བསྟན་འཛིན་བློ་གསལ་གྱིས།
༼རྩོམ་ཡིག་འདི་མཐོང་མ་ཐག་ཀློག་མཁན་རྣམས་ཀྱིས། ཇོ་ནང་ཚང་གིས་བོད་གཞུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག་ཅེས་མ་གསུང་རོགས། ང་ཚོས་རང་གཞུང་ལ་མི་ལོ་ཧྲིལ་བོ་བཅུ་གཉིས་རིང་ལག་ཐལ་མོ་སྦྱར་དེ་གསོལ་འདེབས་ཞུས་པ་ཡིན། འོན་ཀྱང་དོན་འབྲས་རུས་སྦལ་གྱི་སྤུ་ཙམ་མ་བྱུང་བ་མ་ཟད། མཐོང་ཆུང་ཚད་ལས་འདས་པ་བྱས་སྟབས། ཐབས་ཟད་ཨུ་ཐུག་གིས་བསམ་ཚུལ་དྲང་མོར་བཤད་པ་ཡིན་པས་དགོངས་འཇགས་གནང་རོགས།༽
དེ་རིང་ཡང་བསྐྱར་བཙན་བྱོལ་བོད་གཞུང་གིས། ང་ཚོ་ཇོ་ནང་ཚང་ལ་ཕ་བསད་པའི་མ་ཚད་ཕ་བླ་སྐོར་རྡུང་ཟེར་བའི་དཔེ་ལྟར། ཇོ་ནང་ཆོས་བརྒྱུད་བོད་ཀྱི་ཆོས་གྲལ་དུ་མ་བཞག་པར་མ་ཟད། སྙིང་ཚིམ་གྱི་ཚུལ་དུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་སྐུ་ཚབ་མཉམ་ཞུགས་ཀྱི་ཆོས་ལུགས་ཚོགས་ཆེན་ཐེངས་བཅུ་གཅིག་པ་རྡ་སར་འཚོགས་རྒྱུ་ཞེས་སྐད་གསེང་མཐོན་པོས་སྒྲོག་བཞིན་ཡོད།
ང་ཚོས་ད་དུང་ཤི་མདའ་དགུ་ཐེབས་ཀྱང་གསོན་གྱི་རེ་བ་ཨེ་ཡོད་སྙམ་སྟེ། རྡ་སའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱིས། སྐབས་བཅོ་ལྔ་བའི་གྲོས་ཚོགས་འཚོགས་དུས་གཉིས་པའི་ཐོག ཇོ་ནང་ཆོས་བརྒྱུད་ཀྱི་སྐོར་སྙན་སྒྲོན་ཕུལ་བས། གྲོས་ཚོགས་ནས་འཚོགས་ལ་ཉེ་བའི་ཆོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་ཕུལ་ན་འོས་འཚམས་ཡིན་ཚུལ་བསྙད་དེ། སྙན་ཞུ་དེ་སྣང་ཆུང་བྱས་འདུག དེ་རྗེས་འགྲོ་ཕན་ལྷན་ཚོགས་ཀྱིས། ཆོས་དོན་ལས་ཁུངས་སུ་ད་ཐེངས་ཆོས་ལུགས་ཚོགས་ཆེན་ཐོག་ཇོ་ནང་སྐུ་ཚབ་མཉམ་ཞུགས་བྱེད་ཆོག་པ་དང་། གལ་ཏེ་མ་བྱུང་ན་ཟུར་ཉན་དུ་བཅར་ཆོག་པའི་སྙན་ཞུ་ཕུལ་བའི་ལན་དུ། ཨ་ཁུ་སྟོན་པའི་གཏམ་རྒྱུད་ལྟར། ད་ཐེངས་ཀྱི་ཆོས་ཚོགས་འདི་༧གོང་ས་མཆོག་གི་སྐུ་སྒེར་ཡིག་ཚང་ནས་ཐད་ཀར་གོ་སྒྲིག་གནང་གིན་ཡོད་པས། ང་ཚོས་ཐག་གཅོད་མི་ཐུབ་ཚུལ་དང་། ཡང་ནང་འགལ་ཟེར་བ་དེ་ཅི་ཞིག་ཡིན་བསམ་གཞིག་ཡེ་མི་གཏོང་བར་ཆོས་ལུགས་ཚོགས་ཆེན་ཐོག ཇོ་ནང་སྐུ་ཚབ་ལྟ་ཅི། ཐ་ན་ཟུར་ཉན་པ་ཡང་ཞུགས་ཆོག་གི་མེད་ཅེས་ཐ་ཚིག་བསྒྲགས་འདུག
ད་དུང་བོད་གཞུང་གི་འབྲེལ་ཡོད་རྣམས་ཀྱིས་ནམ་རྒྱུན་ཇོ་ནང་སྐོར་ལ་སྐད་ཆ་ཤོད་སྐབས། ཇོ་ནང་ཆོས་བརྒྱུད་ལ་ཐོབ་ཐང་ཡོད་མེད་གལ་ཆེན་པོ་མ་རེད། དེ་བས་ཇོ་ནང་རང་ཉིད་ཀྱིས་རང་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་གལ་ཆེ་ཟེར། དེ་ལ་ང་ཚོས་འདི་ལྟར་ཤོད་ན་འདོད། ཁྱེད་ཚོས་ཐོབ་ཐང་ཟེར་བ་དེ་ཆེན་པོ་དང་། བཙན་པོ། ཕྱུག་པོ་མ་གཏོགས། ཆུང་ངུ་དང་། ཉམ་ཆུང་། སྤྲང་བོ་ལ་མི་དགོས་ཟེར་བ་ཡིན་ནམ། མིའི་འགྲོ་བ་མ་ཟད། འཇིག་རྟེན་ཐོག་གི་བྱ་དངོས་ཡོད་ཚད་ལ་མིང་དང་ཐོབ་ཐང་རེ་ཡོད། གལ་ཏེ་མིང་དང་ཐོབ་ཐང་མེད་པའི་བྱ་དངོས་དེ་དག་མི་རིང་བར་འཇིག་རྟེན་འདི་དང་ཁ་བྲལ་རྒྱུ་ཉག་གཅིག་རེད། ང་ཚོས་རྒྱ་ནག་གཞུང་ལ་བོད་ལ་ཐོབ་ཐང་དགོས། བོད་ལ་རང་དབང་དགོས་ཟེར་གྱིན་ཡོད་པའི་རྒྱུ་མཚན་ཡང་མཐར་དེད་ན་འདི་དང་གཅིག་པ་རེད།
ཡང་གཅིག་བཤད་ན། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལས་བཙན་བྱོལ་བོད་གཞུང་གིས་ཇོ་ནང་ཐོག་འཛིན་པའི་སྲིད་ཇུས་འདི་རྔམ་ནག་ཅིང་གཏིང་རིང་བ་ཞིག་རེད། དཔེར་ན་རྒྱ་ནག་གཞུང་གིས། ནམ་ཕུགས་བོད་ཀྱི་རིག་གཞུང་རྩ་མེད་གཏོང་རྒྱུའི་འཆར་གཞི་ཡོད་མོད། དངོས་སུ་བོད་མི་རིགས་རིག་གཞུང་དང་བཅས་པ་རྒྱ་ནག་གཞུང་གི་ཡིག་ཐོག་ནས་ནག་གསུབ་གཏོང་དགོས་ཟེར་གྱིན་མེད། རྒྱ་ནག་གི་མངའ་ཁོངས་སུ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་ནང་དུ་བོད་མི་རིགས་ཡོད་པ་མ་ཟད། དེའི་རིག་གཞུང་དང་སྐད་ཡིག་ལ་ཡང་ཕྱི་ཚུལ་གྱིས་མཐོང་ཆེན་བྱེད་བཞིན་ཡོད། བཙན་བྱོལ་བོད་གཞུང་གིས། ཇོ་ནང་ཆོས་བརྒྱུད་ཀྱི་མཚན་ཡིག་ཐོག་ནས་ནག་གསུབ་གཏོང་རྒྱུའི་ལས་འགུལ་དངོས་སུ་སྤེལ་བ། ཕྱི་ལོ་ ༢༠༠༠ ལོར་ཆོས་ལས་ནས་དཔར་བསྐྲུན་བྱས་པའི་རྒྱ་བལ་འབྲུག་གསུམ་གྱི་བོད་ཀྱི་དགོན་སྡེའི་ལོ་རྒྱུས་ཀྱི་གཏམ་རྒྱུད་ལས་ཤེས་ཐུབ། ཡ་ང་བའི་གཏམ་རྒྱུད་འདིས་ཇོ་ནང་གཞི་བྱེས་གཉིས་ཀྱི་སེམས་ལ་ལྕགས་ཕུར་བཏབ་པ་བཞིན་ནམ་ཡང་ཡལ་མི་སྲིད་པའི་ན་ཟུག་ཅིག་བཞག་ཡོད།
ད་དུང་ཡང་བཙན་བྱོལ་བོད་གཞུང་གིས། ཇུས་ངན་འདིའི་རྒྱུན་བསྲིངས་ཏེ། ཇོ་ནང་པ་རྣམས་བོད་ཀྱི་མི་གྲལ་དང་། ཇོ་ནང་བསྟན་པ་བོད་ཀྱི་ཆོས་བརྒྱུད་ཀྱི་གྲལ་ནས་རྒྱང་འབུད་གཏོང་རྒྱུའི་འཆར་གཞི་མུ་མཐུད་ལག་བསྟར་བྱེད་ཀྱིན་ཡོད་པ་མ་ཟད། ཐ་ན་དེའི་མཚན་ཙམ་ཡང་འཇིག་རྟེན་འདིའི་ཐོག་ཏུ་འཇོག་འདོད་མེད་པ་གསལ་བོ་རེད། དེའི་རྒྱུ་མཚན་གསལ་བོར་བཤད་ན། གལ་ཏེ་བཙན་བྱོལ་བོད་གཞུང་གིས་ཇོ་ནང་པ་རྣམས་བོད་ཀྱི་མི་གྲལ་དུ་བཞག་ཡོད་ན། ཅིས་ཕྱིར་ཇོ་ནང་པ་རྣམས་ལ་ཆོས་བརྒྱུད་ཀྱི་སྤྱི་འཐུས་འདེམས་རྒྱུའི་ཐོབ་ཐང་མེད་པ་རེད། ཇོ་ནང་ཆོས་བརྒྱུད་བོད་ཀྱི་ཆོས་གྲལ་དུ་བཞག་ཡོད་ན། ཅིས་ཕྱིར་བོད་ཀྱི་ཆོས་ལུགས་ཚོགས་ཆེན་ཐོག་ཇོ་ནང་པ་རྣམས་ཞུགས་རྒྱུའི་ཐོབ་ཐང་མེད་པ་མ་ཟད། ཐ་ན་ཟུར་ཉན་ཙམ་ཡང་བྱེད་མི་ཆོག་པ་རེད། ཇོ་ནང་པ་རྣམས་བོད་ཀྱི་མི་གྲལ་དང་། ཇོ་ནང་ཆོས་བརྒྱུད་བོད་ཀྱི་ཆོས་གྲལ་དུ་བཞག་ཡོད་ན། གཞུང་འབྲེལ་ཡིག་ཆ་གང་གི་ནང་དུ་ཡང་ཇོ་ནང་པའི་མཚན་ཡང་མི་འཇོག་པ་ཅི་ཡིན་ནམ། མདོར་ན་བོད་གཞུང་གིས་ཇོ་ནང་ཐོག་འཛིན་པའི་སྲིད་ཇུས་ལ་སྡོམ་ཚིག་བརྒྱབ་ན་འདི་འདྲ་རེད། ཕ་མ་གཅིག་ལས་སྐྱེས་པའི་བུ་སྤུན་ལྔའི་ནང་གི་ཆུང་ཤོས་དེ་གླེན་པ་རེད། འབྱོར་མེད་རེད། སློབ་སློབ་སྦྱོང་མེད། འཇོན་ཐང་མེད། རྣམ་པ་ཡང་ཡག་པོ་མེད་པས་ཁོ་ལ་མིང་མི་དགོས། བཟའ་ཚང་ནང་གི་འདྲ་མཉམ་གྱི་ཐོབ་ཐང་ཡང་མི་དགོས། ཐ་ན་ཁོ་ལ་བདེ་སྡིག་མྱོང་བྱེད་ཀྱི་ཚོར་བ་ཙམ་ཡང་མེད་ཅེས་བཤད་དེ། བཟའ་ཚང་གི་གྲལ་ནས་རྒྱང་འབུད་གཏོང་བཞིན་ཡོད་པ་དེ་རེད།
ཡིན་ན་ཡང་། ང་ཚོ་ཇོ་ནང་པས་རྒྱ་གར་བཙན་བྱོལ་བོད་མིའི་ཁྲོད་བོད་མི་གཅིག་མཚུངས་ཀྱི་ཐོབ་ཐང་དགོས་ཟེར་གྱི་ཡོད་མ་གཏོགས། ཇོ་ནང་བསྟན་པ་འཛིན་སྐྱོང་བྱེད་ཐུབ་ཀྱི་མི་འདུག ང་ཚོར་རོགས་པ་བྱེད་རོགས་ཟེར་གྱིན་མེད། དྲང་མོར་བཤད་ན། སྔོན་ཆད་དགེ་བའི་བཤེས་གཉེན་ཆེན་པོ་དམུ་དགེ་བསམ་གཏན་རྒྱ་མཚོས། ཁྱེད་ཚོས་ཇོ་ནང་པས་བསྟན་པ་ཉམས་ཆུང་མ་རེད། བོད་གངས་ཅན་གྱི་སངས་རྒྱས་བསྟན་པའི་སྙིང་པོ་ཁྱེད་ཚོས་བཟུང་ཡོད་པ་རེད། གཞན་དག་ཕྱི་ཚུལ་ཙམ་རེད་ཅེས་གསུངས་པ་ལྟར། བོད་ནང་དུ་མཚོན་ན། ང་ཚོ་ཇོ་ནང་པས་རང་གི་བསྟན་པ་རང་གིས་བཟུང་ནས་བསྡད་ཡོད། དེར་བརྟེན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་བོད་ཀྱི་གྲུབ་མཐའ་གཞན་དག་ལས་གལ་ཆེན་དུ་བརྩིས་ཡོད། དེ་བཞིན་རྒྱ་ནག་གཞུང་གིས་ཀྱང་། གྲུབ་མཐའ་གཞན་དང་གཅིག་མཚུངས་ཀྱི་ཐོབ་ཐང་སྤྲད་ཡོད། ང་ཚོ་ཇོ་ནང་པ་སྒེར་ངོས་ཀྱང་རྒྱལ་བ་ཇོ་ནང་པའི་བསྟན་པའམ་དཔལ་དུས་ཀྱི་འཁོར་ལོའི་བཤད་སྒྲུབ་ཟུང་གི་བསྟན་པ་གཞན་ལ་བརྟེན་མི་དགོས་པར་གྲུ་བཞི་ལྷམ་མེར་བཟུང་ཡོད་ལ། དེང་སྐབས་གནམ་འོག་ན་དཔལ་དུས་ཀྱི་འཁོར་ལོའི་བཤད་སྒྲུབ་གཉིས་ཀྱི་བསྟན་པ་ཚང་ལ་མ་ནོར་པ། བྱིན་རླབས་དོན་གྱི་བརྒྱུད་པ་བར་མ་ཆད་པ་ངེད་ཇོ་ནང་ཚང་མ་གཏོགས་སུ་ལ་ཡང་མེད་པ་མིག་དང་རྣ་བ་ཡོད་ཚད་ཀྱིས་ཤེས་ཚོད་རེད། དེར་བརྟེན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་། ཇོ་ནང་བསྟན་རྒྱས་སྨོན་ལམ་དུ། མདོ་རྒྱུད་གཞན་དང་བཤད་སྲོལ་མི་འདྲ་བའི༎ ཤིང་རྟའི་སྲོལ་ཆེན་དུས་ཀྱི་འཁོར་ལོའི་རྒྱུད༎ མི་ཉམས་འཛིན་ཅིང་སྤེལ་བའི་བཀའ་བབ་པ༎ ཇོ་ནང་པ་ཞེས་གསུངས་པས་མཚོན་ནུས།
མདོ་ཧྲིལ་གྱིས་དྲིལ་ན། ད་ལན་ང་ཚོས་རྩོམ་ཡིག་འདི་སྤེལ་དོན། ད་ཐེངས་ཀྱི་ཆོས་ལུགས་ཆོས་ཚོགས་ཐེངས་བཅུ་གཅིག་པ་འདིའི་ཐོག་ནས་ཇོ་ནང་པ་དང་། ཇོ་ནང་ཆོས་བརྒྱུད་བོད་ཀྱི་མི་གྲལ་དང་བོད་ཀྱི་ཆོས་གྲལ་དུ་འཇོག་རོགས་ཞེས་ཡང་བསྐྱར་རེ་འབོད་ཐེངས་གཅིག་ཞུ་རྒྱུ་དེ་ཡིན། གལ་ཏེ་ད་ཐེངས་ཀྱི་རེ་འབོད་འདི་ཡང་ཕྱི་ལོ་ ༡༩༩༩ ལོ་ནས་བཟུང་དེ་རིང་བར། ཇོ་ནང་པས་བཙན་བྱོལ་བོད་གཞུང་ལ་ཐེངས་གཅིག་ནས་བཅུ་དང་། བཅུ་ནས་བརྒྱ། བརྒྱ་ནས་སྟོང་གི་བར་རེ་འབོད་ཞུས་པ་ལྟར་སྣང་མེད་བྱས་ན། ང་ཚོས་ཀྱང་འདེམས་ཁ་གཞན་ཞིག་དང་། ལམ་ཁ་གཞན་ཞིག་ཏུ་བསྐྱོད་རྒྱུ་ལས་དབང་གིས་བཀོད་སྒྲིག་བྱས་པར་ངོས་འཛིན་མི་བྱེད་ཐབས་མེད་རེད། དེ་བས་བཙན་བྱོལ་བོད་གཞུང་གི་འབྲེལ་ཡོད་མི་སྣས་བསམ་གཞིག་ཐེངས་གཅིག་བཏང་སྟེ། གངས་སྐྱིད་ཀྱི་ར་སྐོར་ཆུང་ཆུང་དེའི་ནང་དོན་དམ་པའི་དམངས་གཙོ་དང་། ཆོས་ལུགས་ཆོལ་ཁ་རིས་མེད་ཀྱི་སྟབས་བདེའི་གཞུང་ཞིག་འཛིན་བསྐྲུན་བྱས་ན། ད་གཟོད་བོད་གཞི་བྱེས་གཉིས་ཀ་རྡོག་རྩ་གཅིག་སྒྲིལ་གྱིས། མཐར་ཐུག་གི་དམིགས་ཡུལ་ལམ་རྩ་དོན་ཐོག་མཉམ་དུ་བསྐྱོད་པའི་ཡིད་ཆེས་ཡོད། བོད་རྒྱལ་ལོ༎ འདྲ་མཉམ་གྱི་ཐོབ་ཐང་རྒྱལ་ལོ༎ ཆོས་ལུགས་རིས་མེད་རྒྱལ་ལོ༎ འདྲ་མཉམ་དང་ཐོབ་ཐང་གཅིག་མཚུངས་ཀྱི་ཀི་སྒྲ་རྡ་སའི་རི་རྩེ་ནས་འཛམ་གླིང་ལ་སྒྲོག་པར་སྨོན།
ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༡ ཉིན།
ཇོ་ནང་ཚང་ལ་ངོ་མ་ཁག་མེད་ཀི ད་དུང་ཆོས་ལུགས་ཚོགས་ཆེན་ཐོག་ཏུ་ཞུགས་ཏུ་མ་བཅུག་པ་དེ་རྒྱ་མིའི་སྲིད་ཇུས་ལས་ངོ་བཤུས་བཏང་བའི་ལས་ཀ་ཞིག་རེད། ད་ཇོ་ནང་ཚང་གིས་རྩོམ་འབྲི་རྒྱུ་མ་རེད། ལས་འགུལ་སྤེལ་དགོས་ནི་རེད། ནང་གིས་མཐོང་ཆུང་འདི་འཐོང་ཆུང་གི་མཐར་ཐུག་རེད།
བསྟན་འཛིན་བློ་གསལ་ལགས་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད། ཇོ་ནང་ཚང་ལ་ཁག་མི་འདུག ཇོ་ནང་ཚང་གིས་བོད་གཞུང་ལ་སྙན་ཞུ་ཐེངས་མང་ཞུས་པ་ངས་ཀྱང་ཐོས་མྱོང་། མི་ལ་སྡུག་ཐུག་ན་གང་ཡང་བྱེད་སྲིད་ཟེར་བ་བཞིན། ད་ཇོ་ནང་ཚང་གིས་ལས་འགུལ་ག་རེ་སྤེལ་དགོས་བྱུང་ཡང་སྤེལ་སྲིད་ཀྱི་རེད། དེ་མིན་ངས་བལྟས་ན་རྩོམ་ཡིག་དང་སྙན་ཞུ་ཕུལ་པ་ཙམ་གྱིས་ཕན་ཐོག་མེད་པ་མངོན་གསལ་རེད།
