང་དུ་བོད་མི་འདུས་པ་ཕན་ཚུན་དབར་མེ་མདའ་རྒྱག་རེས་ཀྱིས་བོད་མི་འགའ་ཤས་རྐྱེན་ལམ་དུ་བཏང་བ་སོགས་རེད། ༼བོད་མདོ་ཁམས་སྡེ་དགེ་རྫ་ཆུ་ཁ་ཁྲ་སྐྱ་དང་ཁྲོ་ཤུལ་ཟེར་བའི་འབྲོག་སྡེ་གཉིས་རྩ་ས་བརྩད་དེ་ཉུང་མཐའ་མི་བརྒྱད་ཀྱི་སྲོག་ཤོར་ཡོད་པ་དང་། མི་བཅོ་ལྔ་ཙམ་ལ་རྨས་རྐྱོན་བཟོས་ཡོད་པའི་གནས་ཚུལ་དང་། དཀར་མཛེས་རྫོང་ཁོངས་ནས་བོད་མི་ནང་ཁུལ་འཁྲུགས་འཛིང་ཤོར་ཏེ་མི་གཅིག་བསད་ཡོད་འདུག ད་ཆ་ཆབ་མདོ་རྫོང་ཁོངས་ལྷ་ཐོག་འབྲོག་པའི་གྲོང་སྡེ་གཉིས་རྩ་སའི་དོན་དུ་ཕན་ཚུན་འཁྲུགས་འཛིན་ཤོར་ཏེ་མི་གཅིག་གི་སྲོག་ཤོར་ཡོད་པའི་གནས་ཚུལ་དགྲ་དགའ་གཉེན་སྡུག་གི་བྱ་ངན་ཞིག་རང་རེའི་སྤྱི་ཚོོགས་ནང་གྱར་བཞིན་འདུག༽
ད་ཅི་བྱེད་དགོས་རེད།
བླ་ཕྱག་དཔུང་གདངས་སྒྲིག་ནས།།
དམ་ཆོས་འདུལ་བའི་ཕྱག་ལེན།།
སྔོན་མོའི་ཆུ་ལ་བསྐུར་དུས།།
ཞེ་ཁ་གཏིང་ནས་ལོག་སོང་།།
བརྒྱ་བཤད་ཚིག་གི་མདུད་པ། །
སྟོང་བཤད་དོན་གྱི་སྙིང་པོ། །
གཡོ་སྒྱུའི་ཞྭ་ཅན་དེས། །
རྫུན་ཕྲེང་སྤེལ་མཚམས་བཞག་རོགས། །
དེང་སང་དཔལ་འབྱོར་དང་དབང་ཤུགས་ད་དུང་རྒྱབ་སྐྱོར་ཡོད་ན་དྲང་བདེན་དང་གནས་ལུགས་ཟེར་བ་དེ་རྒྱངས་རིང་པོ་རེད།སྤྲུལ་སྐུ་ངན་སྤྱོད་ཅན་དེ་དང་ཕྲག་མཛོད་འདོད་ཆགས་ཅན་དེ་གཉིས་ཁྱི་སྤང་ལག་སྦྲེལ་བྱས་ནས་གྲྭ་པ་ཉམས་ཆུང་ཚོ་ལ་ཚད་ལས་བརྒལ་བའི་དཀའ་བཟོས་འདུག་ག་སྙིང་རྗེ།
ལྷོ་ཕྲུག་སྣ་བོ་ཆེ་དང་བཞེད་པ་མཐུན་པ་རྣམས་ལ།
དེ་ལྟར་ཡིན་ན་༼བོད་གཞུང་༽ཞེས་པའི་མིང་དེ་ཡང་བོད་མི་དམངས་ལ་ཅིའི་ཕྱིར་མི་བདག་གམ།
གསུངས་དང་ཚོགས་ཆེན་སྐབས་མཐའ་མའི་གྲོས་ཆོད་དེ་མང་མོས་ཡིན་ནམ་མིན།
ལྷོ་ཕྲུག་སྣ་བོ་ཆེ་དང་བཞེད་པ་མཐུན་པ་རྣམས་ལ་བཀའ་དྲི་ཞུ་རྒྱུར།
དེ་ལྟར་ཡིན་ན་༼བཙན་བྱོལ་བོད་གཞུང་༽དང་༼དགའ་ལྡན་ཕོ་བྲང་༽ཞེས་པའི་མཚན་སྙན་དེ་གཉིས་ཅིའི་ཕྱིར་བོད་མི་དམངས་སྤྱི་མོས་དང་་མང་མོས་ལ་མ་བདག་པ་ཡིན་ནམ།
ད་རྒྱུ་དང་དབང་ཡོད་ན་འཇིག་རྟེན་ཡོད་ཙད་དབང་སྒྱུར་འདི་ལྟར་་བྱེད་ཀྱི་རེད
ཚེ་མཆོག་གླིང་གི་གཏི་བོ་དང་། །དྲ་རྒྱའི་ནང་གི་ནད་འབུ་གཉིས། །ཕྱི་ཚུལ་ཙམ་གྱི་མི་འདྲ་ཡང་། །དོན་དམ་གཤིས་ལུགས་གཅིག་པ་རེད། །
གྲིབ་ལ་ཚེ་མཆོག་གླིང་ལ།
སྐད་ཆ་སྙན་པོ་མི་འདུག
རི་བོང་གོལ་རྩེ་གྱོན་པ།
བྱང་ལམ་བརྒྱུད་ནས་ཐད་སོང་།
བཀའ་གདམས་བསྟན་པའི་སྒྲོན་མེ་དཀའ་ཆེན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་མཆོག་གིས་ཕྱག་བཏབ་པའི་ཚེ་མཆོག་གླིང་དུ་བསྟན་དགྲ་གྲ་ལོག་དེས་དབང་ཆ་བཟུང་ནས་དགེ་འདུན་གྱི་སྡེ་ལ་སྡང་བ་ནི་ཆེད་མ་རུང་བ་ཞིག་ཡིན། བུད་མེད་དང་ནག་ཆང་ལ་གང་བྱུང་དུ་དགོན་པའི་ནང་ལ་སྤྱོད་པ་དང་། དགེ་འདུན་རྣམས་ཀྱི་ཚོ་དོད་སྦྱིན་བདག་རྣམས་ནས་དད་འབུལ་ཞུས་པ་རྣམས་རང་གིས་བདག་གིར་ཉར་བ་དང་། རང་དང་ལྟ་སྤྱོད་མི་མཐུན་པ་རྣམས་དགོན་པ་ནས་ཕུད་པ་རྣམས་སོགས་ནི་མ་རུང་ཀླ་ཀློའི་བྱ་བ་ཞིག་ཡིན།
