ཀླུ་སྨྱོན།
—གྲོགས་པོ་ཞིག་གི་ཆུང་མ་གྲོངས་དུས།
ཁྱེད་ཚང་གི་ནང་སྒོའི་ཁ་གཏད་དེར་ཡོད་པའི་ནང་མི་མཉམ་འཛོམས་ཀྱི་འདྲ་པར་དེ་ལས།
འཇིག་རྟེན་ན་བརྩེ་དུང་ཟེར་བའི་མི་དང་མི་མཉམ་དུ་སྦྱོར་སྤྱད་ཅིག་ཡོད་པས།
དེ་རིང་བར་དུ་ཁྱིམ་ཚང་ཞིག་ལ་དགོད་སྒྲ་འཁྱིལ་ཞིང་།
ས་སྟེང་ན་འདང་བརྩེ་ཟེར་བའི་མི་དང་མི་ལྷན་དུ་འགྲོག་སྤྱད་ཅིག་འདུག་པས།
དེ་རིང་བར་དུ་ནང་མི་ཞིག་ལ་བདེ་སྐྱིད་ལྡན་པ་མཐོང་ཐུབ།
ཡིན་ཡང་།
གནམ་སྔོན་པོའི་དཀྱིལ་ནས་ཐོག་བརྒྱབ་པ་ལྟར།
ཁྱེད་ཀྱི་ཆུང་མ་ནད་ཀྱིས་ཟིན་སོང་།
ས་དོག་མོར་སེར་ག་གས་པ་བཞིན།
ཁྱེད་ཀྱི་སེམས་ལ་མུན་པ་འཁྱིལ་སོང་།
འཆི་བདག་ཟེར་བའི་གདུག་རྩུབ་ཅན་དེ་དང་དེའི་མིག་སྔུན་དུ།
བརྩེ་བའི་བྱིས་པ་ཅན་གྱི་ཨ་མ་དང་།
བྱམས་པའི་ཨ་མ་ཅན་གྱི་བྱིས་པའི་དབྱེ་བ་མེད་པར།
དུག་ཁུ་བྱུགས་པའི་ཞགས་ནག་དེ་སུ་ལ་བཏབ་ན་དེ་རང་ཟིན་འགྲོ་ཞིང་།
ཟློག་ཏུ་མེད་པའི་ཆོས་ཉིད་ཀྱི་གདམ་གསེས་ཤིག་གིས།
ཁྱེད་ཀྱི་ལང་ཚོའི་མེ་ཏོག་ལྡེམ་པའི་སྙིང་གྲོགས་དེ།
ཟླ་བ་གཅིག་གི་རིང་ལ་ཉལ་སར་ལྷུང་སོང་།
བདུན་ཕྲག་གཅིག་གི་སྔོན་དེར།
ངས་མིག་ཆུ་ཁོག་ཏུ་མིད་བཞིན་ཉལ་སར་ལྷུང་བའི་ཁྱེད་ཀྱི་ཆུང་མའི་མགོ་རུ་བྱུགས་བྱུགས་ཤིག་བྱེད་ཞོར།
སེམས་ཁྲལ་མ་བྱེད་དང་ཁྱེད་རང་དྲགས་འགྲོ་གི་རེད་ཅེས།
བརྗོད་པར་དཀའ་བའི་སེམས་གསོ་ཐེངས་ཤིག་བྱེད་དུས།
མོའི་མིག་ལས་མཆི་མ་ཁྲུམ་ཁྲུམ་དུ་བཞུར་བཞིན་ཐུགས་རྗེ་ཆེ་ཟེར།
སྒྱུ་ལུས་འདི་འཇིག་པའི་ཆོས་སུ་གྲུབ་ཅིང་།
མི་ཚེ་འདིར་སྐྱིད་སྡུག་རེས་ཀྱིས་འཁོར་དུས།
ང་ཚོ་ཚང་མ་བྱ་སྤུ་རླུང་ཁྱེར་བཞིན།
ང་ཚོ་ཚང་མ་སྟོན་ལོ་འཁྱམ་པོ་བཞིན།
རྒྱང་རིང་ནས་འོངས་ཤིང་རྒྱང་རིང་དུ་བཞུད་འགྲོ་བའི་མགྲོན་པོ་ཞིག་གི་བསྡུས་གཟུགས་ལས།
དུས་ནམ་ཡང་སོར་གང་ཡང་གཟུར་ཐབས་མི་འདུག་ཨང་།
དོ་དགོང་མོའི་གཟུགས་གཞི་དྲོད་ཀྱིས་བཏང་ཞིང་ཁ་སྣ་གྱེན་དུ་བརྫེས།
དབང་པོའི་ཚོར་བ་མཐའ་དག་གཏིང་ནས་གཏིང་དུ་བྱིངས་ཤིང་།
སྙིང་ག་གཅིག་པོ་ན་དྲོད་རྟ་རྔ་ཙམ་ཞིག་ལུས་ཡོད་ཨང་།
