བསྟན་འཛིན་ཤེས་རབ་ནས།
རྣམ་པ་ཚོ། དགོངས་པ་མ་ཚོམས། ད་ལྟ། ངས་བཤད་ན་མི་འདོད་ལ་བསྒྲགས་ཉན་མིན་མི་ཤེས་པའི་གནས་ཚུལ་ཞིག་བསྒྲགས་རྒྱུ་ཡིན། ངས་བསམ་ན། རང་རེའི་མ་འོངས་པའི་ཆེད་དུ་མི་བསྒྲགས་ཐབས་མེད་སྙམ། དེ་རིང་སྤྱི་ཟླ་དགུ་བའི་ཚེས་ཉེར་དྲུག་རེད། ད་ནངས་སྔ་དྲོ་བོད་ནང་ནས། རང་རེ་ཁ་བ་རི་བའི་དོན་དུ་གྲྭ་བ་གཉིས་ཀྱིས་གཅེས་པའི་ལུས་སྲོག་དམར་བོ་མེ་ལ་སྒྲོན་སོང་། དགོང་དྲོར། རང་རེའི་སྲིད་གཞུང་ངམ་དབུ་ཁྲིད་ཀྱི་ལྟེ་གནས་རྡ་ས་ནས། རྒྱལ་ཞེན་དང་སྙིང་སྟོབས་ཀྱིས་འཕྱུར་བའི་དམ་པ་ཁོང་གཉིས་ལ་མྱ་ངམ་མཆོད་འབུལ་དང་མར་མེ་ཁྲོམ་སྐོར་སོང་། གདུང་སེམས་ཤུགས་ཀྱིས་བཏེགས་སོང་། འོན་ཀྱང་། འདི་ག་སྟེ་ལྷོ་ཕྱོགས་ཀྱི་མོན་གྷོ་ས་གནས་གཞིས་ཆགས་ཀྱིས་ཅི་ཞིག་གནང་གིན་ཡོད་དམ། གཞིས་གྲོང་གསུམ་པའི་མི་མང་ཚོགས་ཁང་དུ། གླུ་ལེན་གར་རྩེད་གནང་གིན་ཡོད། དགའ་བའི་དགའ་བྲོ་འཁྲབ་ཀྱིན་ཡོད། ཀི་རྒྱངས་ཨག་རྒྱངས་གནང་གིན་ཡོད། གཅིག་བྱས་ན། ཁོང་ཚོས་གནས་ཚུལ་འདི་མ་ཐོས་པ་ཡིན་སྲིད། ཡང་ན་ལམ་སྟོན་དང་རེ་སྐུལ་ཞུ་མཁན་ཞིག་མེད་སོང་བ་ཡིན་སྲིད། མ་རེད། དེ་འདྲ་རྩ་བ་ནས་མ་རེད། བོད་ནས་གསར་དུ་འབྱོར་བ་ཁ་ཤས་ཤིག་གནས་དེར་ཕྱིན་སོང་། ཁོང་ཚོར་གནས་ཚུལ་ཡར་ཞུ་ཞུས་སོང་། རེ་སྐུལ་ཡང་ཡང་ཞུས་སོང་། སྐྱིད་སྡུག་མཉམ་མྱོང་གནང་རོགས་ཟེར། གདུང་སེམས་མཉམ་བསྐྱེད་གནོངས་དང་ཟེར། ཆེས་མ་མཐར་ཡང་རང་སྟེང་ལ་འདུ་ཤེས་ཤིག་འཛིན་རོགས་ཟེར། འོན་ཀྱང་ཁོང་ཚོས་ཉན་འཇོག་གནང་མ་སོང་། གསར་འབྱོར་བ་དེ་ཚོར་རིན་ཐང་ཅི་ཞིག་ཡོད་སྙམ་པ་འདྲ། རྣ་བ་གཡར་མ་སོང་། བྲོ་གར་མུ་མཐུད་དུ་འཁྲབ་སོང་། དགའ་འབོད་སྔར་བཞིན་དུ་གནང་སོང་། ད་དུང་ས་གནས་གཞུང་གི་ཉེན་རྟོག་པ་འགའ་ཡང་སྐད་བཏང་འདུག རེ་སྐུལ་ཞུ་མཁན་ཚོ་ཨུ་ཐུག་སོང་། ངོ་མདངས་ཤོར་སོང་། མགོ་བོ་གཡུགས་བཞིན་ཕྱིར་ལོག་སོང་། གླུ་གར་བ་ཚོ། ཡང་ན་བཀོད་སྒྲིག་པ་ཚོ། རེ་སྐུལ་ཞུ་མཁན་ཚོའི་རྒྱབ་རོལ་ལ་སྣ་དགོད་རེ་བཏགས་བཞིན་ཡོད་སྲིད། དངུལ་སྒོར་དེ་ཡོད་ཚད་ཀྱི་ཡོད་ཚད་ཡིན་སྙམ་བཞིན་ཡོད་སྲིད། ཡིན་ན་ཡང་། བོད་ཞེན་མེད་རུང་། དབུ་ཁྲིད་ཚོར་འཚེར་སྣང་ཞིག་ཡོད་ཆོག་པ་ལ་ཨང་།
གནས་ཚུལ་ལྷགས་བྱུང་། གནས་ཚུལ་ཞེ་མེར་བ་ཞིག་ལྷགས་བྱུང་། དེ་རིང་སྔ་དྲོ་ཆུ་ཚོད་བཅུ་དང་བཅུ་གཅིག་གི་བར་དེར། མདང་དགོང་རེ་སྐུལ་ཞུ་རུ་འགྲོ་མཁན་གྲས་ཀྱི་ཆེ་རིང་ལགས་ས་གནས་སྲིད་གཞུང་ཉེན་རྟོག་པས་ཁྲིད་སོང་། ཁྲིད་དོན་ནི། མདང་གི་དགོང་ཚོགས་བཀོད་སྒྲིག་བྱེད་མཁན་གཞིས་གྲོང་བཞི་བའི་ཀུན་བཟང་རྡོ་རྗེ་ཡིས་ཞུ་གཏུག་བྱས་པས་རེད། ཁོས་ཉེན་རྟོག་པར་ཁ་པར་བརྒྱབ་སྟེ། རྙོག་གྲ་འདུག་ཅེས་ཉེན་རྟོག་པ་ཁོའི་སར་བོས་ཤིང་། ཚེ་རིང་གི་མིང་སོགས་བཤད་དེ་འཛིན་བཟུང་བྱེད་དགོས་པའི་རེ་འདུན་བཏོན་འདུག ཉེན་རྟོག་པ་གཉིས་ཚེ་རིང་སར་སོང་སྟེ་་ཁོང་ཉེན་རྟོག་ལས་ཁུངས་སུ་ཁྲིད་འདུག