མཚཽ་སྔོན་པོའི་གནད་དོན་དེ་རིགས་དོན་་ངོ་མ་ཡིན་མིན་བསམ་གཞིག་བྱས་རྗེས་བཤད་དགོས་པ་ལས་ཚོད་འཇོག་གིས་བཤད་མི་ཉན་ཏ་
ཡ་དེ་རིང་ཡང་བསྐྱར་གཏམ་ངན་གྱི་ཚིག་ཚོགས་ཞིག་མིག་ལམ་དུ་མངོན། བསྟན་བདག་གི་བླ་མ་ཚད་ལྡན། ཚུལ་མཐུན་གྱི་རབ་བྱུང་ཚད་ལྡན། ཁ་བཤད་ཁོག་མཚུངས་ཀྱི་སྤྲུལ་སྐུ་ཚད་ལྡན་རྣམས་གཞིས་བྱེས་མང་ཚོགས་ཡོངས་ཀྱི་སྤྱན་ལམ་དུ་ངོ་ནོང་དགོས་པ་ཞིག་བཟོས་ཚར་འདུག གང་ཟག་མགོ་ཟླུམ་འགའ་ཡི་སྤྱོད་ངན་ལ་བརྟེན་ནས། ཤི་གསོན་གཉིས་ཀྱིས་སྐྱབས་བཅོལ་སའི་སྐྱབས་གནས་དགེ་འདུན་དཀོན་མཆོག་ཞུ་བ་དེ་ལ་ཡང། ཡིད་ཆེས་དང་དད་འདུན་རླག་དགོས་པ་ཞིག་ཀྱང་བཟོས་ཚར་འདུག རང་བསྟན་རང་གིས་བཤིག་པའི་ཀླ་ཀློ་སེར་གཟུགས་ཅན་འདི་རིགས་ཀྱིས་རྐྱེན་པས། ཉིན་ཞིག་ནང་པ་སངས་རྒྱས་པ་ཟེར་དུས། ཚང་མས་སྐྱུག་བྲོ་བ་ཞིག་མི་ཆགས་པའི་ངེས་པ་ཡང་གཏན་ནས་མི་འདུག་གོ ཡང་སྤྱན་རས་གཟིགས་དགོངས་དག་ཞུ་བཅུག་ཚར་སོང། དཀོན་མཆོག་མཁྱེན།
གོང་གི་མཆན་༣༦་པས།
༼དཀའ་ཆེན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་མཆོག་གིས་ཕྱག་བཏབ་པའི་ཚེ་མཆོག་གླིང་༽ཞེས་གསུངས་པ་ལྟར་དགོན་པའི་བདག་པོ་ངོ་མ་ནི་སུ་ཡིན་འདུག་འདིས་ཐག་ཆོད་པ་རེད། དཔེར་ན། གདན་ས་གསུམ་གྱི་བཅའ་ཡིག་དང་ཕྱག་སྲོལ་རྣམས། སུ་ལ་དབང་གི་ཡོད་མེད་ལུང་སྣོད་གསུམ་གྱི་འཆད་ཉན་དང་ལམ་བསླབ་པ་གསུམ་གྱི་ཉམས་ལེན་བྱེད་མཁན་ཞིག་ལ་དབང་བ་ལྟར། ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་མཁན་ཞིག་ལ་མི་དབང་བ་ནི་གསལ་བོ་རེད། དེར་བརྟེན་དགོན་བདག་བླ་མས་འཕྲལ་དུ་ཚེ་མཆོག་གླིང་དགོན་པ་གྲྭ་མང་ལ་རྩིས་སྤྲོད་དགོས། དེ་ལྟར་མ་བྱེད་ན་རིམ་གྱིས་སྐྱབས་མགོན་རིན་པོ་ཆེ་ལ་སྙན་གསེང་ཞུས་ནས་ཐག་ཆོད་ཡོང་ངེས་རེད།
ཧ་ཧ། ལོ་རྒྱུས་དུམ་བུ་ཞིག་དྲན་བྱུང་། དེ་ནི་དཔལ་ཎ་ལེན་ཌའི་ལོ་རྒྱུས་ཤིག་རེད། མགོན་པོ་ཀླུ་སྒྲབ་དཔལ་ཎ་ལེན་ཌའི་དགེ་སྐོས་གནང་སྐབས་རྒྱབ་དཔུང་ཡོད་པའི་གྲྭ་ལོག་འགའ་ཕྱིར་འབུད་བྱས། ཡུན་རིང་མ་འགོར་བའི་ཕྱིར་འབུད་བཏང་ཟིན་པའི་གྲྭ་ལོག་གི་འཁོར་དང་བཅས་པས་མགོན་པོ་ཀླུ་སྒྲུབ་ཕྱིར་འབུད་བཏང་བ་རེད། དེ་ནི་རྒྱ་གར་དུ་རྒྱ་གར་གྱི་གྲྭ་ལོག་གིས་དགོན་པའི་ནང་ནས་གྲྭ་པ་ཕྱིར་འབུད་བཏང་བ་ཐེངས་དང་པོ་ཡིན་ངེས་ལ། ཚེ་མཆོག་གི་གླིང་གི་སྤྲུལ་ཕྱག་གཉིས་ཁྱི་རྐུན་འོ་ཟོ་ཁ་ནས་མཐུན་ཏེ་གྲྭ་པ་ཕྱིར་འབུད་བྱས་པ་འདི་ནི་རྒྱ་གར་དུ་བོད་ཀྱི་གྲུ་ལོག་གིས་གྲྭ་པ་དགོན་པའི་ནང་ནས་ཕྱིར་འབུད་བཏང་བ་ཐེངས་དང་པོ་དེ་ཡིན་ངེས་རེད། མ་གཞི་དགོན་པ་ནི་གྲྭ་པ་འདུག་ས་རེད་མ་གཏོགས་མི་སྐྱ་འདུག་ས་མ་རེད།
བ་ཉལ་སྟངས་ལ་བལྟས་ན་བེའུ་ཤི་རོ་ཡིན་པས་བྱ་ཐབས་མ་མཆིས་སོ།།