ངས་འདི་ནས་གནད་དོན་འདི་ཆེན་པོར་མི་འགྱུར་ཆེད། རང་གཞུང་བཀའ་ཤག་དང་གྲོས་ཚོགས་ལ་དོན་དག་འདི་ཐག་གཅོད་ཡག་པོ་གནང་རོགས་ཞུ་ཞེས་འབོད་སྐུལ་ཞུ་བཞིན་ཡོད།
ཇོ་ནང་ཚང་འདི་ལ་མངོན་ལྐོག་གཉིས་ནས་བར་ཆད་བྱེད་མཁན་མང་། །མཁས་པར་རློམ་པ་རེ་གཉིས་ཀྱིས་ཇོ་ནང་ལ་ཆོས་རྒྱུན་གྱི་ཐོབ་ཐང་མི་དགོས་པའི་དགག་པ་དགོས་སུ་བཏང་པ་དང་། །བླ་ཆེན་འགའ་ཞིག་གིས་ཇོ་ནང་པའི་མདུན་དུ་ཁྱོད་ཚོར་ཁག་མི་འདུག་ཟེར་ནང་ལྐོག་ནས་ཇོ་ནང་ཆོས་རྒྱུན་ཏུ་ཞུགས་པར་ཐབས་སྣ་ཚོགས་ཀྱིས་འགོག་གི་འདུག་ཟེར། དེ་ཐབས་སྐྱོ་བོ་རེད། ཆོས་དད་རང་དབང་དང་། དམངས་གཙོའི་དུས་རབས་འདིར། འདྲ་མཉམ་མ་བྱས་ན་དམངས་གཙོ་ཚང་གི་མཚང་ཐོན་པ་རེད། འདི་འདྲ་གནང་ན་བོད་གཞུང་གིས་སྐད་གསེང་མཐོན་པོས་རྒྱ་ནག་གིས་ང་ཚོའི་རང་དབང་འཕྲོག་སོང་ཟེར་བའི་སྐྱོན་རང་ལ་བབ་པ་མ་ཡིན་ནམ། ཨ་རི་ན་ཡོད་མཁན་གྱི་ཇོ་ནང་ཚོས་བཀའ་ཁྲི་བློ་སེང་ལ་འདེམ་ཤོག་འཕང་། རེ་བ་བྱས། བླ་སེང་་དམངས་གཙོའི་སྤྱི་ཚོགས་ནས་མཚར་ལོང་བྱུང་བ་དང་། སེམས་པ་ཀུ་ཡངས་པོ་ཡོད་པས་ཇོ་ནང་ལ་ཐོབ་ཐང་ངེས་པར་སྤྲད་ཡོང་ཟེར་བ་དེ་སྟོང་བསམ་ཆགས་སོང་བ་རེད། གང་ལྟར་ཡང་ཞི་བདེ་དང་གྲོས་བསྡུར་གྱི་ཐབས་ལམ་ལས་སྐད་འབོད་སོགས་མ་གནང་ན་བཟང། དགུ་ཆད་བཅུ་མཐུད་ད་དུང་ཡང་དགོས། ད་བར་ཆོས་རྒྱུན་སོ་སོའི་དམ་ཚིག་ལ་བསམ་ནས་ཞི་བའི་ཐབས་ལམ་གཉེར་པ་རེད། ད་དུང་དེ་བཞིན་གནང་རོགས། ནམ་ཞིག་འདོད་པ་འགྲུབ་ཡོང་། ཇོ་ནང་རྣམས་ཐུགས་མ་ཕམ། དོན་ཆེན་སྒྲུབ་པ་ལ་ངང་བསྲིང་དགོས།
དྲ་གྲོགས་ཚོ་ལས་འགུལ་སྤེལ་དགོས་རེད་ལས་འགུལ་སྤེལ་དགོས་རེད་མ་གསུང་རོག སྐད་ཆ་འདི་ཚོ་བཟང་པོ་ཞིག་ཏུ་བསམ་གྱི་མི་འདུག་ངོ་མ་བཤད་ན་ག་རེ་ལས་འགུལ་སྤེལ་དགོས་རེད་ཞུས་ན་ཁྱེད་ཚོ་ལ་ཕན་ངེས་པའི་སྐད་ཆ་ཚིག་གཅིག་བཤད་རྒྱུ་མེད། ཇོ་ནང་ཚོང་རྗེ་བཙུན་ཁལ་ཁ་རིན་པོ་དབུ་གཞུགས་པའི་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་བསམ་ཡོད་ཤེས་ལྡན་གྱི་མི་སྣ་མང་པོས་ལས་འགུལ་སྤེལ་དང་སྤེལ་བཞིན་པ་རེད་ལ་ཕྱིས་ཀྱང་སྤེལ་ངེས་རེད། ཁྱེད་རང་ཚོས་གསུང་ཚུལ་ལྟར་ན་དེ་ལས་གཞན་པའི་ལ་འགུལ་ཞིག་སྤེལ་རྒྱུ་ཡོད་མདོག་མདོག་བྱས་འདུག་ཀྱང་ཇོ་ནང་ཚོང་རང་ཉིད་ཀྱི་ལམ་སྣེ་རང་ཉིད་ཀྱི་འཚོ་ཐུབ་མཁན་ཞིག་རེད་ཁྱེད་རྣམས་པའི་སྐད་དེ་ལ་ང་ཡི་རང་མ་བྱུང་།
ཇོ་ནང་ཚང་ལ་ཐོབ་ཐང་མི་འདུག་ལ་ ད་དུང་ཐོབ་ཐང་མེད་པ་མང་པོ་རེད་ བོད་པ་ཁ་ཆེ་དང་ ཡི་ཤུ་ ཧིན་དུ་སོགས་ཆོས་བརྒྱུད་ཁག་ཚང་མར་སྤྱི་མཐུས་ཐོབ་ཐང་དགོས་པས། སྤྱི་མཐུས་ཚོགས་ཁང་དེ་ཆོས་པས་ཁེངས་ས་རེད་། དེ་ལས་ཚང་མར་འདྲ་མཉམ་དང་གཅིག་གྱུར་བཟོས་ཏེ་ཆོས་ལུགས་སྤྱི་མཐུས་དེ་མིང་གི་ལྷག་མར་བཏང་ན་གཞི་ནས་ལྷིང་འཇགས་དང་། ཁུ་སིམ་ཞིག་ཡོང་སྲིད།
ཟུར་ཉན་ཙམ་ལའང་འགོག་གི་ཡོད་ན། དངོས་གནས་རྔམ་གནག་གི་ཇུས་ངན་རང་རེད། འདི་ལ་ཁ་ཡོད་པ་དང་མིག་ཐོགས་པ་ཚང་མས་སྐད་ཆ་ཞིག་བཤད་ན་འགྲིག
ཇོ་ནང་བསྟན་པ་ཉམ་མེད་རེད་ཆོས་ལུག་ཆེན་པོ་བཞི་ཡིས་ཧུར་རུབ་བྷ་རུབ་བྱས་ནས་ད་བར་ཉར་ཚག་བྱེས་པ་རེད་ཆོས་རྒྱུད་ཆེན་པོ་བཞི་མེད་ན་ཇོ་ནང་བསྟན་པ་མིང་གི་ལྷག་མ་དུ་སྔ་མོ་ནས་ཚར་བ་རེད་ ཡང་བཤད་འདོད་པ་ཞིག་ལ་ན་ལོ་ཐེ་ཝན་ནང་ལ་དོ་རྒྱལ་ཚོག་པས་ཇོ་ནང་ཆོས་ལུག་ཡིན་པའི་མིང་ཞིག་ཁུར་གྲ་བ་ཨ་ནེ་སྟོད་འགག་མཐོང་ལྗོང་ཁུ་བྱས་པ་ཞིག་གོན་གི་འདུག་བྱེར་གོ་ཐོས་བྱུང་བས་ ཁོ་ཚོས་གོ་བསྒྲིགས་བྱས་ནས་ཐེ་ཝན་ནང་རིས་མེད་བོད་རྒྱུད་ནང་བསྟེན་ཚོག་པ་ཞེས་པ་ཞིག་གཙུག་ནས་བོད་པའི་ཆོས་ཚོག་བླ་སྤྲུལ་མང་པོཞིག་་མཉམ་ཞུག་བྱེས་ཡོད་འདུག་ རྗེས་སུ་དོ་རྒྱལ་ཚོ་པ་ཡིན་པ་ཤེས་ནས་མང་པོ་ཕྱི་མཐེན་བྱེས་འདུག་ ཁྱེད་ཚོས་གྲ་བསྒྲིག་ངན་པ་ཞིག་བསྔོ་མ་ནས་བྱེས་ཚར་འདུག་ད་ཡིན་ན་མངོན་གསལ་བརྗེན་པས་འཇུག་བསྐྱོང་་བ་འདྲ་
ཇོ་ནང་ཚང་ལ་ཁག་མི་འདུག ལོ་ངོ་མང་པོ་འདི་འདྲའི་རིང་རེ་བ་བྱས་ཀྱང་ཁ་ཡ་མ་བྱས་པ་རེད། བཙན་བྱོལ་གཞུང་འདི་ངོ་མ་ཡ་མཚན་རེད། རྒྱུན་དུ་རང་དབང་ཡོད་རབས་དང་ཕྱི་གསལ་ནང་གསལ་ཡིན་རབས་ཤོད་ཀྱི་ཡོད་པ་མིན་ནམ། ཇོ་ནང་བ་ཚོས་ད་དུང་མུ་མཐུད་བརྩད་ནས་རྒྱུ་མ་ཕུ་འདེད་བྱས་ཏེ་ཡང་སྙིང་ཇོ་ནང་པའི་ཐོབ་ཐང་རྡོག་རུལ་གཏོང་མཁན་དང་གཏོང་དུ་འཇུག་མཁན་སུ་ཡིན་གསལ་པོ་བཟོས་ནས་མི་མང་ནང་གསལ་སྟོན་གནང་རོགས། དྲང་བདེན་ལ་དགའ་མཁན་ཚོས་ནམ་ཡང་ཁྱེད་ཚོར་རྒྱབ་སྐྱོར་བྱེད་ངེས།
བསྟན་འཛིན་བློ་གསལ་གྱིས་དངོས་གནས་བདེན་པ་དེ་བྲིས་འདུག
ཕ་བཟང་གི་བུ།
ང་ནི་ཁྱེད་ལ་མཐའ་གཅིག་རྒྱབ་སྐྱོར་ཡོད། ད་ཡིན་ན་ཇོ་ནང་སང་གིས་ལས་མགུལ་གཞན་པ་ཞིག་བྱེད་རན། སྙན་ཞུ་ཕུལ་ནས་ལོ་བཅུ་འཕྲག་བརྒལ་ཟིན་པས། ད་ནི་དེ་སྐྱར་ཟློས་བྱེད་པ་དུས་ཚོད་འཕྲོ་བླག་རེད།
ལས་དོན་ཅི་ཞིག་ལ་ཐུག་ན། ད་ནི་སེམས་ཐག་མི་ཆོད་པ་གཅིག་ཀྱང་མེད་ཚད་ལ་སླེབས་ཚར་བ་རེད། ད་རིས་གྲོས་ཚོགས་འཚོགས་ཡོད་པ་དང་། ཆོས་ལུགས་ཚོགས་ཆེན་གཉིས་ག་འཚོགས་ཡོད་པའི་གོ་སྐབས་ཡག་ཤོས་དེ་ཤོར་མི་རུང་། ཚང་མ་སྡ་སར་འཛོམས་ཤོག ང་ནི་ག་དུས་ཡོང་རན་ན་ཡོང་བར་ཐེ་ཚོམ་ཙམ་ཡང་མེད། །།
འདི་དངོས་གནས་བདེན་པ་རེད། བཀའ་ཤག་དང་ལྷག་པར་སྤྱི་འཐུས་རེ་ཟུང་གིས་ཇོ་ནང་ཚང་མཐོང་ཆུང་བྱས་པར་རིམ་པ་མང་པོ་རེད། མིང་ལ་ཆོས་པ་ཟེར་ནས་སྙིང་ནག་བླ་གྲ་དང་མི་སྐྱ་ཁ་ཤས་ཀྱིས་རྐུབ་སྟེགས་ལོག་པར་བེད་སྤྱོད་གཏོང་གི་ཡོད་པ་རེད། གོང་དུ་བོད་གཞུང་ལ་མཚན་སྨད་དང་ཁ་གཏོང་གིན་འདུག་པ་འདི་་་་་ལས་བྱེད་ལོག་སྤྱོད་པ་ཚོས་འགན་ཁུར་དགོས་པ་རེད་ལ་ཁོང་བོད་གཞུང་ལ་བཞག་པའི་བྱས་རྗེས་ཀྱང་རེད།
ད་འབྲེལ་ཡོད་ཚོས་བསམ་བློ་ཡག་པོ་གཏོང་རན་རེད་མ་གཏོགས་གཞིས་བྱེས་གཉིས་དང་ལྷག་པར་དུ་བོད་ནང་ལ་མཚོན་ན་ཇོ་ནང་ཆོས་རྒྱུད་འཛིན་མཁན་ཉུང་ཉུང་གཏན་ནས་མ་རེད། བོད་གཞུང་གི་མིང་ཐོག་ནས་གཞིས་གཉིས་སུ་གནས་པའི་ཇོ་ནང་པ་ཚོའི་སེམས་ནང་ལ་ནག་ཐིག་ཆེན་པོ་ཞིག་བཞག་སོང།
འདི་སུས་མ་བྱུང་བ་རེད་ཞིབ་འཇུག་གནང་རོགས།
ང་རང་ལ་མཚོན་ན་ཇོ་ནང་ལ་འབྲེལ་བ་ཏིལ་འབྲུ་ཙམ་ཡང་མེད། འོན་ཀྱང་འདིའི་འཇུག་འབྲས་ཡག་པོ་ཡོང་ས་མ་རེད།
མི་འབོར་མང་ཉུང་དང་དབང་ཤུགས་ཆེ་ཆུང་། རྒྱུ་འབྱོར་ཡོད་མེད་ཀྱི་སྐད་ཆ་ཙམ་མིན་པར་ཇོ་ནང་པ་དང་བོ་དོང་བ། ཞི་བྱེད་པ་སོགས་བོད་ཀྱི་ཆོས་བརྒྱུད་ཡོད་དོ་ཅོག་སྨྲོས་མེད་ཐོག འཇིག་རྟེན་ཐོག་གི་ཆོས་ལུགས་གཞན་དག་གི་རིགས་ཡོངས་སུ་རྫོགས་པ་ཐོབ་ཐང་འདྲ་མཉམ་དང་གཅིག་གྱུར་མཉམ་གནས་གནས་བབ་ཤིག་གི་ཐོག་འཚོ་དགོས་པ་དེ་༸གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་རེད། ཁོང་གི་ཕྱག་དེབ་ TOWARDS THE TRUE KINSHIP OF FAITHS: How the world’s religions can come together. ཞེས་པའི་ནང་གནད་དོན་དེ་དག་གཅིག་གཅིག་གཉིས་གཉིས་ཀྱིས་འགྲེལ་བརྗོད་འདུག
༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཚེའི་ཐུགས་དམ་གྱི་ཉམས་ལེན་གསུམ་གྱི་ཁོངས་ནས། གོང་གི་ཕྱག་དེབ་དེ་ནི་ཐུགས་དམ་གྱི་ཉམས་ལེན་གཉིས་པ། ཆོས་ལུགས་མཐུན་སྒྲིལ་གྱི་མཛད་པ་ཇི་ལྟར་སྐྱོང་བཞེད་ཀྱི་གནད་དོན་གསལ་བའི་རིག་པའི་གཞུང་ལུགས་དེ་ཡིན།
མི་འབོར་མང་ཉུང་དང་དབང་ཤུགས་ཆེ་ཆུང་། རྒྱུ་འབྱོར་ཡོད་མེད་ཀྱི་སྐད་ཆ་ཙམ་མིན་པར་ཇོ་ནང་པ་དང་བོ་དོང་བ། ཞི་བྱེད་པ་སོགས་བོད་ཀྱི་ཆོས་བརྒྱུད་ཡོད་དོ་ཅོག་སྨྲོས་མེད་ཐོག འཇིག་རྟེན་ཐོག་གི་ཆོས་ལུགས་གཞན་དག་གི་རིགས་ཡོངས་སུ་རྫོགས་པ་ཐོབ་ཐང་འདྲ་མཉམ་དང་གཅིག་གྱུར་མཉམ་གནས་ཀྱི་གནས་བབ་ཤིག་གི་ཐོག་འཚོ་དགོས་པ་དེ་༸གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་རེད། ཁོང་གི་ཕྱག་དེབ་ TOWARDS THE TRUE KINSHIP OF FAITHS: How the world’s religions can come together. ཞེས་པའི་ནང་གནད་དོན་དེ་དག་གཅིག་གཅིག་གཉིས་གཉིས་ཀྱིས་འགྲེལ་བརྗོད་གནང་འདུག
༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཚེའི་ཐུགས་དམ་གྱི་ཉམས་ལེན་གསུམ་གྱི་ཁོངས་ནས། གོང་གི་ཕྱག་དེབ་དེ་ནི་ཐུགས་དམ་གྱི་ཉམས་ལེན་གཉིས་པ། ཆོས་ལུགས་མཐུན་སྒྲིལ་གྱི་མཛད་པ་ཇི་ལྟར་སྐྱོང་བཞེད་ཀྱི་གནད་དོན་གསལ་བའི་རིག་པའི་གཞུང་ལུགས་དེ་ཡིན།
ཇོ་ནང་པ་ཚོ་ལ་ཞུ་རྒྱུ་ལ། ཟམ་གདོང་རིན་སྐུ་བཞུགས་སྐབས་ཅིའི་ཕྱིར་ཐོབ་ཐང་མ་ཞུས་སམ། གལ་ཏེ་ཞུས་ཡོད་ན། ཁོང་ནས་ལན་ཅི་བྱུང་ངམ།
ཇོ་ནང་པ་ཚོ་ལ་ཞུ་རྒྱུ་ལ། ཟམ་གདོང་རིན་པོ་ཆེ་སྐུ་བཞུགས་སྐབས་ཅིའི་ཕྱིར་ཐོབ་ཐང་མ་ཞུས་སམ། གལ་ཏེ་ཞུས་ཡོད་ན། ཁོང་ནས་ལན་ཅི་བྱུང་ངམ།\/
བོད་པ་ཚང་ལ་རང་དབང་སྤྲོད་རྒྱུ་མང་དྲག་ན་རྒྱ་དམར་ལས་སྡུག་རེད་ཤག་ཡང་མོའུ་ཙེ་ཏུང་དགོས་ཡ་རེད། ད་ང་ཚོས་རང་བཙན་བརྩད་ནས་ཐོབ་ན་ཡང་ཡག་པོ་ཡོང་ས་མ་རེད། ད་རྒྱ་འོག་ནས་འདུག་གི་ཡིན།
ངས་སྔོན་མ་ནས་ཇོ་ནང་གི་སྤྱི་འཐུས་སྐོར་ལ་བསམ་བློ་བཏང་པ་ཡིན། ཇོ་ནང་ལ་སྤྱི་འཐུས་དགོས་སྐོར་རྩོམ་ཡིག་ཐེབས་ཆག་ཅིག་ཀྱང་བྲིས་ཡོད་མོད་ཁྱབ་སྤེལ་བྱས་མེད། གང་ཡིན་ཞེ་ན་ཇོ་ནང་པ་ཆོས་རྒྱུད་ཅིག་ཡིན་པའི་ཆ་ནས་དེ་ལ་ཐོབ་ཐང་དགོས་གི་འདུག སྤྱི་འཐུས་དགོས་ཀྱིན་འདུག འདྲ་མཉམ་དགོས་ཀྱིན་འདུག ཅེས་བཤད་ན་རྒྱུ་མཚན་གནས་ལུགས་འདུག ཡིན་ན་ཡང་དེ་དང་ལྷན་དུ་དུས་འཁོར་ཅིག་ཅིག་མིག གཞན་སྟོང་ཅིག་ཅིག་མིག མང་པོ་ཞིག་བཤད་ཡོང་དུས་མི་ལ་དོག་པ་སྣ་མང་ཞིག་སླེབས་ཡོང་གིན་འདུག དཔེར་ན། ང་ལྟ་བུ་ཡིན་ན་དུས་འཁོར་སངས་རྒྱས་ཀྱི་བཀའ་ཡིན་མིན་ཕར་ཞོག དུས་འཁོར་འདི་ཕར་གཏུག་ན་ནང་པ་སངས་རྒྱས་པའི་བསྟན་བཅོས་ཡང་དག་ཅིག་ལ་ཡང་འགྱུར་ཐུབ་མི་ཐུབ་པའི་དོག་པ་ཆེན་པོ་ཡོད་མཁན་ཞིག་ཡིན། མཚམས་རེར་བལྟས་ན་དུས་འཁོར་འདི་འཚེ་བ་ཆོས་སུ་སྨྲ་བའི་གཞུང་ལྟ་བུ་ཡིན་པའི་དོག་པ་ཡང་ཆེན་པོ་འདུག གཞན་སྟོང་ཡང་དེ་དང་མཚུངས་པ་རེད། སྤྱིར་ན་གཞན་སྟོང་ཟེར་བ་འདི་དབུ་མའི་ལྟ་གྲུབ་འཛིན་སྲོལ་ཞིག་ཡིན་པ་མ་གཏོགས་འདི་ཇོ་ནང་ཚང་གི་དམིགས་བསལ་ཞིག་ཅི་ཡང་མ་རེད། དེ་ཡིན་དུས་ཇོ་ནང་དང་མཉམ་དུ་གཞན་སྟོང་དང་དུས་འཁོར་སོགས་སྦྱོར་མ་ཡོང་རོགས།