གནས་ཚུལ་དེ་མི་གཞན་གྱིས་ཤེས་རྗེས། གཅིག་གཅིག་ལ་ཁ་པར་བརྒྱབ་ནས་བརྡ་བཏང་འདུག་ལ། གནས་ཚུལ་དེ་གོ་འཕྲལ་ས་གནས་མདོ་སྨད་ཚོགས་གཙོ་གངས་རི་ལགས་ཉེན་རྟོག་ལས་ཁུངས་སུ་ཕེབས་ཏེ། ཉེན་རྟོག་པར་ཚེ་རིང་འཛིན་བཟུང་བྱེད་དགོས་དོན་ཅི་ཡིན་བརྩད་གཅོད་བྱེད་སྐབས། ཉེན་རྟོག་པས། ཀུན་བཟང་རྡོ་རྗེས་ཞུ་གཏུག་བྱས་བྱུང་བས་ཡིན་པ་དང་། ཚེ་རིང་འདིར་ཁྲིད་ཡོང་སྟེ་ཞིབ་གཤེར་བྱེད་དུས། ཁོ་ལ་ཉེས་པ་ཅི་ཡང་མི་འདུག་པས་ད་ལྟ་རང་ཕྱིར་གཏོང་གི་ཡོད་ཟེར། གངས་རི་ལགས་ཀྱིས་ཁྱེད་ཚོས་མི་ཉེས་མེད་འདི་ལྟར་ཁྲིད་སོང་ན་ཁྲིམས་འགལ་ཡིན་པ་ཤེས་ཀྱི་ཡོད་དམ་ཅེས་པར། ཉེན་རྟོག་པས་ང་ཚོར་ཞུ་གཏུག་བྱས་བྱུང་། ཞུ་གཏུག་བྱེད་བཞིན་དུ་མ་སོང་ན་འགྲིག་གི་མི་འདུག་ཟེར། གངས་རིས་ཁྱེད་ཚོས་གནས་ཚུལ་ལ་རྒྱུས་ལོན་ཙམ་ཡང་མ་བྱས་པར་ཅིག་གིས་ཞུ་གཏུག་བྱས་བྱུང་ཟེར་ནས་མི་ཁྲིད་འགྲོ་བ་འདི་གནས་ཚུལ་ཚབས་ཆེན་རེད། རྗེས་སོར་དེ་ལྟར་བྱས་ན་འགྲིག་མི་ཡོང་ཞེས་བཤད་དེ་ཆེ་རིང་དང་ལྷན་དུ་ཕྱིར་ཡོང་འདུག མདང་གི་དགོང་ཚོགས་སྐབས། ཚེ་རིང་གིས་ད་ནངས་སྔ་དྲོ་བོད་མདོ་སྨད་རྔ་བ་ནས་དགེ་འདུན་པ་གཉིས་ཀྱིས་བོད་བསྟན་སྲིད་ཆེད་རང་ལུས་མེར་སྲེག་བཏང་འདུག ང་ཚོས་གདུང་སེམས་དང་མྱ་ངན་ཞུ་མི་ཐུབ་རུང་ད་ལྟའི་འདི་བཞིན་བྱས་ན་འཚམ་པོ་མི་འདུག་ལ་ཧ་ཅང་གི་བློ་ཕམ་དགོས་པ་ཞིག་ཀྱང་རེད། མ་གཞི་ནས་འདི་ལྟར་བྱེད་མི་ཆོག་ཟེར་རྒྱུའི་དབང་ཆ་ང་ཚོར་མེད་རུང་། ཞུ་སྐུལ་འདི་ལ་རྣམ་པ་ཚོས་དགོངས་པ་རེ་བཞེས་རོགས་ཞེས་བཤད་འདུག དེའི་མཇུག་ཐོག་དེར་བཀོད་སྒྲིག་པས། ད་ལྟ་གདན་ས་གཉིས་ཀྱི་གྲྭ་ཚང་ཁག་གིས་དགག་དབྱེའི་གུང་གསེང་གཏོང་བའི་གོ་སྐབས་འདི་བཟུང་སྟེ། ང་ཚོས་ལྡི་ལི་ནས་གླུ་གཞས་ཀྱི་གསེར་གྱི་རྟགས་མ་ཐོབ་པའི་གཞས་པ་༼མིང་གསལ་བོ་མི་འདུག༽ ཞིག་སྐད་བཏང་ཡོད་ཅེས་དང་། ཨེ་ཙི་དང་རེག་དུག་གི་ན་ཚ་སྔོན་འགོག་ཁྱབ་བསྒྲགས་ཕྱིར་དུ་དགོང་ཚོགས་འདི་བསྡུས་པ་ཡིན་ཟེར། དེ་རྗེས་ས་གནས་ཀྱི་འཕྲོད་བརྟེན་མི་སྣ་ཞིག་གིས་ཨེ་ཙི་དང་རེག་དུག་གི་ན་ཚ་འགོས་སྟངས་ཟེར་ཏེ་ཚིག་འགའ་བཤད་རྗེས། ད་ཉན་གྱི་མི་འདུག་ཟེར་ནས་བཤད་མཚམས་བཞག་ཅིང་། དེའི་འཕྲོར་འུར་འུར་ཟིང་ཟིང་ངང་གླུ་གཞས་ཀྱི་སྤྲོ་སྐྱིད་ལ་རོལ་སོང་། ད་ལྟ་གནས་ཚུལ་གོ་ཐོས་ལྟར་ན། མི་མང་བོ་ཞིག་གིས་ཉེན་རྟོག་པ་སྐད་གཏོང་མཁན་ཀུན་བཟང་རྡོ་རྗེ་ལ་གཅར་རྡུང་བྱེད་དགོས་ཟེར་གྱི་འདུག་ལ། ཉིན་གུང་ཞིག་ལ་མི་ཞིག་གིས་ཀུན་བཟང་རྡོ་རྗེའི་སྐེ་རྩ་ནས་བཟུང་སྟེ་འགྲམ་ལྕགས་ཁ་ཤས་གཞུས་པའི་གནས་ཚུལ་འདུག
མ་གཞི་བྲོ་གར་དེ་ཡང་ཅིག་གི་ཆེད་དུ་ཡིན་རྒྱུ་རེད། ཚོགས་ཁང་ནང་གི་མི་ཚོས་བོད་ནང་ནས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བ་དེར་མ་དགའ་བ་བྱས་པ་ནི་རེད་མི་འདུག གདུང་སེམས་མཉམ་སྐྱེད་ཟེར་བ་ནི་མ་བཅོས་རང་ཤུགས་ཀྱིས་ཡོང་དགོས་པ་ལས། ཕར་སོང་ནས་ཚུར་གདུང་སེམས་མཉམ་བསྐྱེད་གནང་རོགས་ཞེས་ཞུ་བ་བྱེད་སྟངས་འདི་ཁྱད་མཚར་འདྲ་ཞིག་རེད།
