འབྲོང་བུ་ཟླ་བ་ཚེ་རིང་།
འདི་ནི་འཇར་པན་དུ་ས་ཡོམ་བྱུང་སྐབས་ཨ་མ་ཞིག་གིས་རང་སྲོག་བློས་བཏང་བའི་དངོས་བྱུང་ལོ་རྒྱུས་ཤིག་རེད། ས་ཡོམ་རྒྱག་མཚམས་བཞག་ཅིང་། ཉེན་སྐྱོབ་མི་སྣ་གཞོན་ནུ་མ་ཞིག་གི་བཤིག་རོར་གྱུར་བའི་ཁང་པར་སླེབས་སྐབས། ཁོ་ཚོས་གྱང་ཆག་གི་བར་ནས་ཁོ་མོའི་རོ་མཐོང་། འོན་ཀྱང་ཁོ་མོའི་འདུག་སྟངས་ནི་ཁྱད་མཚར་ཞིག་སྟེ། ཁོ་མོས་མི་ཞིག་གིས་ཆོས་བྱེད་པ་ལྟར་པུས་མོ་གཉིས་ས་ལ་བཙུགས་ཞིང། ལུས་པོ་མདུན་དུ་སྒུར་བ་དང། ལག་པ་གཉིས་ཀྱིས་དངོས་པོ་ཞིག་སྐྱོར་ནས་འདུག བཤིག་རོར་གྱུར་བའི་ཁང་པས་ཁོ་མོའི་རྒྱབ་དང་མགོ་གཅུར་འདུག དཀའ་ངལ་མང་པོ་ཞིག་བརྒྱབ་རྗེས། ཉེན་སྐྱོབ་རུ་ཁག་གི་རུ་དཔོན་གྱིས་གུ་དོག་པའི་གྱང་སྲུབ་ནས་ལག་པ་བསྲིངས་ཏེ་ཁོ་མོའི་ལུས་པོར་རག་ཐུབ་པར་གྱུར། ཁོ་བོས་ཁོ་མོ་ད་དུང་ཡང་གསོན་བསྡད་ཡོད་པར་རེ་བ་བྱེད་བཞིན་འདུག འོན་ཀྱང། གྲང་ཞིང་ཧྲང་པོར་གྱུར་བའི་ལུས་པོས་ཁོ་བོར་ཁོ་མོ་དངོས་ནས་ཤི་ཡོད་པ་ཤེས་སུ་བཅུག ཁོ་དང་རུ་མི་རྣམས་ཁང་པ་དེ་དང་ཁ་བྲལ་ཏེ་ཁང་ཆག་གཞན་ཞིག་བསྔོགས་པར་བསྐྱོད་སྐབས། རྒྱུ་མཚན་འགའ་ཡི་རྐྱེན་གྱིས་རུ་དཔོན་ཁོ་བོ་དབང་མེད་ཀྱི་ཚོར་ཤུགས་ཤིག་གིས་དྲངས་ཏེ་སླར་ཡང་ཤི་ཚར་བའི་གཞོན་ནུ་མ་ཡོད་སའི་ཁང་པ་དེར་བསྐྱོད། སླར་ཡང། ཁོ་བོས་པུས་མོ་སླ་ལ་བཙུགས་ཏེ་ལག་པ་གུ་དོག་པའི་བཤིག་རོའི་བར་ནས་བསྲིངས་ཏེ་ཤི་བོའི་རོ་འོག་གི་བར་སྟོང་དེར་སྙོབ་པར་བྱས། གློ་བུར་དུ། ཁོ་བོས་ཧང་སང་བའི་སྒོ་ནས། ༼བྱིས་པ་ཞིག འདི་ན་བྱིས་པ་ཞིག་འདུག༽ ཞེས་སྐད་རྒྱབ་བྱུང། རུ་མི་ཡོངས་ཀྱིས་མཉམ་དུ་གཟབ་ནན་གྱི་སྒོ་ནས་ཁོ་མོའི་ལུས་སྟེང་གི་ཆག་རོ་རྣམས་བླངས། ཨ་མའི་རོ་འོག་ན་ཟླ་ངོ་གསུམ་འགོར་བའི་བྱིས་པ་ཞིག་མེ་ཏོག་ཅན་གྱི་ཀམ་པ་ལི་ཞིག་གིས་བཏུམ་ནས་བཞག་འདུག འདི་ནི་བུད་མེད་ཞིག་གིས་རང་ཉིད་ཀྱི་བྱིས་པ་སྲུང་ཆེད་གནང་པའི་མཐར་ཐུག་གི་བློས་གཏོང་རེད། རུ་དཔོན་གྱིས་བྱིས་པ་དེ་ཡར་ལེན་དུས་བྱིས་པ་དེ་ལྷང་འཇགས་ཀྱིས་གཉིད་དུ་ཡུར་འདུག སྨན་པ་མྱུར་མོར་བྱིས་པར་བརྟག་དཔྱད་བྱེད་དུ་སླེབས་བྱུང། སྨན་པས་ཀམ་པ་ལི་དེ་ཁ་ཕྱེས་དུས། ཀམ་པ་ལའི་ནང་ལོག་ནས་ལག་འཁྱེར་ཁ་པར་ཞིག་མཐོང། མདུན་ངོས་སུ་འཕྲིན་ཐུང་ཞིག་ཤར་འདུག་པ་འདི་ལྟར། ༼གལ་ཏེ་ཁྱོད་རང་གསོན་ཐུབ་པ་ཡིན་ན། ཁྱོད་ཀྱིས་ང་ཁྱོད་ལ་དགའ་བ་ངེས་པར་དུ་ཤེས་དགོས།༽ ཁ་པར་དེ་མི་རེ་རེ་བརྒྱུད་ནས་བརྒྱུད་སྤྲོད་བྱས་སོང། ཚང་མས་འཕྲིན་ཐུང་དེ་ཀློག་ཞོར་ངུ་བཞིན་འདུག ༼གལ་ཏེ་ཁྱོད་རང་གསོན་ཐུབ་པ་ཡིན་ན། ཁྱོད་ཀྱིས་ང་ཁྱོད་ལ་དགའ་བ་ངེས་པར་དུ་ཤེས་དགོས།༽ འདི་ནི་ཨ་མ་ཞིག་གིས་རང་ཉིད་ཀྱི་བྱིས་པར་བཅངས་པའི་བརྩེ་བ་རེད།
༼ངོ་དེབ་ན་དབྱིན་ཡིག་ཏུ་བྲིས་འདུག་པ་བསྒྱུར་ཏེ་བཀོད་པ་ཡིན། ༽
ང་ལ་དོགས་པ་ཞིག་བྱུང་བ་ནི་ཨ་མ་དེས་ཁ་པར་ནང་ཡི་གེ་དེ་ས་ཡོམ་མ་བརྒྱབ་སྔོན་དུ་བྲིས་པ་རེད་དམ་ས་ཡོམ་རྒྱག་བཞིན་པའི་དུས་སུ་བྲིས་པ་རེད། ཡང་ན་ས་ཡོམ་བརྒྱབ་རྗེས་བྲིས་པ་རེད། ང་མགོ་འཐོམས་སོང་།
ཨ་མ་དེར་ཡི་གེ་འབྲི་རྒྱུའི་གོ་སྐབས་ཤིག་གང་ནས་རགས་པ་རེད། ཆ་གཞི་གང་ཡང་མེད་པ་བློ་བུར་འབྱུང་བ་གཡོས་ནས་ཆགས་གོ་དེ་བྱུང་བ་རེད། མ་ཟད་བྱིས་པ་དེ། འཆི་ཟིན་ནམ་གསོན་པོར་གནས་ཡོད།