རྔམ་གནག་བློ་ཡི་བདེན་པ་མ་མཐོང་བའི།།
ཇུས་ངན་སྲིད་ཀྱི་ཁྲི་འཕང་སྲིད་ན་མཐོ།།
ཉམ་ཆུང་ཁ་སྟབས་ཞན་པའི་འགྲོ་སྟངས་འདི།།
མང་གཙོའི་གཞུང་ན་བདོག་པ་ཨ་རེ་སྐྱོ།།
འཇིགས་མེད་སེང་གེའི་ཁྲི་འཕང་ཇུས་ཀྱིས་རྩོད།།
བདེན་པའི་ལུགས་ལ་ཐལ་བ་ཇུས་ཀྱིས་འདེབས།།
ལྷ་ཆེན་ཚངས་པའི་ཐིག་ཤིང་འཁྱོག་པའི་གཏམ།།
བདག་གི་རེ་བའི་རྒྱལ་ཁབ་འདི་ལ་འབྱམས།།
བདེན་རྫུན་དབྱེ་བ་དབང་དང་ཐོབ་ཀྱིས་འབྱེད།།
དཀར་ནག་དབྱེ་བ་རྣམ་རྟོག་སྣང་བས་ཕྱེས།།
བདེན་པའི་སོ་ཁ་རྟུལ་བའི་རིང་ལུགས་འདིས།།
ཉམ་ཆུང་མགོ་བོ་གཅོད་པ་དེ་རིང་མཐོང་།།
སེང་གེའི་ཞབས་རྗེས་ཁྱི་ཡིས་བསུབ་པ་འདི།།
རྒུད་པ་ལས་ཀྱང་རྒུད་པའི་མཐར་ཐུག་ཉིད།།
བཙན་པོའི་མགོ་བོ་འདེགས་སའི་བར་སྣང་ནས།།
ཉམ་ཆུང་བྱེའུ་ཙམ་ཡང་འཕུར་དབང་བྲལ།།
ཇོ་ནང་བསྟན་པ་རྒྱས་པའི་སྨོན་ལམ་ཙམ།།
ས་ཡི་གཏིང་དང་འོག་ནའང་འདེབས་དབང་མེད།།
མི་མངོན་བདེ་ལྡན་ཞིང་ན་འཚང་རྒྱ་བའི།།
སྦྱོར་དྲུག་གྲུབ་པའི་སྡེ་དག་ཅིས་མི་སྐྱོ།།
དཔལ་རྒྱལ་བ་ཇོ་ནང་པའི་བསྟན་པ་ལ་ཐོབ་ཐང་དབང་ཆའི་རེ་བསྐུལ་དེ་ལ་རྒྱ་ཆ་བརྒྱ་ཐམ་པའི་རྒྱབ་སྐྱོར་ཡོད་དོ། །
ཇོ་ནང་གི་ཆོས་ལ་ཁས་འཆེ་བའི་གང་ཟག་འགའ་རེས་ངེས་པར་གཟབ་དགོས་པར་འདུག ། སྔོན་ཇོ་ནང་གི་ཆོས་ཀྱི་ནང་དུ་གཏན་ནས་མེད་པའི་རྩ་རླུང་འཕྲུལ་འཁོར་ཞེས་རྒྱ་ཆོས་དང་བོད་ཆོས་དག་རྩམ་པ་དང་ཐ་མག་མཉམ་བསྲེལ་གྱི་བཞད་གད་སློང་བསྐྱེད་དེ་ཚོ་ནི་ངེས་པར་དུ་མཚམས་འཇོག་གནང་རོགས། དེ་མིན་རང་ཉིད་ལ་ཡོད་པའི་ཐོབ་ཐང་གི་དབང་ཆ་ཡོད་པ་དེ་བཤད་སྒྲུབ་ཀྱིས་ངེས་པར་དུ་འཛིན་དགོས། ཆོས་ལུགས་གཅིག་ཡིན་ནས་བཟུང་གཞི་ལམ་འབྲས་བུའི་གནད་ཀྱིས་གང་ཟག་གཅིག་མངོན་པར་འཚང་རྒྱ་བའི་ལམ་ཆ་ཚང་ལ་མ་ནོར་བ་གྲུབ་མཐའ་གཞན་ལ་མ་བརྟེན་པར་ཐོབ་ཐུབ་པའི་ཆོས་བརྒྱུད་གནས་ཡོད་པ་ཞིག་ལ་ཐོབ་དང་གོ་ས་ཕུལ་ན་དོན་གནས་དང་རྒྱུ་མཚན་དང་བཅས་པ་རེད། དེས་ན་ཇོ་ནང་གི་ཆོས་བརྒྱུད་ལ་བསྟེན་ནས་གྲུབ་བརྙེས་བསམ་ཡུལ་ལས་འདས་པ་བྱུང་ཡོད་པ་རེད། ། ད་ལྟའི་༧གོང་ས་མཆོག་གི་དུས་འཁོར་འདི་ཡང་རྒྱལ་བ་ཇོ་ནང་པའི་བརྒྱུད་པ་ལས་བྱུང་བ་རེད། མ་ཚད་ས་དགེ་བཀའ་རྙིང་ཚོས་ཀྱང་གཉིས་མེད་རྒྱུད་རྒྱལ་དཔལ་དུས་ཀྱི་འཁོར་ལོ་ལ་ཐོས་བསམ་སྒོམ་སྒྲུབ་བྱེད་པ་ཚོས་ངེས་པར་ཇོ་ནང་པ་ལ་རྩ་ཆེན་འཛིན་དགོས། མདོ་ཕྱོགས་ཐེག་ཆེན་ནས་བཤད་ན་ཡང་སྙིང་པོ་བསྟན་པའི་མདོའམ་བཀའ་ཐ་མའི་དགོངས་དོན་དོན་ཚང་ལ་མ་ནོར་བ་བསྟན་པ་དེ་ཇོ་ནང་པ་འདི་རེད། གཞན་སྟོང་དབུ་མ་ཆེན་པོ་ཞེས་ཡོངས་སུ་གྲགས་པ་འདི་ལ་ཐོབ་དང་གོ་སར་ངེས་པར་སྤྲོད་དགོས། མདོ་སྔགས་ཀྱི་སྙིང་པོ་བསྟན་པའི་ཆོས་བརྒྱུད་ཇོ་ནང་པ་ལ་དེ་ལ་རྩ་ཆེན་མེད་པར་རྒྱུ་ནོར་དཔུང་གི་ངོ་སོའི་གཞན་དབང་དུ་ཤོར་བ་ཡིན་ན། ད་ཕྱིན་ཆོས་སྲིད་གཉིས་ལས་ཁྱེད་ཚོས་ཕྱིན་ཆོད་དམ་པའི་ཆོས་ཕྱོགས་ནས་འགན་ཁུར་དང་ཐོབ་ཐང་མི་གནང་བར་ཞུ། བོད་གཞུང་ཞེས་པ་ཁྱེད་ཚོས་དམ་པའི་ཆོས་མི་ཤེས་པའི་ཕྱིར། མ་ཚད་མི་དགོས་རྒྱུ་བྱིས་པ་བསམ་མེད་དམ་པའི་ཆོས་ཞེས་པ་གང་ལ་ཟེར་མི་ཤེས་པ་ཚོ། ཆོས་བརྒྱུད་ག་གེ་མོ་དང་། སྐྱབས་མགོན་ཆེ་གེ་མོ་ཞེས་པའི་པུ་གུ་ཀླད་མེད་དེ་ཚོ་གསེར་དངུལ་བརྫིག་པོའི་ཁྲི་ཐོག་ལ་བཞག་ནས་བབ་ཅོལ་གྱི་གཏམ་བཤད་ཚོ་ལ་དམ་པའི་ཆོས་མིན་པས་མཁྱེན་པར་འཚལ་ལོ། མདོ་སྔགས་རིག་གཞུང་ལ་ཐོས་བསམ་མེད་པར་མི་ནག་གི་གཏམ་བཤད་ཡིན་པའི་ཕྱིར། དེ་དག་གིས་སངས་རྒྱས་བསྟན་པ་འཛིན་པ་ལས་བསྟན་པ་བཤིག་པ་ཡིན་པས་ཤེས་པར་གྱིས་ཤིག ། སངས་རྒྱས་ཤྰཀྱ་ཐུབ་པའི་བསྟན་པ་ལ་རིགས་མི་གཙོ། རུས་མི་གཙོ། ལོངས་སྤྱོད་མི་གཙོ། འབྲེག་མཁན་ཉེ་བར་འཁོར་གྱི་བུ་ལ་ཤྰཀྱའི་དགེ་སློང་བཟང་སྐྱོང་གིས་ཕྱག་འཚལ་བ་ཡིན་ན། དགེ་འདུན་པའི་ས་མཚམས་དེ་གཟིགས་དང་ཤིན་ཏུ་གསལ། ། དེས་ན་ཉམ་ཆུང་གི་ཆོས་བརྒྱུད་འཛིན་པ་ཚོ་ལ་ཐུབ་ཚོད་མི་གཏོང་བར་རེ་བསྐུལ་ཞུའོ། རང་སྟེགས་ཀྱི་དབང་ཆ་ཡང་གནང་རོགས་བཅས་ཇོ་ནང་བསྟན་པའི་དེ་ཉིད་ཤེས་པ་ཤྲྰི་སྨྱོན་པས་གུས་ཕུལ། །
མཆན།༧༽པ། འོད་ཟེར་ལགས། སྟོད་འགག་ལྗང་ཁུ་ཅན་དེ་དོལ་རྒྱལ་ཚོགས་པ་རེད། མིང་ལ་བཀའ་གདམས་གསར་མའི་ཚོགས་པ་ཟེར། སངྒ་པོར་འདི་ཕྱོགས་སུ་གང་འདུག དྲ་ལམ་ནས་ཀྱང་མཐོང་སོང་། ཇོ་ནང་གི་མཚན་བེད་སྤྱོད་བཏང་བའི་གནས་ཚུལ་གོ་ན་དེ་རྫུན་ཡིན་ཐག་ཅོད་རེད། ཁོང་ཚོས་གཞན་སྟོང་ལ་དགག་པ་བྱེད་པ་དང་། ཇོ་ནང་ཞེས་པ་གཏན་ནས་མེད་པར་འདོད་མཁན་རེད། །གོ་ནོར་མི་གནང་བར་མཁྱེན། །
བསྟན་འཛིན་བློ་གསལ་ལགས་ཀྱི་སྐད་ཆ་དེ་ཚོ་ཏག་ཏག་ཅིག་རྣ་བར་འགྲོ་མ་སོང་། མཉམ་ཞུགས་ཙམ་མ་ཟད་ཟུར་ཉན་ལ་ཡང་ཡོང་མི་ཆོག་ཟེར་གྱི་འདུག་ཟེར་ན་སུའི་རྣར་འགྲོའམ། དེ་འདྲ་ཞིག་སུས་ཟེར་གྱི་འདུག གལ་སྲིད་ཚོགས་ཆེན་དེར་ཞུགས་ན་སུས་འགོག་གི་རེད། ད་དུང་ཨུ་ཐུག་ན་ལམ་ཁ་གཞན་ཞིག་ལ་ཞུགས་རྒྱུ་ཡིན་ཚུལ་བཤད་འདུག་སྟེ། ནང་དོན་ལ་གསལ་ཁ་ཕུད་ན་རྒྱ་གུང་ཁྲན་ལ་མགོ་འདོགས་ཀྱི་ཡིན་ཟེར་བ་དེ་རེད་མོད། ཁྱོད་ཇོ་ནང་བའི་བསྟན་པའི་རྗེས་འཇུག་པ་ཞིག་མ་ཡིན་པ་སྐད་ཆ་འདི་དག་གིས་ལྷང་ལ་ཕུད་འདུག ཁྱོད་ཀྱིས་ནང་དཀྲུག་སློང་རྒྱུའི་ཀུན་སློང་ཞིག་འཁུར་འདུག་པ་གསལ་བོ་གསལ་རྐྱང་རེད། ཀུན་མཁྱེན་ཇོ་ནང་བའི་ཆོས་བརྒྱུད་པ་རྣམ་པས་མཉམ་འཇོག་བྱེད་རན་རེད། མི་འདི་འདྲ་བས་ཆོས་བརྒྱུད་ཀྱི་མཚན་རྫོད་འཇོག་གི་རེད། གལ་སྲིད་ངོ་མས་ཆོས་གྲལ་ནས་ཕྱིར་ཕུད་བྱེད་པའི་དོན་དག་དེ་འདྲ་ཞིག་བྱུང་ན་གཞི་ནས་སྐད་རྒྱག་དགོས་པ་རེད། དེ་ལ་ང་ཚོ་སུ་ཡིན་རུང་རྒྱབ་སྐྱོར་དང་རམ་འདེགས་ལོས་བྱེད། གཞན་དྲ་གྲོགས་རྣམ་པས་ཀྱང་ཐུགས་མཉམ་རེ་བཞག་ན་རེད། ཁྱི་རྒན་ཀི་ཅོ་འདོན་པ་ལ། རྒྱུ་མཚན་མེད་པར་གཞན་དག་རྒྱུགས་པའི་རྟུལ་ཞུགས་དེ་ཚོ་ཡག་པོ་མི་འདུག་གོ
ཇོ་ནང་པའི་ལྟ་གྲུབ་དེ་སྤོབས་མཐའ་སོགས་ཀྱིས་བཤད་པ་ལྟར་གཞན་སྟོང་དང་འཚེ་བ་ཆོས་སུ་སྨྲ་བ་གང་ཅིག་ལ་གཞི་བཅོལ་ཡོད་རུང་།ཁོ་རང་ལ་ལྟ་གྲུབ་དམིགས་བསལ་བ་ཅིག་ཡོད་པ་ཐོས་བཀན་དང་འཇམ་བཞད་སོགས་མང་པོས་ལྟ་ངན་དུ་སྒྲུབ་ཡོད་པས་གསལ་པོ་ཡིན་ལ།ཆོས་བརྒྱུད་དེར་དད་མོས་བྱེད་མཁན་ཀྱང་ཀ་ཤི་མེ་རེ་ལྷ་སའི་ཁ་ཆེ་ཚོ་དང་ལྡེ་རཱ་ལྡོན་གྱི་དུད་ནག་འཐེན་ནས་ཤི་གྲབས་ཡོད་དུས་ཡེ་ཤུས་ཆོས་སྤེལ་མཁན་ཚོས་བདག་བརྒྱག་བཞག་པ་བོད་མི་རེ་ཟུང་ཡོད་པ་ཚོ་དང་མི་འདྲ་བར།བོད་རང་དུ་ཡུ་མོ་མི་བསྐྱོད་རྡོ་རྗེ་ནས་དར་པ་ཆོས་བརྒྱུད་དེར་དད་པ་གནང་མཁན་མགོ་ལོག་དང་འཛམ་ཐང་།རྔ་པ་སོགས་སུ་བོད་མི་ཁྲི་ཚོ་མང་པོ་ཡོད་པས་དེ་ལ་ཆོས་བརྒྱུད་སྤྱི་འགྲེའི་ཐོབ་ཐང་མ་སྤྲད་ན་ཆོས་མེད་རྒྱ་ནག་གཞུང་ལས་ཀྱང་ཐབས་སྐྱོ་བོ་རེད།
ལར་ཁ་ཤས་ནས་ཇོ་ནང་གི་གཞན་སྟོང་དང་དུས་འཁོར་སོགས་ལ་དོགས་སློང་དང་ཅིག་བཤད་ཁུལ་འདྲ་བྱེད་པ་ནི་གད་མོ་འཆོར་གཞི་རེད་བསམ།ང་རང་ཇོ་ནང་ཆོས་བརྒྱུད་ཕར་བཞག་སྤྱིར་ཆོས་ལ་དད་པ་མེད་མཁན་ཅིག་ཡིན་མོད།དུས་འཁོར་སྦྱོར་དྲུག་སོགས་ཉམས་ལེན་ཆ་ནས་དེང་ཇོ་ནང་ལྟ་བུ་བོད་ཀྱི་ཆོས་བརྒྱུད་སུ་ལ་མེད་ཅེས་༧གོང་ས་མཆོག་གིས་དེ་སྔོན་ཐེ་ཝན་དུ་ཐེངས་མང་པོ་གསུངས་སོང་ང་།བརྒྱ་ལ་བོད་མི་ཁ་ཆེ་དང་ཡེ་ཤུས་སོགས་ནས་ཀྱང་ཆོས་བརྒྱུད་ཐོབ་ཐང་བརྩད་ན་སྤྲོད་དགོས་ཞེས་༧གོང་ས་མཆོག་གིས་བཀའ་གནང་འདུག་ག
ཡང་བར་སྐབས་བོད་གཞུང་ཆོས་རིག་བཀའ་བློན་ཚེ་ཕུན་ནས་ཇོ་ནང་ལ་ངེས་པར་ཐོབ་ཐང་དགོས་རྒྱུ་གལ་མི་ཆེ་བར་གཙོ་བོ་བཤད་སྒྲུབ་ལག་རྗེས་བཞག་སྟེ་གཞན་ཧ་ལས་པ་བྱེད་དགོས་པ་གསུངས་སོང་མོད།ད་སྐབས་བོད་ཀྱི་ཆོས་བརྒྱུད་ཁག་ལས་ཞབས་འདྲེན་མི་ཞུ་མཁན་དང་༧རྒྱལ་བའི་ཞབས་ལས་མི་འཐེན་མཁན་གཅིག་ཡོད་པ་ནི་ཇོ་ནང་པ་ཁོ་ན་ཙམ་རེད།
བོད་ཀྱི་ཆོས་བརྒྱུད་གཞན་ཚོས་བོད་མིའི་སྤྱི་ཚོགས་ཕར་བཞག་ནས་ནུབ་ཕྱོགས་ཡུལ་ཁག་ཁོ་ནར་དངུལ་དང་སྙན་གྲགས་བུད་མེད་དང་ཆགས་སྲེད་སོགས་ཆེད་དུ་ཞབས་འདྲེན་སྣ་ཚོགས་ཞུས་བཞག་པ།རྒྱ་ནག་གཞུང་གིས་ཕྱོགས་བསྒྲིགས་བྱས་ཏེ་༧རྒྱལ་བ་རིན་པོ་ཆེར་ངོ་རྒོལ་ལག་ཆ་བྱེད་ཀྱི་འདུག་ག
མདོ་གནད་དོན་འདིར་བོད་གཞུང་ལ་གདམས་ཀ་གཉིས་ཡོད་རེད།ཡང་མིན་ན་ཆོས་བརྒྱུད་སྤྱི་འཐུས་ཚང་མ་མེད་པ་བཟོས་ནས་ཆོས་དོན་འོག་བཅུག་དགོས་རེད།ཡང་ན་ཇོ་ནང་ལ་ཐོབ་ཐང་གཅིག་པ་སྤྲོད་དགོས་རེད།
དེ་གཉིས་ཀ་མེད་དུས་རྒྱ་ནག་གིས་ང་ཚོར་ཅིག་བཤད་བཞིན་པ་དོན་ལ་གནས་པ་རེད་སྙམ།
ངས་དུས་འཁོར་ལ་དོག་སློང་བྱེད་བཞིན་ཡོད་མ་གཏོགས་ཇོ་ནང་ལ་གང་ཡང་ཞུ་གི་མེད། དུས་འཁོར་ལས་ཤམ་བྷ་ལ་ཟེར་བ་ཞིག་འཛམ་གླིང་འདིའི་ཆ་ཤས་སུ་ཡོད་པར་བཤད་པ་དང་། རྒྱ་ནག་བོད་ཀྱི་བྱང་དུ་ཡོད་པར་བཤད་པ་སོགས་མངོན་སུམ་གྱི་བསྟན་དོན་ལ་མངོན་སུམ་གྱི་གནོད་པ་འབབ་པ་དང་། རིག་ལྡན་དྲག་པོ་ལྕགས་འཁོར་ཀྱི་སྒྲུང་གཏམ་ལུང་བསྟན་དེ་ཡིས་འཚེ་བ་ཆོས་སུ་སྨྲ་བའི་ལྟ་གྲུབ་ཀྱང་བསྟན་འདུག དེ་རིང་དེ་ཙམ་ཡིན།
ཁོ་རེ་བོད་བཞུང་གི་ཕུང་སེ་ཏོ་ལུག་ཚོ་ད་དྲང་པོ་ཟེར་ཡ་ཧ་གོ་ཡ་གད་ཆེན་པོ་རེད་ད་།
ཁོ་རེ་བོད་བཞུང་གི་ཕུང་སེ་ཏོ་ལུག་ཚོ་ད་དྲང་པོ་ཟེར་ཡ་དེ་ཧ་གོ་ཡ་གད་ཆེན་པོ་རེད་ད་།
ཁོ་རེ་བོད་བཞུང་གི་ཕུང་སེ་ཏོ་ལུག་ཚོ་ད་དྲང་པོ་ཟེར་ཡ་དེ་ཧ་གོ་ཡ་གད་ཆེན་པོ་རེད་ད་།
http://www.tibetexpress.net/bo/home/2010-02-04-05-35-27/6587-2011-09-22-09-38-05