མོན་གྷོ་་་་མི་མང་གིས་ང་ཚོར་མིག་སྐྲང་ཐོག་ཏུ་ཁུ་ཚུར་གཞུས་འདུག་་་་་ས་གནས་འགོ་འཛིན་དང་ལས་བྱེད་ཚོའི་གཙོ་བའི་མི་མང་གིས་ང་ཚོར་གདུང་སེམས་མཉམ་བསྐྱེད་བྱེད་མ་ཐུབ་ཀྱང་་་་འདི་འདྲ་ཞིག་བྱེད་དགོས་དོན་ཨེ་ཡོད་སྙམ། འདི་ནི་རྒྱལ་གཅེས་དཔའ་བོ་ཁོང་གཉིས་ལ་མཐོང་ཆུང་དང་གཞིས་བཞུགས་བོད་མི་སྤུན་ཟླ་ཚོར་སེམས་ཤུགས་ཆགས་པའི་ལས་ཀ་བྱས་པ་རེད། ངོ་རྒོལ་ཡོད།
ཁ་གསལ་བོ་མི་འདུག
དཔེར་ན། གོ་སྒྲིག་པ་སུ་སུ་རེད། ཅིའི་ཕྱིར་བྲོ་འཁྲབ་པ་རེད། རེ་སྐུལ་ཞུས་ཀྱང་མི་ཉན་པའི་རྒྱུ་མཚན་གང་རེད།
རེ་སྐུལ་ཞུ་མཁན་གྱི་གསར་འབྱོར་བ་ཚོ་སུ་སུ་རེད། ཕར་སྐད་ཆ་ཇི་ལྟར་བཤད་པ་དང་ཚུར་ལན་ཇི་ལྟར་བཏབས་འདུག
ཁ་གསལ་ལ་མི་གསལ་བའི་གནས་ཚུལ་འདིའི་རིགས་ཀྱིས་གསར་རྙིང་གི་དབྱེ་བ་བཀར་ནས་རང་དགར་ཅིག་བཤད་ན་ལེགས་པོ་མི་འདུག རྒྱུ་མཚན་དང་གནས་ལུགས། ཁུངས་དག་པོ་ཡོད་པ་ཞིག་ཡིན་ན་དེ་བཞིན་ནོ། །
ཕ་ཡུལ་གངས་ཅན་བོད་ནས།།
གཅེས་པའི་ཚེ་སྲོག་དམར་པོ།།
ཚ་བའི་མེ་ལ་སྒྲོན་འདུག།།
ལྷོ་ཕྱོགས་མོན་གྷོའི་གྲོངས་ནས།།
དགའ་བའི་གླུང་དབྱང་བླངས་འདུག།།
འདི་འདྲའི་ཆ་སྙོམ་མེད་པར།།
འདི་འདྲི་ངོ་ཚ་མེད་པ།།
གནས་ཚུལ་འདི་ཚོ་གོ་དུས།།
ཤ་གསེང་རུས་པའི་དཀྱིལ་ནས།།
ན་ཟུག་གྱེན་ལ་འབར་སོང།།
བཟོད་སྒོམས་ཐུབ་ཐབས་མི་འདུག
གཞིས་ཆགས་དབང་ཤུགས་ཆེ་བས།།
གཞིས་ཆགས་མི་འབོར་མང་བས།།
བཀའ་བློན་བཀའ་ཁྲི་ཡོད་ཚད།།
གཞིས་ཆགས་རྐྱང་རྐྱང་གདམ་སོང།།
བོད་ཀྱི་ཆོས་དང་རིག་གཞུང།།
ཤ་གསེང་རུས་ལ་ཐིམས་པའི།།
བོད་ནས་གསར་འབྱོར་འདི་ཚོ།།
ཤེས་ཡོན་ཇི་ལྟར་ཆེ་ཡང།།
མདུན་ལམ་སྒོ་མོ་བརྒྱབ་སོང།།
རྒྱལ་བ་ཐམ་ཅད་མཁྱེན་པས།།
དོན་གྱི་གནས་ཚུལ་འདི་ཚོ།།
མ་མཁྱེན་རང་དང་ཨི་ཡིན།།
ད་ནི་རྒྱལ་གར་ལུང་པར།།
ཞེ་ཀ་གཏིང་ནས་ལོག་སོང།།
སྐྱིདཔའི་གངས་ཅན་བོད་ལ།།
མགྱོགས་པོར་ལོག་ན་མ་གཏོགས།།
རྡ་སའི་རི་གྲོང་གསེབ་ཏུ།།
ཉིས་ཞིག་ལྟོག་ཤི་ཐེབས་རྒྱུ།།
ཐེ་ཚོམ་མེད་པར་བཤད་ཐུབ།།
གསར་འབྱོར་འདི་ཚོས་ལས་དབང།།
རྒྱལ་བ་དོན་གྱི་བདག་པོས།།
བདག་པོ་རྒྱ་རོགས་ཞུས་ཡོད།།
སྙན་ངག་པ་ཚོར་བའི་དབང་དུ་ཤོར་འདུག བོད་མི་ཤི་བའི་རྟེན་འབྲེལ་དུ་བཀོད་བསྒྲིགས་བྱས་པ་མ་རེད། དོན་མེད་དུ་མི་ནག་པོ་མ་བཟོས་ན་བཟང་། གདན་ས་གྲྭ་ཚང་ཁག་ཐེ་བའི་མོན་གྷོ་གཞིས་ཆགས་ཀྱི་བོད་མི་ཚོས་བོད་དོན་ཆེད་གང་ནུས་ཅི་ལྕོགས་གནངས་དང་གནང་བཞིན་པ་ཡོངས་གྲགས་དེ་ཙམ་ཆེན་པོ་བཟོ་དགོས་དོན་མི་འདུག ་སྙམ།