རྣ་བ་མི་འགྲོ་རང་རེད་ཧཧཧ་བརྫུན་རྩོམ་ཡག་པོ་ཞིག་རེད།
ཨ་མ་དེས་བྱིས་པ་མལ་ཆས་ཀྱིས་བཅུད་ཅིང་། ཁ་པར་ནང་ཡི་གེ་བྲིས་རྗེས། ཁང་བ་ཨེ་རྡེབ་ལ་སྒུག་བསྡད་པ་ཡིན་ས་རེད། དེ་ཨེ་རེད།
མིག་ཆུ་ཞིག་འཁུར་འགོ་ནས་ལྷུང་གྲབས་བྱས་སོང་བ་མ་ཟད། སྐབས་དེ་ཡི་སྣང་ཚུལ་དག་གློག་བརྙན་ལྟར་མིག་ལ་ཤར་ནས་སླེབས་སོང་། དྲིན་ཆེན་མའི་བརྩེ་བ་ཟེར་བ་ནི་ནམ་ཡང་འཇལ་དུ་དཀའ་བ་ཞིག་རེད།
ས་ཡོམ་བརྒྱབས་པ་དང་མེ་མདེལ་མགོ་ལ་ཕོག་པ་གཉིས་འདྲ་གི་མ་རེད། ས་འགུལ་བསླེབས་པ་དང་མི་ཤི་བ་གཉིས་དུས་མཚུངས་ཀྱང་མིན། ས་འོག་ཏུ་མནན ་རྗེས་ཤི་བ་དང་མི་ཤི་བ་གཉིས་ཀ་ཡོད། ལ་ལ་སྐྱོར་ཐུབ་པ་དང་། ལ་ལ་སྐྱོར་མི་ཐུབ་པ་དེ་འདྲ་རེད།
སྙིང་དང་འདྲ་བའི་བྱིས་པར་རང་གི་ཨ་མས་ཇི་ལྟར་བརྩེ་བ་ནི་སྲོག་ཆག་དུད་འགྲོ་ཚུན་ལའང་མིག་གིས་མཐོང་ཆོས་ཡིན་ན ། འགྲོ་བ་མི་ཞིག་དང་། ཁྱད་པར་མ་གྱུར་སེམས་ཅན་ཐམས་ཅད་ཞེས་ངག་ནས་སྒྲོག་མཁན་གི་རིགས་ལ་ནི་གནས་ཚུལ་འདིར་རློམ་མི་རློམ་གི་བླུན་དོགས་དེ་མི་འཛའ་གི་སྙམ།
བརྩེ་བ་ཞེས་པ་ནི་ཇི་འདྲའི་ཡིད་དུ་འོང་བ་ཞིག་རེད། ང་ངོ་མ་ངུ་ཤོར་སོང་།
དངོས་གནས་དེ་འདྲ་ཡིན་ན་འཛམ་གླིང་སྟིང་གི་ཡ་མཚན་དངོས་བྱུང་གི་ལོ་རྒྱས་སུ་འགོད་པར་འོས།
དྲིན་མ་ལོའི་བརྩེ་བ་དེ་ཇི་འདྲའི་ཡིད་དུ་འོང་བ་ཞིག་རེད། ངོ་མ་བཤད་ན་ངས་ཨ་མའི་བརྩེ་བ་ཇི་འདྲ་ཞིག་ཡིན་མིན་གསལ་པོ་ཞིག་ཤེས་ཀྱི་མི་འདུག རྒྱུ་མཚན་ང་ནི་ཆུང་དུས་ནས་ཨ་མ་དང་ཁ་བྲལ་ནས་མི་ལོ་ཉེར་ལྔ་ལྷག་འགོར་བས་ང་ལ་མཚོན་ན་ཧ་ལམ་ལྐོག་གྱུར་ལྟ་བུ་ཞིག་རེད།