ཡ་ཆུང་ན་ཞེན་ཆགས་རི་རབ་ཙམ་ཞིག་ལུས་ཡོད་ཨང་།
འདི་ལྟར་སྙིང་ཉེ་བའི་མཛའ་མོ་དེ་ལམ་ལ་ཆས་དུས།
འདི་ལྟར་གསར་རྒོད་ཅིག་ཕོ་ཡུགས་སུ་གྱར་དུས།
འདི་ལྟར་བྱིས་པ་གཉིས་དྭ་ཕྲུག་ཏུ་ལུས་དུས།
འདི་ལྟར་ཁྱིམ་ཚང་ཞིག་དྲོད་ཀྱིས་སྟོངས་དུས།
འདི་ལྟར་སྐར་མདའ་ཞིག་མུན་ཁྲོད་དུ་ཡལ་དུས།
ངས་བཟང་སྤྱོད་སྨོན་ལམ་ཞིག་གི་སྐྱེལ་མ་ཞུ་བ་ཙམ་ལས།
ཆོས་དང་ཆོས་ཉིད་ཀྱི་གོ་རིམ་འདིར་ཅི་ཞིག་བརྗོད་ནུས་ཨང་།
འཇིག་རྟེན་འདིར་ཨ་མ་མེད་པའི་བྱིས་པ་ཅི་ཙམ་ཞིག་ཡོད་དམ།
ས་སྟེང་འདིར་མཛའ་མོར་བྲལ་བའི་ཕོ་སྐྱེས་ག་ཚོད་ཅིག་ཡོད་དམ།
འཛམ་གླིང་འདིར་དགོད་སྒྲ་དབེན་པའི་ཁྱིམ་ཚང་ཡང་གྲངས་མེད་ཅིག་ལོས་ཡོད།
སེམས་ཁྲལ་ཆེན་པོ་ཞིག་མ་བྱེད་རོགས། གྲོགས་པོ།
ད་ནི་ཤི་བོའི་རྗེས་ཀྱི་གསོན་པོ་ཁྱེད་ཡིན་པས།
བྱིས་པ་གཉིས་ལ་བདག་སྐྱོང་ལེགས་པོ་ཞིག་བྱེད་བཞིན།
སྐྱེས་ཕོ་རབས་ཤིག་གི་རྣམ་ཐར་མུ་མཐུད་དུ་སྐྱོངས་རོགས།
ངས་འདི་ནས་དཀོན་མཆོག་ལ་གསོལ་བ་བཏབ་སྟེ།
ཁྱེད་ཀྱི་སྙིང་གི་མཛའ་མོའི་རྣམ་ཤེས་ལ་ལམ་སྟོན་རེ་གནང་བའི་སྐྱབས་འཇུག་ཅིག་ཞུ་གི་ཡིན་ལ།
རྒྱང་རིང་གི་དག་པའི་ཞིང་ན་བཞུགས་པའི་སངས་རྒྱས་དང་བྱང་སེམས་ཀྱི་ཚོགས་ཀྱིས།
བར་དོའི་སེམས་ཅན་ལ་མུན་སེལ་གྱི་སྒྲོན་མེ་རེ་རེ་སྦར་ནས་བཞུགས་ཡོད་པས།
ཁྱེད་ཀྱི་གཤིན་པོ་དེ་ཡང་ལས་ངན་ནང་གི་ལས་ཅན་ཞིག་རེད་ལགས།
ང་ཚོ་ལ་འདི་ལྟ་བུའི་ཡིད་ཆེས་དང་དད་སེམས་ཤིག་ཡོད་པས།
ང་ཚོའི་སྐྱེ་བ་རྗེས་མ་དག་ཏུ་འཁོར་བའི་སྡུག་བསྔལ་ལས་ཐར་ཐུབ་པའི་གདེང་ཚོད་ཅིག་ཡོད་ན།
ཞག་བཞི་ཅུ་ཞེ་དགུའི་རྗེས་སུ།
སྔར་བཞིན་གདོང་གི་དྲེགས་པ་བཀྲུས་ཏེ་འཇིག་རྟེན་གྱི་འཚོ་བ་ཞིག་གི་རྒྱུན་སྐྱོང་དགོས་ལ།
ལོ་གཅིག་གཉིས་ཀྱི་རྗེས་སུ།
སྔར་བཞིན་སེམས་ཀྱི་སྡུག་བསྔལ་སྤྲུགས་ཏེ་ཁྱིམ་གཞི་དྲོན་མོ་ཞིག་གི་སྟ་གོན་བྱེད་རོགས།
ཟང་ཟིང་འཚོ་བ་ཡིད་ལ་བརྣགས་ནས་འཆི་བ་ཟེར་བ་ཡེ་ནས་་མ་དྲན།།
གཡས་དང་གཡོན་ནས་གཅིག་འགྲོ་གཉིས་འགྲོ་ང་ཡང་ཉིན་ཞིག་འགྲོ་རྒྱུ་ལོས་ཡིན།།