རྗེ་ཙོང་ཁ་བའི་ཡི་དམ་ལྔ་དང་ལེགས་བཤད་ལྔ། ཡི་དམ་ལྔ་ནི་བདེ་མཆོག གསང་འདུས། རྡོ་རྗེ་འཇིགས་བྱེད། དུས་འཁོར། ཀྱེེ་རྡོར་ཏེ་ལྔ། ལེགས་བཤད་ལྔ་ནི་ལྷག་མཐོང་ཆེ་ཆུང་གཉིས། རྩ་འཇིག་གི་རྣམ་དཔྱད་གཉིས། དྲང་ངེས་ལེགས་བཤད་སྙིང་པོ་སྟེ་ལྔའོ།། དེས་ན་དུས་འཁོར་ལ་རྒྱ་གར་མཁས་པ་ཨ་བྷྱ་ཀ་ར་དང་བོད་ཀྱི་མཁས་པ་བཅོམ་ལྡན་རིག་པའི་རལ་གྲི་སོགས་ཀྱིས་དོགས་སློང་མང་དུ་མཛད་ཡོད་པ་དང་གལ་སྲིད་ཆོས་རྣམ་དག་ཞིག་མིན་ན། རྗེ་འཇམ་དབྱངས་ཆོས་རྗེས་མཛད་པའི་རྗེ་ཙོང་ཁ་བའི་གསང་བའི་རྣམ་ཐར་ལས། རྒྱུད་ཀྱི་མཐར་ཐུག་དཔལ་ལྡན་དུས་འཁོར་ལོའི།།ཡན་ལག་དྲུག་གི་གནད་རྣམས་དགོངས་པ་ན།།བཅོམ་ལྡན་དུས་ཀྱི་འཁོར་ལོ་མངོན་སུམ་གཟིགས།།ཟླ་བ་བཟང་པོ་འདྲ་བར་ལུང་བསྟན་པ།།དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།ཞེས་གསུངས་པ་ལྟར་རྗེ་རིན་པོ་ཆེ་ལ་དུས་འཁོར་ཞལ་གཟིགས་གནང་བ་དང་གཞུང་བཤད་མང་དུ་མཛད་པ་སོགས་ཡོད་པར་མ་ཟད། རྗེ་རིན་པོ་ཆེའི་གསུང་རྩོམ་པོད་བཅོ་བརྒྱད་ཁྲོད་པོད་ལྔ་མ་གཏོགས་སྔགས་ཀྱི་སྐོར་རྐྱང་རྐྱང་རེད། མཁས་གྲུབ་རིན་པོ་ཆེས་མཛད་པའི་དུས་འཁོར་འགྲེལ་ཆེན་སྐོར་པོད་ཁ་ཤས་བཞུགས་པ་དང་སྔ་ཕྱིས་མཁས་པ་མང་པོས་མཛད་པའི་དུས་འཁོར་གྱི་འགྲེལ་བ་དང་མཆན། རྩ་རླུང་ཐིག་ལེའི་རྣམ་བཞག་དང་། དོགས་བཅོད་མང་པོ་ཞིག་མཛད་འདུག་པས་འདི་དག་ལ་ཞིབ་ཏུ་གཟིགས་རྟོག་གནང་ཐུབ་ན་དེ་ནས་ཕྱི་ནང་གཞན་གསུམ་གྱི་དུས་འཁོར་འཁོར་ལོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་དད་པ་ཞིག་འཁྲུངས་ངེས། དེ་མིན་ཚིག་རིས་ཙམ་ལ་འཁྲུལ་ནས་གྲངས་ཅན་པའི་རྡུལ་མུན་སྙིང་སྟོབས་གསུམ་དང་ཆ་འདྲ་བ་ཡོད་པ་དང་ལེགས་ལྡན་གླུ་དང་ཆ་འདྲ་བ་ཡོད་པ་ཙམ་གྱིས་གཞན་དུ་སྨྲ་ན་མི་འགྲིག་གོ །བདག་ཅག་གི་སྟོན་པས་བྱ་རྒོད་ཕུང་པོའི་རི་བོར་ཤེར་ཕྱིན་གྱི་མདོ་གསུངས་པ་དང་། དཔལ་ལྡན་འབྲས་སྤུངས་སུ་དུས་འཁོར་རྩ་རྒྱུད་གསུངས་པ་དང་དུས་མཚུངས་རྒྱུད་ཀྱི་རྒྱལ་པོ་འཇམ་དཔལ་མཚན་བརྗོད་ཀྱང་གསུངས། དཔལ་ལྡན་སྒྱུ་སྐར་དཀྱིལ་འཁོར་ཅན།།ཞེས་སོགས་ལྟར་བརྗོད་དོན་གཙོ་བོ་དུས་འཁོར་གྱི་སྦྱོར་བ་ཡན་ལག་དྲུག་ཡིན་སྟབས་དུས་འཁོར་གྱི་བརྗོད་བྱ་ཕྱོགས་མཐུན་གྱི་རྒྱུད་ཡིན། རྩ་རླུང་ཐིག་ལེའི་རྣམ་བཞག་རགས་པ་ཙམ་ཕྱི་རོལ་བ་ལ་ཡོད་ཀྱང་སྦྱོར་བ་ཡན་ལག་དྲུག་ཕྱི་རོལ་བ་ལ་གཏན་ནས་མེད་པས་ཧུན་དུའི་ཆོས་ལུགས་ཤིག་ཡིན་དོན་མེད།
རྗེ་ཙོང་ཁ་བའི་ཡི་དམ་ལྔ་དང་ལེགས་བཤད་ལྔ། ཡི་དམ་ལྔ་ནི་བདེ་མཆོག གསང་འདུས། རྡོ་རྗེ་འཇིགས་བྱེད། དུས་འཁོར། ཀྱེེ་རྡོར་ཏེ་ལྔ། ལེགས་བཤད་ལྔ་ནི་ལྷག་མཐོང་ཆེ་ཆུང་གཉིས། རྩ་འཇིག་གི་རྣམ་དཔྱད་གཉིས། དྲང་ངེས་ལེགས་བཤད་སྙིང་པོ་སྟེ་ལྔའོ།། དེས་ན་དུས་འཁོར་ལ་རྒྱ་གར་མཁས་པ་ཨ་བྷྱ་ཀ་ར་དང་བོད་ཀྱི་མཁས་པ་བཅོམ་ལྡན་རིག་པའི་རལ་གྲི་སོགས་ཀྱིས་དོགས་སློང་མང་དུ་མཛད་ཡོད་པ་དང་གལ་སྲིད་ཆོས་རྣམ་དག་ཞིག་མིན་ན། རྗེ་འཇམ་དབྱངས་ཆོས་རྗེས་མཛད་པའི་རྗེ་ཙོང་ཁ་བའི་གསང་བའི་རྣམ་ཐར་ལས། རྒྱུད་ཀྱི་མཐར་ཐུག་དཔལ་ལྡན་དུས་འཁོར་ལོའི།།ཡན་ལག་དྲུག་གི་གནད་རྣམས་དགོངས་པ་ན།།བཅོམ་ལྡན་དུས་ཀྱི་འཁོར་ལོ་མངོན་སུམ་གཟིགས།།ཟླ་བ་བཟང་པོ་འདྲ་བར་ལུང་བསྟན་པ།།དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།ཞེས་གསུངས་པ་ལྟར་རྗེ་རིན་པོ་ཆེ་ལ་དུས་འཁོར་ཞལ་གཟིགས་གནང་བ་དང་གཞུང་བཤད་མང་དུ་མཛད་པ་སོགས་ཡོད་པར་མ་ཟད། རྗེ་རིན་པོ་ཆེའི་གསུང་རྩོམ་པོད་བཅོ་བརྒྱད་ཁྲོད་པོད་ལྔ་མ་གཏོགས་སྔགས་ཀྱི་སྐོར་རྐྱང་རྐྱང་རེད། མཁས་གྲུབ་རིན་པོ་ཆེས་མཛད་པའི་དུས་འཁོར་འགྲེལ་ཆེན་སྐོར་པོད་ཁ་ཤས་བཞུགས་པ་དང་སྔ་ཕྱིས་མཁས་པ་མང་པོས་མཛད་པའི་དུས་འཁོར་གྱི་འགྲེལ་བ་དང་མཆན། རྩ་རླུང་ཐིག་ལེའི་རྣམ་བཞག་དང་། དོགས་བཅོད་མང་པོ་ཞིག་མཛད་འདུག་པས་འདི་དག་ལ་ཞིབ་ཏུ་གཟིགས་རྟོག་གནང་ཐུབ་ན་དེ་ནས་ཕྱི་ནང་གཞན་གསུམ་གྱི་དུས་འཁོར་འཁོར་ལོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་དད་པ་ཞིག་འཁྲུངས་ངེས། དེ་མིན་ཚིག་རིས་ཙམ་ལ་འཁྲུལ་ནས་གྲངས་ཅན་པའི་རྡུལ་མུན་སྙིང་སྟོབས་གསུམ་དང་ཆ་འདྲ་བ་ཡོད་པ་དང་ལེགས་ལྡན་གླུ་དང་ཆ་འདྲ་བ་ཡོད་པ་ཙམ་གྱིས་གཞན་དུ་སྨྲ་ན་མི་འགྲིག་གོ །བདག་ཅག་གི་སྟོན་པས་བྱ་རྒོད་ཕུང་པོའི་རི་བོར་ཤེར་ཕྱིན་གྱི་མདོ་གསུངས་པ་དང་། དཔལ་ལྡན་འབྲས་སྤུངས་སུ་དུས་འཁོར་རྩ་རྒྱུད་གསུངས་པ་དང་དུས་མཚུངས་རྒྱུད་ཀྱི་རྒྱལ་པོ་འཇམ་དཔལ་མཚན་བརྗོད་ཀྱང་གསུངས། དཔལ་ལྡན་སྒྱུ་སྐར་དཀྱིལ་འཁོར་ཅན།།ཞེས་སོགས་ལྟར་འཇམ་དཔལ་མཚན་བརྗོད་ཀྱི་བརྗོད་དོན་གཙོ་བོ་དུས་འཁོར་གྱི་སྦྱོར་བ་ཡན་ལག་དྲུག་ཡིན་སྟབས་དུས་འཁོར་གྱི་བརྗོད་བྱ་ཕྱོགས་མཐུན་གྱི་རྒྱུད་ཡིན། རྩ་རླུང་ཐིག་ལེའི་རྣམ་བཞག་རགས་པ་ཙམ་ཕྱི་རོལ་བ་ལ་ཡོད་ཀྱང་སྦྱོར་བ་ཡན་ལག་དྲུག་ཕྱི་རོལ་བ་ལ་གཏན་ནས་མེད་པས་ཧུན་དུའི་ཆོས་ལུགས་ཤིག་ཡིན་དོན་མེད།
ཇོ་ནང་པ་ལ་སྐུ་སྒེར་ནས་ཆེ་མཐོང་ཆེན་པོ་གནང་ཡོད། འོན་ཀྱང་ཇོ་ནང་བ་ཆོས་བྱེད་མི་སྣའི་ཁོག་ཏུ་ཆབ་སྲིད་ཀྱི་འདྲེ་ཞིག་འཛུལ་ཡོད་པ་མིན་ནམ། ཆོས་རྒྱུད་ཁག་གི་སྤྱི་མཐུས་དེ་མེད་བ་བཟོ་གནང་ན་ཇོ་ནང་ལ་ཤ་ཚ་དོགས་བྱ་མཁན་གྱི་ཆབ་སྲིད་པ་དག་འཇམ་ཐིང་ངེར་གནས་ཀྱི་རེད།
དངོས་གནས་དེ་འདྲ་ཐུབ་ཚོད་དང་དམའ་འབེབས་བྱས་ན། ད་ཐབས་ལམ་གཞན་པ་ཞིག་མི་འཚོལ་རང་འཚོལ་རེད། ད་བར་བཟོད་པ་བསྒོམ་ཤག། དེ་འདྲའི་བཟོད་པ་སྒོམ་མཁན་དེང་སང་གི་དུས་སུ་ཡོད་པ་རེད།
གཞིས་བྱེས་གཉིས་ཀྱི་ཇོ་ནང་པ་ཚོའི་སེམས་ནང་རྨ་ཁ་ཆེན་པོ་ཡོད་ས་རེད། ཅིག་བྱས་ན་༸གོང་ས་མཆོག་ཞལ་ངོ་བལྟས་ནས་ད་བར་རྙོགས་དྲ་ཆེན་པོ་དང་ཐབས་ལམ་གཞན་བཙལ་མེད་པ་ཡིན་རྒྱུ་རེད།
དེ་མཚུངས་འདི་གར་མི་ཉམ་ཆུང་ཁ་ཤས་ལ་གཞུང་གི་བལྟ་རྟོགས་བྱེད་ཀྱི་མི་འདུག། དབང་དང་རྒྱུ་ཆེན་པོ་ཡོད་མཁན་ཚོར་གཞུང་སྒེར་གཉིས་ཀྱིས་བལྟས་བལྟས་པ་འདུག། ཡ་མཚན་རེད། ༸གོང་ས་མཆོག་མེད་ན་བཙན་བྱོལ་གཞུང་འཐོར་ཡ་རེད་ཤག།
བཀའ་སྤྱི་གཉིས་ལ། ད་ཇོ་ནང་ཚང་ལ་བསམ་བློ་ཞིག་བཏང་ན་མ་གཏོགས་ནང་ལོགས་མཐུན་སྒྲིལ་མ་བྱུང་ན་ཕྱིའི་དགྲ་འདུལ་རྒྱུ་ཁག་པོ་རེད། གལ་སྲིད་ཇོ་ནང་ལ་ཆོས་རྒྱུད་ཀྱི་ཐོབ་ཐང་སྤྲད་པ་ཡིན་ན་སྐྱོན་ག་རེད་འདུག།། དེ་ཡང་མང་པོར་ཤེས་འདོད་ཡོད་ཙང་གསལ་བཤད་ཞིག་གནང་རྒྱུ་གལ་ཆེན་པོ་འདུག།།
༄༅།། བཀུར་འོས་བོད་གཞུང་གི་དབུ་ཁྲིད་མཁས་དབང་བློ་བཟང་སེངྒེ་མཆོག་དང་དཔལ་ལྡན་ཆོས་དོན་ལས་ཁུངས་སོགས་ཀྱིས་གཙོས་པའི་འདིར་བཞུགས་གནད་ཡོད་ཆོས་བརྒྱུད་ཁག་གི་བླ་སྤྲུལ་ཡོངས་ཀྱི་སྙན་ལམ་དུ། བདག་མིང་བ་འཇིགས་མེད་བློ་གྲོས་ཀྱིས་ངེད་ཇོ་ནང་གི་བསྟན་པར་ལྷག་བསམ་དཀར་ཞིང་མི་རིགས་དང་རིག་གཞུང་གི་ཆག་འཇིག་འདིར་དུས་ཀུན་ཏུ་ཐུགས་ཁུར་དང་ཕྱག་ལས་གནང་དང་གནང་བཞིན་པའི་ངེད་ཇོ་ནང་ཚང་གི་བླ་གྲྭ་ཁག་གཅིག་དང་། དེ་བཞིན་གཞིས་བྱེས་གཉིས་སུ་བཞུགས་པའི་རྒྱལ་བ་ཇོ་ནང་པ་ཚང་གི་ལྷ་སྡེ་མི་སྡེ་ཁག་གཅིག་གི་ཚབ་བྱས་ཏེ་སྐད་ཆ་འདི་བཤད་ཀྱིན་ཡོད།
ཚང་མས་མཁྱེན་གསལ་ལྟར། ངེད་ཇོ་ནང་པ་ཚང་གིས་ད་བར་བོད་རང་གི་སྤྱི་ཚོགས་ཁྲོད་རང་ནུས་ཅི་ལྕོགས་ཀྱིས་ཞབས་ཞུ་སྣ་མང་ཞིག་བསྒྲུབས་དང་སྒྲུབ་བཞིན་པ་མ་ཟད། ད་དུང་ཡང་མུ་མཐུད་དེ་བོད་པ་རང་གི་སྤྱི་ཚོགས་ཁྲོད་བོད་མི་སྤྱི་མཚུངས་ལྟར་འདུག་འདོད་ཡོད་ལ། དེ་བཞིན་སྟོན་པ་བཅོམ་ལྡན་འདས་ནས་བརྒྱུད་འོང་བའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ལ་ཡང་གུས་བཀུར་དང་། བསྟན་པའི་ཤིང་རྟ་བ་ཆེན་པོ་དག་གིས་བསྟན་བཞག་པའི་བཤད་བསྒྲུབ་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་དེ་དག་ལ་ཡང་འདྲ་མཉམ་གྱིས་བརྩི་བཀུར་དང་འཛིན་སྐྱོང་སྤེལ་གསུམ་བྱེད་པར་སྙིང་ནས་འབད་པ་བྱེད་ཀྱིན་མཆིས། དེར་བརྟེན་རང་ཅག་བོད་པ་ཡོངས་ཀྱིས་ཁ་གཅིག་གྲག་གིས་རྒྱ་དམར་གྱིས་བོད་པའི་སྟེང་ལ་འཛིན་པའི་སྲིད་ཅུས་ལ་དམོད་དགོས་པ་ཡང་འདི་ལ་ཐུག་ཡོད། དམིགས་བསལ་གྱིས་འདིར་ང་ཚོ་བོད་པ་ཚང་གིས་བཙན་བྱོལ་གཞུང་ཞིག་འཛུགས་དགོས་པ་ཡང་ཆོས་དང་རིག་གཞུང་འཛིན་སྐྱོང་དང་མི་མཉམ་རྒྱུད་འཛིན་བྱེད་དགོས་ཞེས་ད་བར་སྐད་ཆ་འདི་མ་ཎི་བཞིན་བགྲངས་པ་ཡང་མདོར་བསྡུས་ནས་བཤད་ན་གནད་དོན་འདི་ལ་ཐུག་ཡོད།
འོན་ཀྱང་། བློ་ཕམ་པ་ཞིག་ལ། བཙན་བྱོལ་བོད་གཞུང་གིས་སྔ་གཞུག་ཏུ་ངེད་ཇོ་ནང་ཚང་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕོག་ཐུག་མང་པོ་ཞིག་བཏང་ཡོད་ཀྱང་། ང་ཚོས་ད་བར་བསམ་ཤེས་དང་ཉན་ཤེས་བྱས་ཏེ་བསྡད་པ་ཡིན། སྤྱིར་བཏང་ང་ཚོས་འདི་ནས་ཆོས་ལུགས་བར་ལ་འགལ་ཟླ་བཟོ་འདོད་ནས་སྐད་ཆ་འདི་འདྲ་ཞིག་བཤད་པ་གཏད་ནས་མིན། འོན་ཀྱང་། ང་ཚོས་བཤད་འདོད་པ་ནི། ཆོས་ལུགས་ཡོངས་ལ་འདྲ་མཉམ་གྱི་གླེང་སྟེགས་ཤིག་ཡོད་ན། ད་གཟོད་ང་ཚོས་ཕན་ཚུན་བརྩི་བཀུར་དང་དཔུང་རྡང་གཅིག་སྒྲིལ་ཡོང་བར་ནུས་པ་ཆེ། དེ་མིན་ཆོས་ལུགས་བར་བཟང་ངན་བཤད་ཡོང་དུས། བདག་གཞན་སུ་ཡིན་རུང་སྐད་ཆ་དེར་མགོ་སྒུར་མི་ཐུབ། རྒྱུ་མཚན་ནི། རང་རང་ལ་དད་པ་བྱེད་སའི་ཡུལ་རེ་ཡོད་པ་དང་། དེ་ཡང་འདི་ཕྱི་གཉིས་ཀར་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཡིན་དུས། གནད་དོན་འདིའི་ཆེད་དུ་རང་སྲོག་ཀྱང་བཏང་བའི་ལོ་རྒྱུས་ཡོད་ལ། ད་དུང་ཡང་རང་སྲོག་གཏའ་མར་བཞག་སྟེ་གནད་དོན་འདིའི་ཕྱོགས་ལ་གླེང་སློང་བྱེད་མཁན་ཇེ་མང་ནས་ཇེ་མང་རེད། དེར་བརྟེན། ང་ཚོས་ངོས་ནས་བསམ་ཤེས་བྱས་ཏེ་གསོལ་འདེབས་དང་རྒྱབ་གཉེར་ཡི་གེ་བླངས་པ་སོགས་ཀྱིས་མཚོན་པའི་ལས་འགུལ་དེ་རིགས་སྣང་མེེད་མི་བྱེད་པར། ཅི་ནས་ཀྱང་། ང་ཚོ་ཇོ་ནང་ཚང་གི་བསྟན་པ་འཛིན་པའི་བོད་རིགས་གཞིས་བྱེས་གཉིས་ལ་སྙིང་རྗེ་ཞིག་བལྟ་དགོས་པ་ཡིན་ན་ཡང་། ད་ཐེངས་ཚོགས་ཆེན་འདིའི་ཐོག་གནད་དོན་འདིར་ཐག་གཅོད་ཅིག་བྱེད་རོགས་ཞེས་རེ་བ་རྒྱག་བཞིན་ཡོད།
གལ་ཏེ་གནད་དོན་འདི་སྔར་བཞིན་སྣང་མེད་བྱས་པ་ཡིན་ན། ད་ནས་བཟུང་ངེད་ཇོ་ནང་གི་བསྟན་པའི་རྗེས་འཇུག་པ་དག་གིས་ལམ་ཁ་གཞན་ཞིག་གདམས་རྒྱུ་ཡིན་ཞེས་ཡང་དང་བསྐྱར་དུ་ཞུས་ཟིན་པ་དེ་ཡིན། ད་བར་ཁྱེད་གཞུང་དམངས་གཉིས་ཐད་ནས་ངེད་ཇོ་ནང་པ་དག་ནི་ཡེ་ཤུ་ཆོས་ལུགས་དང་ཁ་ཆེའི་ལུགས་སོགས་ཀྱི་ཕྱོགས་སུ་ཟུར་ཕུད་བྱས་ནས་བསྡད་པ་རེད། འོན་ཀྱང་། ང་ཚོས་ངོས་ནས་དེ་ལ་བསམ་ཤེས་བྱས་པར་མང་མེད་ན་ཉུང་གཏན་ནས་མེད།
གོ་སྐབས་འདི་དང་བསྟུན་ནས་ནན་གྱིས་ཞུ་དོན། གལ་ཏེ་ཐེངས་འདིའི་ཚོགས་ཆེན་ཐོག་ང་ཚོ་ལ་སྔར་བཞིན་ཟུར་ཕུད་དང་། མཐོང་ཆུང་། སྣང་མེད། ཁྱད་གསོད། གཉའ་གནོན། ཐུབ་ཚོད་སོགས་བྱས་པ་ཡིན་ན། ང་ཚོས་འདི་ནས་དཀོན་མཆོག་གསུམ་དཔང་དུ་བཞག་ནས་བཤད་རྒྱུར། ངེད་ཇོ་ནང་གི་བསྟན་པའི་རྗེས་འཇུག་པ་གཞིས་བྱེས་ཀ་ཚུད་པའི་ང་ཚོ་བོད་རིགས་ཚང་མར་བོད་པའི་སྤྱི་ཚོགས་ནས་ཟུར་དུ་འབུད་རྒྱུ་ཡིན་ཞེས་ནན་ཏན་གྱིས་བཤད་ཀྱིན་ཡོད། སྐབས་དེར་བདག་གཞན་ཚང་མར་དཀའ་ངལ་མི་དམན་པ་ཞིག་འབྱུང་ངེས་པས། གནད་དོན་འདི་ངོས་སུ་མ་བྱུང་སྔོན་ལ་ང་ཚོས་ཁྱེད་ཅག་ལ་གསལ་བཤད་ཅིག་བྱས་པ་ཙམ་ཡིན། སྤྱིར་ང་ཚོ་ཚང་མ་དེང་སྐབས་ཨུ་ཐུག་ཐབ་ཟད་ནས་ཡོད་དུས། སྐད་ཆ་འདི་རིགས་གླེང་སློང་བྱེད་སྐབས་དེ་མུར་དགྲ་དགའ་གཉེན་སྡུག་གི་ལས་ཀ་ཚབ་ཆེན་རེ་བྱེད་ན་འདོད་ཀྱང་། ང་ཚོས་ད་དུང་བོད་གཞུང་གིས་བསམ་ཤེས་ཤིག་བྱེད་ཨེ་མི་ཡོང་བསམས་ནས་བསྒུག་བསྡད་པ་ཙམ་ཡིན། མདོར་ན། ང་ཚོའི་ངོས་ནས་བྱེད་དགོས་པ་ཚང་མ་ང་ཚོས་བྱས་ཟིན་པ་ཡིན། ད་ནི་བོད་གཞུང་གིས་ཐག་གཅོད་ཅིག་བྱེད་དགོས་པའི་དུས་ལ་བབས་ཡོད། ནན་གྱིས་ཞུ་དོན། གལ་ཏེ་བོད་གཞུང་གིས་སྔར་བཞིན་ང་ཚོ་སྣང་མེད་བྱས་པ་ཡིན་ན། ང་ཚོས་ཀྱང་ད་ནས་བཟུང་ཁྱིམ་གཞི་གསར་བ་ཞིག་འཚོལ་ངེས་ཡིན། དེ་དུས་བདག་གཞན་ཚང་མས་ཞབས་འདྲེན་ཞུ་ངེས། གདམས་ཁ་འདི་ཁྱེད་བོད་གཞུང་གིས་ང་ཚོ་ལ་བཙན་གྱིས་འདེམས་བཅུག་པ་ལས། ང་ཚོས་ངོས་ནས་དགའ་བཞིན་སྤྲོ་བཞིན་བདམས་པ་ཞིག་གཏན་ནས་མིན།
བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་དབུ་ཁྲིད་བླ་ཆེན་དབུས་བླ་སྤྲུལ་མཁན་པོ་དང་སྐུ་ཚབ་འདུས་པའི་ཆོས་ཚོགས་ཐེངས་བཅུ་གཅིག་པ་དབུ་འཛུགས་གནང་བ།
༢༠༡༡ ཟླ་ ༩ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༢ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཐོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་དབུ་ཁྲིད་བླ་ཆེན་དབུས་བླ་སྤྲུལ་མཁན་པོ་དང་སྐུ་ཚབ་འདུས་པའི་ཆོས་ཚོགས་ཐེངས་བཅུ་གཅིག་པ་རྡ་ས་མེཀ་ལོར་གན་ཇིའི་སུ་རི་ཡ་གསོལ་མགྲོན་ཁང་དུ་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་དང་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག འབྲུག་ཆེན་རིན་པོ་ཆེ་མཆོག་གི་སྐུ་ཚབ་མཁན་པོ་ངེས་དོན་བསྟན་འཛིན་ལགས། སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག གོང་དཀར་སྤྲུལ་སྐུ་རྡོ་རྗེ་གདན་པའི་སྐུ་ཚབ་མཁན་པོ་འཇམ་དཔལ་ཆོས་སྦྱིན་ལགས། དགའ་ལྡན་ཁྲི་པ་རི་རྫོང་རིན་པོ་ཆེ་མཆོག་གིས་དབུས་ཤར་པ་ཆོས་རྗེ་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག བྱང་རྩེ་ཆོས་རྗེ་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག སྨན་རི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག མཚོ་སྣ་རིན་པོ་ཆེ་མཆོག ལོ་ཆེན་སྤྲུལ་སྐུ་རིན་པོ་ཆེ་མཆོག རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག རྟོགས་ལྡན་རིན་པོ་ཆེ་མཆོག་གི་སྐུ་ཚབ་མཁན་པོ་རང་གྲོལ་ལགས། ནང་པའི་ཚོགས་ཆེན་གྱི་ཚོགས་གཞོན་ཐུབ་བསྟན་འཇིགས་སྒྲོལ་ལགས། རི་བོ་དགེ་ལུགས་པའི་ཤེས་ཡོན་ལྷན་ཚོགས་ཀྱི་འཐུས་མི་ཨཅརྱ་བསྟན་འཛིན་བླ་མ་ལགས། མཁན་པོ་སངས་རྒྱས་རང་བྱུང་གི་སྐུ་ཚབ་ཨཅརྱ་ནོར་བུ་ཤར་པ་ལགས། ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གི་སྐུ་ཚབ་མཁན་པོ་ཀརྨ་དབང་ཕྱུག་ལགས། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག རྙིང་མའི་སྤྱི་འཐུས་རྒྱུན་ལས་དང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བཀའ་བརྒྱུད་སྤྱི་འཐུས་རྒྱུན་ལས་ཀརྨ་ཆོས་འཕེལ་ལགས། ས་སྐྱའི་སྤྱི་འཐུས་རྒྱུན་ལས་མཁན་པོ་ནོར་བུ་ཚེ་རིང་ལགས། དགེ་ལུགས་སྤྱི་འཐུས་རྒྱུན་ལས་ཨ་ཀྲུག་ཚེ་བརྟན་ལགས། བོན་གྱི་སྤྱི་འཐུས་རྒྱུན་ལས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། ཆོས་རིག་བཀའ་བློན་མཆོག དེ་བཞིན་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་གཙོས་ལས་བྱེད་འདེམས་ལྷན་གྱི་འགན་འཛིན་མཆོག རྩིས་ཞིབ་སྤྱི་ཁྱབ་འགན་འཛིན་མཆོག་གིས་གཙོས་ལྷན་ཁང་ཁག་གཅིག་གི་དྲུང་ཆེ་དང་དྲུང་འཕར་རྣམ་པ། གསར་འགོད་པ་དང་འབྲེལ་ཡོད་ལས་བྱེད་སོགས་ཁྱོན་མི་གྲངས་ ༨༠ བརྒལ་བའི་དབུས་སུ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་རྟེན་གཙོ་ཐུབ་དབང་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་དང་ཚོགས་འདུ་དབུ་འབྱེད་ཀྱི་སྣང་གསལ་ཞལ་ཕྱེ་གནང་། དེ་ནས་ཉེ་ཆར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་སྔ་འགྱུར་རྙིང་མའི་དབུ་ཁྲིད་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་གང་གི་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བསྟན་འགྲོའི་མགོན་དུ་ཡང་སྲིད་འཁྲུལ་བྲལ་མྱུར་བྱོན་ཡོང་བའི་ཐུགས་སྨོན་གསོལ་འདེབས་ཞུ་ཆེད་མྱ་ངན་གུས་འདུད་སྐར་མ་གཅིག་ཞུས། དེ་རྗེས་སྐུ་བཅར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་དགེ་འདུན་པ་བཞི་ནས་ཤིས་བརྗོད་གསུང་བཞིན་པའི་སྐབས་རྟེན་འབྱུང་གསོལ་ཇ་འབྲས་སིལ་ཕུལ། དེ་ནས་ཆོས་རིག་བཀའ་བློན་མཆོག་གིས་ཆོས་ཚོགས་ཐེངས་ ༡༡ པའི་ཚོགས་འདུ་ངོ་སྤྲོད་ཀྱི་གསུང་བཤད་དང་བཀའ་ཁྲི་མཆོག་གིས་ཆོས་ཚོགས་ཀྱི་ཚོགས་འདུ་དང་འབྲེལ་བའི་གསུང་བཤད་གནང་། དེ་རྗེས་ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ།
དེ་བཞིན་ཆུ་ཚོད་ ༡༠།༣༠ ནས་ཚོགས་འདུ་དབུ་འཛུགས་ཀྱིས་ཚོགས་ཐུན་དང་པོའི་གཙོ་སྐྱོང་བ་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་གནང་རྒྱུ་དང། ཚོགས་ཐུན་གཉིས་པའི་གཙོ་སྐྱོང་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་གནང་རྒྱུ། ཚོགས་ཐུན་གསུམ་པའི་གཙོ་སྐྱོང་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་གནང་རྒྱུ། ཚོགས་ཐུན་བཞི་པའི་གཙོ་སྐྱོང་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་གནང་རྒྱུ་ཡིན་འདུག
ཡང་ཕྱི་ཚེས་ ༢༣ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༡༠ པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆོས་ཚོགས་ཀྱི་ཚོགས་མགོན་དུ་༸ཞབས་སོར་འཁོད་སྐབས་ཆོས་རིག་བཀའ་བློན་མཆོག་གིས་མཇལ་དར་འབུལ་ལམ་ཞུ་རྒྱུ་དང་། ཆོས་ཚོགས་ཉིན་དང་པོའི་ཚོགས་ཐུན་བཞིའི་ནང་བཀའ་བསྡུར་ཐག་གཅོད་ཇི་བྱུང་༸སྙན་སྒྲོན་ཞུས་རྗེས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་རྒྱུ། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གུང་ལྗགས་སྨིན་ཚོགས་བཅར་བ་རྣམས་དང་ལྷན་བཞེས་མཛད་རྗེས་མགོན་པོ་གང་ཉིད་མཆོག་དབུ་བཞུགས་ཐོག་ལྷན་ཚོགས་མུ་མཐུད་མཇུག་སྐྱོང་གནང་རྒྱུ། ཚོགས་ཐུན་ལྔ་པའི་གཙོ་སྐྱོང་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་གིས་གནང་རྒྱུ་དང་། ཚོགས་ཐུན་དྲུག་པའི་གཙོ་སྐྱོང་སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག་གིས་གནང་རྒྱུ། ཚོགས་ཐུན་བདུན་པའི་གཙོ་སྐྱོང་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་གིས་གནང་རྒྱུ། ཕྱི་ཚེས་ ༢༤ ཉིན་ཚོགས་ཐུན་བརྒྱད་པའི་གཙོ་སྐྱོང་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་གནང་རྒྱུ། ཚོགས་ཐུན་དགུ་པ་དང་བཅུ་པའི་གཙོ་སྐྱོང་ཆོས་རིག་བཀའ་བློན་མཆོག་གིས་གནང་རྒྱུ། མཇུག་བསྡོམས་མཛད་སྒོར་ཆོས་རིག་བཀའ་བློན་མཆོག་གིས་ཆོས་ཚོགས་ཀྱི་མཐའ་མའི་གྲོས་ཆོད་སྙན་སྒྲོན་ཞུ་རྒྱུ་དང་འབྲེལ་གསུང་བཤད་གནང་རྗེས་བླ་ཆེན་དབུ་ཁྲིད་དབུས་པའི་ཚོགས་མི་རྣམ་པར་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་དགོན་སྡེ་ཁག་གི་ལོ་རྒྱུས་ཕྱག་དེབ་རེ་འབུལ་རྒྱུ། དེ་ནས་ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཆོས་ཚོགས་ཐེངས་ ༡༡ པའི་ཚོགས་ཆེན་མཇུག་སྒྲིལ་གནང་རྒྱུ་དང་། དགོང་དྲོ་ཆུ་ཚོད་ ༧ པའི་ཐོག་བཀའ་ཤག་གིས་ཚོགས་མི་རྣམ་པར་སུ་རི་ཡ་གསོལ་མགྲོན་ཁང་དུ་གསོལ་ཚིགས་འབུལ་རྒྱུ་ཡིན་འདུག
ད་རེས་ཆོས་ཚོགས་ཐེངས་ ༡༡ པའི་ཐོག་གྲོས་གཞི་དོན་ཚན་དང་པོ། ཆོས་རིག་བཀའ་བློན་མཆོག་གིས་ཆོས་ཚོགས་ཐེངས་བཅུ་པའི་གྲོས་ཆོད་ཁག་ལ་ཕྱག་བསྟར་ཐུབ་པ་དང་མ་ཐུབ་པ་ཇི་བྱུང་གནས་སྟངས་སྙན་སྒྲོན་ཞུ་རྒྱུ། གྲོས་གཞི་དོན་ཚན་གཉིས་པ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་དགོན་སྡེ་ཁག་གི་སློབ་གཉེར་གོང་འཕེལ་ཡོང་ཐབས་སྐོར་དང། གྲོས་གཞི་དོན་ཚན་གསུམ་པ། ཆོས་ཚོགས་ཐེངས་བཅུ་པའི་གྲོས་གཞི་དོན་ཚན་བཞི་པའི་གྲོས་ཆོད་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་སོ་སོའི་བཙུན་མའི་འདུས་སྡེའི་ཁོངས་ནས་སློབ་གཉེར་མཐར་སོན་རྣམས་ལ་མཚན་གནས་གསར་རྙིང་གང་འོས་འབུལ་འཐུས་སྐོར། གྲོས་གཞི་དོན་ཚན་བཞི་པ། ཆོས་ཚོགས་ཐེངས་དགུ་པའི་སྐབས་དམིགས་བསལ་བླ་ཆེན་ལྷན་ཚོགས་ནས་ཐུགས་མོས་ཐག་གཅོད་བྱུང་དོན། གདན་སའི་བཤད་གྲྭ་ཁག་ཏུ་ཚན་རིག་སློབ་ཁྲིད་འགོ་འཛུགས་ཞུ་དགོས་གསལ་ཐད་ཆོས་སྡེ་སོ་སོས་ཕྱག་བསྟར་ཇི་གནང་སྐོར་སོགས་ཀྱི་གྲོས་གཞི་དོན་ཚན་ཁག་བཅུའི་ཐོག་ལ་བཀའ་བསྡུར་གནང་རྒྱུ་ཡིན་འདུག་པ་བཅས།
http://tibet.net/tb/2011/09/22/%E0%BD%96%E0%BD%BC%E0%BD%91%E0%BC%8B%E0%BD%80%E0%BE%B1%E0%BD%B2%E0%BC%8B%E0%BD%86%E0%BD%BC%E0%BD%A6%E0%BC%8B%E0%BD%96%E0%BD%A2%E0%BE%92%E0%BE%B1%E0%BD%B4%E0%BD%91%E0%BC%8B%E0%BD%86%E0%BD%BA%E0%BD%93-4/