འདིར་ཁ་ཤས་ཀྱིས་རྙོག་དྲ་དེ་༧གོང་ས་མཆོག་ལ་ཞུས་དགོས་པའི་དགོངས་ཚུལ་འདོན་གྱི་འདུག་མོད། ངས་བསམ་ཚུལ་བྱས་ན་རྙོག་དྲ་དེའི་རིགས་༧གོང་ས་མཆོག་ལ་མ་ཞུས་ན་ཡག ང་ཚོ་སོ་སོ་ལ་ཆ་ཞོག་དང་། རྙོག་དྲ་དེའི་རིགས་བྱུང་ན་མ་སྐྱིད་པ་འདུག་ཀ ༧གོང་ས་མཆོག་ལ་དེ་འདྲའི་རིགས་རྩ་ནས་མ་ཞུས་ན་ཡག་གི་རེད་བསམ། ང་ཚོའི་རྒན་རབས་པ་སྐོར་ཞིག་ཡོད། བྱས་རྗེས་ཞིག་ཡོད་ན་ང་ཡིན་ཁོ་ཡིན་གྱིས་སྔོན་ལ་རྒྱུགས་ནས་ཧབ་ཐོབ་རྒྱག རྙོག་དྲ་ཞིག་ལ་ཐུག་ན་ཕྱིར་བཀྱེད་ནས་སུས་ཀྱང་ལག་པ་མ་འཆང་པར་ལྟད་མོ་བལྟས་ནས་སྡོད། གང་ལྟར་དོན་དག་ཆེན་པོ་བྱས་ན་ཆེན་པོ་རེད། ཆུང་ཆུང་བྱས་ན་ཚེ་མཆོག་གླིང་གི་དོན་དག་འདི་གང་ཡང་མ་རེད། དེ་བས་སྤྲུལ་སྐུ་ཁོང་དང་ཕྱག་མཛོད་གཉིས་ཀྱི་ནང་མི་བསྡད་བཅུགས་ནས། དགེ་འདུན་པ་རྣམས་ཕྱིར་བཏོན་གྲྭ་ཚང་གཞན་པ་ལ་འཛུལ་ཞུགས་བྱས་ན་དེ་ག་རེད། གང་ལྟར་ངས་ཞུ་རྒྱུ་དོན་དག་རྡོག་རྡོག་དེ་ནི་རྙོག་དྲའི་རིགས་འོག་ནས་ཐག་གཅོད་གནང་དགོས་པ་ལས། ༧གོང་ས་མཆོག་གི་སྐུ་མདུན་ལ་བསྐྱལ་བསྡད་ན་ཡག་པོ་མི་འདུག་བསམ།
ཚེ་མཆོག་གླིང་དུ་བདེན་པའི་རྒྱལ་ཁ་ཤོར། །ཨ་རི་ཡུལ་ནས་དམ་ལོག་བསྟན་པ་དར། །སྙིགས་དུས་མཁན་པོས་རྫུན་གྱི་ཆོས་འཁོར་བསྐོར། །དེ་འདྲའི་དུས་ངན་ཀྱེ་མ་ཨ་ཙ་མ། །
སྙིགས་དུས་མཁན་པོ་སུ་རེད། མཁན་པོ་ཚང་མ་སྙིགས་དུས་མཁན་པོ་རེད་གསུང་ན་འགྲིག་ཐབས་ཁྱོན་ནས་ཡོད་མ་རེད་ལགས། ཁྱེད་རང་གིས་གསུང་པའི་སྙིགས་དུས་མཁན་པོ་དེའི་མཚན་གསལ་པོ་བྲིས་ན་ཡག
ཚེ་མཆོག་གླིང་དགོན་པ་ཕྱག་བཏབ་མཁན་དཀའ་ཆེན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་མཆོག་གི་མཛད་རྣམ་མདོར་ཙམ།
དམ་པ་འདི་ནི་སྤྱི་ལོ་༡༧༡༣་ལོར་གཙང་སྟོད་སྐྱིད་གྲོང་པད་ཁུད་ནང་པའི་རིགས་སུ་ཡབ་ཚངས་པ་དཀར་པོ་དང་ཡུམ་ཚེ་རིང་དཔལ་འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བདུན་པར་ཐོས་བསམ་གླིང་གི་ཆོས་རྗེ་ཚེ་བརྟན་རྣམ་རྒྱལ་གྱི་དྲུང་དུ་དབུ་སྐྲ་གཙུག་ཕུད་ཕུལ་ཏེ་མཚན་ལ་དབུ་རྒྱན་ཆོས་འཕེལ་གསོལ། ཨ་ནེས་ཀློག་བསླབས། དགུང་ལོ་བརྒྱད་པར་བཀྲས་ལྷུན་དྲུང་རབ་འབྱམས་པ་ནས་ཆོས་སྤྱོད་སྐོར་འཛིན་སྐྱོར་གནང་དུ་བཅུག དགུང་ལོ་བཅུ་བར་བཀྲས་ལྷུན་གྱི་ཆོས་སྒོར་ཞུགས། དེའི་ལོར་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དྲུང་ནས་རབ་ཏུ་བྱུང་སྟེ་མཚན་ལ་ཡེ་ཤེས་རྒྱལ་མཚན་གསོལ། དགུང་ལོ་བཅུ་བདུན་པར་གཞུང་ཆེན་བཀའ་པོད་ལྔར་གསན་བསམ་མཛད། དེ་རྗེས་སྐྱིད་གྲོང་དུ་ཕེབས་ནས་ལོ་གསུམ་རིང་སྒྲུབ་པ་ལ་བརྩོན་པར་མཛད། དགུང་ལོ་ཉི་ཤུ་བ་ལ་གྲུབ་དབང་བློ་བཟང་རྣམ་རྒྱལ་གྱི་དྲུང་ནས་བསྙེན་པར་རྫོགས། དགུང་ལོ་ཉེར་གཅིག་ལ་དབུས་སུ་ཕེབས། ཕུར་ལྕོག་བྱམས་པ་རིན་པོ་ཆེ་མཇལ་ནས་ཟབ་ཆོས་འགའ་ཞུས་ཏེ་ས་ཕུག་གཅིག་ཏུ་སྲོག་འཚོའི་འཚོ་བར་བཅས་ཏེ་ལོ་གཅིག་བཞུགས། དགུང་ལོ་ཉེར་གསུམ་པ་ལ་སྐྱིད་གྲོང་དུ་ཕེབས་ནས་གྲུབ་དབང་རིན་པོ་ཆེ་ཞི་བར་གཤེགས་པའི་དགོངས་རྫོགས་བསྒྲུབས། དགུང་ལོ་ཉེར་ལྔའི་ཐོག་དིང་རིར་ཕ་དམ་པའི་སྒྲུབ་གནས་མཁའ་འགྲོ་གསང་ཕུག་ཏུ་འཚོ་བ་ངན་ངོན་ཙམ་ལ་བརྟེན་ནས་སྔ་རྗེས་སུ་མི་ལོ་བཅུ་གཉིས་རིང་སྒྲུབ་པ་ལ་རྩེ་གཅིག་གཞོལ། དགུང་ལོ་ཞེ་བཞི་ནས་རེ་ལྔའི་བར་སྐྱིད་གྲོང་བསམ་གཏན་གླིང་དང་། དགའ་ལྡན་ཕུག་པོ་ཆེ། ཆོས་སྡིང་ཚུལ་ལྡན་གླིང་། བལ་ཡུལ་ཐང་དྷི་ཧ་ར་སོགས་ཀྱི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ནམས་གསོ་གནང་། དགུང་ལོ་རེ་གཉིས་སྐབས་སུ་རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་དང་པཎྜི་ཏའི་མཚན་གནས་བཞེས་ཤིང་ཕོ་བྲང་པོ་ཏ་ལར་བཞུགས་ནས་དགུང་གྲངས་བརྒྱད་ཅུའི་བར་སྐུའི་ཡོངས་འཛིན་མཛད། གསུང་རྩོམ་སྐོར་ལ་བླ་མ་མཆོད་པའི་ཁྲིད་ཡིག་དང་སྐྱེས་རབས་སོ་བཞིའི་རྣམ་བཤད་ཐེག་ཆེན་གསལ་བའི་སྒྲོན་མེ། ཤེར་ཕྱིན་སྟོང་ཕྲག་བརྒྱད་པ་དང་མངོན་རྟོགས་རྒྱན་སྦྱར་ཏེ་བྱང་ཆུབ་ལམ་གྱི་རིམ་པའི་གནད་རྣམས་གསལ་བར་སྟོན་པའི་ཤེར་ཕྱིན་གསལ་བའི་སྒྲོན་མེ། དམ་ཚིག་རྡོ་རྗེའི་སྒོམ་བཟླས་དངོས་གྲུབ་ཀུན་འབྱུང་། ལམ་རིམ་བླ་བརྒྱུད་རྣམ་ཐར་སོགས་མདོ་སྔགས་ཀྱི་ཆོས་དཔེ་པོད་གྲངས་བཅུ་དགུ་ཙམ་མཛད། དབུས་གཙང་གི་ཆོས་སྡེ་ཆེ་ཆུང་ཚང་མར་འདུལ་བའི་ཕྱག་ལེན་དང་ལམ་རིམ་གྱི་འཆད་ཉན་ནར་མར་བསྐྱངས། དགུང་ལོ་དོན་བདུན་སྐབས་སུ་རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་ཐུགས་རེ་ལྟར་གྲིབ་ཚེ་མཆོག་གླིང་དགོན་པ་ཕྱག་བཏབ། དགུང་ལོ་གྱ་གཅིག་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ཆུ་གླང་སྤྱི་ལོ་༡༧༩༣་ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ།།
ཉམས་གསོ་གནས་ཞེས་པར་བཅོས།
ཉམས་གསོ་གནང་ཞེས་པར་བཅོས།
བཙན་བྱོལ་བ་མིང་ཅན་ལགས། ལྟད་མོ་གང་ཡང་མི་འདུག ཁྱེད་རང་གི་བརྗོད་པ་དེ་གུང་ཁྲན་ཏང་གི་ངན་བྱོས་རེད། གུང་ཁྲན་ཏང་གིས་བོད་པའི་དགོན་པ་ཁག་ལ་དམ་དྲག་བྱེད་ཆེད་ངན་བྱོས་ཁྲབ་ཏེ། སྤྱི་བདེ་མི་སྣས་གཞང་བཙོང་མ་མཉམ་ཁྲིད་ཀྱི་དགོན་་པའི་ནང་ཡོང་ནི། རྐུན་མ་ཤོར་ལུགས་བརྗོད་དེ་གྲྭ་མང་འདུ་ཁང་དུ་འཛོམ་དུ་བཅུག ཁོང་ཚོས་གྲྭ་ཤག་བརྔོག་གཤེར་བྱས་ཏེ་མཐར་དགོན་པའི་ནང་དུ་གཞང་བཙོང་མ་འདུག་ཅེས་ཁྱབ་བསྒྲགས་བྱས་ཏེ་ཏང་གི་ངན་བྱོས་ཁྲབ་པ་ཞིག་རེད། བོད་དུ་དགོན་སྡེ་ཁག་གི་ནང་དུ་རྒྱ་མིའི་སྤྱི་བདེ་མི་སྣ་ཞེས་པ་དེ་གཏན་སྡོད་བྱས་པ་དེ་གཞང་བཙོང་མ་འགོག་པའི་ཆེད་དུ་མ་རེད། བོད་ཀྱི་ཆོས་དང་རིགས་གཞུང་རྩ་མེད་གཏོང་བས་བྱོས་ངན་རེད།
འཇམ་མགོན་ས་པཎ་གྱི་ཞལ་སྔ་ནས།
གནོད་པར་བྱེད་པའི་དགྲ་བོ་ཡང་།།
ཐབས་དང་ལྡན་ན་གྲོགས་སུ་འགྱུར།།
དུག་ཆེན་ལུས་ལ་གནོད་མོད་ཀྱི།།
སྦྱོར་བ་ཤེས་ན་སྨན་དུ་འགྱུར།།
ཞེས་དང་།
ཉམས་ཆུང་སྟེང་དུ་དཔའ་ཐལ་ན།།
ཉམ་ངའི་དབྱངས་དུ་ལྷུང་འགྱུར་སྟེ།།
ཆུ་ལ་རྐྱལ་གྱིས་དྲེགས་པའི་ཉ།།
སྐམ་སར་ལྷུང་ན་འཆི་བར་འགྱུར།།
ཞེས་གསུངས་པའི་ལུང་བསྟན་ནམ་དངོས་ཡོད་གནས་ཚུལ་གྱི་དྲིན་ལན་ལོག་འཇལ་གྱི་འབྲས་བུ་དེ་རེ་ཞིག་
མངོན་དུ་འགྱུར་བ་མིན་ནམ་སྙམ་མོ།
སྡད་ས་བྱུང་ན་བསྐྱང་ས་ཞེས་དང་།