ཚུར་འོང་ཡམ་ཡུམ་བྱམས་བརྩེའི་བསུ་མར་ཕར་འགྲོ་བུ་ཚའི་མིག་ཆུའི་སྐྱེལ་མ།།
འགྲོ་སྐྱེལ་ས་མཚམས་ཁད་ཀྱིས་ཆོད་དུས་་བསུ་མཁན་གཞན་དེ་སུ་ཞིག་ཡིན་ནམ།།
ངོ་མ་་་འཁོར་བའི་ཆོས་ཉིད་ལ་བསམ་བློ་མི་གཏོང་མཁན་ཚོར་འདི་ལྟའི་གློ་བུར་ཐོག་རྒྱག་གི་མི་རྟག་པ་སླེབས་དུས་སྡོད་མི་ཚུགས་པའི་སྡུག་བསྔལ་གྱིས་ནོན་བཞིན་ཡོད་ཀྱང་།་་་་་༸གོང་ས་མཆོག་གི་བཀའ་སློབ་འཆི་བ་ནི་གྱོན་གོས་བརྗེས་པ་ལྟ་བུ་ཡིན་གསུངས་པ་དྲན་ན་ཅུང་ཟད་ཕན་ཐོགས་རེ་ཡོད་པར་སྙམ།་་་་་་གང་ལྟར་ཁྱོད་ཀྱིས་ཆོས་ཉིད་ཀྱི་བརྒྱུད་རིམ་ཆོས་ཉིད་དུ་མཐོང་བར་གསལ་བོར་སྤེལ་པར་ཐུགས་རྗེ་ཆེ།
འཁོར་བའི་ཆོས་ཉིད་འདི་ལྟར་གློ་བུར་ཐོག་རྒྱག་ངང་སླེབས་ན།་་་༸གོང་ས་མཆོག་གི་བཀའ་སློབ་འཆི་བ་ནི་གྱོན་གོས་བརྗེས་པ་ལྟ་བུ་ཡིན་གསུངས་པ་དྲན་ན་ཅུང་ཟད་རེ་ཕན་སྙམ།
གང་ལྟར་ཆོས་ཉིད་ཀྱི་བརྒྱུད་རིམ་གསལ་བོར་བསྟན་པའི་གནས་ཚུལ་འདི་ལྟར་སྤེལ་བར་དགའ་བསུ་ཞུ།
ཨ་ར་དཀར་པོར་ཆག་ན་ལྡོག་མེད་འདི་དག་མཚན་མ་འབྱུང་། །
ལུས་སྒུར་རྐང་འཁྱོག་ཤ་རེད་སོ་ཟད་ཆོག་ལབ་རྒྱུན་མི་ཆད། །
སེམས་ཆུང་གཉིད་ཆུང་ཤེད་ཆུང་བཟོད་ཆུང་བོང་ཆུང་འཇུ་ཡང་ཆུང་། །
ཞེན་ཆེ་རླུང་ཆེ་བྱིང་ཆེ་ཤུ་ཆེ་མཉེར་ཆེ་ཉོན་མོངས་ཆེ། །
ཨ་ར་དཀར་པོར་ཆག་ན་ལྡོག་མེད་འདི་དག་མཚན་མ་འབྱུང་། །
ལུས་སྒུར་རྐང་འཁྱོག་ཤ་རེད་སོ་ཟད་ཆིག་ལབ་རྒྱུན་མི་ཆད། །
སེམས་ཆུང་གཉིད་ཆུང་ཤེད་ཆུང་བཟོད་ཆུང་བོང་ཆུང་འཇུ་ཡང་ཆུང་། །
ཞེན་ཆེ་རླུང་ཆེ་བྱིང་ཆེ་ཤུ་ཆེ་མཉེར་ཆེ་ཉོན་མོངས་ཆེ། །
སེམས་ལ་སྡུག་རྒྱུ་ཞིག་ཐོན་དང་ད། འདི་དང་འདི་ལྟ་བུའི་གནས་ཚུལ་འདི་འཇིག་རྟེན་འདི་ན་ཇི་འདྲའི་མང་བོ་ཞིག་ཡོད་ཨང་།
ཀླུ་སྨྱོན།
—གྲོགས་པོ་ཞིག་གི་ཆུང་མ་གྲོངས་དུས།
