བསྟན་དར།
ཁ་སང་རེས་གཟའ་ལྷག་པའི་ཉིན་འདི་ག་ཨ་རི་རོཌ་ཨའི་ལེན་ཌི་གཙུག་ལག་སློབ་གྲྭ་ཆེན་མོར་དགེ་སློབ་ཚོས་རྒྱལ་སྤྱི་ཞི་བད◌ེའི་ཉིན་མོ་བརྩིས་བསྲུངས་བྱས་སོང་། ཕྱོ་ལོ་ ༢༠༠༡ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཐོག་སྤྱི་མོས་གཏན་འབེབས་བྱུང་བ་ནས་གཟུང་ལོ་ལྟར་ཕྱི་ཟླ་དགུ་པའི་ཚེས་ ༢༡ ཉིན་ནི་རྒྱལ་སྤྱི་ཞི་བདེའི་ཉིན་མོར་སྲུང་རྩི་‘ེད་བཞིན་པ་རེད། འཛམ་གླིང་ཞ◌ི་བདེའི་ཉིན་མོ་གཏན་འབེབས་སྙན་ཞུ་འབུལ་མཁན་ནི་དེ་སྔ་དབྱིན་ཡུལ་གྱི་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་འཇེར་མི་གྷེ་ལི་ཡིན་པ་དང་། ཁོང་གིས་ཐོག་མར་སྙན་ཞུ་ཕུལ་སྐབས་རྒྱབ་སྐྱོར་དང་ངོས་ལེན་མ་ཐོབ་པ་སོགས་ཀྱི་དཀའ་ཚེགས་དུ་མ་འཕྲད་འདུག་ཀྱང་། ཁོང་ནས་ཞི་བདེའི་དེད་དཔོན་༸གོང་ས་སྐྱབས་མགོན་ཆེན་པོར་ཆེད་བཅར་གྱིས་སྙན་གསེང་ཞུས་པར་༸གོང་ས་མཆོག་གི་དྲུང་ནས་ཐུགས་སྨོན་དང་རྒྱབ་སྐྱོར་གཙང་མ་ཐོབ་པར་བརྟེན། ཕྱིས་སུ་ཀོས་ཊ་རི་ཀ་དང་དབྱིན་ཇི་གཞུང་གིས་རྒྱབ་སྐྱོར་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནང་སྤྱི་མོས་བྱུང་མཐར་ཕྱི་ལོ་ ༢༠༠༡ ནས་གཟུང་ཕྱི་ཟླ་ ༩ པའི་ཚེས་ ༢༡ གི་ཉིན་མོར་རྒྱལ་སྤྱིི་ཞི་བདེའི་ཉིན་མོར་བརྩི་བཞིན་པ་རེད་འདུག། ཉིན་དེར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇག་སྲུང་དམག་དང་། དེ་བཞིན་རྒྱལ་ཁབ་མང་པོས་ཀྱང་རང་གིས་དམག་འཐབ་དང་གོ་མཚོན་བེད་སྤྱོད་མི་བྱེད་ཅིང་།
སྤྱི་ཚོགས་དང་ཡུལ་མི་ཕན་ཚུན་འཆམས་མཐུན་དང་ཞི་བདེ་ཡོང་ཆེད་དུ་འབད་པ་དང་། དེ་བཞིན་འཛམ་གླིང་ཁྱོན་ཡོངས་ལ་འབངས་མི་ས་ཡ་བརྒྱ་ལྷག་གིས་དུས་ཆེན་འདི་བརྩི་བཞིན་པ་དང་སྟབས་བསྟུན། འདི་ག་འཚེ་མེད་ཞི་བའི་སློབ་གཉེར་ཁང་དང་དགེ་སློབ་མང་པོས་ཉིན་དེར་ཞི་བདེའི་དར་ཅོག་བསྒྲེངས་པ་དང་། ཞི་བདེའི་འཕྲིན་ཡིག་དང་མཚོན་རིས་བྲིས་པ། ལམ་ཟུར་ན་འཕྲད་མི་ཡོངས་ལ་ཞི་བདེའི་འཚམས་དྲིས་ཞ◌ུས་པ། དེ་བཞིན་ཞི་བདེའི་སྐོར་གྱི་གླུ་གར་དང་རོལ་མོ་དཀྲོལ་བ་དང་། མར་མེ་འཁྲོམ་སྐོར་སོགས་ཀྱང་བྱས། དགུང་མོ་དེར་སྐུ་ཞབས་འཇེར་མི་གྷེ་ལིས་འཛམ་གླིང་ཞི་བདེའི་ཉིན་མོ་‘ུང་རིམ་སྐོར་གྱི་གློག་བརྙན་ (Peace One Day) ཞེས་པ་དེ་གཟིགས་འབུལ་ཞུས་སོང་བས་མཐར་སློབ་ཕྲུག་མང་པོས་རང་ཉིད་ཀྱི་མི་ཚེའི་ནང་འཚེ་བ་སྤངས་རྒྱུའི་དམ་བཅའ་འབུལ་མཁན་ཡང་‘ང་སོང་།།
གཏམ་བཟང་སྤེལ་བར་ཐུགས་རྗེ་ཆེ། པར་འདི་བལྟས་ནི་འདི་ལྟར་འགྲེལ་ན་འདོད། ཞི་བདེའི་འཕྲེད་དར་དཀར་པོ་དེའི་སྒང་གི་ཕུག་རོན་དཀར་པོའི་འཛམ་གླིང་ཞི་བདེ་མཚོན། གཤམ་དུ་ཞི་བདེ་ཞེས་ཡིག་འབྲི་ལྔ་བོ་བོད་ཀྱི་རླུང་རྟ་བཞིན་དར་ཚོན་སྣ་ལྔའི་ཁ་དོག་ལྡན་པ་འདིའི་བོད་དེ་མ་འོངས་ཞི་བདེའི་བསྟི་གནས་ཤིག་ཏུ་འགྱུར་བར་མཚོན། འཕྲེད་དར་ལག་ཏུ་ཐོགས་པའི་ན་ཚོད་དར་ལ་བབ་པའི་གཞོན་ནུ་མའི་འཇོ་སྒེག་གི་ཕན་ཚུན་བར་ཡིད་ཆེས་བརྟན་པོ་མཚོན།
དར་ལྕོག་འོག་ནས་བྱས་ན།
ས་སེར།
ཆུ་ལྗང་།
མེ་དམར།
སྤྲིན་དཀར།
གནམ་སྔོ།