མགོ་ཐར་པུང་འཇུག་བགྱིས་པའི་འབྲས་བུ་ཉག་ཅིག་ཡིན་པས་ལས་འབྲས་ནན་དུ་སྲུང་ན་སྡོད་ས་མ་ཤོར་ཙམ་
ཡོང་ངེས་ཡིན།
མགྲོན་པོས་སྦྱིན་བདག་ཕུད་འདོད་ཧམ་སེམས་ཀྱིས།།
གནས་སྐབས་མགྲོན་་པོ་ཉིད་ཀྱང་ཐང་སྟོང་ལུས།།
དེ་བཞིན་བཟོད་པའི་མགོ་བོ་བརྫི་དྲགས་ན།།
ཁོང་ཁྲོའི་མེ་ལྕེས་རང་གི་ལུས་ཀྱང་བསྲེགས།།
ཞེས་པ་འདི་ཡང་གདམས་ངག་མཆོག་ཏུ་གྱུར་བར་ར་ཕྲོད་བྱུང་བ་ཡིན་ནོ།
འཇམ་མགོན་ས་པཎ་གྱི་ཞལ་སྔ་ནས།
གནོད་པར་བྱེད་པའི་དགྲ་བོ་ཡང་།།
ཐབས་དང་ལྡན་ན་གྲོགས་སུ་འགྱུར།།
དུག་ཆེན་ལུས་ལ་གནོད་མོད་ཀྱི།།
སྦྱོར་བ་ཤེས་ན་སྨན་དུ་འགྱུར།།
ཞེས་དང་།
ཉམས་ཆུང་སྟེང་དུ་དཔའ་ཐལ་ན།།
ཉམ་ངའི་དབྱངས་དུ་ལྷུང་འགྱུར་སྟེ།།
ཆུ་ལ་རྐྱལ་གྱིས་དྲེགས་པའི་ཉ།།
སྐམ་སར་ལྷུང་ན་འཆི་བར་འགྱུར།།
ཞེས་གསུངས་པའི་ལུང་བསྟན་ནམ་དངོས་ཡོད་གནས་ཚུལ་གྱི་དྲིན་ལན་ལོག་འཇལ་གྱི་འབྲས་བུ་དེ་རེ་ཞིག་
མངོན་དུ་འགྱུར་བ་མིན་ནམ་སྙམ་མོ།
སྡད་ས་བྱུང་ན་བསྐྱང་ས་ཞེས་དང་།
མགོ་ཐར་པུང་འཇུག་བགྱིས་པའི་འབྲས་བུ་ཉག་ཅིག་ཡིན་པས་ལས་འབྲས་ནན་དུ་སྲུང་ན་སྡོད་ས་མ་ཤོར་ཙམ་
ཡོང་ངེས་ཡིན།
མགྲོན་པོས་སྦྱིན་བདག་ཕུད་འདོད་ཧམ་སེམས་ཀྱིས།།
གནས་སྐབས་མགྲོན་་པོ་ཉིད་ཀྱང་ཐང་སྟོང་ལུས།།
དེ་བཞིན་བཟོད་པའི་མགོ་བོ་བརྫི་དྲགས་ན།།
ཁོང་ཁྲོའི་མེ་ལྕེས་རང་གི་ལུས་ཀྱང་བསྲེགས།།
ཞེས་པ་འདི་ཡང་གདམས་ངག་མཆོག་ཏུ་གྱུར་བར་ར་ཕྲོད་བྱུང་བ་ཡིན་ནོ།
ནོར་བཅོས།
ཉམ་ངའི་གཡངས་ཞེས་དང་།
གནས་སྐབས་མགྲོན་པོ་ཉིད་ཀྱང་ཕྱི་རུ་ལུས།།
ཞེས་སོགས་སུ་བཅོས་རོགས་གནང་།
སྣྲོན་ངག་ཁྲིས།
མགྲོན་པོས་སྦྱིན་བདག་ཕུད་འདོད་ཧམ་སེམས་ཀྱིས།།
གནས་སྐབས་མགྲོན་པོ་ཉིད་ཀྱང་ཐང་སྟོང་ལུས།།
དེ་བཞིན་བཟོད་པའི་མགོ་བོ་བརྫིས་དྲགས་ན།།
ཁོང་ཁྲོའི་མེ་ལྕེས་རང་གི་ལུས་ཀྱང་བསྲེགས།།
ཞེས་པ་ལྟར་མགྲོན་པོ་ནི་གྲྭ་མང་དང་སྦྱིན་བདག་ནི་ཕྱག་མཛོད་དེ། དགོན་པའི་ནང་དུ་སྐྱེས་དམན་ཉར་བར་བརྟེན། གྲྭ་མང་གིས་སྦྱིན་བདག་ཕུད་འདོད་ཀྱིས་ཧམ་སེམས་སྐྱེས་བ་ལ་མཐར་མགྲོན་བདག་གཅིག་བུ་ཤུལ་ན་ལུས་དགོས་འདི། མེ་ལ་ཕུ་བཏབ་ཏེ་ཁ་སྤུ་ཚིག་པའི་དཔེ་རེད།
བཀྲིས་བདེ་ལེགས་ཤོག་ང་ད་ལྟ་གསར་དུ་འབྱོར་པ་ཡིན་པའི་ཁ་བརྡ་བྱེ་ཆོག་པའི་གནང་བ་ཞུ།
སྐབས་འདིའི་སྤྱི་འཐུས་རྣམས་རང་བྱོན་ཡིན་ནམ་གསུང་བྱོན་ཡིན་མི་ཤེས་འདུག་་་ཧཧ་་ཧི་ཧི་་ཧུ་ཧུ་་ཧེཧེ་་ཧོཧོ།།
གྲྭ་སའི་དགེ་འདུན་པ་མི་ཉུང་བ་ཞིག་བཀའ་བློན་པདྨ་ཆོས་འབྱོར་འགན་འཁུར་བཞེས་སའི་ལྷན་ཁང་དེར་འགྲོ་ཆོག་ཡིན་འདུག་ན་ཆ་རྐྱེན་བོད་ཡིག་དང་དབྱིན་ཡིག་གང་ཡང་མི་ཤེས་ན་ཆོག་ནི་རེད།།