ཁྱེད་ཚང་གི་ནང་སྒོའི་ཁ་གཏད་དེར་ཡོད་པའི་ནང་མི་མཉམ་འཛོམས་ཀྱི་འདྲ་པར་དེ་ལས། འཇིག་རྟེན་ན་བརྩེ་དུང་ཟེར་བའི་མི་དང་མི་མཉམ་དུ་སྦྱོར་སྤྱད་ཅིག་ཡོད་པས། དེ་རིང་བར་དུ་ཁྱིམ་ཚང་ཞིག་ལ་དགོད་སྒྲ་འཁྱིལ་ཞིང་ས་སྟེང་ན་འདང་བརྩེ་ཟེར་བའི་མི་དང་མི་ལྷན་དུ་འགྲོག་སྤྱད་ཅིག་འདུག་པས། དེ་རིང་བར་དུ་ནང་མི་ཞིག་ལ་བདེ་སྐྱིད་ལྡན་པ་མཐོང་ཐུབ། ཡིན་ཡང་། གནམ་སྔོན་པོའི་དཀྱིལ་ནས་ཐོག་བརྒྱབ་པ་ལྟར་ཁྱེད་ཀྱི་ཆུང་མ་ནད་ཀྱིས་ཟིན་སོང་། ས་དོག་མོར་སེར་ག་གས་པ་བཞིན་ཁྱེད་ཀྱི་སེམས་ལ་མུན་པ་འཁྱིལ་སོང་། འཆི་བདག་ཟེར་བའི་གདུག་རྩུབ་ཅན་དེ་དང་དེའི་མིག་སྔུན་དུ་བརྩེ་བའི་བྱིས་པ་ཅན་གྱི་ཨ་མ་དང་། བྱམས་པའི་ཨ་མ་ཅན་གྱི་བྱིས་པའི་དབྱེ་བ་མེད་པར། དུག་ཁུ་བྱུགས་པའི་ཞགས་ནག་དེ་སུ་ལ་བཏབ་ན་དེ་རང་ཟིན་འགྲོ་ཞིང་། ཟློག་ཏུ་མེད་པའི་ཆོས་ཉིད་ཀྱི་གདམ་གསེས་ཤིག་གིས་ཁྱེད་ཀྱི་ལང་ཚོའི་མེ་ཏོག་ལྡེམ་པའི་སྙིང་གྲོགས་དེ་ཟླ་བ་གཅིག་གི་རིང་ལ་ཉལ་སར་ལྷུང་སོང་། བདུན་ཕྲག་གཅིག་གི་སྔོན་དེར་ངས་མིག་ཆུ་ཁོག་ཏུ་མིད་བཞིན་ཉལ་སར་ལྷུང་བའི་ཁྱེད་ཀྱི་ཆུང་མའི་མགོ་རུ་བྱུགས་བྱུགས་ཤིག་བྱེད་ཞོར་སེམས་ཁྲལ་མ་བྱེད་དང་ཁྱེད་རང་དྲགས་འགྲོ་གི་རེད་ཅེས་བརྗོད་པར་དཀའ་བའི་སེམས་གསོ་ཐེངས་ཤིག་བྱེད་དུས། མོའི་མིག་ལས་མཆི་མ་ཁྲུམ་ཁྲུམ་དུ་བཞུར་བཞིན་ཐུགས་རྗེ་ཆེ་ཟེར། སྒྱུ་ལུས་འདི་འཇིག་པའི་ཆོས་སུ་གྲུབ་ཅིང་མི་ཚེ་འདིར་སྐྱིད་སྡུག་རེས་ཀྱིས་འཁོར་དུས། ང་ཚོ་ཚང་མ་བྱ་སྤུ་རླུང་ཁྱེར་བཞིན། ང་ཚོ་ཚང་མ་སྟོན་ལོ་འཁྱམ་པོ་བཞིན། རྒྱང་རིང་ནས་འོངས་ཤིང་རྒྱང་རིང་དུ་བཞུད་འགྲོ་བའི་མགྲོན་པོ་ཞིག་གི་བསྡུས་གཟུགས་ལས་དུས་ནམ་ཡང་སོར་གང་ཡང་གཟུར་ཐབས་མི་འདུག་ཨང་། དོ་དགོང་མོའི་གཟུགས་གཞི་དྲོད་ཀྱིས་བཏང་ཞིང་ཁ་སྣ་གྱེན་དུ་བརྫེས། དབང་པོའི་ཚོར་བ་མཐའ་དག་གཏིང་ནས་གཏིང་དུ་བྱིངས་ཤིང་སྙིང་ག་གཅིག་པོ་ན་དྲོད་རྟ་རྔ་ཙམ་ཞིག་ལུས་ཡོད་ཨང་། འདི་ལྟར་སྙིང་ཉེ་བའི་མཛའ་མོ་དེ་ལམ་ལ་ཆས་དུས། འདི་ལྟར་གསར་རྒོད་ཅིག་ཕོ་ཡུགས་སུ་གྱར་དུས། འདི་ལྟར་བྱིས་པ་གཉིས་དྭ་ཕྲུག་ཏུ་ལུས་དུས། འདི་ལྟར་ཁྱིམ་ཚང་ཞིག་དྲོད་ཀྱིས་སྟོངས་དུས། འདི་ལྟར་སྐར་མདའ་ཞིག་མུན་ཁྲོད་དུ་ཡལ་དུས། ངས་བཟང་སྤྱོད་སྨོན་ལམ་ཞིག་གི་སྐྱེལ་མ་ཞུ་བ་ཙམ་ལས་ཆོས་དང་ཆོས་ཉིད་ཀྱི་གོ་