མོན་གྷོ་གཞིས་ཆགས་ནི་ངོ་མ་ཁེ་མཚར་ཞིག་རེད། འདི་སྔོན་ཕྱི་ཟླ་༨པའི་ཚེས་༡༥ཉིན་ཁམས་རྟ་འུའི་རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུས་བོད་དོན་དུ་རང་ལུས་མེ་བསྲེགས་བཏང་སྟེ། བདུན་ཚིགས་དང་པོ་ཁ་གང་ཉིན་དེ། ཕྱི་ཚེས་༢༡ཉིན་གྱི་དགོངས་མོ་ཡང་མོན་གྷོ་ཀྲིའི་མི་མང་ཚོགས་ཁང་ནང་གཞས་ཞབས་བྲོ་སོགས་རྩེ་རིགས་གོ་སྒྲིགས་བྱས་འདུག་པར་བློ་གླིང་ཏྲེ་ཧོར་ཁང་ཚན་དང་། དགའ་བྱང་ཏྲེ་ཧོར་ཁང་ཚན་གཉིས་ཀྱིས་གཙོས་དགེ་འདུན་པ་དང་། གསར་འབྱོར་ཚོས་ངོ་རྒོལ་བྱས་ཏེ། ཕྱིར་འཐེན་བྱས་ཀྱང་། རྒྱལ་གཅེས་འདས་པོ་ཁོང་གི་ཆེད་དུ་ཉིན་དེའི་དགོང་མོའི་ཆུ་ཚོད་༦པར་གངས་ལྗོངས་རང་དབང་རྩོད་ལེན་མཐུན་ཚོགས་ཀྱིས་མར་མེ་ཁྲོམ་སྐོར་གོ་སྒྲིག་བྱས་པར། གཞིས་མགོ་དཔལ་ལྡན་དོན་གྲུབ་ཀྱིས་མི་མང་ཚོགས་ཁང་མི་གཡར། མང་ཚོགས་ཀྱི་ཡང་ལ་སོགས་ཀྱི་ཚོགས་ཁང་བཙོག་པ་བཟོ་ངེས་རེད། ཅེས་ཚོགས་ཁང་མ་དབྱར་བར་བརྟེན། མར་མེ་ཁྲོམ་སྐོར་ཐོག་སྐུ་མགྲོན་གྱིས་གཏམ་བཤད་སོགས་གཞིས་གྲོང་གསུམ་པའི་བུ་གསོ་ཁང་གི་ར་སྐོར་ནང་བྱེད་དགོས་བྱུང་ཡོད།
གཞན་ཡང་མོན་གྷོ་གཞིས་ཆགས་སུ་གཞིས་མགོ་དཔལ་ལྡན་དོན་གྲུབ་ལ་སྒྲུང་ཧ་ཅང་མང་པོ་ཡོད་རེད། ཧ་ཅང་སྐྱོ་པོ་རེད། བློ་ཕམ་ཚབས་ཆེན་ཡོད།
དྲ་གྲོགས་ཨ་རིག་འགྱུར་མེད་བརྗོད་པ་བཞིན་གནས་ཚུལ་ཁ་གསལ་འགོད་རོགས་ཞུ་རྒྱུ་ཡིན།གནས་ཚུལ་ཁ་གསལ་མེད་པ་སྲང་ལམ་ཅ་ཅོ་ནང་བཞིན་ཁུངས་ལུང་རྒྱུ་མཚན་མེད་པར་ལམ་སེང་དྲ་ཐོག་ཏུ་སྤེལ་གཞིས་བྱེས་བོད་མིའི་སེམས་ཤུགས་ཆག་གཞིར་འགྱུར་ཉེན་ཡོད་ལ།དེས་ཕན་པའི་ཚབ་ལ་སྤྱི་ཚོགས་ནང་དཀྲོག་རྐྱེན་སློང་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་རེད།ང་ཚོས་དཀྲོག་རྐྱེན་སློང་དགོས་མ་རེད།རྒྱ་གཞུང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་ཕུ་དཀྲུག་མདའ་དཀྲུག་བྱ་རྒྱུའི་འཆར་གཞི་ཞིབ་ཚགས་བཀོད་ཟིན་ནས་ད་ཆ་ལག་ལེན་བསྟར་མུས་རེད།དེར་བརྟེན་གནས་ཚུལ་བཀོད་སྤེལ་བྱེད་དུས་རྒྱབ་མདུན་གཡས་གཡོན་ཚང་མར་བསམ་བློ་བཏང་ནས་སྤེལ་ན་དགེ་མཚན་ཆེ།
གྲྭ་སའི་ལོ་གཅིག་ནང་གི་གུང་སེང་སྟེ་ཏག་ཏག་དགག་དབྱེའི་སྐབས་དང་བསྟུན་ནས་ཁ་སང་སྤྱི་ཚེས་༢༦་ཉིན་བོད་ཀྱི་རྩེ་རིགས་ཚོགས་པས་གོ་སྒྲིག་འོག་བོད་མིའི་རྐང་རྩེད་པོ་ལོ་རུ་ཁག་བཅུ་བཞི་ཙམ་གྱིས་ས་གནས་མོན་གྷོ་ཊིའི་གཞིས་གྲོང་བདུན་པའི་རྩེད་ཐང་དུ་རྩེད་འགྲན་མགོ་ཚུགས་སོང་། དཔལ་འབྱོར་འདུ་འགོད་ཡིན་ནམ་གང་ཡིན་ཆ་མ་འཚལ་མོད། གང་ལྟར་ལྟད་མོ་ལྟ་མཁན་མང་ཤོས་ནི་གྲྭ་བ་རེད། ཉིན་གཅིག་ལ་ལྟད་མོ་བལྟ་ན་མི་རེར་སྒོར་༥༠་རེ་སྤྲད་དགོས། ཉིན་དགུའི་རིང་བལྟ་ན་སྒོར་༢༥༠་སྤྲད་དགོས། ཉིན་དང་པོར་མོན་གྷོ་ཊི་དང་སྦི་ལ་ཀོ་པིའི་རུ་ཁག་གཉིས་རྩེད་འགྲན་ཁྲོད་མོན་གྷོ་ཊི་ལ་ཐོབ། གང་ལྟར་ཉིན་གྲངས་དགུའི་རིང་གི་རུ་ཁག་རྩེད་འགྲན་པའི་སྡོད་གནས་དང་ཐབ་ཚང་བཅས་སྒོ་མང་གྲྭ་ཚང་གིས་རིན་མེད་ཐོག་གཡར་འདུག།
གནས་ཚུལ་དེ་ཙམ་ཡིན། བཤད་དགོས་པ་ཚང་མ་བཤད་བཞག་ཡོད། ད་དུང་གསལ་བོ་མི་མཐོང་ན་སོ་སོའི་མིག་ལ་འཕུར་འཕུར་ཞིག་ཐོངས། དེ་ནས་གསལ་བོ་མཐོང་ཡོང་གི་རེད། གནས་ཚུལ་བདེན་པ་མ་རེད་འདོད་ན་དེ་ལ་སྣང་དོགས་མེད་ཞུ་རྒྱུ་ཡིན། སྐབས་ཐོག་དེར་ཕར་བཤད་ཚུར་བཤད་བྱས་པ་ཚང་མ་སྒྲ་ཕབ་བཞག་ཡོད། དགོས་མཁན་ཡོད་ཚེ་མཁོ་སྤྲོད་ཞུ་ཆོག དཀྲུག་ཤིང་རྒྱག་གི་འདུག་ཟེར་ན། སོ་སོའི་ཀླད་པར་ཅིག་མ་འགྲིག་པ་ཡིན་རྒྱུ་རེད། སེམས་ཁམས་ཀྱི་སྨན་ཁང་དུ་ཕེབས་རོགས་ཞུ་རྒྱུ་ཡིན།