གནད་དོན་དེའི་ཐོག་ལ་ཚང་མས་བློ་གཟུར་བོར་གནས་པའི་ཐོག་ནས་བསམ་ཚུལ་འདོན་དགོས། སྤྱིར་བཏང་ཚེ་གླིང་དགོན་པ་འདིའི་ཐོག་ལ་ཆ་རྒྱུས་དེ་ཙམ་མེད་ཀྱང་ང་རང་གི་ངོ་ཤེས་པ་དེ་འདྲ་རྒྱུད་ནས་གོ་ཐོས་ལྟར་ན། ནམ་རྒྱུན་ནས་ཕྱག་ཚོད་དེས་གྲྭ་མང་ལ་ལྟ་སྟངས་ཡག་པོ་མེད་པ་སོགས་བློས་འཁེལ་ཡང་དེ་ཙམ་བྱེད་ཀྱི་མི་འདུག་ཟེར་ལ་ཁོ་རང་གི་ཤག་ལ་བུ་མོ་ཉལ་ཆོག་པ་དང་གྲྭ་མང་གི་ཤག་ལ་ཉིན་མོའི་གུང་ལ་བུ་མོ་འགྲོ་མི་ཆོག་པ་དང་འགྲོ་བ་ཡིན་ན་ཉེས་པ་བཏང་བ་སོགས་གྲྭ་བ་ལ་ལྟ་སྟངས་ངན་པ་དེ་འདྲ་བྱེད་ཀྱི་ཡོད་ས་རེད། གང་ལྟར་ཕྱག་མཛོད་དེ་དང་བླ་ལོག་དེ་གཉིས་དྲང་བདེན་མེད་པའི་མི་ཞིག་ཡིནཐག་གཅོད་རེད། དེ་གཉིས་ཀྱི་སྤུད་པའི་མཉམ་ཆུང་གི་གྲྭ་བ་འདུལ་བ་འཛིན་པ་དེ་ཚོ་གྲྭ་བ་ལོག་ན་ཕངས་ཀི གང་ལྟར་ཁོ་ཚོ་གྲྭ་ཚང་སློབ་སྦྱོང་བྱེད་ས་ཡག་པོ་ཡོད་པ་ཞིག་ལ་མགྱོགས་ནས་གཏོང་ཐབས་བྱེད་དགོས།
ཚེ་མཆོག་གླིང་གི་གླེང་སློང་དེ་ཡག་པོ་མི་འདུག་ཚང་མས་ཐུགས་བསམ་བཞེས་རོགས་ཞུ། བླ་ཕྱག་གཉིས་ལ་ཡང་ཐུགས་ཁག་ཨེ་ཡོད། ཁ་ཤས་ཀྱིས་གསུང་དོན་བྱས་ན་མཁན་པོས་དགོན་པ་ཕྲོག་རྩིས་བྱེད་ཀྱི་འདུག་ཟེར་བ་གོ་སོང་དེ་ཡིན་ན་བླ་ཕྱག་ལ་ཁག་མེད། བླ་ཕྱག་གཉིས་ལ་ནག་མོ་ཡོད་པའི་རྒྱུ་མཚན་གྱིས་ཁོང་གཉིས་ཡག་པོ་མ་རེད་མ་གསུང་རོགས་ཞུ། ང་ཚོ་བོད་རྒྱུད་ནང་བསྟན་གྱི་ཆོས་ལུགས་ཀྱི་ནང་དུ་བླ་མ་ནག་མོ་འཆང་མཁན་མང་ཙམ་ཡོད། དེ་དག་མ་པིན་ཡིན་སྨྲས་ན་མི་འགྲིག་སྙམ། ད་མ་གཞི་ནས་གྲྭ་པ་དེ་རིགས་དགོན་པ་ནས་ཐོན་འགྲོ་བ་དེ་ཡག་པོ་མ་རེད་བསམ། ཕྱག་མཛོད་ཀྱིས་བུད་མེད་དང་ནག་ཆང་དགོན་ནང་དུ་ལོངས་སྤྱོད་ཀྱི་ཡོད་ན་ངོ་མ་ཡག་ནི་མ་རེད། དེ་ལ་གྲྭ་པ་དང་མཁན་པོས་ཟབ་དགོས་འདུག་ཞུ།
མཁྱེན་ཡངས་འཇིག་རྟེན་མིག་བརྒྱད་ལགས་དང་བཞེད་པ་མཐུན་པ་རྣམས་ལ།
རྫ་ཁོག་ཆག་པ་ལེགས་སོང་།།
ཁྲོ་བཟང་ལག་ཏུ་ཐེབ་བྱུང་།།
ཁྲེལ་མེད་ཧམ་བཤད་ཡག་བྱུང་།།
མཐོང་ཆོས་མྱོང་འགྱུར་སྨིན་སོང་།།
ལག་པར་ཤ་གསར་ཡོད་ན།།
ནམ་མཁར་བྱ་མང་ལོས་འཁོར།།
དགོན་པར་ཤ་ཚ་ཡོད་ན།།
ཁྲིམས་གཙང་དགེ་འདུན་འཕེལ་ཡོང་།།
ཐུགས་ཁྲལ་མི་དགོས་ལྷོད་ལྷོད་བཞུགས་པར་འཚལ་ལོ།
ཨ་ཁ་ཁ་ གྲ་མང་རྣམས་སྙིང་རེ་རྗེ། ཚེ་མཆོག་གླིང་གི་ཕྱག་མརྫོད་དང་མགོན་བདག་སྤྲུལ་སྐུའི་མིང་འཛིན་པ་གཉིས་ངན་པ་ལག་འབྲེལ་ལོས་ཡིན་ ད་དུང་ང་ལ་ཡང་སྐྱེ་དམན་ཡོད་ཞེས་ངོམ་ག་ར་ཞིག་བྱས། དངོས་གནས་སྐྱུག་བྲོ། སངས་རྒྱས་བསྟན་པའི་ཞབས་འདྲེན་རེད་ དེ་ལྟ་བུའི་མགོན་བདག་དེ་སྒང་ཏོག་དུ་ས་ཡོམ་ཁྲོད་མི་མང་ཉེས་མེད་རྣམས་ཀྱི་ཚབ་དུ་ཤི་ན་ཏག་ཏག་རེད་ སངས་རྒྱས་བསྟན་པའི་རྗེས་འཇུག་པ་དེ་ལྟ་བུའི་སྤྲུལ་སྐུ་ཉུང་ན་དགའ།།།
འདུལ་ཁྲིམས་དང་འགལ་ན་བླ་མ་དང་མཁན་པོ་སུ་ཡིན་རུང་དགོན་པ་ནས་ཁ་བྲལ་དགོས་པ་ཆོས་ཉིད་ཡིན།་་་འདུལ་ཁྲིམས་དང་འགལ་བའི་བླ་མ་དང་ཕྱག་མཛོད་སུ་ཞིག་དགོན་པར་དབང་ཆ་བཟུང་ནས་བསྡད་པ་བོད་ཀྱི་ལོ་རྒྱུས་ནང་ཡོད་དམ།་་་་ཕལ་ཆེར་ཚེ་མཆོག་གླིང་གི་བླ་ཕྱག་ཁོང་གཉིས་མ་གཏོགས་ཡོད་ཀྱི་མ་རེད།
