སྤྱི་ ལོ་ཉིས་སྟོང་དགུ་ལོའི་ཟླ་གསུམ་པའི་ཚེས་༢༡ཉིན་གྱི་གཟའ་སྤེན་པའི་སྔ་དྲོ་དུས་ ཚོད་༡༡དང་སྐར་མ་༤༠ཡས་མས་སུ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ཁོང་ནད་ཚན་ཁང་གི་ཀྲུའུ་རིན་སྨན་པ།ཆེད་མཁས་པ། སྨན་པ་པད་མ་ཚེ་བརྟན་ཁོང་རང་སྟབས་མ་ལེགས་པར་གཤེད་མའི་ལག་ཏུ་ཤོར་ནས་གཞུང་ལས་ ཁང་དུ་རང་སྲོག་ཤོར་བ་རེད། ཁོ་རང་ནི་དེ་སྔར་བདག་དང་བདག་འདྲ་བའི་གསོ་རིག་གི་ལས་གཉེར་བའི་སློབ་མ་མང་པོ་ ཞིག་གི་དགེ་རྒན་དང་།ལོ་ངོ་ཉི་ཤུ་ལྷག་གི་རིང་ནད་པ་མང་ཚོགས་ལ་ནད་བཅོས་ཞབས་ཞུ་ བསྒྲུབས་པའི་སྨན་པ་བཟང་པོ། ད་དུང་བུ་ཕྲུག་ཞིག་གི་ཕ་ལོ་དང་། ཆུང་མའི་སེམས་ཀྱི་གཏད་སོ། ཕ་མའི་གཅེས་ཕྲུག་ཞིག་གི་འགན་འཁུར་མངའ་བའི་ཚེ་སྲོག་གི་རྒྱུན་ཐག་བསྲིངས་མི་ ཞིག་རེད། ཡིན་ཡང་གློ་བུར་ཞིང་སྐྱི་གཡའ་བའི་དོན་རྐྱེན་འདིས་མི་མང་པོ་ཞིག་ལ་སེམས་ཀྱི་ རྨ་ཁ་བཟོས་ཡོད་པ་དང་བདག་སེམས་ཀྱང་འཁྱག་སིབ་སིབ་ཏུ་སྣང་བས་དགེ་རྒན་ཁོང་རང་ལ་ མྱ་ངན་ཞུ་བ་ལགས། ཆབས་ཅིག་ཚེ་སྲོག་ལ་རྡོག་བརྫིས་གཏོང་མཁན་གྱི་གཤེད་མ། མ་རུང་སྡུག་རྩུབ་ཅན་གྱི་ལག་དམར་ཁོ་དང་ཁོ་རང་ཚོ་འདྲ་བ་རྣམས་ལ་ངོ་རྒོལ་མཐའ་ གཅིག་ཏུ་བགྱིས་པ་ཡིན། དོན་རྐྱེན་འདིའི་བྱུང་རྐྱེན་དང་གོ་རིམ།མཇུག་འབྲས་ལ་ལས་ཁུངས་དང་སྤྱི་བདེ་མི་ སྣས་དབྱེ་ཞིབ་བགྱི་བཞིན་པས་སྒང་ཡིན་ལ་ཚོད་དཔག་སོགས་ཀྱིས་དོན་ལ་ཕན་ཐོགས་མི་ ཡོང་བའི་ཁར་ཐག་ཞོར་འབྲེང་འདྲུལ་མི་ཡོང་བའི་ངེས་པའང་མེད་པའི་རེ་ཞིག་བཏང་ སྙོམས་སུ་བསྐྱུར་བ་དང་། རང་ཉིད་འབངས་མི་དཀྱུས་མ་ཞིག་གི་ཚུལ་དུ་ཆེས་མཐོ་མི་དམངས་སྲིད་གཞུང་ལ་སྐད་ཆ་ འགའ་ཞུ་འདོད་པ་ཡིན།
༡ ཁྲིམས་ལུགས་ནང་དོན་ལྟར་གྱོད་གཞིའི་ལས་དོན་ལ་འཐུས་ཤོར་འདྲ་མི་བྱུང་བར་ངེས་པར་དུ་སྲོག་ལ་སྲོག་ལེན་འཇལ་དགོས།
༢ འབངས་མི་ལས་ཀ་བ་ཞིག་གི་ཚེ་སྲོག་ལ་འགན་འཁུར་ནན་མོ་བྱེད་དགོས་པ་མ་ཟད། དུས་དང་རྣམ་པ་ཀུན་ཏུ་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པ་ཨང་དང་པོར་འཇོག་དགོས་པ།
༣ཚེ་སྲོག་གི་གཤེད་མར་གྱུར་བའི་ཉེས་ཅན་ཁྲིམས་ལ་སྦྱོར་བ་དང་རང་སྣང་གང་ཤར་སོགས་བྱེད་པའི་རྒྱ་ཡན་ཏུ་མི་གཏོང་བ།