གྲོགས་བསྟན་འཛིན་ཤེས་རབ་ལགས། ཁྱེད་ཀྱིས་དཀྲུག་ཤིང་རྒྱག་གི་ཡོད་མེད་གང་ལྟར་ཡང་། གསལ་ཁ་མེད་པ་དངོས་གནས་རེད་དེ་ལས་གསལ་ཙམ་གསུངས་ན་ཡག་པོ་རེད། ཨ་རིག་གིས་གསུངས་བ་རྒྱུ་མཚན་འདུག
དེ་ག་རེད། གཞས་འཁྲབ་དགོས་དོན་ཨེ་ཙི་ནད་གཞི་ཁྱབ་བསྒྲགས་དང་འབྲེལ་བརྗོད་ཆེད་དུ་རེད། ཁོང་ཚོས་དེ་སྔ་ནས་གྲ་སྒྲིག་ཟིན་པ་ཞིག་ཡིན་དུ་ཞོགས་པའི་གནད་དོན་ལས་ལམ་སེང་ཕྱིར་འཐེན་མ་ཐུབ་པ་ཡིན་རྒྱུ་རེད། དེ་ལས་སོ་སོས་ངོས་ནས་སྤྱི་དོན་ཧུར་ཐག་བྱས་ན་དེ་ག་ཡག་ཤོས་རེད། ཡང་ན་ང་ཚོ་ཚང་མ་ངུ་ནས་བསྡད་དོ། བོད་མི་ཞིག་ཡིན་ན་བོད་རྩ་དོན་གྱི་དོན་དུ་ལས་ཀ་བྱེད་དགོས་པ་ལས་མི་གཞན་ལ་ཅི་ཞིག་མ་རེད་པ་རྐྱང་རྐྱང་བཤད་ནས་ཅི་ལ་ཕན། ཁ་སང་རྐང་སྤོལ་རྩེད་ས་་དཔའ་གསུམ་གྱི་སྐུ་པར་ཆེན་པོ་དེ་འདྲ་སྦྱར་འདུག མྱང་ངན་ཡང་ཞུ་སོང་།
གནས་ཚུལ་ལྷགས་བྱུང་། གནས་ཚུལ་ཞེ་མེར་བ་ཞིག་ལྷགས་བྱུང་། དེ་རིང་སྔ་དྲོ་ཆུ་ཚོད་བཅུ་དང་བཅུ་གཅིག་གི་བར་དེར། མདང་དགོང་རེ་སྐུལ་ཞུ་རུ་འགྲོ་མཁན་གྲས་ཀྱི་ཆེ་རིང་ལགས་ས་གནས་སྲིད་གཞུང་ཉེན་རྟོག་པས་ཁྲིད་སོང་། ཁྲིད་དོན་ནི། མདང་གི་དགོང་ཚོགས་བཀོད་སྒྲིག་བྱེད་མཁན་གཞིས་གྲོང་བཞི་བའི་ཀུན་བཟང་རྡོ་རྗེ་ཡིས་ཞུ་གཏུག་བྱས་པས་རེད། ཁོས་ཉེན་རྟོག་པར་ཁ་པར་བརྒྱབ་སྟེ། རྙོག་གྲ་འདུག་ཅེས་ཉེན་རྟོག་པ་ཁོའི་སར་བོས་ཤིང་། ཚེ་རིང་གི་མིང་སོགས་བཤད་དེ་འཛིན་བཟུང་བྱེད་དགོས་པའི་རེ་འདུན་བཏོན་འདུག
ཉེན་རྟོག་པ་གཉིས་ཚེ་རིང་སར་སོང་སྟེ་་ཁོང་ཉེན་རྟོག་ལས་ཁུངས་སུ་ཁྲིད་འདུག གནས་ཚུལ་དེ་མི་གཞན་གྱིས་ཤེས་རྗེས། གཅིག་གཅིག་ལ་ཁ་པར་བརྒྱབ་ནས་བརྡ་བཏང་འདུག་ལ། གནས་ཚུལ་དེ་གོ་འཕྲལ་ས་གནས་མདོ་སྨད་ཚོགས་གཙོ་གངས་རི་ལགས་ཉེན་རྟོག་ལས་ཁུངས་སུ་ཕེབས་ཏེ། ཉེན་རྟོག་པར་ཚེ་རིང་འཛིན་བཟུང་བྱེད་དགོས་དོན་ཅི་ཡིན་བརྩད་གཅོད་བྱེད་སྐབས། ཉེན་རྟོག་པས། ཀུན་བཟང་རྡོ་རྗེས་ཞུ་གཏུག་བྱས་བྱུང་བས་ཡིན་པ་དང་། ཚེ་རིང་འདིར་ཁྲིད་ཡོང་སྟེ་ཞིབ་གཤེར་བྱེད་དུས། ཁོ་ལ་ཉེས་པ་ཅི་ཡང་མི་འདུག་པས་ད་ལྟ་རང་ཕྱིར་གཏོང་གི་ཡོད་ཟེར།
གངས་རི་ལགས་ཀྱིས་ཁྱེད་ཚོས་མི་ཉེས་མེད་འདི་ལྟར་ཁྲིད་སོང་ན་ཁྲིམས་འགལ་ཡིན་པ་ཤེས་ཀྱི་ཡོད་དམ་ཅེས་པར། ཉེན་རྟོག་པས་ང་ཚོར་ཞུ་གཏུག་བྱས་བྱུང་། ཞུ་གཏུག་བྱེད་བཞིན་དུ་མ་སོང་ན་འགྲིག་གི་མི་འདུག་ཟེར། གངས་རིས་ཁྱེད་ཚོས་གནས་ཚུལ་ལ་རྒྱུས་ལོན་ཙམ་ཡང་མ་བྱས་པར་ཅིག་གིས་ཞུ་གཏུག་བྱས་བྱུང་ཟེར་ནས་མི་ཁྲིད་འགྲོ་བ་འདི་གནས་ཚུལ་ཚབས་ཆེན་རེད། རྗེས་སོར་དེ་ལྟར་བྱས་ན་འགྲིག་མི་ཡོང་ཞེས་བཤད་དེ་ཆེ་རིང་དང་ལྷན་དུ་ཕྱིར་ཡོང་འདུག