རིམ་འདིར་ཅི་ཞིག་བརྗོད་ནུས་ཨང་། འཇིག་རྟེན་འདིར་ཨ་མ་མེད་པའི་བྱིས་པ་ཅི་ཙམ་ཞིག་ཡོད་དམ། ས་སྟེང་འདིར་མཛའ་མོར་བྲལ་བའི་ཕོ་སྐྱེས་ག་ཚོད་ཅིག་ཡོད་དམ། འཛམ་གླིང་འདིར་དགོད་སྒྲ་དབེན་པའི་ཁྱིམ་ཚང་ཡང་གྲངས་མེད་ཅིག་ལོས་ཡོད། སེམས་ཁྲལ་ཆེན་པོ་ཞིག་མ་བྱེད་རོགས། གྲོགས་པོ། ད་ནི་ཤི་བོའི་རྗེས་ཀྱི་གསོན་པོ་ཁྱེད་ཡིན་པས་བྱིས་པ་གཉིས་ལ་བདག་སྐྱོང་ལེགས་པོ་ཞིག་བྱེད་བཞིན་སྐྱེས་ཕོ་རབས་ཤིག་གི་རྣམ་ཐར་མུ་མཐུད་དུ་སྐྱོངས་རོགས། ངས་འདི་ནས་དཀོན་མཆོག་ལ་གསོལ་བ་བཏབ་སྟེ་ཁྱེད་ཀྱི་སྙིང་གི་མཛའ་མོའི་རྣམ་ཤེས་ལ་ལམ་སྟོན་རེ་གནང་བའི་སྐྱབས་འཇུག་ཅིག་ཞུ་གི་ཡིན་ལ། རྒྱང་རིང་གི་དག་པའི་ཞིང་ན་བཞུགས་པའི་སངས་རྒྱས་དང་བྱང་སེམས་ཀྱི་ཚོགས་ཀྱིས་བར་དོའི་སེམས་ཅན་ལ་མུན་སེལ་གྱི་སྒྲོན་མེ་རེ་རེ་སྦར་ནས་བཞུགས་ཡོད་པས་ཁྱེད་ཀྱི་གཤིན་པོ་དེ་ཡང་ལས་ངན་ནང་གི་ལས་ཅན་ཞིག་རེད་ལགས། ང་ཚོ་ལ་འདི་ལྟ་བུའི་ཡིད་ཆེས་དང་དད་སེམས་ཤིག་ཡོད་པས་ང་ཚོའི་སྐྱེ་བ་རྗེས་མ་དག་ཏུ་འཁོར་བའི་སྡུག་བསྔལ་ལས་ཐར་ཐུབ་པའི་གདེང་ཚོད་ཅིག་ཡོད་ན། ཞག་བཞི་ཅུ་ཞེ་དགུའི་རྗེས་སུ་སྔར་བཞིན་གདོང་གི་དྲེགས་པ་བཀྲུས་ཏེ་འཇིག་རྟེན་གྱི་འཚོ་བ་ཞིག་གི་རྒྱུན་སྐྱོང་དགོས་ལ། ལོ་གཅིག་གཉིས་ཀྱི་རྗེས་སུ་སྔར་བཞིན་ཁྱིམ་གཞི་དྲོན་མོ་ཞིག་གི་སྟ་གོན་བྱེད་རོགས།
འདི་ལྟར་བྲིས་ཡོད་ན་ཧ་ཅང་ཡག་གི།
ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔
མདོ་ལས།
སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །
འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །
རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །
ཞེས་དང་། ཁྱད་པར་དུ་སྙིགས་དུས་ཀྱི་སེམས་ཅན་རྣམས་ཚེ་ཐུང་ནད་མང་འཆི་རྐྱེན་མང་བས་མྱུར་དུ་དམ་པའི་ཆོས་ཤིག་བསྒྲུབ་དགོས་རེད། དམ་པའི་ཆོས་ཀྱིས་འདི་ཕྱི་བར་དོ་ཚང་མ་ལ་ཕན་ཐབས་དེ་དེ་རེད། དེས་ནས་ཤི་བོ་ལ་བསྔོ་སྨོན་དང་གསོན་པོས་དགེ་སྒྲུབ་བྱས་ན་སྙིང་པོ་མཐར་ཐུག་པའི་སེམས་གསོ་དང་གྲོགས་པོའི་རོགས་དན་ནོ། །
ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔ཨོཾ་མ་ཎིཔདྨེ་ཧྰུྃ་ཧྲྰི༔
བསོད་ནམས་དགེ་བའི་དངོས་པོ་ཡོངས་བསྔོས་པས། །
ཚེ་ལས་འདས་མའི་བར་དོའི་འཇིགས་སྐྲགས་སོགས། །
ཞེན་ཆགས་འཁྲི་བའི་སྡུག་བསྔལ་ཀུན་ཞི་ནས། །
བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །
འགྲོགས་པའི་ཐ་མ་བྲལ་བ་དང་། །
སྐྱེ་བའི་ཐ་མ་འཆི་བ་ཉིད། །
འགྲོགས་ནས་བྲལ་བ་ཆོས་ཉིད་དང་། །
སྐྱེས་ནས་མི་འཆི་ཐབས་ལམ་མེད། །
མ་འགྲོགས་སྔོན་ལ་ཞེན་ཆུང་དང་། །
མ་ཤི་སྔོན་ལ་འཆི་བ་སྒོམས། །
ཞེན་པ་ཆུང་བས་གདུང་བ་ཆུང་། །
འཆི་བ་བསྒོམས་པས་དགེ་བ་འཕེལ། །
ཀུན་ཀྱང་བདེ་ནས་བདེར་འགྱུར་ཅིག །
ཇི་སྐད་དུ།
ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི།།
ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན།།
དབུགས་རྔུབ་དབུགས་འབྱུང་གཉིད་ཀྱི་ལོག་པ་ལས།།
སད་ཁོམ་གང་ལེགས་དེ་ནི་ངོ་མཚར་ཆེ།།
ཨེ་མ་ཧོ། ཡང་སྐྱེས། ཡང་འཆི། སྐྱེ་འཆི་ལ་གོ་རིམ་མེད། ལུས་སེམས་རྟེན་བརྟེན་པའི་འབྲེལ་བ་ཆད་པ་ལ་འཆི་བ་ཟེར། ཡོད་པ་ནས་མེད་པར་གྱུར་བ་ལ་འགག་པ་ཟེར། མེད་པ་ནས་ཡོད་པར་གྱུར་བ་ལ་སྐྱེ་བ་ཟེར། ༼སྲ་བའི་ཁམས་དང་ཆུ་ཉིད་དང།།དེ་བཞིན་མེ་དང་རླུང་དག་ནི།། རྣམ་པར་ཤེས་པས་བླངས་ནས་ནི།།སྲིད་གསུམ་གནས་སུ་སྐྱེས་པར་འགྱུར།།༽ཞེས་པ་ལྟར་ཨ་མའི་མངལ་དུ་ཉིང་མཚམས་སྦྱར་བའི་ཚེ་འབྱུང་བ་བཞི་ནི་རྣམ་ཤེས་ཀྱི་རྟེན་དུ་བླངས་ནས་མངལ་སྐྱེས་ཀྱི་འགྲོ་བ་མཆོག་དམན་འབྲིང་གསུམ་གྱི་སྲིད་པར་སྐྱེས། དེ་ཡང་ཕ་མའི་ཁུ་ཁྲག་གི་དབུས་སུ་རྣམ་ཤེས་ཞུགས་ནས་ཉིང་འཚམས་སྦྱར་བའི་ཚེ་འབྱུང་བ་བཞི་ག་དུས་གཅིག་ཏུ་གྲུབ་ཀྱང། རྣམ་ཤེས་ཀྱི་བཞོན་པར་གྱུར་བའི་རླུང་ལས། རང་ལས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཆེས་རགས་པའི་རླུང་གི་རླུང་དང། དེ་ལས་ཆེས་རགས་པའི་མེའི་རླུང་དང། དེ་ལས་ཆེས་རགས་པའི་ཆུའི་རླུང་དང། དེ་ལས་ཆེས་རགས་པའི་སའི་རླུང་རྣམས་སྐྱེ་བ་ཡིན། ༼འདི་ནི་རླུང་ཁམས་ཆེན་པོ་སྟེ།།རྣམ་ཤེས་གསུམ་གྱི་བཞོན་པ་ཡིན།།༽ཞེས་པའི་དོན་ ནི་ལས་ཀྱི་རླུང་ནི་བྱེད་ལས་ཀྱི་སྒོ་ནས་རླུང་ཁམས་ཆེན་པོ་སྟེ། སྣང་མཆེད་ཐོབ་གསུམ་གྱི་བཞོན་པ་ཡིན་ལ། བཞོན་པ་དེ་ཡིས་ཇེ་ཆེར་རིམ་གྱིས་བསྐྱོད་པ་ལས། རང་བཞིན་གྱི་རྟོག་པ་རྣམས་རྟག་ཏུ་ཇི་ལྟ་ཇི་ལྟར་བསྐྱོད་པ་བཞིན་དུ་བདེ་སྡུག་ གི་འཁོར་བ་འབྱུང་། རླུང་འབྱུང་འཇུག་ལ་བརྟེན་ནས་སྲིད་པ་ཆགས་འཇིག་གི་འཁོར་བ་འབྱུང་བ་བཤད་པ་ལྟར་ དེ་དག་ཀུན་གྱི་རྩ་བ་མཐར་ཐུག་ན་གཉུག་མའི་རླུང་ཟེར་བ་ཞིག་འཇོག དེ་ལྟར་ན་འཁོར་བའི་རྩ་བ་རླུང་ཡིན་པ་དང། རྫོགས་རིམ་གྱི་ཉམས་ལེན་གཙོ་བོ་ཡང་རླུང་འདུལ་ཐབས་ཡིན་པས་སོ།། མེར་མེར་པོའི་གནས་སྐབས་ནས་གཟུགས་ལུས་རགས་པ་གྲུབ་ཟིན་པས་དེ་ནས་འཆི་བ་ཐུག་གི་ བར་གྱི་ལུས་ཕྲ་རགས་རྣམས་འབྱུང་བ་བཞིའི་ཁམས་ལས་གྲུབ་པ་ཡིན་པས། ས་རླུང་གིས་འཛིན་པར་བྱེད། ཆུ་རླུང་གིས་སྡུད་པར་བྱེད། མེ་རླུང་གིས་མ་རུལ་ཅིང་སྨིན་པར་བྱེད། རླུང་རླུང་གིས་རྒྱས་པར་བྱེད་དོ།། འཆི་དུས་རྣམ་ཤེས་ཀྱི་རྟེན་བྱེད་པའི་འབྱུང་བ་བཞི་ཐིམ་རིམ་བཤད་པའི་སྐབས་སུའང་ འབྱུང་བ་སྔ་མའི་རང་རང་གི་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཉམས་ནས་ཕྱི་མའི་ ནུས་པ་གསལ་དུ་སོང་བ་ལ་འབྱུང་བ་ཐིམ་རིམ་དུ་བཤད་པས་ན། སྔ་མའི་ནུས་པ་ཕྱི་མ་ལ་འཕོས་པ་ཞིག་ཡིན་པ་འདྲ། སྐྱེས་དུས་རགས་རིམ་ནས་འགག་པ་དང་། སྐྱེ་དུས་ཕྲ་རིམ་ནས་འཕེལ་བ་སོགས་རྫས་ཀྱི་འཕོ་འགྱུར་སྣ་ཚོགས་པ་གཉུག་མའི་ རླུང་གིས་གཡོ་བ་འབའ་ཞིག་ཏུ་བཤད། འབྱུང་བ་རླུང་གི་གཡོ་བ་ལས་འཇིག་རྟེན་གྲུབ་ཚུལ་དང་རླུང་གི་རྣལ་འབྱོར་ལ་བརྟེན་ནས་རང་ལུས་འོད་སྐུར་ལྡང་བ་སོགས་འཁོར་འདས་ཀུན་གྱི་རྩ་བ་གཉུག་མའི་རླུང་ཡིན་ནོ། །