སྐུ་སྒེར་ཡིག་ཚང་གི་མི་མངོན་པའི་འཆིང་ཐག་དང་བླ་ཆེན་མི་དྲག་ཚོས་སྟག་སེང་ཁ་འཐབ་པའི་བར་ནས་བཀའ་ཁྲི་དང་སྤྱི་ཐུས་ཟེར་བ་འདི་བྱིས་པ་ཉམས་ཆུང་ཞིག་གི་ནུས་པ་ཙམ་ལས་མེད་འདི་ཚོས་ཇོ་ནང་ལ་ཐོབ་ཐང་གཅིག་གཏན་ནས་ཕུལ་ཐུབ་ཀྱི་མ་རེད།སྐུ་སྒེར་ཡིག་ཚང་གི་བཀའ་ཡིག་ཞིག་གནང་ན་དེ་ག་རང་ཇོ་ནང་ལ་ཐོབ་ཐང་རེག་སོང་བ་རེད།རིག་པའི་གནད་དེ་མ་ཤེས་ན་ཇོ་ནང་པས་ཆབ་སྲིད་མ་ཤེས་པ་རེད།
འཇམ་དཔལ་རྣོན་པོ་ལགས་ཀྱིས་གནས་ཚུལ་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ། གོང་གི་མཆན་བུ་༣༢་པས་མུག་མུག་མང་པོ་ཞིག་བཏོན་མོད། དོན་ངོ་མས་བླ་ཆེན་ལྷན་ཚོགས་དེར་ཇོ་ནང་གི་སྐུ་ཚབ་ཅིག་ཕེབས་མ་ཆོག་པ་ག་རེ་ཡིན་ནམ། སྐུ་སྒེར་ཡིག་ཚང་བརྒྱུད་ནས་སྙན་ཞུ་ཞིག་བཏང་ཡོད་ན་བཟང་གི་མོད། ད་ཡིན་ན་འཕྱིས་ཚར་བ་རེད།
བསྟེན་འཛིན་བློ་གསལ་ནས་གསུང་པ་ནང་བཞིན་བུ་སྤུན་ལྔ་ཡི་ནང་ནས་ཐ་ཆུང་དེ་མ་འཇོན་ནས་གཞིས་བུག་རབ་ཆད་དུས་ བུ་སྤུན་བཞིས་ཁོ་ཡིས་གཞིས་རོ་དེ་བདག་པོ་བརྒྱབ་པ་རེད་ དེ་ནས་དུས་ཚོད་གང་འཚམ་ཞིག་ལ་མི་ཁྲམ་པ་ཞིག་ཡོང་ནས་ངའི་ནང་ག་བ་ཡོད་ཟེར་ན་ བོད་ལ་གཏམ་དཔེ་ཞིག་ཡོད ཁྲམ་པས་མི་ཟ་ཁ་ངའི་ཕ་ག་བ་ཡོད་ལབ་པ་དང་ཅིག་མཚུང་མ་རེད་དམ་
རྒྱ་མིས་ཇོ་ནང་ལ་ཐོབ་ཆ་སྤྲོད་གྱིས་ཡོན་ན་དང་པོ་ཇོ་ནང་ཏ་ར་ན་ཐའི་གདན་ས་བསམ་གླིང་དེ་ཁྲིམས་ས་ལ་ཁ་མཆུ་ཚུག་ནས་ཚུར་ལོང་ ད་བཟོད་ནང་ཞིག་རག་ཚེ་ཐོབ་ཆ་ཞིག་སྩོད་ན་བསྙམས་ ང་ལ་དོག་གཞི་ཞིག་སློང་སོང་ཁོ་ཇོ་ནང་པ་མ་རེད་ནང་ཆོས་ལ་མི་དགའ་མཁན་རེད་ལབ་དུས ་འདྲ་བོ་འདུག ་྄ཁོ་ཚོའི་ཕྱོག་ཚང་མས་བླ་མ་མི་དགོས་ལབ་ཡུང་གིས་འདུག་ བོད་པ་ལ་སངས་རྒྱས་ཆོས་འདི་དགོས་མ་རྟོག་དེ་མིའི་གང་ཀྱིས་ཕན་མི་ཐོག་་ བླ་མ་མེད་པའི་གོ་རོལ་ན་ སངས་རྒྱས་བྱ་བའི་མིང་ཡང་མེད་ བསྐལ་པ་དག་གིས་སངས་རྒྱས་རྣམ་ བླ་མ་དག་ལ་བསྟེན་ནས་བྱུང་ ཇོ་ནང་འདོད་མཁན་རྣམ་ཆོས་ལུག་བཞི་ཡིས་ནང་ལ་ ང་རྙི་མ་ཇོ་ནང་ ང་ས་ཀྱ་ཇོ་ནང་ ང་བཀའ་རྒྱུད་ཇོ་ནང་ ང་དགེ་ལུག་ཇོ་ནང་ ཟིར་ན་འགྲིག་ག་ ཆོས་རྒྱུད་ཁག་ལ་བཀའ་རྒྱུད་ལ་ཆེ་བཞི་ཆུང་རྒྱད་ དགེ་ལུག་ལ་བཀའ་གདམ་གསར་རྙིང་ ས་ཀྱ་ལ་ས་ངོར་ཚར་གསུང་ རྙིང་མ་ལ་མ་དགོན་ཆེན་པོ་དྲུག་ཡོད་དུས་ ཚང་མས་ང་དང་ཁོ་ཡི་ལྡན་ཐོབ་དགོས་ན་ད་ཡང་དེ་ལས་མང་བ་འགྱུར་སྲིད་ བསྔ་ཕྱིར་བར་གསུམ་ལ་ཆོས་མི་འདོད་མཁན་འདི་ཚོ་ལ་བབས་ཟོན་མཛོད་
བོད་ཀྱི་བང་ཆེན།
http://www.tibetexpress.net/bo/home/2010-02-04-05-35-27/6597-2011-09-23-08-55-29
ངས་ཇོ་ནང་པའི་སྐོར་བཤད་ཡོད་ད་ཟེར་གྱི་ཡིན།
ཁྱེད་ རང་ཚོས་ཇོ་ནང་པའི་སྐོར་དེ་དོན་གལ་ཆེན་པོ་བྱས་ནས་དགོངས་པ་བཞེས་དགོས་པ་ཞིག་ རེད། ཁོང་ཚོས་ང་ལ་ཡི་གེ་དེ་སྤྲད་པ་རེད། ངས་ཁོང་ཚོ་ལ་བཤད་ཡོད་ད་ཟེར་གྱི་ཡིན། ཡང་བཤད་མི་འདུག་ཟེར་བ་བྱུང་ན་ཡག་པོ་མི་འདུག ང་རང་གི་ཞྭ་མོ་ཕུད་ཡོད། ག་རེ་བྱེད་ཁྱེད་རང་ཚོས་ཐག་གཅོད་གྱིས་ཞེས་༧གོང་ས་མཆོག་གིས་གསུངས་སོང་།
ཟླ་འདིའི་ཚེས་༢༣ ཉིན་གྱི་སྔ་དྲོ་ཆོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་༧གོང་ས་མཆོག་གིས་ཆོས་ལུགས་ མཐུན་སྒྲིལ་དང་། མཉམ་ལེན། བྱམས་བརྩེ་དགོས་སྐོར་སོགས་ལ་བཀའ་སློབ་གནང་སྐབས། “ཆོས་ལུགས་མཐུན་སྒྲིལ་དགོས་པ་རེད། སྔོན་མ་དང་བསྡུར་ན་ཡག་ཏུ་ཕྱིན་འདུག དགེ་ལུགས་པའི་ནང་སྔོན་མ་བཱ་ཛྲ་གུ་རུ་འདོན་སྐབས་མ་བདེ་བ་ཞིག་འདུག ཡིན་ཡང་ད་ལྟ་གང་ཡང་མི་འདུག་ཟེར་མཁན་འདུག རྙིང་མ་པའི་ནང་སྔོན་མ་དམིགས་བརྩེ་མ་འདོན་སྐབས་མ་བདེ་བ་འདུག ད་ལྟ་གང་ཡང་མི་འདུག་ཟེར་མཁན་ཡོང་སྲིད་རེད་ཅེས་གསུངས་པ་དང་ཁོང་གིས་ཇོ་ནང་ པའི་ཆོས་བརྒྱུད་སྐོར་གསུང་དོན། དེ་ནས་ཇོ་ནང་པའི་ཆོས་བརྒྱུད་དེ། ཉེ་ཆར་ཁོ་རང་ཚོས་ཡི་གེ་ཞིག་སྤྲད་འདུག དུས་ཀྱི་འཁོར་ལོའི་བཅུ་དྲུག་གི་ཉམས་ལེན་ཀྱི་མཉམ་ལེན་ལ་ཐུག་པ་ཡིན་ན། ཇོ་ནང་གིས་ད་ལྟ་བར་བསྟན་པ་བཟུང་འདུག དེར་བཀའ་དྲིན་རྗེས་དྲན་བྱེད་དགོས་པ་ཞིག་རེད། (མཚམས་དེར་ཇོ་ནང་པའི་དཔེ་ཆ་ཞིག་ནས་ཤོ་ལོ་ཀ་གཅིག་གསུངས་སོང་ཡང་སྒྲ་གསལ་པོ་ མི་འདུག) ལྟ་བ་རང་སྟོང་དང་གཞན་སྟོང་ཞེས་པ་ཁོ་རང་ཚད་མཐོན་པོའི་སྒང་འགྲོ་བསྡད་ཡོད་པ་ རེད། དེ་ལ་ཁྱད་པར་མི་འདུག ཕར་ཞིག་ལ་བཞག སྔོན་ལ་སོ་སོའི་སེམས་ལ་ཕན་པ་དང་། སྒོ་གསུམ་ཞི་ཞིང་དུལ་བར་བྱུང་ན་དེར་འདུག ངའི་ངོ་ཤེས་པ་ཨ་མི་རི་ཁའི་མི་ཞིག་མགོ་ལོག་ཏུ་གནས་སྐོར་ལ་ཕྱིན་འདུག དེར་མཚམས་ལ་བཞུགས་མཁན་དེ་འདྲ་ཞེ་དྲག་མི་འདུག མགོ་ལོག་འཛམ་ཐང་གི་ཇོ་ནང་ལ་མཚམས་སུ་བཞུགས་མཁན་མང་པོ་འདུག་ཟེར། ཁོང་ཡིད་འཕྲོག་སོང་ཟེར། དེ་ཡག་པོ་འདུག ལོ་རྒྱུས་དེ་འདྲར་བལྟས་ན། དེ་ལ་གནད་འགག་ཅིག་འདུག ང་ལ་དེ་བྱས་འདི་མ་བྱེད་ཅེས་བཤད་ཀྱི་མེད་མོད། ཁྱེད་རང་ཚོས་དོན་གལ་ཆེན་པོ་བྱས་ནས་དགོངས་པ་བཞེས་དགོས་པ་ཞིག་རེད། ཁོང་ཚོས་ང་ལ་ཡི་གེ་དེ་སྤྲད་པ་རེད། ངས་ཁོང་ཚོ་ལ་བཤད་ཡོད་ད་ཟེར་རྒྱུ་ཡིན། ཡང་བཤད་མི་འདུག་ཟེར་བ་བྱུང་ན་ཡག་པོ་མི་འདུག ང་རང་གི་ཞྭ་མོ་ཕུད་ཡོད། ག་རེ་བྱེད་ཁྱེད་རང་ཚོས་ཐག་གཅོད་གྱིས་ཞེས་གསུངས་ཡོད་པ་རེད།།
ཇོ་ནང་གི་སྤྱི་འཐུས་ཡོང་དང་མི་ཡོང་དགོས་དང་མི་དགོས་ཀྱི་ཐག་ཆོད་དེ་༸གོང་ས་མཆོག་ནས་བཀའ་སློབ་གཅིག་ཞལ་གསལ་པོས་གནང་ན་དེ་ཡི་འཐུས་པ་རེད། དེ་མི་ཁྲིམས་ཁང་དུ་བསྐྱལ་དགོས་ན་ཁག་པོ་རེད།
ཇོ་ནང་གི་རྗེས་སུ་བོ་དོང་ཡོང་གི་རེད། དེའི་རྗེས་སུ་ཞི་བྱེད་པ་སོགས་ཀྱང་ཡོང་སྲིད། དེ་ནས་ཁ་ཆེ་དང་ཡེ་ཤུ་སོགས་ཀྱང་ཡོང་མི་དགོས་པའི་རྒྱུ་མཚན་མེད།
དེས་ན་གནད་འགག་ཐུག་ས་ནི་ད་ལྟའི་གྲོས་ཚོགས་ནང་གི་ཆོས་བརྒྱུད་ཁག་གི་རྐུབ་སྟེགས་དེ་མེད་པ་བཟོ་ཐུབ་མིན་ལ་ཐུག་ཡོད།
ཨ་རོགས་ལ་སྟོད་བུ། དོན་དག་ཅི་ཞིག་ཡིན་རུང་༸གོང་ས་མཆོག་གི་དབུ་ལ་གཡུགས་རྐྱང་མ་བྱེད། ཁེ་ཞིག་ཡོད་དུས་རང་གིས་བླངས། ནག་ཉེས་གང་ཡོད་༸གོང་ས་མཆོག་གི་དབུ་ལ་གཡུགས་པའི་བྱེད་སྟངས་དེ་ཚོ་མཇུག་སྒྲིལ་རན་རེད། ཧ་གོ་བྱུང་ངམ།
བསྟན་འཛིན་ཤེས་རབ་ལགས།
ངས་དེ་ལྟར་གཡུགས་པ་གང་ཡང་མེད། རྟག་ཏུ་འདི་ཕྱི་སྐྱབས་གནས་༸གོང་ས་མཆོག་ལ་བཅོལ་པ་ལས་འགན་ཁག་ཕར་དཀྲི་ཚུར་དཀྲི་བྱས་པ་གང་ཡང་མེད་པས་རང་གནོང་རང་རེད།
དཔེར་ན། བཙུན་མའི་ཕྱག་ཁྱེར་དང་དེ་བཞིན་དགེ་སློང་མ་ཡི་སྐོར་བཙུན་མ་དགེ་བཤེས་དང། ཇོ་ནང་བླ་ཆེན་སྤྱི་འཐུས་སོགས་ཐམས་ཅད་སུ་གཅིག་གིས་ཀྱང་ཐག་ཆོད་བྱེད་མི་ཐུབ། དེ་ནི་༸་གོང་ས་མཆོག་གཅིག་པོས་མ་གཏོགས་སུས་ཐག་ཆོད་དེ་ལྟར་གནང་ཐུབ་བམ། དེ་ལྟར་ཡོད་ན་ཁྱེད་ཀྱིས་གསུངས་གནང་དང་། ངས་ཀྱང་རྒྱབ་སྐྱོར་ཞུ་ངེས་ཡིན། མ་གཞི་ནས་ཁྲིམས་ཟེར་བ་རྟོག་གེ་བའི་རིག་པའི་གཏོང་ས་ཞིག་མ་རེད། ཇོ་ནང་སྤྱི་འཐུས་ཡོད་ཆོག་ན་ཁ་ཆེ་དང་ཡེ་ཤུ་སོགས་ཅི་ཡིས་ཕྱིར་ཡོང་དགོས་སམ། དེ་ནི་མི་རིགས་ཀྱི་གཞི་རྩའི་གནད་དོན་ཞིག་ལ་ཐུག་དུས་མི་རིགས་དེ་ཡི་ཁྲིམས་དང་ཕན་གནོད་གཅིག་ལ་བསམ་བློ་གཏོང་དགོས་པ་ལས། ཇོ་ནང་ལ་སྤྱི་འཐུས་དང་བླ་ཆེན་གྱི་གོ་གནས་སྤྲོད་རྒྱུར་ཁག་དཀྲིས་ནས་དོན་དུ་ཆོས་ལུགས་སྤྱི་འཐུས་མེད་པར་བཟོ་སེམས་དེ་རིགས་བོད་ཀྱི་གནད་དོན་ལ་བསམ་བློ་མ་བཏང་བའི་སྐད་ཆ་རང་རེད། བོད་ཆོས་ལྡན་གྱི་ཞིང་ཁམས་ཞེས་བརྗོད་དུས། ཡུལ་ལུང་གཞན་དང་མི་འདྲ་བར་དམངས་གཙོའི་རྒྱལ་ཁབ་བམ་དམངས་གཙོའི་སྒྲིགས་འཛུགས་ཤིག་ལ་ཆོས་ལུགས་སྤྱི་འཐུས་ཡོད་མི་ཆོག་པའི་རྒྱུ་མཚན་གང་ཡང་མེད། འདྲ་འདྲའི་ནང་ནས་མི་འདྲ་བ་ཟེར་ས་འདི་འདྲ་ཞིག་ལ་བརྗོད།
ངེད་ཚོའི་བཤད་སྲོལ་དུ། འདུལ་བའི་བཅས་ཁྲིམས་དག་ལ་རྟོག་གེ་བའི་རིགས་པས་རྩོད་གཤགས་བྱེད་པ་ནི་བསྟན་པ་བཤིག་པའི་སྔ་ལྟས་རེད་ཅེས་གྲྭ་སའི་རྒན་རབས་པ་ཚོས་བཤད་སྲོལ་ཡོད་པ་ལྟར་རེད། དེ་དག་ནི་བཅས་ཁྲིམས་ལས་ཁྱབ་འགྲིག་གི་རིགས་པ་དང་མཚན་ཉིད་པའི་རིགས་འདྲེས་བྱེད་པ་ནི། བསམ་རྒྱུ་ཆོས་ལུགས་སྤྱི་འཐུས་མེད་པ་བཟོ་འདོད་ལ། བཤད་རྒྱུ་ཇོ་ནང་སྤྱི་འཐུས་ཡོང་མི་ཆོག་པ་དང་དེ་ལྟར་ན་ཡེ་ཤུ་དང་ཁ་ཆེ་ལས་སོགས་ཀྱི་སྤྱི་འཐུས་ཡོང་དགོས་པ་སོགས་ཁྲིམས་ལ་རིགས་འདྲེས་དང་ཁྱབ་འགྲིག་གི་རིགས་པ་འཕེན་པ་ནི་ཁྲིམས་སྒྲིགས་ཀྱི་གནད་དོན་མ་ཤེས་པའི་སྐྱོན་རང་རེད་དོ།
མཚན་ཉིད་པའི་རིགས་འདྲེས་ཕུང།
ཤེས་བྱ་ཐམས་ཅད་རིལ་རིལ་མིན།
བག་ལེབ་ཐམས་ཅད་གོར་གོར་མིན།
ཞེས་རིགས་པ་སྨྲ་བ་རྟོག་གེ་བས་བཤད་དོ།
འདིའི་ཐད་ཅུང་ཟད་ཞུ་ན། སློབ་དཔོན་མཐོ་བཙུན་གྲུབ་རྗེས། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང་། །གང་ཞིག་རིགས་པ་ལྡན་པའི་ཚིག །དེ་ཉིད་སྟོན་པ་ཡོངས་སུ་འཛིན། །ཞེས་གསུངས་པའི་དོན་ལྟར། ངེད་ཚང་ནི་ས་སྐྱ་རྣལ་མ་ཞིག་མིན་སྟབས་ཇོ་ནང་ས་སྐྱ་བསྡུ་འདོད་ཀྱི་འབད་རྩོལ་མེད་ལ། ཇོ་ནང་ས་སྐྱ་ལས་ལོགས་སུ་ཕྱེ་ཨེ་ཐུབ་ཀྱི་བསམ་བློ་དེ་ལས་ཀྱང་མེད། འོན་ཀྱང་དུས་ཀྱི་འགྱུར་འགྲོས་བཙན་ཞིང་ལྷག་རླུང་ཤིན་ཏུ་སྡང་བའི་དུས་རབས་ཉེ་གཅིག་པ་འདིར་དངོས་ཐོབ་དོན་འཚོལ་གྱི་ལམ་བུར་བརྒྱུད་དེ་དྲང་ཐད་མདུན་ནས་མདུན་དུ་སྤྱོད་དགོས་པ་ལས། གཡོན་འཐེན་དང་ཕྱོགས་ཞེན་གྱི་རྟ་ལ་ཞོན་ནས་ཀྱག་ཀྱོག་གི་རྫུན་གྱི་ལམ་ཕྲན་བགྲོད་སའི་འཁོར་ཡུག་སྒོ་ཀུན་ནས་མེད་པས། ས་སྐྱ་ལ་ངོ་བསྟོད་དང་ཇོ་ནང་ལ་སྡང་ཞེན་མེད་པར་མདོར་ཙམ་སྤྲོ་ན་འདོད།