མདང་གི་དགོང་ཚོགས་སྐབས། ཚེ་རིང་གིས་ད་ནངས་སྔ་དྲོ་བོད་མདོ་སྨད་རྔ་བ་ནས་དགེ་འདུན་པ་གཉིས་ཀྱིས་བོད་བསྟན་སྲིད་ཆེད་རང་ལུས་མེར་སྲེག་བཏང་འདུག ང་ཚོས་གདུང་སེམས་དང་མྱ་ངན་ཞུ་མི་ཐུབ་རུང་ད་ལྟའི་འདི་བཞིན་བྱས་ན་འཚམ་པོ་མི་འདུག་ལ་ཧ་ཅང་གི་བློ་ཕམ་དགོས་པ་ཞིག་ཀྱང་རེད། མ་གཞི་ནས་འདི་ལྟར་བྱེད་མི་ཆོག་ཟེར་རྒྱུའི་དབང་ཆ་ང་ཚོར་མེད་རུང་། ཞུ་སྐུལ་འདི་ལ་རྣམ་པ་ཚོས་དགོངས་པ་རེ་བཞེས་རོགས་ཞེས་བཤད་འདུག
དེའི་མཇུག་ཐོག་དེར་བཀོད་སྒྲིག་པས། ད་ལྟ་གདན་ས་གཉིས་ཀྱི་གྲྭ་ཚང་ཁག་གིས་དགག་དབྱེའི་གུང་གསེང་གཏོང་བའི་གོ་སྐབས་འདི་བཟུང་སྟེ། ང་ཚོས་ལྡི་ལི་ནས་གླུ་གཞས་ཀྱི་གསེར་གྱི་རྟགས་མ་ཐོབ་པའི་གཞས་པ་༼མིང་གསལ་བོ་མི་འདུག༽ ཞིག་སྐད་བཏང་ཡོད་ཅེས་དང་། ཨེ་ཙི་དང་རེག་དུག་གི་ན་ཚ་སྔོན་འགོག་ཁྱབ་བསྒྲགས་ཕྱིར་དུ་དགོང་ཚོགས་འདི་བསྡུས་པ་ཡིན་ཟེར། དེ་རྗེས་ས་གནས་ཀྱི་འཕྲོད་བརྟེན་མི་སྣ་ཞིག་གིས་ཨེ་ཙི་དང་རེག་དུག་གི་ན་ཚ་འགོས་སྟངས་ཟེར་ཏེ་ཚིག་འགའ་བཤད་རྗེས། ད་ཉན་གྱི་མི་འདུག་ཟེར་ནས་བཤད་མཚམས་བཞག་ཅིང་། དེའི་འཕྲོར་འུར་འུར་ཟིང་ཟིང་ངང་གླུ་གཞས་ཀྱི་སྤྲོ་སྐྱིད་ལ་རོལ་སོང་།
ད་ལྟ་གནས་ཚུལ་གོ་ཐོས་ལྟར་ན། མི་མང་བོ་ཞིག་གིས་ཉེན་རྟོག་པ་སྐད་གཏོང་མཁན་ཀུན་བཟང་རྡོ་རྗེ་ལ་གཅར་རྡུང་བྱེད་དགོས་ཟེར་གྱི་འདུག་ལ། ཉིན་གུང་ཞིག་ལ་མི་ཞིག་གིས་ཀུན་བཟང་རྡོ་རྗེའི་སྐེ་རྩ་ནས་བཟུང་སྟེ་འགྲམ་ལྕགས་ཁ་ཤས་གཞུས་པའི་གནས་ཚུལ་འདུག
རྣམ་པ་ཚོ། ད་དེ་བྱོས་ཀོ། གནས་ཚུལ་གསལ་བོར་བཤད་ཚར། ད་ཁྱེད་ཚོར་གནས་ཚུལ་བྱོས། ང་རང་ཟ་མ་ཟ་རུ་འགྲོ་གི་ཡིན།
འོ། བཤད་དགོས་པ་གཅིག་བཤད་རྒྱུ་བརྗེད་འདུག ཁོ་ཚོས་མྱ་ངན་ཞུ་གི་ཡིན་ཟེར་གྱི་འདུག་ཟེར།
གདན་ས་གཉིས་ཀྱི་གྲྭ་ཚང་ཁག་གི་དགག་དབྱེའི་གུང་གསེང་ཉེན་རྟོག་པར་ཞུ་གཏུག་བྱེད་སོང་ན་འགྲིག་གི་འདུག
མི་འགའ་ཤས་ཀྱིས་བོད་མི་རིགས་ཀྱི་ཆེད་དུ་གཅེས་ཤིང་ཕངས་པའི་ལུས་སྲོག་བློས་བཏང་ཐུབ་སར། མི་འགའ་ཤེས་ཀྱིས་ལས་དོན་ཆུང་ཙག་མིང་གྲགས་དང་སྒོར་མོ་ཅུང་ཟད་ཆེད་གླུ་གཞས་འཁྲབ་སྟོན་མཚམས་འཇོག་བྱེད་མ་ཐུབ་པ་ཡ་མཚན་ཆེ། མི་དེ་ཚོས་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་ཡོད་འདོད་བྱས་རུང་། དེ་ནི་ཟོལ་རྫུ་ཡིན་པ་གསལ་སྟོན་བྱས་མི་འདུག་གམ།
རེད་རེད། མདོ་དོན་སོ་སོའི་ངོ་ཤེས་འགའ་ཉེ་ཤིག་ཉེན་རྟོག་པས་འཁྲིད་པ་ཐག་གིས་ཆོད། ཉེན་རྟོག་པ་སྐད་བཏང་དགོས་དུས་མི་དེས་ཁྱད་མཚཪ་དེ་འདྲ་བྱེད་ཡོད་རྒྱུ་རེད། ཕལ་ཆེར་འཇིགས་སྐུལ་ཡང་བྱས་པ་ཡིན་རྒྱུ་རེད། མ་ཟད་སྐེ་ནས་འཇུས་མཁན་དེ་ཁྲིམས་མེད་ལུགས་མེད་རེད། དེ་མི་ལ་ཐུབ་ཚོད་དང་འཇིགས་སྐུལ་བྱས་པ་རེད། བློ་ཁོག་ཡོད་ན་དོལ་ཚོགས་ཀྱི་མི་ཞིག་ལ་སྐེ་ནས་འཇུས་དང་ཕོ་རབ་ཡིན། ཧ་ཧ།