ཨོ་ཡ་མིག་བརྒྱད་པས་ཀླུ་སྨྱོན་གྱི་གྲོགས་མོ་དེ་ཡི་རྣམ་ཤེས་ཙམ་དུ་མ་ཟད་བླ་ཡིད་སེམས་གསུམ་རླུང་དང་བཅས་པ་ཡ་ཀི་མངོན་པར་དགའ་བའི་ཞིང་དུ་བསྐྱལ་ཚར་འདུག་པས་གྲོགས་ཀླུ་སྨྱོན་ལགས་ཐུགས་འཕྲལ་གནང་དགོས་པ་མི་འདུག ངས་ཀྱང་ཐུགས་གསོ་ཞིག་ཞུ་དགོས་བསམ་ནས་འདིར་སླེབས་དུས་མིག་བརྒྱད་པས་དག་ཞིང་དུ་བསྐྱལ་ཚར་དུས་ད་སླར་ཡང་བསྐྱལ་བ་ལ་དགོས་པ་མ་མཐོང་བས་དེ་མུར་ལུས་སོ།
དར་རྒྱས་གླིང་དུ་ས་ཡོམ་བརྒྱབ་འདུག
འདོན་སྤེལ། ༢༠༡༡/༠༩/༡༨
ད་ལྟ་རིང་རྒྱ་གར་བྱང་ཤར་དར་རྒྱས་གླིང་ཁུལ་དུ་ས་ཡོམ་ཆེན་པོ་ཞིག་བརྒྱབ་ཡོད་འདུག གནས་ཚུལ་ཐོན་གསལ་ལྟར་ན། ད་ལྟ་རིང་རྒྱ་གར་བྱང་ཤར་དར་རྒྱས་གླིང་ ༼ སྤོག་རེ་སྤོང་བོད་གཞུང་སམ་བྷོ་ཊ་གཏན་སློབ་ ༽བོད་མི་སྡོད་ཁུལ་དུ་ས་ཡོམ་ཤུགས་ཚད་ཅུང་ཆེན་པོ་ཞིག་བརྒྱབ་ཡོད་འདུག་ལ། ས་ཡོམ་ཤུགས་ཚད་ཀྱིས་སློབ་གྲྭའི་ཁང་བརྩེགས་སྟེང་གི་བྱ་གཡབ་མང་པོ་མར་ལྷུང་ཡོད་པ་མ་ཟད། དགེ་ལས་དག་གི་ཁྱིམ་གྱི་མཆོད་གཤམ་སྟེང་གི་དངོས་རྫས་དང་གློག་བརྙན་སོགས་སར་ལྷུང་ཡོད་འདུག་ལ། གློག་ཆད་ཅིང་སྒོ་དང་སྒེའུ་ཁུང་སོགས་ནས་ཆོམ་སྒྲ་ཆེན་པོ་གྲགས་ཡོད་སྟབས། དེ་མ་ཐག་ཁྱིམ་མི་ཚང་མ་ཕྱིར་བུད་དེ་གནས་སྐབས་རིང་ཉེན་གཡོལ་ལྟ་བུ་བྱས་ཡོད་འདུག སློབ་གྲྭའི་དགེ་ལས་ཚོས་དར་རྒྱས་གླིང་དུ་ཁ་པར་གཏོང་སྐབས་བརྒྱུད་ལམ་ཁག་ཀྱང་ཆད་དེ་ད་སྔ་འགྲེལ་བ་གནང་མ་ཐུབ་པས་སེམས་འཁྲུལ་བྱེད་བཞིན་ཡོད་འདུག
ད་སྔ་མི་རྒྱུ་ལ་གོད་ཆག་བྱུང་ཡོད་མེད་དང་། ས་ཡོམ་གྱི་ཤུགས་ཚད། ས་ཁུལ་གང་དག་ལ་བརྒྱབ་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་ཐུབ་མ་སོང་།
རེད། ལ་སྟོད་བུ། ཨ་ཤི་རེ་ཁོ་ཨ་ཁུ་གླུ་སྨྱོན་གྱིས་ཀྱང་འབྲུག་མོ་ཞིག་རིག་མར་བསུ་ཐུབ་རྒྱུ་ན། སེམས་སྡུག་དེ་མོ་ཟིག་མྱོང་དགོས་རྒྱུ་མ་རེད། ཁ་སང་དེ་རིང་གི་བྱི་མོ་རྐུབ་ཆེ་འདི་རིགས་བརྟན་པོ་མེད་ཡ། འུ་ཚོས་ཁོང་ལ་རིགས་བཟང་གི་མཁའ་འགྲོ་མ་ཞིག་མགྱོགས་པོ་བཙལ་ན་རེད། དེ་མིན་ཁོང་སེམས་སྡུག་གི་ཉེན་ཁ་ཆེ་གི་ཡ།
ཨེ་མ་ཧོ།
ལུས་ལ་འབྱར་བའི་བུ་དང་འདྲ།།
ཤ་ཁྲག་ཟོས་བའི་འདྲེ་དང་འདྲ།།
མཛུབ་མོ་བར་དུ་སྤྱན་དྲངས་ནས།།
སེན་མོའི་བར་དུ་གཤེགས་སུ་གསོལ།།
ཨ་ཁ་ང་ནོར་སོང་།
འདི་ཤིག་རེད།