གོ་ཐོས་བྱུང་བ་ཚང་མ་ཡག་པོ་མི་འདུག་མིག་སྔོན་བསྟས་ན་བླ་ཕྱག་ནོར་བ་འདྲ་བོ་རེད་དེ་ཡིན་ཡང་ཞིབ་པར་ཤེས་ན་དེ་ལས་་ལྡོག་ཕྱོག་ཞིག་ཡུང་སྲིད་ གྲྭ་དེ་དག་ག་གིས་ཕྱོག་གིས་གྲ་བ་རེད་བླ་ཕྱག་དེ་ཚོ་ཕ་ཡུལ་ག་ནས་རེད་ ་བོད་ནས་ཡང་མཁན་བླ་རྒན་དེ་ཚོ་དགོན་པ་བརྒྱབ་འཇུག་མ་ས་མཚམ་གྱིས་གྲྭ་བའི་ནང་དེ་ཚོས་་འཕྲོག་བའི་ལོ་རྒྱུས་མང་དག་ཡོད་ བཀའ་ལུ་རིན་པོ་ཆེ་ བྱ་བྲལ་རིན་པོ་ མཁན་པོ་ཐུ་བསྟན་ ལ་སོག་དང ་སྔོན་མ་ཞི་ཆ྄ེན་དགོན་ཤར་བ་གྲྭ་བ་དང་མཁན་པོ་ཚོ་ཁག་བསྒྲིག་ནས་བོད་ནས་ཡོང་བའི་སྤྲུལ་སྐུ་ཞིག་བ་ཡུལ་གཙོན་ཁང་ནང་ལ་བཅུག་པ་རེད་ མཁྱེན་རྩེ་རིན་པོས་རྒོར་མོ་འབུམ་྄ཁྲག་མང་པོས་སྤྲུལ་སྐུ་བསླུ་དགོས་ཐུག་པ་རེད་དེ་ནས་བཟུང་ཤར་པའི་གྲྭ་གཅིག་མ་བཞག་ནས་ཕུད་པ་རེད་ད་སོང་ཡང་ཤར་པ་གྲྭ་བཞག་གི་མི་འདུག་ སྔོན་མ་མཁན་པོ་ཟླ་ཟེར་དང་མཁན་ོཔ་རྩོན་འགྲུས་སོག་འགའ་ཡིས་གསུང་ཐོས་ལ་ས་མཚམ་གྱིས་མི་འདི་ཚོ་གཡོག་པོ་བཀོས་ན་ཡག་པོ་ཡོད་དཔོནཔོ་་བྱེད་ལོ་ཞིག་མི་འདུག་གསུང་ དགོང་དག་་མི་རིག་གི་གཡེ་ཕྱེ་མ་ཡིན་གོ་ཐོས་བཤད་པ་ཡིན་
ད་བར་ཚེ་མཆོག་གླིང་ནས་དྲང་བདེན་ཐག་གཅོད་ཡིན་མིན་འཐད་གླེང་སློང་མང་པོ་ཞིག་འདུག་པས། དེ་ཐོག་ཞུ་ཡ་གང་ཡང་མེད་རུང་། དགོན་པའི་མཁན་པོ་ཕྱིར་འབུད་གནང་བ་ནི་༧གོང་ས་མཆོག་ལའང་བརྩི་མེད་གཏོང་བ་ཞིག་རེད། མཁན་པོར་༧གོང་ས་མཆོག་ནས་ཕྱག་རྟགས་ཕེབས་ཡོད་པ་གོ་ཐོས་བྱུང་། དེའི་གོ་དོན་ནི་ཁོང་དགོན་པ་འདིའི་མཁན་པོ་འོས་ཞེས་པའི་དོན་མིན་ནམ། ཕྱིར་འབུད་མ་གནང་གོང་རྒྱལ་དབང་མཆོག་ལ་བཀའ་འདྲི་དང་དགོངས་སྐོར་ངེས་པར་ཞུས་དགོས་པ་མིན་ནམ། ཕྱག་རྟགས་ཞུ་དགོས་པའི་ལམ་ལུགས་ཤེས་ནས་འདིར་གུས་བརྩི་ཞུ་ལུགས་མ་ཤེས་པ་ནི་མིང་ཙམ་གི་དོན་གཉེར་བ་ཡིན་པ་གསལ་པོ་རེད། དོན་ངོ་མ་སུ་ཕྱིར་འབུད་གཏོང་མིན་བསམ་དགོས་པ་འདུག ད་ལྟ་༧གོང་ས་མཆོག་སྲིད་དབང་གི་འགན་བཞེས་མ་གནང་རུང་། ཆོས་ཕྱོགས་ཀྱི་དབུ་ཁྲིད་ཡིན་པར་ཚང་མའི་བསམ་པ་གཅིག་མཐུན་ཐོག་གནས་ཡོད་། དེ་ནས་ཕྱིར་འབུད་མེད་པ་ཞེས་ཚེ་གླིག་བླ་ཕྱག་གཉིས་ལ་ལག་གཉིས་ཐལ་སྦྱར་གྱི་གསོལ་འདེབས་ཡང་ཡང་ཞུ་ཡི་ཡོད།
དོན་དག་འདི་འདྲའི་བར་ལ་༸གོང་ས་མཆོག་ཡོང་དགོས་ཟེར་བ་འདི་སྨྱོན་པའི་ལབ་བརྡོལ་མིན་འགྲོ། གྲྭ་བ་དེ་དག་ཀྱང་དེ་འདྲའི་བླ་མ་དཀོན་མཆོག་ཅིག་ཡིན་ན་མཁན་པོ་དང་མཉམ་དུ་སེར་རར་སོང་ཏག་ཏག་མ་རེད་པས། གོ་ཐོས་ལ་མཁན་པོ་དེས་ཀྱང་དབང་བསྒྱུར་གྱི་ལུགས་སྲོལ་ཞིག་ལ་དམིགས་ཡོད་རབས་འདུག་ག། དེ་འདྲ་བྱས་ན་ཁྱི་བདག་པོས་མ་བཀག་མགྲོན་པོས། གཏམ་པ་བས་མ་བཏང་ཨ་མས་ཟེར་བ་དང་གཅིག་མཚུངས་ཆགས་སོང་བ་རེད། སོ་སོས་ཞིབ་འདང་ཞིག་རྒྱོབས་དང་། སེར་ར་ནས་ཡོང་བའི་མཁན་པོ་རང་ཉིད་ཀྱིས་ཤག་ཚང་གཡར་ཡོད་པའི་དབང་དུ་བྱས་ཏེ་བསམ་བློ་ཐོངས་དང་། ནམ་ཞིག་མཁན་པོས་ཁྱོད་ཀྱིས་འདྲ་མི་འདྲ་བཅོ་བརྒྱད་བྱེད་ཀྱི་འདུག་མདོག་མདོག་བྱས་ནས་ཁྱོད་ཁང་པའི་ནང་ནས་སྤུས་རྩིས་བྱེད་ན་ཁྱོད་ཀྱིས་ལེགས་སོ་ཞེས་འགྲོ་རྒྱུ་ཡིན་ནམ། ཁྲིམས་ལུགས་ཀྱི་སྒང་ནས་ཐག་གཅོད་བྱེད་ཀྱི་ཡིན། ལན་ཞིག་གསུངས་དང་།