བསྟན་འཛིན་ཤེས་རབ་ཟེར་བས་འདི་ལྟར་ས་བསྒྲགས་གནམ་བསྒྲགས་བྱས་ཀྱང་ང་ཚོས་ཁྱོད་ལ་ཁྱོད་ཀྱིས་འཇོན་འདུག་ཅེས་དཔའ་དར་ཞིག་འབུལ་ཐབས་བྲལ་སོང་། གནས་སྟངས་འདི་འདྲའི་སྐབས་ང་ཚོས་རིག་པ་སྒྲིམ་ནས་གཟབ་རྒྱུ་གལ་ཆེ་བ་སྟེ་སྐབས་འཚོལ་རིང་ལུགས་པའང་ཡོད་སྲིད་པས་སོ། ཡང་གཅིག་བཤད་ན་གོ་སྒྲིག་དེ་འདྲ་ཞིག་བྱས་ཚར་བ་མ་ཟད་ལས་རིམ་འགྲོ་བཞིན་པའི་སྐབས་གློ་བུར་མི་སྒེར་བ་རེ་ཟུང་གི་ཁ་ལ་ཉན་ནས་འགོ་འཚོད་ལ་མ་འཚོད་ངང་མཚམས་འཇོག་རྒྱུ་འང་ལས་སླ་བོ་ཞིག་ག་ལ་ཡིན། གོང་ཏུ་ཅིག་གིས་སྔ་འདང་ཕྱི་འདང་ཡག་པོ་རྒྱག་དགོས་རབ་བཤད་པ་དེ་བཞིན་ནོ འགྲམ་ལྕགས་ཁ་ཤས་གཞུས་ཡོད་པ་དེས་བློ་ཨོའུ་ཙམ་བདེ་བོ་བྱུང་མེད་འགྲོ གཅིག་བྱས་ན་བསད་བཞག་ཡོད་ན་ཏག་ཏག་ཡོད་བསམ་མེད་འགྲོ ངོ་མ་ཁྱོད་ཚོའི་བྱེད་སྟངས་དེ་འང་ཡག་པོ་ཞིག་ཁྱོན་ནས་རེད་མི་འདུག་སྙམ་མོ།
ང་ཚོས་བསམ་བློ་ཞིབ་ཏུ་གཏོང་དགོས་པ་ཞིག་ལ།མཚམས་རེ་བོད་ནང་མནར་སྡུག་མྱོང་རྣམས་ལ་ང་ཚོས་འདི་ནས་ཡོད་ཚད་མཚམས་བཞག་ནས་མྱ་ངན་གྱི་རྣམ་པ་དེ་དོན་ངོ་མའི་མྱ་ངན་ཆགས་ཀྱི་ཡོད་དམ།ཉམ་རྒུད་ཆགས་ཀྱི་ཡོད་ཆ་མི་ཚལ།
དངོས་གནས་བྱས་ན་གཞིས་ལུས་བོད་མིའི་སྙིང་སྟོབས་དང་ཁོ་ཚོས་མྱོང་བའི་མནར་སྡུག་ལ་མྱ་ངན་དང་ཡི་རངས་ཀྱི་བྱ་འགུལ་ལེགས་ཤོས་ནི་མྱ་ངན་དེ་སྟོབས་ཤུགས་སུ་འགྱུར་བ་བྱས་ནས་སྔར་བས་མཐུན་སྒྲིལ་གྱི་གོམ་སྒྲ་ཤུགས་ཆེན་སྤོས་དགོས་ལ།བྱ་འགུལ་ཡོད་ཚད་མཚམས་མ་བཞག་པར་སྔར་བས་ཚགས་ཚུད་དང་ཡར་རྒྱས་ཕྱོགས་སུ་སྤེལ་རྒྱུ་དེ་ཁོ་ཚོར་མྱ་ངན་ལེགས་ཤོས་དེ་རེད།
བོད་ནང་གི་དཔའ་བོ་དཔའ་མོས་ཚོས་ཀྱང་ང་ཚོས་གདོང་པ་མག་མོག་ཏུ་བསྡད།མིག་མཆུ་བཏང་།དཔའ་ཁུམ།ཡི་ཐང་ཆད།བྱ་འགུལ་ཡོད་ཚད་མཚམས་བཞག་ནས་མྱ་ངན་བྱ་རྒྱུའི་རེ་བ་གནང་གི་མེད།ཁོ་ཚོས་ང་ཚོར་བཅོལ་བའི་རེ་བ་ནི་སྔར་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་སྒྲེང་རྒྱུ་དང་།སྐད་ཤུགས་ཆེན་པོས་རྒྱལ་གླུ་གཏོང་རྒྱུ།གཞུང་གི་བཅའ་ཁྲིམས་ལ་གུས་བརྩི་ཞུ་རྒྱུ།གློ་སྙིང་བྲང་གསུམ་བོད་གཞུང་དང་༧གོང་ས་མཆོག་ལ་གཏད་རྒྱུ།སྡང་མིག་གཅིག་ལའང་མེད་ཀྱང་དགྲ་བོ་རྒྱ་དམར་བལྟ་རྒྱུ་བཅས་རེད།
ང་ཚོས་འདིར་མྱ་ངན་གྱི་ངུ་འབོད་བྱེད་པ་ལས་གཞུང་གི་བཅའ་ཁྲིམས་ཐེངས་གཅིག་བཀླག་པ་ལེགས།
ང་ཚོས་འདིར་མྱ་ངན་གྱི་ངུ་འབོད་བྱེད་པ་ལས་དྲ་སྣང་གི་ཁྱབ་བསྒྲགས་ཐེངས་གཅིག་བྱེད་པ་ལེགས།
ང་ཚོས་འདིར་མྱ་ངན་གྱི་ངུ་འབོད་བྱེད་པ་ལས་མཐུན་སྒྲིལ་གྱི་དར་ཆ་ཐེངས་གཅིག་བཙུགས་པ་ལེགས།
ང་ཚོས་འདིར་མྱ་ངན་གྱི་ངུ་འབོད་བྱེད་པ་ལས་༧གོང་ས་མཆོག་གི་བཀའ་སློབ་ཐེངས་གཅིག་བཀླག་ན་ལེགས།
ང་ཚོས་འདིར་མྱ་ངན་གྱི་ངུ་འབོད་བྱེད་པ་ལས་བོད་དོན་ལ་དོ་སྣང་ཐེངས་གཅིག་བྱས་པ་ལེགས།
ང་ཚོས་འདིར་མྱ་ངན་གྱི་ངུ་འབོད་བྱེད་པ་ལས་སྤྱི་ལྷན་གྱི་བགྲོ་གླེང་ལ་ཉན་ཞིབ་ཐེངས་གཅིག་བྱས་ན་བཟང་།
ང་ཚོས་འདིར་མྱ་ངན་གྱི་ངུ་འབོད་བྱེད་པ་ལས་བཀའ་ཤག་གསར་པའི་ལས་འཆར་ལ་ཞིབ་འཇུག་ཐེངས་གཅིག་བྱས་ན་བཟང་།
ང་ཚོས་འདིར་མྱ་ངན་གྱི་ངུ་འབོད་བྱེད་པ་ལས་རྒྱ་གཞུང་གི་བྱ་སྤྱོད་ལ་བལྟ་ཞིབ་ཐེངས་གཅིག་བྱས་ན་བཟང་།
ང་ཚོས་འདིར་མྱ་ངན་གྱི་ངུ་འབོད་བྱེད་པ་ལས་རྒྱ་གཞུང་གི་སྡིག་ཉེས་ཐེར་འདོན་ཐེངས་གཅིག་བྱས་ན་བཟང་།