༤འབངས་ མི་ཞིག་གི་ལུས་སེམས་གཉིས་ཀྱི་བདེ་འཇགས་ལ་འགན་འཁུར་ཐུབ་པའི་བློ་སྤོབས་དང་རྩ་ ཚིག་ཡོད་པ། གདེངས་ཚོད་ཡོད་པ་བཅས་གནང་རོགས། དོན་དག་བྱུང་རྗེས་ཚེ་སྲོག་ཤིག་གི་གྱོང་གུད་དང་ཕངས་སེམས་ལས་མེད་པ་མི་གནང་ རོགས།
༥ལས་ ཁུངས་སུ་ཡོད་པའི་བདེ་སྲུང་མི་སྣའི་ལས་ཀའི་འགན་འཁྲི་དང་རྩ་ཚིག ད་དུང་ཞབས་ཞུའི་ཆུ་ཚད་ལ་དག་ཐེར་ནན་མོ་དང་སྒྲིག་འཛུགས་ཡོད་པ་བཅས་གནང་རོགས།
༦འབྲེལ་ ཡོད་འཕྲོད་བསྟེན་ལས་ཁུངས་སོགས་ཀྱི་མྱུར་སྐྱོབ་ཆ་དཔྱད་རྣམས་འཐུས་ཚང་དུ་གཏོང་ དགོས་པ་དང་འབངས་མི་རང་གིས་རང་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་མཐོར་འདེགས་སུ་ གཏོང་བའི་སློབ་གསོ་དམ་དུ་འཛིན་པ།
༧དཔལ་ འབྱོར་གོང་འཕེལ་དུ་སོང་བ་དང་བསྟུན་ནས་གང་མགྱོགས་སྒོས་འབངས་མིའི་ཚེ་སྲོག་ལ་ གྱོང་གུད་མི་ཐེབས་པའི་རྨང་གཞིའི་ཆ་རྐྱེན་ངེས་པར་ཚང་དུ་འཇུག་དགོས་པ།
༨ལས་ཁུངས་གང་ཞིག་ལ་མཚོན་ནའང་མེ་གསོད་ཆས་སམ། བཟོ་མི་སོགས་བརྡབས་སྐྱོན་བྱུང་བ། ས་འོག་ཏུ་མནན་པ། ཆུ་ལོག་རྒྱུག་པ་སོགས་ལ་ཉེ་བར་མཁོ་བའི་ཆ་དཔྱད།དབྱངས་དབུགས་སོགས་གང་མཁོ་སྟེ་མ་མཐའི་སྒྲིག་ཆས་རྣམས་ཆ་ཚང་དུ་ཡོད་པ་གནང་རོགས།
༩ཉེས་ ཅན་ཁྲིམས་ལ་སྦྱར་བ་ཀུན་ལ་ཁྱབ་བསྒྲགས་བྱས་ནས་སློབ་གསོ་གཏོང་བ་དང་ཉེས་ཅན་དེས་ ལས་ཁུངས་སོགས་འབྲེལ་ཡོད་པར་བཟོས་པའི་སྣང་བརྙན་གཟོབ་པོ་སླར་གསོ་བྱེད་དགོས་པ།
༡༠ཚེ་ སྲོག་གཙོ་བོར་བཟུང་ནས་དུས་ཚོད་གང་མགྱོགས་སྒོས་དོན་བྱུང་ར་བར་སླེབས་ནས་དམངས་ སེམས་བདེ་བར་འགོད་ཐུབ་པའི་ནུས་པ་ཚུལ་བཞིན་འདོན་གནང་རོགས།
ཞེས་ ཚེ་སྲོག་ལ་འདྲ་མཉམ་གྱིས་བལྟ་འདོད་ཀྱི་འདུན་པ།ཚེ་སྲོག་གི་རིན་ཐང་སྐྱག་ལུད་ ལྟར་མི་བལྟ་བར་གཙིགས་ཆེན་དུ་བཟུང་ན་སྙམ་པའི་སྐྱོ་གདུང་གིས་འབྲེལ་ཡོད་སྲིད་ གཞུང་ལ་སྙན་ཞུ་ཙམ་བྱས་པ་ཡིན།
ཞེས་མི་སེར་བོད་གཞུག་སྐྱིད་ནས།
༢༠༠༩ལོའི་ཟླ་༣པའི་ཚེས་༢༤ཉིན།
བོད་ནང་གི་ཧི་གཟུགས་ཟིན་བྲིས་ནས་བཤུས།
འདི་གོང་གི་གསར་འགྱུུར་དའི་དྲ་ཐག་རེད།http://www.tibettl.com/blog/u/wuxiuji/archives/2009/5722.html