དེ་ཡང་སྤྱིར་འཛམ་བུ་གླིང་འདིར་ཆོས་ལུགས་དང་གྲུབ་མཐའ་འདི་དང་དེ་ཙམ་ཞེས་ཁ་མཚམས་བཅད་དཀའ་བར་མང་དག་ཅིག་བྱུང་ཡོད་ལ་ད་ལྟ་ལའང་གནས་ཡོད། འོན་ཀྱང་བོད་གངས་ཅན་གྱི་ལྗོངས་སུ་གནའ་བོའི་མེས་པོ་རྣམས་ཀྱི་གདོད་མའི་ཆོས་ལུགས་ནི་བོན་ཡིན། འོན་ཀྱང་ལྷ་ཐོ་ཐོ་རི་གཉན་བཙན་ནས་དབུ་བརྙེས་པའི་བོད་ནང་པའི་ཆོས་ལུགས་སམ་སྟོན་པ་ཤཱ་ཀྱ་ཐུབ་པའི་བསྟན་པ་འདི་ནི། ཐོག་མར་ཨ་བུ་ཐོན་མི་འཕགས་ཡུལ་དུ་བརྟོལ་ནས་ཡིག་རིགས་ལ་སྦྱངས་པ་མཐར་སོན་ནས་བོད་སྤྱི་ལ་ཁྱབ་པའི་ཡི་གེ་གསར་དུ་བརྩམས་ཞིང་རྒྱ་ཆོས་བོད་དུ་བསྒྱུར་བའི་ཆུ་མགོ་ཐོག་མར་རྡོལ་བ་ནས་བཟུང་། སྔ་ཕྱིའི་མཁས་གྲུབ་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱི་གདུལ་བྱའི་བློ་དང་དབང་པོ་ལ་ལྟོས་པའི་གྲུབ་མཐའ་དང་ཆོས་ལུགས་པང་ལས་ཤ་མོང་རྡོལ་བ་ལྟ་བུའི་གཅིག་རྗེས་གཉིས་མཐུད་ཀྱི་རིམ་བཞིན་བྱུང་བ་དེ་དག་རིགས་བསྡུས་ན། སྔ་འགྱུར་རྙིང་མ་དང་། ཕྱི་འགྱུར་ལ་ཆ་མཚོན་ན། དཔལ་ལྡན་ས་སྐྱ་པ། འགྲོ་མགོན་བཀའ་བརྒྱུད་པ། རི་བོ་དགའ་ལྡན་པ་བཅས་བཞི་རུ་འདུས། དེ་བཞི་ལ་བསམ་ན། དོན་དམ་གྱི་ལྟ་བ། ཀུན་རྫོབ་ཀྱི་གྲུབ་མཐའ། གསུང་རབ་ཀྱི་འགྲེལ་ཚུལ། སླད་མེད་ཀྱི་བརྒྱུད་པ། སྙིང་པོའི་ཉམས་ལེན། ཆོ་ག་ཡི་ཕྱག་བཞེས། མཐའ་ན་ཤམ་ཐབས་ཀྱི་ལྕགས་རི་སྐོར་སྟངས་ཚུན་ཆད་ནས་སོ་སོར་འབྱེད་ནུས་པའི་ཁྱད་ཆོས་མི་འདྲ་བ་ཡོད་པ་ནི་བོད་གངས་ཅན་གྱི་ལྗོངས་འདིར་བ་ལང་རྫི་བོ་ཚུན་ལ་ཆད་ལ་ཡོངས་སུ་གྲགས་ཤིང་གྲུབ་པ་ནི་བཀའ་བབ་ཀྱི་ཆུ་བོ་ཆེན་པོ་བཞི་ཁོ་ནར་འདུ་བ་ལས་གྲུབ་མཐའ་ལྔ་པ་དང་ཆོས་ལུགས་ལྔ་པ་ཞིག་མེད། འོན་ཏང་ད་ལྟ་གློ་བུར་དུ་རྡ་སའི་རྐུབ་སྟེགས་ཁོ་ནའི་ཆེད་དུ་དམིགས་ནས་རྒྱུ་མཚན་དང་ལོ་བརྒྱུས་ཀྱི་བདེན་དཔང་མེད་ཅིང་ཁྲེལ་མེད་ཀྱི་ཅ་ཅོ་མང་དུ་སྒྲོགས་པ་ལས་རྙོགས་གླེང་མང་དག་ཞིག་བཟོས་པ་དེ་དག་གཡས་བསྐྱུར་གཡོན་བཞག་གིས། དེ་ལས་གཞན་ན་གལ་ཆེ་བ་ནི་རང་ཡུལ་དང་ཕ་ཁྱིམ་མི་ལག་དུ་ཤོར་ཞིང་མི་རིགས་ཤིག་ཆགས་འཇིག་ལ་ཐུག་པའི་སྐབས་འདིར། ཤ་རུས་ཀྱི་རྫས་རྒྱུན་གཅིག་ཅིང་བསམ་བློའི་འདུན་པ་གཅིག་པའི་བཙན་བྱོལ་གྱི་མི་བུ་ཐར་ཐོར་རེ་ཡོད་པ་འདི་ཚོ་ནང་ཕན་ཚུན་གཡས་དགའ་གཡོན་འཐེན་དང་ཕྱོགས་ཞེན་གྱི་དུག་ཆུས་མ་མྱོས་པར་འཕྱ་གྲུ་མཉམ་འདེགས་བྱེད་ན་སྙམས།
བཙན་བྱོལ་གཞུང་གི་ད་བར་ཐག་བཅད་མ་གནང་པ་ནི་ངེད་ཅག་གངས་ཅན་པ་ལ་ཆོས་ལུགས་དང་གྲུབ་མཐའ་མང་དུ་དོགས་པའི་རྒྱུ་མཚན་མིན་པར། གནས་ལུགས་དང་མཐུན་ཞིང་བདེན་དཔང་ཚད་ལྡན་ཐུབ་པའི་སྔོན་གྱི་རྒྱལ་རབས་ཆོས་འབྱུང་ཚད་ལྡན་གྱི་ཡིག་རྙིང་དང་ལོ་རྒྱུས་མེད་ངེས་ཅན་ཡིན་པ་ལས་གཞན་མིན།
དེས་ན་ཐོག་མར་བོད་གཞུང་ལ་སྙན་ཞུ་དང་ཞུ་འབོད་མ་བྱས་པའི་སྔོན་དུ་ས་སྐྱ་ལས་ལོགས་སུ་གྱུར་པའི་ཆོས་ལུགས་དང་གྲུབ་མཐའ་ཞིག་ཡིན་པའི་བདེན་རྟགས་ལ་བླ་མའི་བརྒྱུད་རིམ། ལྟ་བའི་འཇོགས་ལུགས། གྲུབ་མ
ཐའི་ཟིན་མཚམས་སོགས་ཡོད་ན་ཐོག་མར་དེ་དག་གསལ་གསལ་ཐིང་ཐིང་ཞིག་དགོས་པ་ལས། གཞན་དུ་ཇི་ཙམ་སྨྲ་ན་དོན་གྱི་སྟོང་བའི་ངག་འབྲས་མེད་ཡིན་པས་སོ། །ཅུང་ཟད་ཅུང་ཟད་མི་འདྲ་བ་ཡོད་པ་ཙམ་གྱིས་ཆོས་ལུགས་དང་གྲུབ་མཐའ་ཐ་དད་དམ་ལོགས་སུ་བཞག་དགོས་ན། རྙིང་མའི་མ་དགོན་དྲུག བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད། ས་ངོ་ཚ་གསུམ། གདན་ས་གསུམ་སོགས་མང་བས་བཤད་ག་ལ་ལོང་། དེ་འང་དགོས་ཟེར་ན་སྐུབ་སྟེགས་ཁོ་ནས་རྡ་སའི་འཁོར་ཡུག་གང་བར་ཐལ་བས་འོས་སམ་ལེགས་པར་དཔྱད་དང་། འདི་ནི་གནས་སྐབས་འགྱུར་བ་ཅན་གྱི་ངག་གིས་ཇི་ལྟར་བཤད་ཀྱང་ཆོག་མོད། བདེན་པའི་སེམས་རིས་ནམ་དུ་ཡལ་མེད་པའི་གནས་ལུགས་ལ་སོན་པའི་བདེན་གཏམ་ཞིག་ཡིན་མིན་གངས་ཅན་པའི་ཡིག་རྙིང་དག་ལ་རིང་དུ་གོམས་ཞིང་འདྲིས་པར་གྱིས་ད་ཤེས་འོང་།
དེ་ཙམ་དུ་མ་ཚད་སྔོན་གྱི་མཁས་གྲུབ་ཚད་ལྡན། འཇུ་མི་ཕམ་པས། གངས་ཅན་གྱི་ཆོས་ལུགས་རྣམས་ངོ་སྤྲད་པའི་སྡོམ་ཚིག་ལ། ལྟ་བ་མཐའ་བྲལ་རྙིང་མ་པ། །སྒོམ་པ་ནན་གཏན་བཀའ་བརྒྱུད་པ། །སྙན་སྒྲུབ་ཆོས་སྤྱོད་ས་སྐྱ་པ། །སྤྱོད་པ་ཕུན་ཚོགས་དགེ་ལྡན་པ། །ངོ་མཚར་ཆེ་འོ་ཆོས་ལུགས་བཞི། །ཞེས་པའི་ཚིག་འདི་སྟོན་པ་ཤཱ་ཀྱ་ཐུབ་པའི་ཆོས་ཚུལ་གྱི་རྗེས་སུ་འབྲངས་པའི་གངས་ཅན་པའི་ཆོས་ལུགས་སམ་ཆོས་བརྒྱུད་ཀྱི་གྲངས་ངེས་སམ་མཐའ་སྡོམ་ཡང་དག་ཞིག་ཡིན།
མདོར་དོན་སྙིང་པོ་དྲིལ་ན། གང་ཞིག་ཅིས་ཀྱང་ལོགས་སུ་དགོས་ཅིང་འདོད་ན་བོད་གཞིས་བྱེས་གཉིས་ཀྱི་དཔྱོད་ལྡན་རྣམས་ཀྱི་ངོར་གྲུབ་པའི་ཆོས་ལུགས་ལྔ་པ་ཞིག་ཡིན་པའི་རྒྱུ་མཚན་དང་རྣམ་དག་ཞིག་དགོས་ཏེ། དཔལ་ལྡན་ཆོས་གྲགས་ཀྱིས། མི་འདྲ་དེ་ཉིད་དེ་ཡིན་ན། །གཏན་ཚིགས་ཁྱད་པར་བརྗོད་པར་བྱོས། །ཞེས་གསུངས་པས་སོ།
ཨ་རོགས། གནད་དོན་དེ་ཁྱོད་ཀྱིས་བསམ་པ་ནང་བཞིན་གྱི་ལས་སླ་བོ་དེ་འདྲ་ཡོད་པ་མ་རེད། གལ་སྲིད་དེ་འདྲའི་ལས་སླ་བོ་ཞིག་ཡོད་ན། ༸གོང་ས་མཆོག་མ་ཟད། ས་སྐྱ་དང་ཇོ་ནང་ནང་ཁུལ་ནས་སྔར་ཞིག་ནས་ཐག་བཅད་ཡོད་པ་རེད། ཐག་གཅོད་མ་ཐུབ་པར་ད་བར་ལུས་པ་དེ་ནི་མི་མངོན་པའི་རྒྱབ་ན་བློ་ཡུལ་ལ་གཤོང་དཀའ་བའི་གནད་དོན་ཞིག་ཡོད་པའི་རྟགས་རེད། བཟང་མིང་ཞིག་ཡོད་དུས་འཕྲོག་རྩོད་བྱེད་ཅིང་། དཀའ་ཁག་གང་ཡོད་༸གོང་ས་མཆོག་གི་དབུ་ལ་གཡུགས་པའི་བྱེད་སྟངས་དེ་ཚོ་ངོ་མས་མཇུག་སྒྲིལ་རན་འདུག རྒྱུ་འབྲས་མི་བརྩི་རུང་༸གོང་ས་མཆོག་ལ་སྙིང་རྗེ་ཡིན་རུང་གཅིག་སྒོམ་རོགས། ཁྱོད་ཚོར་ཞུ་བ་ཞིག་ཞུས་པ་ཡིན།
ཆོས་བརྒྱུད་སྤྱི་འཐུས་ཀྱི་ཐད་ནས་བཤད་ན། གྲོས་ཚོགས་ར་བ་ནས་ཆོས་འཐུས་ཚོས་ཞབས་འདྲེན་ཞུས་རྗེས། ངས་ཀྱང་ཆོས་འཐུས་དེ་ཚོ་མི་དགོས་པར་ཆོས་དོན་ལས་ཁུངས་གཅིག་བུས་ཆོག་འདུག་སྙམ་བྱུང་། འོན་ཀྱང་ཉེ་སྔོན་གྱི་ཚེ་མཆོག་གླིང་གི་རྙོག་དྲ་ཐག་གཅོད་བྱེད་སྟངས་དེས། ཆོས་རིག་གི་ལས་དོན་གྱི་དབང་ཆ་དེ་ལས་ཁུངས་དེའི་ལག་ལ་ཅིག་ཤོར་ཚེ། ད་བོད་ཀྱི་ནང་ཆོས་འདི་ཚར་རྒྱུ་རེད་བསམ་ལ། བོད་ཀྱི་གནད་དོན་ལ་ཡང་རྫོགས་ཤད་འབྲི་དགོས་རྒྱུ་རེད་འདོད། དེ་བས་ན། ཚུལ་མཐུན་གྱི་ཆོས་འཐུས་ཡག་པོ་ཞིག་རེག་ཚེ། ཆོས་འཐུས་ངེས་པར་དགོས་པ་ཞིག་རེད་འདོད། ད་མང་བོ་མི་བཤད་ནི་བྱེད།
བཀྲ་ཤིས་བྷུ་ཏྲི་ཡ་ལགས་ཀྱིས་རྒྱུ་མཚན་ལྡན་པའི་སྐད་ཆ་ཞིག་བཤད་འདུག འོན་ཀྱང་ཁོང་ཚོར་ནང་ཁུལ་ནས་ཐག་གཅོད་བྱེད་དུ་བཅུག་ན་དེ་མི་བཟང་ངམ།
གྲུབ་མཐའི་ཐད་ནས་བཤད་ན། ཇོ་ནང་བས་བོད་ཀྱི་གྲུབ་མཐའ་གཞན་དག་ལྟར་རང་ཉིད་ཀྱི་གྲུབ་མཐའ་སྟེ་གཞན་སྟོང་གི་གྲུབ་མཐའི་ལྟ་བའི་སྲོལ་ཕྱེས་ཏེ་འཛིན་སྐྱོང་སྤེལ་གསུམ་བྱེད་ཀྱི་འདུག དེ་ནི་ས་སྐྱ་དང་རྦད་དེ་ལོགས་ཀ་ཡིན་པའི་རྒྱུ་མཚན་ཞིག་ཡིན་ངེས།
དངོས་གནས་ཇོ་ནང་པ་ལ་ཁག་མི་འདུག་བསམ། ཇོ་ནང་གི་ཆོས་ལུགས་འདི་འཚེ་བ་ཆོས་སུ་སྨྲ་མཁན་ཞིག་ཡིན་ཡང་རུང་གཞན་སྟོང་དབུ་མ་ཆེན་མོ་ཟེར་ཡང་གང་ལྟར་དམངས་གཙོའི་ལམ་དུ་ཆོས་ལུགས་འདྲ་མཉམ་ཡིན་པས་དེ་ལ་ལྷག་པར་དུ་གནག་གནག་བྱེད་དགོས་དོན་གང་རེད། རྒྱལ་ཁབ་གང་དུའང་ཆོས་ལུགས་དེར་དད་མོས་བྱེད་མཁན་གྱི་མི་དམངས་བརྒྱ་ཆའི་་ལྔ་ཟིན་གི་ཡོད་ན་དེ་ལ་ཆོས་ལུགས་གཞན་ནང་བཞིན་ཐོབ་ཐང་ལོས་དགོས། ཆོས་ལུགས་ཀྱི་ལྟ་གྲུབ་སྨྲ་མཁན་ཚོས་དམངས་གཙོ་ཁ་ལ་འཁྱེར་ནས་དོན་གྱི་ལག་ལེན་ལ་དམར་ཤོག་རང་རེད་འདུག་ག
ཆོས་བརྒྱུད་སྤྱི་འཐུས་དགོས་ནི་མ་རེད། ཆོས་ལུགས་པའི་བྱ་སྤྱོད་ཚང་མ་བོད་པའི་སྤྱི་ཁྲིམས་འོག་ནས་འགྲོ་དགོས་ཀྱི་རེད། དེ་འགྲོ་ཐུབ་ན་ཆོས་ལུགས་སྤྱི་འཐུས་ཚོར་ལས་ཀ་ཡོད་ནི་མ་རེད། དཔེར་ན་རྒྱ་གར་དང་ཐེ་ལན་སོགས་ཧིན་དུ་དང་ནང་པའི་རྒྱལ་ཁབ་ཚོར་བལྟས་ན་ཤེས། ཨ་རི་ལ་མཚོན་ན་ཡང་མི་མང་ཤོས་ཆོས་ལུགས་པ་རེད། ཡིན་ཡང་ཆོས་ལུགས་སྤྱི་འཐུས་ཡོད་པ་མ་རེད། ཆོས་པ་ཡིན་མིན་ཚང་མ་སྤྱི་ཁྲིམས་གཅིག་གི་འོག་ཏུ་འཚོ་གནས་བྱེད་བཞིན་ཡོད་པ་རེད། ཚོགས་པ་དང་མི་སྒེར་ཚང་མའི་བྱ་སྤྱོད་དག་སྤྱི་ཁྲིམས་ཤིག་གིས་གཏན་འབེབ་བྱེད་ཐུབ་པར་འབད་བརྩོན་བྱོས།
བོད་ཆོས་ལྡན་གྱི་ཞིང་ཁམས་ཞེས་དང།
བོད་བཙན་པོ་གཉའ་ཁྲིའི་དུས་ནས་ཆབ་སྲིད་ཟུང་འབྲེལ་གྱིས་རྒྱལ་ཁབ་བསྐྱངས་ཡོད་པས་དེ་ཡིས་མ་འཐུས་པ་གང་ཡང་མེད་ཀི།
བོད་ཤོར་བ་ནི་ཆོས་ལུགས་ཀྱིས་འཐུས་ཤོར་མིན་ཅིང། དེ་ནི་སྐུ་དྲག་མི་དྲག་དབང་ཆེ་བའི་མི་ཚང་ཁ་ཤས་ཤིག་གིས་བྱེད་བབས་ལ་བརྟེན་ནས་བྱུང་བ་རེད།
ད་ལྟའི་བོད་ཀྱི་གནས་བབས་ལ་རྩོད་པ་པོ་དག་ནི་བོད་ཀྱི་གྲྭ་བཙུན་གྱི་ཁོང་ནས་བག་ཆགས་བཞག་པ་ལས་སྐྱ་བོའི་ནང་ནས་བྱུང་བ་ཆེས་ཉུང་ཤས་ཤིག་རེད།
ཅི་སྟེ་ཆོས་ལུགས་སྤྱི་འཐུས་མེད་པ་བྱས་པའི་དབང་དུ་བཏངས་ནའང་སྒྲིགས་འཛུགས་སམ་བཙན་བྱོལ་གྱི་གཞུང་གི་མི་དཔོན་དྲགས་དཔོན་དག་ནི་ཆོས་ལུགས་ག་གེ་མོ་ཞིག་གིས་དབང་བསྒྱུར་དུ་གྱུར་ཅིང་ཆོས་རྒྱུད་གྲུབ་མཐའ་ག་གེ་མོ་ཞིག་གིས་བོད་ཀྱི་ཆོས་སྲིད་ཀྱི་ཁ་ལོ་བསྒྱུར་རྒྱུ་ལས་ལྷག་མེད་ཀི།
དེ་དུས་ཆོས་རྒྱུད་ག་གེ་མོ་དག་གིས་ལྷ་འབོད་ཀླུ་འབོད་བྱེད་པས་མི་ཕན་ཀི།
རྒྱ་གར་གཞུང་ལའང་ཆོས་ལུགས་མེད་ཟེར་ཀི། འོན་ཀྱང་རྒྱལ་ཁབ་ཀྱི་ཆབ་སྲིད་ནི་མགོ་དཔོན་དྲགས་དཔོན་དག་ནི་ཧིན་དྷུ་བ་རྐྱང་གིས་ཟིན་ཡོད་པས་དེ་བཞིན་ཤེས་པར་མཛོད་ཅིག
ཨ་རི་གཞུང་ལའང་ཆོས་ལུགས་སྤྱི་འཐུས་མེད་ཅིང་ཆོས་ལུགས་རིས་མེད་ཅེས་བཤད་མོད། ཨ་སྒོར་གྱི་དངུལ་ལོར་སྟེང་དུ། In God We Trust
ཨ་རི་བའི་སྲིད་སྐྱོངས་བ་དག་གིས་ཀྱང། God bless
གནམ་ལྷས་སྐྱོབས་ཤིག ཞེས་པ་སོགས་ཆོས་ལུགས་ག་གེ་མོའི་སྐད་ཆ་ཤིག་ལས་ཆོས་ལུགས་ཀུན་གྱི་རྗེས་འཇུག་པ་དག་གིས་མི་བརྗོད་པས་ཀྱང་ཤེས་ནུས་སོ།
ངོ་མ་རེད་ད་ཡིན་ན་གོས་ལོགས་དམར་པོ་གོན་ནས་སྲིད་གི་ལས་ཀ་དེ་དང་མགོ་རིལ་ཕུང་སེ་དེ་ཚོ་རྩ་བ་ནས་ལེན་པོ་མི་འདུག་། བོད་གཞུང་གི་ལས་བྱེད་ནང་གོས་ལོག་དམར་པོ་ཅན་རྩ་བ་ནས་མེད་པ་བཟོ་ཡ་དེ་གད་ཆེན་རེད་གལ་སྲིད་ཁོ་རང་ཚོ་སྲིད་གི་ལས་ཀ་བྱེད་འདོད་ཡོད་ན་གོས་ལོག་བརྗེ་ནས་བྱེད་དང་འགྲིག་གི་འདུག་།