ང་དུར་ཁྲོད་ལགས། ངས་ཟེར་བ་ནི། མཁན་པོ་བདེན་པ་དང་ཕྱག་མཛོད་མ་བདེན་པའི་སྐད་ཆ་མ་རེད། མཁན་པོར་ཕྱག་རྟགས་གནང་ཡོད་ན་གཞུང་འབྲེལ་མི་སྣ་རེད། དེ་ངེས་པར་སྔར་སྲོལ་འགྲོ་ལུགས་དགོས་པ་ཞིག་གི་ཐོག་ནས་ཞུས་པ་ཡིན། གཞུང་ནས་མཁན་པོའི་ཆོས་གོས་ལེན་ནས་གནས་དབྱུང་གཏོང་བ་དེ་འདྲ་སྔར་ཕན་བྱུང་མྱོང་ཡོད། མཁན་པོ་ཚང་མ་འགྲིག་པ་རེད་ཟེར་ཁན་མེད་ལ་ཡོང་སྲིད་པ་ཞིག་ཀྱང་མ་རེད། ཡང་ཁྱེད་ནས་ད་ཆ་གཞུང་འགྱུར་བ་སོང་ཟིན་པ་རེད་ཟེར་ན། རེད་དེ་༧གོང་ས་མཆོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཡིན་གཙང་འགྲོ་ལུགས་གང་གནང་ན་བཟང་ངམ། འོ་ཡ་དོན་དག་དེ་རེད།
སྔགས་པ་དང་ཁྱིམ་པ་མི་སྐྱ་གཉིས་ལ་མུ་བཞི་ཡོད་དེ།
༡༽གཉིས་ཀ་ཡིན་པའི་མུ་ནི། རྩ་བ་བཞི་པོ་གང་རུང་དང་འགལ་ནའང་་རིམ་གཉིས་སམ་གསང་སྔགས་རྒྱུད་སྡེ་
བཞི་པོ་གང་རུང་ཉམས་སུ་ལེན་བཞིན་པའི་ཁྲིམས་འཆལ་གྱི་བེན་དེ་ལྟ་བུ།
༢༽སྔགས་པ་ཡིན་ལ་མི་སྐྱ་མིན་པའི་མུ་ནི། རྩ་གྷབ་བཞི་པོ་གང་རུང་ལས་མ་འགལ་བའི་རྒྱུད་གྲཱ་རབ་བྱུང་མཚན་ཉིད་པ་ལྟ་བུ།
༣༽མི་སྐྱ་ཡིན་ལ་སྔགས་པ་མ་ཡིན་པ་ནི།
རིམ་གཉིས་ཀྱི་རྣལ་འབྱོར་སོགས་གསང་སྔགས་གང་གི་ཡང་སྣོད་དུ་མི་རུང་བའི་དྲཱ་གྲོགས་སེར་མིན་སྐྱ་བོ་
ལྟ་བུ།
༤༽གཉིས་ཀ་མ་ཡིན་པ་དྲང་བདེན་གྱི་ཐག་གཅོད་ལྟ་བུ་བཅས་སོ།
དགོན་པ་ལོས་ཡིན། ཐ་ན་རྒྱ་གར་གྱི་གྲོང་ཁྱེར་ཁག་ཏུའང་ Non smoking zone ཡོད་པ་རེད། བུད་མེད་ཁྲིད་མིན་དང་ཐ་མ་འཐེན་མིན་རང་དབང་ཡིན་པ་བདེན་པ་རེད། འོན་ཀྱང་ཐ་མ་འཐེན་ས་དང་བུད་མེད་ཁྲིད་ས་རང་དབང་མ་རེད། ཐ་མ་འཐེན་མ་ཆོག་ས་དང་། བུད་མེད་ཁྲིད་མི་ཆོག་མང་པོ་རེད། དགན་པོ་ཕར་ཟད་ཐ་ན་རྒྱ་མཚོ་འགྲམ་ནས་བུད་མེད་ལ་རྒྱོ་ནས་ཁྲིམས་ཆད་ཕོག་པའི་གནས་ཚུལ་ཁ་ཤས་ཀློག་མྱོང་། དེའི་ཕྱིར་དགོན་པ་ནས་ཐ་མ་འཐེནཔ་དང་། བུད་མེད་རྒྱོ་ན་ཁྲིམས་འགལ་རེད། བུད་མེད་དེ་ཚོ་ཡང་ཕྱག་མཛོད་ལ་བརྩེ་བ་ཡོད་ནས་མ་རེད། ཕྱག་མཛོད་ཀྱི་ལག་གི་དགོན་པའི་དངུལ་ལ་ལྟོས་ནས་ཡོང་བ་རེད། དེའི་ཕྱིར་ཕྱག་མཛོད་ཀྱིས་དགོན་པ་བཤང་བཙོང་ཁང་དུ་བསྒྱུར་བ་རེད། དེའི་ཕྱིར་ད་ནས་ཚེ་མཆོག་གླིང་བཤང་བཙོང་ཁང་ཞིག་ལས་ནང་བའི་དགོན་པ་ཞིག་ཏུ་ངོས་འཛིན་ཐབས་མི་འདུག བཤང་བཙོང་ཁང་དེའི་ཚོང་གཉེར་དགོན་བདག་བླ་མ་དང་ཕྱག་མཛོད་དེ་གཉིས་རེད།
དེ་སྔ།
གྲིབ་ལ་ཚེ་མཆོག་གླིང་ལ།
སྐད་ཆ་སྙན་པོ་མི་འདུག
རི་བོང་སྒོའ་ཙེ་གྱོན་པ།
ཆུ་ཐོག་བརྒྱུད་ནས་བྲོས་སོང་།
ད་ཆ།
རྡ་ས་ཚེ་མཆོག་གླིང་ལ།
སྐད་ཆ་སྙན་པོ་མི་འདུག
ཕྱག་མཛོད་གོས་ཐུང་གྱོན་པ།
དགོན་པ་བཅོམ་ནས་བཞུགས་ཤག
སྔར་གྱི་དུས་སུ་འབྲོམ་སྟོན་རྒྱལ་བའི་དབང་། །
བསླབ་གསུམ་བང་མཛོད་འཛིན་ཅིང་ར་སྒྲེང་བཞུགས།།
དེང་གི་དུས་སུ་སྔགས་འཆང་བླ་ཕྱག་ཟུང་།།
ཁྱིམ་པའི་བརྟུལ་ཞུགས་འཛིན་ཅིང་རི་ཁྲོད་བཞུགས།།
དོན་དུ་དགོན་པ་ཞེས་པ་ནི་གྲོང་དང་མ་འདྲེས་པའི་ཐག་རིང་དབེན་པའི་ས་གནས་ཞིག་གི་མིང་ཡིན་པ་ལས་
འདུལ་འཛིན་འབའ་ཞིག་གི་བཞུགས་གནས་དང་རབ་བྱུང་གི་རྟགས་ཙམ་འཆང་བའི་སྟི་གནས་ཤིག་ཨེ་ཡིན་ནམ་སྙམ་མོ།