སྒྱུར་མཁན། ཟླ་བ་གཞོན་ནུ།
རང་བཞིན་དུལ་བའི་རིགས་ཅན་དང་།།
རྟག་པར་རྒན་བཀུར་བྱེད་པ་ཡི།།
ཚེ་དང་ཡོན་ཏན་གྲགས་པ་སྟོབས་།།
བཞི་བོ་རྣམས་ནི་འཕེལ་བར་འགྱུར།།
ཕྲུ་གུ་སྐྱེས་བའི་གནས་སྐབས་སུ།།
ཕ་མས་མྱངས་པའི་སྡུག་དེའི་དྲིན།།
ལོ་བརྒྱའི་སྲི་ཞུ་བསྒྲུབ་པས་ཀྱང་།།
འཇལ་བར་ནུས་པ་མ་ཡིན་ནོ།།
དེ་དག་ལེགས་པར་སྐྱོང་རིགས་ལ།།
དགེ་བའི་བཤེས་ཀྱང་རྟག་ཏུའོ།།
དེ་གསུམ་འཚེངས་པར་གྱུར་བ་ཡིས།།
སྐྱེ་བའི་འགན་ནི་རྫོགས་པ་ཡིན།།།
གཞན་དབང་ཐམས་ཅད་སྡུག་བསྔལ་དང་།།
རང་དབང་ཐམས་ཅད་བདེ་བའོ།།
འདི་ནི་སྡུག་དང་བདེ་བ་ཡི།།
རྟོགས་འོས་དོན་ནི་བསྡུས་པའོ།།
ལས་གང་བྱས་པར་གྱུར་བ་ཡིས།།
སྙིང་ལ་ཚིམས་པ་བྱུང་གྱུར་ན།།
དེ་ནི་སྤྲོ་བས་བརྩམ་པར་རིགས།།
དེ་ལས་ལྡོག་པ་སྤང་བར་བྱ།།
རྐང་བ་བལྟས་ཏེ་འཇོག་པ་དང་།།
ཆུ་ནི་བཙག་ནས་བཏུང་བར་རིགས།།
བདེན་པའི་ངག་ནི་སྨྲ་བ་དང་།།
བཅོས་མིན་སྤྱོད་པ་སྐྱོང་བར་འོས།།
༠༨།༡༡།༡༦ལ་ལེགས་སྦྱར་ལས་བསྒྱུར།
དེང་སྐབས་ཀྱང་ལེགས་སྦྱར་ལས་བསྒྱུར་བ་ཞིག་ཐོས་རྒྱུ་ཡོད་པ་ལ་ཐུགས་རྗེ་ཆེ་ཞུ།
ལེགས་སྦྱར་ལས་བསྒྱུར་པ་ཅི་ལྟར་ཤེས་སོང་།
ཡག་པོ་འདུག་
ཨོ་ཙི་ལགས། ༠༨. ༡༡.༡༦ ལ་ལེགས་སྦྱར་ལས་བསྒྱུར་ཞེས་པ་འདིས་ལེགས་སྦྱར་ལས་བསྒྱུར་བ་ཤེས་ཐུབ་ཀྱི་མི་འདུག་གམ།
ཝ་ར་ཎ་སི་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ལེགས་སྦྱར་ནས་བོད་ཡིག་ནང་སྒྱུར་མཁན་སྔོན་ཆད་ནས་འདུག
ཨོ་ཙི་མགྲོན་པོ་ལགས། ༠༨. ༡༡.༡༦ ལ་ལེགས་སྦྱར་ལས་བསྒྱུར་ཞེས་པ་འདིས་ལེགས་སྦྱར་ལས་བསྒྱུར་བ་ཤེས་ཐུབ་ཀྱི་མི་འདུག་གམ།
ཝ་ར་ཎ་སི་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ལེགས་སྦྱར་ནས་བོད་ཡིག་ནང་སྒྱུར་མཁན་སྔོན་ཆད་ནས་འདུག
བཟང་སྤྱོད་ཡི་གེ་གཞན་གཟུགས་ནས།།
ནང་སྒྱུར་བྱས་པ་དགའ་བསུ་ཡོད།།
ནང་གི་བོད་མིས་ལག་ལེན་དུ།།
འཁེལ་བར་བརྩོན་མིན་འདོད་མོས་རེད།།
ད་ལྟའི་བོད་ཀྱི་མི་མང་གིས།།
བཟང་སྤྱོང་ཁ་ནས་བཏོན་ན་ལས།།
བཟང་སྤྱོད་སེམས་ནས་མ་དོར་བར།།
ལག་ལེན་དངོས་དེ་འབད་རོགས་ཞུ།།
བོད་ཀྱི་རིག་གཞུང་ཕྱུག་མིན་ནི།།
ཁ་ནས་མ་ནི་བཞིན་དྲངས་ཀྱང་།།
དོན་ལ་ལག་ལེན་གཏན་བྲལ་ཚེ།།
ཡོད་ཀྱང་ཡི་གེ་གཟུགས་ཙམ་རེད།།
འདི་ནི་ཐོག་མའི་ཚོད་ལྟ་ཙམ་ཡིན།
གཞིས་ལུས་བོད་པ་སོགས་ནས་ཕྱི་ནང་གི་བར་ཆད་མི་ཡོང་བའི་སྨོན་ལམ་རེ་རྒྱག་གིན་སྡོད་དང་། ལས་ཡོད་ན་སོགས་ཀྱང་ཉིན་ཞིག་ཁྱེད་རྣམས་
ཀྱི་མིག་ལམ་ལ་བསྟར་ཐུབ་སྲིད།
ཆད་འདུག
དབྱངས་ཅན་མགུལ་རྒྱན་སོགས་ཀྱང
Hi, it’s nice to hear you that still are still alive and writting, I just love it.
གྲོགས་ཟླ་བ་ལགས། ད་བར་བདེའམ།