ཇོ་ནང་གི་བསྟན་པའི་སྲོལ་གཏོད་པ་པོ་ནི། དོལ་བུ་བ་ཡིན་ཏེ། ཐུའུ་བཀན་གྲུབ་མཐའ་ལས། ཀུན་མཁྱེན་ཞེས་སུ་གྲགས་པའི་བ་དན་དཀར།།མཁས་པའི་མདུན་ས་ཀུན་ཏུ་ཆེར་གཡོ་བ།།དོལ་བུ་བ་ཡིས་རྒྱ་ཆེར་ཕྱེ་བའི་སྲོལ།།ཞེས་པ་ལྟར་བོད་ཀྱི་ཆོས་རྒྱུད་ཁག་བརྒྱད་ཀྱི་ཡ་གྱལ་ཇོ་ནང་གི་གྲུབ་མཐའ་དང་གཞན་སྟོང་གི་ལྟ་བའི་ཁུངས་གཏུགས་ས་ཡུ་མོ་མི་བསྐྱོད་རྡོ་རྗེ་སྟེ། ཁོང་གིས་དུས་འཁོར་རྒྱུད་འགྲེལ་དང་ཟླ་བ་གྲགས་པས་མཛད་པའི་སྒྲོན་གསལ་མན་ངག་དང་བཅས་པ་སྦྱངས་ནས་རྟོགས་པ་བརྙེས། གཞན་སྟོང་གི་ལྟ་བ་ཐུགས་རྒྱུད་ལ་འཁྲུངས། དོལ་བུ་བ་ཤེས་རབ་རྒྱལ་མཚན་ནི་དགུང་ལོ་སོ་གཅིག་བར་ས་སྐྱའི་ཆོས་རྒྱུད་འཛིན་པ་ཡིན་ཀྱང་། ཇོ་ནང་དུ་ཕེབས་ནས་མཁས་བཙུན་ཡོན་ཏན་རྒྱ་མཚོ་ལས་དབང་དང་གདམས་པ། དུས་འཁོར་གྱི་དབང་ཁྲིད་གསན། དེ་ནས་ཇོ་ནང་པའི་ཆོས་རྒྱུད་ལ་ཞུགས། དུས་འཁོར་གྱི་སྦྱོར་བ་ཡན་ལག་དྲུག་བསྒོམས་པས་སྲོག་རྩོལ་མཐར་ཕྱིན་པའི་རྟགས་བྱུང་། དེ་ནས་གཞན་སྟོང་གི་ལྟ་བ་ལ་ཐུགས་ངེས་ཤིན་ཏུ་འདྲོངས་ཏེ། དེ་རྩལ་འདོན་གྱི་གཞུང་རི་ཆོས་ངེས་དོན་རྒྱ་མཚོ་སོགས་བརྩམས། སློབ་བུ་མང་པོར་གཞན་སྟོང་གི་ལྟ་བ་རྩལ་དུ་བཏོན་ནས་གསུངས་ཤིང་ལྷ་དུ་མའི་ཞལ་གཟིགས་པ་དང་། འཆད་རྩོད་རྩོམ་པའི་བྱ་བ་རྒྱ་ཆེར་མཛད། མཆིམས་བློ་བཟང་གྲགས་པས་སྤྱན་རས་གཟིགས་སུ་གཟིགས་པ་དང་ཉེ་གནས་ནམ་མཁའ་བྱང་ཆུབ་ཀྱིས་འཇམ་པའི་དབྱངས་སུ་མཐོང་བ་སོགས་ཀྱི་ལོ་རྒྱུས་མང་ཞེས་གསུངས། སློབ་མ་བསམ་གྱིས་མི་ཁྱབ་པ་བྱོན་པ་ལས་ཕྱོགས་ལས་རྣམ་རྒྱལ་ནི། ས་སྐྱར་སློབ་གཉེར་མཛད་པས་མཁས་པ་ཆེན་པོར་གྱུར། གཞན་སྟོང་གི་ལྟ་བ་ཐུགས་ལ་མ་འཐད་ནས་ཇོ་ནང་དུ་རྩོད་པར་ཕེབས་པ་དོལ་བུ་བས་ལུང་རིགས་ཀྱིས་འབེལ་གཏམ་མཛད་པས་ཐུགས་ལ་མི་བདེ་བ་མེད་པར་སོང་ནས་སློབ་མར་གྱུར། ཀུན་མཁྱེན་བུ་སྟོན་ལ་ཡང་ཆོས་མང་དུ་ཞུས། རྗེ་ཙོང་ཁ་བས་ཕྱོགས་རྒྱལ་བ་ལས་དུས་འཁོར་གསན་པ་དང་ཕྱོགས་རྒྱལ་བའི་སློབ་མ་ཉ་དཔོན་ཀུན་དགའ་དཔལ་ཞེས་གྲགས་པ་མཁས་པ་ཆེན་པོ་དེ་ལས་ཕར་ཕྱིན་གསན། དེ་ཕྱིན་ཆད་ནས་དུས་འཁོར་གྱི་དབང་བཤད་རྒྱུན་རྒྱ་ཆེར་འཕེལ་ཡང་། གཞན་སྟོང་གི་ལྟ་བ་ནི་མཁས་གྲུབ་དུ་མས་མགྲིན་གཅིག་ཏུ་བཀག་པས་བག་ལ་ཞ་བར་གྱུར་ནའང་། ཕྱིས་སུ་ཇོ་ནང་ཀུན་དགའ་མཆོག་གྲོལ་དང་དེའི་སྐྱེ་བ་ཏཱ་ར་ནཱ་ཐས་བསྐྱར་གསོ་མཛད་ནས་འཆད་སྤེལ་དང་ཡིག་འཇོག་མང་དུ་མཛད་ཅེས་གསུངས་སོ།།དེས་ན་ཇོ་ནང་ནི་ས་སྐྱ་དང་དགེ་ལུགས་ལ་འདྲེས་ཆེ་བས་དེ་གཉིས་ཀྱི་ཁོངས་སུ་བསྡད་ན་འགྲིག་གི་རེད་པ།
ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཟེར་མཁན་མི་སྐྱ་ཙམ་མ་རེད། གྲྭ་པའི་ནང་དུ་ཡང་ཤིན་ཏུ་མང་། ཆོས་བརྒྱུད་སྤྱི་འཐུས་མི་དགོས་པའི་ཁུངས་གསོན་པོ་ཆོས་བརྒྱུད་སྤྱི་འཐུས་ལས་ཐོག་སྔོན་མ་ཚོས་བསྟན་པ་རེད།
དེས་ན་མང་ཚོགས་ཀྱི་གྲངས་འབོར་ཆེས་མང་པོ་ཞིག་གིས་མི་དགོས་ཟེར་བའི་དོན་དག་ཅིག་ཡིན་ན། དེར་འགྱུར་བ་ཞིག་འགྲོ་དགོས་ཀྱི་རེད། བསྒྱུར་བཅོས་ཤིག་གཏོང་དགོས་ཀྱི་རེད། འགྱུར་བ་དང་བསྒྱུར་བཅོས་དེ་འདྲ་ཞིག་ཡོང་རྒྱུར་ང་ཚོས་དྲྭ་ཐོག་ནས་རྩོད་སྡོད་པ་གཅིག་པུས་མི་ཕན་པར། གྲོས་ཚོགས་ཀྱི་སྒོ་ཁར་འཁྱོལ་ཐུབ་པའི་སྐད་ཅིག་རྒྱག་དགོས་པ་རེད།
ཇོ་ནང་ལ་ཆོས་བརྒྱུད་བཞི་དང་གཅིག་མཚུངས་ཀྱི་གདན་ཐོབ་ཅིག་འཐོབ་མིན་ཤོད་སྐབས། ལྟ་བ་གཞན་སྟོང་དང་འཚེ་བ་ཆོས་སུ་སྨྲ་བ་ཟེར་བའི་སྐད་ཆ་འདི་ཚོས་ལག་དག་གི་མ་རེད་ལ་དུས་འཁོར་རྒྱུད་ཡང་དག་ཡིན་མིན་གྱི་སྐད་ཆ་འདི་ཚོས་ཀྱང་ཁུངས་འཁྱོལ་གྱི་མ་རེད། ཐོབ་ཐང་གི་གནད་དོན་དེ་སྤྱི་ཚོགས་གང་ཞིག་གི་མི་འབོར་དང་འཚོ་བའི་གནས་སྟངས། མངོན་འདོད་དང་རང་དབང་སོགས་ཀྱི་རྒྱབ་ལྗོངས་དང་འབྲེལ་ནས་ཡོང་དགོས་ཀྱི་རེད་མ་གཏོགས། ལྟ་བ་དང་སྤྱོད་པའི་སྐྱེ་ཁུངས་རྒྱ་གར་དུ་ཐུག་གི་ཡོད་མེད་དང་། ནང་ཆོས་དང་མཐུན་གྱི་ཡོད་མེད་ལ་ཐུག་གི་མེད་པ་དེ་གསལ་པོར་ཤེས་དགོས།
དེས་ན་ཇོ་ནང་ལ་གྲོས་ཚོགས་དང་ཆོས་དོན་ལྷན་ཚོགས་སུ་གཞུག་རྒྱུའི་ཐོབ་ཐང་ཡོད་མེད་ཤོད་སྐབས་ཉ་དང་ཉུང་མ་ཡོངས་རྫོགས་མཉམ་དུ་བསྲེས་ནས་འཁྱེར་མ་ཡོང་ན་ཡག་གི་རེད།
བསྟན་འཛིན་ཤེས་རབ་ལགས།
དཔེར་ན་བུམ་པའི་མཚན་ཉིད་ཟུར་དུ་ལྟོ་ལྡིར་བ་ཡོད་པའི་རྒྱུ་མཚན་དུ་བྱས་ནས། མི་ལའང་གྲོད་ཁོག་ལྡིར་བ་ཡོད་པས་བུམ་པ་ཡིན་ཞེས་བརྗོད་ན་མི་འགྲིགས་པ་ལྟར། ཀུན་མཁྱེན་སྒྲོལ་བའི་མགོན་པོ་གསང་བདག་སྒྲོ་ཕུག་པ་གཙོས་པའི་དམ་པ་མང་དག་ཞིག་གིས་ངེས་དོན་ཤིང་རྟ་ཆེན་པོ་སོགས་ལས་གཙོ་ཆེར་གཞན་སྟོང་རྩལ་དུ་སྟོན་ནས་འཆད་པ་དེས། གངས་ཅན་པའི་ཆོས་ལུགས་བཞི་ལས་ལོགས་སུ་གྱུར་པ་ལྔ་པ་ཞིག་ཡིན་ན། རྒྱུད་བླ་མ་ལས། བློ་བུར་དག་གི་ཁམས་སྟོང་གིས། །བླ་མེད་ཆོས་ཀྱི་སྟོང་མ་ཡིན། །ཞེས་སོགས་ཀྱི་དགོངས་དོན་གཞིར་བྱས་ནས་ངེས་དོན་གྱི་མདོ་སྡེ་དང་གསང་སྔགས་ཀྱི་རྒྱུད་སྡེ་གུང་བསྒྲིགས་ཏེ་འཆད་དུས་མཁས་གྲུབ་རྣམས་དགོངས་པ་གཅིག་དང་དབྱངས་གཅིག་གིས་གཞིའི་ངོ་བོ་ལ་སྐུ་དང་ཡེ་ཤེས་ཐམས་ཅད་ཉི་མ་ལ་ཟེར་བཞིན་དབྱེར་མེད་འདུ་བྲལ་མེད་པར་གཞན་སྟོང་ལ་ཐུགས་རྩིས་ཤིན་ཏུ་ཆེ་བ་མཛད་པའི་ཀུན་མཁྱེན་ཀློང་ཆེན་པ་སོགས་ས་རྙིང་གིས་སྐྱེས་ཆེན་མང་དུ་བྱུང་བས་ཇོ་ནང་བསྟན་པའི་སྒེར་ཆོས་གཏན་ནས་མ་ཡིན་པས་ཐོག་མར་གཞུང་ལུགས་ཆེན་པོ་དག་ལ་གོམས་འདྲིས་ཅུང་ཙམ་བྱས་ན་གཞི་ནས་རྟོགས་འོང་།
དེས་ན་ངས་སྙིང་པོ་དང་ཡང་སྙིང་ཞུ་འདོད་པ་ནི། ཇོ་ནང་པའི་བསྟན་པའམ་གྲུབ་མཐའ་འདི་ས་སྐྱ་པ་ལས་ལོགས་སུ་འཇོག་པ་ལ་རྒྱུ་མཚན་དང་ལོ་རྒྱུས་གསལ་ཐིང་ངེ་བ་ཞིག་མི་འདུག་ཅེས་སྨྲ་འདོད་བྱུང་།
ལར་ནི་བོད་གངས་ཅན་པའི་སྣོད་བཅུད་ཡོངས་རྫོགས་མི་ལག་ཏུ་ཤོར་ནས་སྤུན་ཟླ་གྲངས་མེད་པ་ཞིག་དམར་གསོད་བཏང་དང་གཏོང་བཞིན་པའི་སྐབས་འདིར་ལ་མོའི་ཕར་རྒྱབ་ཀྱི་དགྲ་དམར་ལ་འཁོན་ལེན་སློག་རྩི་རྩིའི་སོ་ཙམ་སྟོན་མི་ཕོད་ཅིང་སྤོབས་པ་ཞན་པའི་མི་བུ་འགའ་རེས། ནང་དུ་ཆོས་ལུགས་དང་ནང་དབྱེན་གྱི་རང་གཞུང་ལ་འཁོན་ཅིང་རང་ཆོས་ལས་ལོགས་སུ་ཐོན་འདོད་པའི་དཔའ་གཏམ་གླ་ཕོའི་མཆེ་ཙམ་རེ་བསྒྲད་འདུག་པ་འདི་ལ་ངོས་ལེན་དང་འདོད་མོས་རྩ་བ་ནས་མེད།
སྤྲུལ་ཀླུ་སྨྱོན་ནས་རྒྱ་གར་ནང་ཆོས་བརྒྱུད་སྤྱི་འཐུས་མེད་རབ་གསུངས་པ་ཞལ་རྫུན་རེད།རྒྱ་གར་ནང་ཆོས་བརྒྱུད་སྤྱི་འཐུས་ཁ་ཤས་ཤིག་ཡོད་པ་དང་།ལྷག་པར་ཆོས་པ་ཡིན་པ་གང་ཞིག་ལ་ས་ཁུལ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་བྱེད་མཁན་ཡང་ཡོད་པ་རེད།དེ་ནས་ཁ་ཤས་ཤིག་གིས་ཇོ་ནང་ལ་འཚེ་བ་ཆོས་སུ་སྨྲ་མཁན་ཡིན་མིན་ལྟ་བུ་དུས་འཁོར་གྱི་རིག་ལྡན་དྲག་པོ་ལ་ལྟོས་ཏེ་སྨྲ་ཀི་འདུག་མོད།དུས་འཁོར་ལ་ས་དགེ་བཀའ་བརྒྱུད་ཚང་མས་མོས་གུས་གཅིག་མཚུངས་བྱེད་པས་ནག་ན་ནག་མཉམ་དང་དཀར་ན་དཀར་མཉམ་ཡིན་ལ།སྤྱོད་ལམ་ཐོག་ནས་བོད་ཀྱི་ཆོས་བརྒྱུད་གཞན་ལྟར་ཇོ་ནང་ལ་མི་གསོད་ཁྲག་སྦྱོར་ལོ་རྒྱུས་རྫོར་པོ་དེ་འདྲ་མེད།
ཇོ་ནང་པའི་ལྷ་མི་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ། །ད་རེས་དྷ་སའི་ཚོགས་འདུའི་ཆོད་དོན། (གྲོས་གཞི་དོན་ཚན་བརྒྱད་པ་རྒྱལ་བ་ཇོ་ནང་པའི་སྐོར་ལ། ཆོས་ཚོགས་སྔོན་མའི་གྲོས་ཆོད་ནང་། རྒྱལ་བ་ཇོ་ནང་པའི་ཆོས་འབྱུང་སྐོར་ཉམས་ཞིབ་བྱ་རྒྱུ་གསལ་ཡང་། གཅིག་ནས་བཀའ་བརྒྱུད་སྐུ་ཚབ་གཏོང་ཐབས་མ་བྱུང་བའི་ཆ་ནས་ཞིབ་འཇུག་ཚོགས་ཆུང་ད་བར་ཚུགས་ཐུབ་མེད་པ་དང་། གཉིས་ནས་རྒྱལ་བ་ཇོ་ནང་པ་ནི། ལྟ་གྲུབ་དང་ཆོས་བརྒྱུད་གང་གི་ཆ་ནས་རང་རྐང་ཚུགས་ཐུབ་པ་ཞིག་ཡིན་པར་ཆོས་ཚོགས་འདི་ནས་ངོས་འཛིན་བྱུང་བར་བརྟེན། ཞིབ་འཇུག་ཚོགས་ཆུང་དགོས་གལ་མ་མཆིས། འོན་ཀྱང་། ཇོ་ནང་པར་ཆོས་བརྒྱུད་སྤྱི་འཐུས་ཀྱི་ཐོབ་ཐང་གནང་མིན་ནི་ཁྲིམས་བཟོ་ལྷན་ཚོགས་ཀྱི་འགན་དབང་ཡིན་པ་ལས་ཆོས་ཚོགས་འདིར་འབྲེལ་བ་མེད་པའི་ངོས་འཛིན་བྱུང་།)ཞེས་འཁོད་འདུག དེས་ཐག་གཅོད་གསལ་བོ་བྱུང་བ་རེད། ལས་ཀ་དང་པོ་དེར་གྲུབ་འབྲས་ཐོན་ན་གཞན་རྣམས་ལ་འབད་པ་མུ་མཐུད་དུ་གནང་ན་ཆོག གཙོ་བོ་ཇོ་ནང་རང་ངོས་ནས་བཤད་སྒྲུབ་ཀྱི་བྱ་བ་དབྱར་མཚོ་ལྟར་རྒྱས་པའི་བརྩོན་པ་ནམ་ཡང ཉམ་པ་མེད་པར་གནང་རོགས་ཞུ། །
ཇོ་ནང་བས་གཞན་སྟོང་བཤད་ནས་ས་སྐྱ་ལས་ལོགས་སུ་ཐོན་ཐུབ་གི་མ་རེད། ས་སྐྱའི་ནང་ན་ཡང་གཞན་སྟོང་འདོད་མཁན་ཡོད་རེད། དུས་འཁོར་ཅིག་ཅིག་མིག་མིག་གིས་ཀྱང་ཁྱད་ཆོས་གང་ཡང་ཐོན་གི་མ་རེད། ཆོས་རྒྱུད་ཚང་མ་ལ་དུས་འཁོར་མེད་ས་ཡོད་པ་མ་རེད། དེར་བརྟེན་ངས་དུས་འཁོར་དང་གཞན་སྟོང་ཟེར་བ་འདི་ཚོས་ཇོ་ནང་ཚང་ལ་སྤྱི་འཐུས་དགོས་པའི་གསལ་བཤད་བཤཤད་ཐུབ་གི་མི་འདུག་ཞུ་བཞིན་ཡོད། ཆོས་རྒྱུད་ཅིག་ཡིན་མིན་ཟེར་བ་དེ་གདན་ས། དད་ལྡན་མང་ཚོགས། ལོ་རྒྱུས་བཅས་ལས་འབྱེད་དགོས་པ་རེད། མདོར་ན་སྤྱི་ཚོགས་ཀྱི་སྡེ་ཚན་བྱེ་བྲག་པ་ཞིག་རེད། ཇོ་ནང་པ་ཞེས་པིའ་སྤྱི་ཚོགས་ཟུར་དུ་ཐོན་པ་ཞིག་ཡོད་པ་དེ་ཇོ་ནང་ལ་སྤྱི་འཐུས་དགོས་པའི་རྒྱུ་མཚན་རེད། དེ་ལ་ངས་ཀྱང་རྒྱབ་སྐྱོར་སྐུལ་སློང་བྱེད་ངེས་ཡིན།
ད་ལམ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་ནས་ཐུགས་དགོངས་རྒྱ་ཆེན་པོ་ཞིག་བཞེས་འདུག
ངོ་མ་བླ་ཆེན་ཞིག་ལོས་ཡིན།
འོན་ཀྱང་དེ་ཡིས་ཉོན་མོངས་པའི་སྒྲིབ་པ་ལས་ཐར་རུང།
ད་དུང་ཤེས་བྱའི་སྒྲིབ་པ་དག་ཐུབ་མེད།
ཤེས་སྒྲིབ་ནི་ཁྲིམས་བཟོ་ལྷན་ཚོགས་རེད། དེ་ལས་གྲོལ་ནས་གྲོལ་བ་རང་རེད། འོན་ཀྱང་དེ་ཡི་ནང་ཆོས་རྒྱུད་སྤྱི་འཐུས་ཚོ་དཔུང་པ་མཉམ་བསྒྲིག་ཅིག་ཡོད་ས་རེད། ཁོང་ཚོས་གཅིག་ཕན་གཅིག་གྲོགས་བྱེད་རྒྱུའི་ཆོད་སེམས་ཞིག་མེད་དམ་སྙམས། དེ་ལྟར་ན་ཆོས་རྒྱུད་སྤྱི་འཐུས་དེ་དག མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་ཆགས་འཐུས་མི་ལྔ་ཡོད་པ་དང་ཆ་མཚུངས་སེ་ཡིན་ས་རེད། དཔེར་ན། མཉམ་འབྲེལ་རྒྱལ་ཚོགས་སུ་གཏན་ཆགས་འཐུས་མི་ལྔ་གང་རུང་གི་ལྟ་བ་དང་མ་མཐུན་ཏེ། དེར་དགག་པ་བྱེད་ཚེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ལྕོག་ཏུ་སླེབས་པ་དག་འཁྲུ་སློག་ཏུ་གཏོང་ཐུབ་ཀྱིན་ཡོད།
གྲོས་ཚོགས་ནང་ཕྲེང་བ་ཁུར་སྟངས་འདི་འགྲིག་གི་མི་འདུག སྤོ་བོ་རྨོ་བོ་སྐྱག་ལང་སོང་བ་ཁ་ཤས་ཡོད་པ་རེད། དེ་ཚོས་ཕྲེང་བ་འདི་སྤྲེལ་ལད་ཤོད་བྱེད་དང་མི་རྫུན་མ་ཡིན་པའི་སྤ་སི་ལྟ་བུས་གྲོས་ཚོགས་ནང་དང་ཚོགས་འདུ་འཚོག་ས་སོགས་སུ་ཁི་འགྲོ་གི་རེད། དེ་འཁྱེར་སྟངས་དང་འཁྱེར་ས་ནོར་བ་རེད།