སྤོབས་པ་མཐའ་ཡས།
ད་ལོའི་བོད་ནང་དུ་ཞི་རྒོལ་བྱུང་བར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་སྐབས་རྒྱ་མིའི་ཤེས་ཡོན་ཅན་དང་ཁྲིམས་རྩོད་པ་སུམ་ཅུ་ལྷག་ཅིག་གིས་བོད་མི་ལ་རྒྱབ་སྐྱོར་བྱེད་དགོས་ཚུལ་རྒྱ་ནག་གཞུང་ལ་སྙན་ཞུ་ཕུལ་སྐད་འདུག། དེ་གནད་ཆེན་པོ་རེད་སྙམ་བྱུང་ཡང་གནས་ཚུལ་གསལ་པོ་ཞིག་གོ་མ་བྱུང༌། ཁྱེད་རྣམ་པ་ཚོས་དེའི་སྐོར་གསལ་པོ་རེ་གོ་བྱུང་ངམ། རྒྱ་མི་སུ་དང་སུ་ཡོད། དེ་ཚོ་མི་སྣ་གནད་ཆེ་ཆུང་ག་འདྲ་ཡིན་ནམ། སྙན་ཞུ་ཇི་འདྲ་ཞིག་ཕུལ་བ་ཡིན་ནམ། རྒྱ་ནག་གཞུང་གིས་དེ་ལ་ཡ་ལན་འདྲ་བྱས་ཨེ་ཡོད། རྒྱ་ནག་རང་གིས་མི་དམངས་ཚོས་དེའི་སྐོར་ལ་ལྟ་སྟངས་ག་འདྲ་ཡོད་དམ། མདོར་ན་སྙན་ཞུ་དེས་ཤུགས་རྐྱེན་གང་འདྲ་ཞིག་ཐོན་ཐོན་དམ། དྲྭ་གྲོགས་རྣམས་པ་ཚོས་འདིའི་སྐོར་རེ་གསུངས་རྒྱུ་ཡོད་ན་གསུངས་རོགས། ངས་སྐོམ་པ་ཆུ་འདོད་བཞིན་ཤེས་འདོད་ཆེ།
དེ་བདེན་པ་རེད། ཡིན་ན་ཡང་ནུས་པ་ཅང་ཐོན་ཨེ་ཡོད། ཁོ་རང་ཚོ་ཡང་གཞུང་གི་ལྟ་རྟོགས་འོག་ཚུད་པ་རེད། གཉིས་ལ་ད་རུང་ལས་ཀ་ཤོར་རྒྱུའི་ཉེན་ཁ་ཡོད་ཚུལ་གོ། དེ་མིན་ད་རུང་ཞི་རྒོལ་གྱི་རྗེས་ཙམ་ལ་རྔ་བ་ཁུལ་དུ་ཡང་ཁྲིམས་རྩོད་པ་ཚང་མ་ཚོགས་འདུར་བསྐོངས་ནས་ཉེན་བརྡ་བཏང་ཚུལ་ཟེར།
གཞན་ china daily ནང་། བུན་ཇ་པོི་པེ་ཅིང་དུ་ཡོད་པའི་ཁྲིམས་ཀྱི་སློབ་གྲ་ཆེན་མོ་ཞིག་ནང་ཕྱིན་ནས་མ་འོངས་པར་ཁྲིམས་བཟོ་བར་རྒྱལ་གཅེས་ཀྱི་བསམ་བློ་ཡོད་དགོས་པའི་གཏམ་བཤད་བྱས་འདུག
རྒྱ་ནག་གི་སློབ་ཕྲུག་ཐེ་བའི་མི་དམངས་ཀྱི་བསམ་བློ་གོ་རྟོགས་དེ་ད་དུང་ཧ་ཅང་ཐབས་སྐྱོ་པོ་རེད་འདུག། བོད་འདི་ཁོ་ཚོའི་འོག་ལ་ཉར་ཐུབ་ན་ཁོ་ཚོར་ཕན་ཐོགས་གཙོ་བོ་གང་ཞིག་ཡོང་རྒྱུ་རེད་སྙམ་པ་ཡིན་ནམ། རྒྱ་མི་ཧ་ཅང་ཉུང་ཤས་ཤིག་མ་གཏོགས་བསམ་པའི་ནང་ལ་དངུལ་བསག་རྒྱུ་མ་གཏོགས་གང་ཡང་མེད་པ་འདྲ། འདི་ཁོང་ཚོའི་རིག་གཞུང་ཞིག་གི་མ་འགྲིགས་པ་ཡིན་ནམ། ཁྱེད་རང་ལ་དེའི་སྐོར་ལ་གསུངས་རྒྱུ་འདྲ་ཅང་ཡོད་དམ།