ང་ཚོས་འདིར་མྱ་ངན་གྱི་ངུ་འབོད་བྱེད་པ་ལས་དོལ་ཚོགས་ཀྱི་བྱ་སྤྱོད་ལ་ཐེར་འདོན་ཐེངས་གཅིག་བྱས་ན་བཟང་།
ང་ཚོས་འདིར་མྱ་ངན་གྱི་ངུ་འབོད་བྱེད་པ་ལས་ཁྲི་ཟུར་ལུང་རྣམ་གྱི་བྱ་སྤྱོད་ལ་བལྟ་སྐུལ་བྱས་ན་བཟང་།
ང་ཚོས་འདིར་མྱ་ངན་གྱི་ངུ་འབོད་བྱེད་པ་ལས་ལྷག་དཀར་ཉིན་མོ་ཐེངས་གཅིག་སྲུང་བརྩི་ཞུས་ན་བཟང་།
ང་ཚོས་འདིར་མྱ་ངན་གྱི་ངུ་འབོད་བྱེད་པ་ལས་ཉིན་རེའི་ལས་དོན་ལ་ཚོུད་གཅིག་མང་དུ་བཏང་ན་ལེགས།
ང་ཚོས་འདིར་མྱ་ངན་གྱི་ངུ་འབོད་བྱེད་པ་ལས་ཁྱིམ་ཚང་ནང་བོད་སྐད་མང་ཙམ་བརྒྱབ་ན་བཟང་།
ང་ཚོས་འདིར་མྱ་ངན་གྱི་ངུ་འབོད་བྱེད་པ་ལས་ཕྲུ་གུ་ཚོར་བོད་ཀྱི་ལོ་རྒྱུས་ཀྱི་ཤོག་ལྷེ་གཅིག་བསླབ་ན་བཟང་།
ང་ཚོས་འདིར་མྱ་ངན་གྱི་ངུ་འབོད་བྱེད་པ་ལས་བྱ་འགུལ་ཐམས་བཅད་མུ་མཐུད་སྤེལ་ན་བཟང།
ད་དུ་མུ་མཐུད་ནས་་་་་་་་་་་་་་་་་་་་་་་་་་་་་་་་
ལ་རྒྱའི་བདག་པོའི་གཏམ་དེ་བློ་ལ་འཐད་དོ།
དྲ་གྲོགས་བསྟན་འཛིན་ཤེས་རབ་ལགས་ཀྱི་མཆན་རྗེས་མ་དེ་དག་ལ་ཞིབ་ཏུ་བསམས་སྐབས་ཅུང་གཟུ་བོར་གནས་པའི་ཐོག་ནས་གནས་ཚུལ་སྤེལ་བཞིན་འདུག་པ་དེ་ལའང་ཡི་རངས་ཞུ་དགོས་པ་བྱུང་སོང་།
བསྟན་འཛིན་ཤེས་རབ་ཀྱིས་གནས་ཚུལ་འཁོ་སྤྲོད་གནང་བར་དགའ་སྤྲོ་ཆེ། བོད་ཀྱི་གནས་ཚུལ་དེ་དག་ཤེས་བཞིན་དུ་བྱས་པ་ཡིན་ན་སྣེ་འཁྲིད་བྱེད་གཏེ་དེ་དག་ཞིབ་འཇུག་ནན་པོ་བྱེད་དགོས་པར་སེམས། གལ་ཏེ་རྔ་པའི་གནས་ཚུལ་མ་རྟོགས་པར་དགའ་བའི་གླུ་གར་ལ་རོལ་ཡོད་ན་མ་ཤེས་པ་རང་ཡིན་པས་སྡིགས་ར་བྱས་ཀྱང་དགོས་པ་ཆུང་།
གོང་ཞུས་གནས་ཚུལ་དེ་དག་ལ་ཞིབ་ཏུ་བསམ་ཚེ་ལ་རྒྱའི་བདག་པོ་བོད་མི་ཞིག་ཡིན་པའི་ཚོར་བ་ཀུན་ནས་བརླག་སོང་། སྒོར་གྱི་ཆེད་དུ་ཤི་ལ་ཉེ་བའི་རྩ་ཟན་དག་དག་ཡིན་པ་འདྲ། རྒྱལ་གཅེས་དཔའ་བོ་གཉིས་ལ་མྱ་ངན་མེད་ན་ཡང་ རྒྱ་ནག་དམར་བོའི་བྱེད་ལས་ལ་བསྟོད་གླུ་ཕུལ་དགོས་དོན་མི་འདུག། ཞིབ་ཕྲའི་གནས་ཚུལ་བརྗོད་མཁན་བསྟན་མིང་ཅན་ལ་ཐུགས་རྗེ་ཆེའོ།
དྲ་གྲོགས་སྒོ་མེ་བུ་ལགས།
ཁྱེད་རང་སྨྱོ་ལབ་ག་རེ་སྐྱོན་གྱི་ཡོད་དམ།གོང་དུ་མཆན་འགོད་པ་པོའི་ནང་ནས་དམར་གཞུང་གི་བྱེད་ལས་ལ་བསྟོད་གླུ་ཕུལ་དགོས་བརྗོད་མཁན་གཅིག་ཀྱང་བྱུང་མ་སོང་།ཁྱེད་ཀྱིས་མཆན་རྣམས་ཞིབ་ཏུ་བཀླགས་རྗེས་རང་ཉིད་ཀྱི་བསམ་ཚུལ་གསུངས་དང་ནོར་འཁྲུལ་ཡོང་གི་མ་རེད།
དེ་མིན་གོ་ནོར་ཐེབས་ནས་དཀར་ནག་ཕྱིན་ཅི་ལོག་ཆགས་ནས་གནས་ཚུལ་མང་པོ་འཁྲུགས་ཚབས་ཆེན་པོ་ཆགས་ཀྱི་རེད།
དེ་རིང་དགུང་དྲོར་ས་རུབ་པའི་རྗེས་བློ་གསལ་གླིང་ཟ་ཁང་རྙིང་པའི་འཁྲིས་སུ་མི་སྐྱ་ཞིག་ཡོང་ནས་གྲྭ་བ་ཁ་ཤས་་ཀྱི་གདོང་ལ་མཛུབ་མོ་བཙུགས་ནས་རྔམ་རྔམ་རྫིག་རྫིག་གིས་གཤེ་གཤེ་གཏོང་གི་འདུག འུར་སྒྲའི་ཁྲོད་ཁོས་སྐད་ཆ་ཅི་ཞིག་བཤད་པ་གསལ་བོར་གོ་མ་སོང་ཡང་། རྒྱ་གར་ཉེན་རྟོག་པ་སྐད་བཏང་གི་ཡིན་ཟེར་བ་ཞིག་གོ་བྱུང་། གཅིག་བྱས་ན་ཕལ་ཆེར་གོང་གི་གནས་ཚུལ་དེ་དང་འབྲེལ་བ་ཡོད་ཤས་ཆེ། གྲྭ་བ་ལ་འདི་ལྟར་མཐོང་ཆུང་བྱེད་ཀྱི་འདུག་སྙམ་པའི་བློ་ཕམ་བྱུང་།
བྱ་རྡོ་ལམ་ཕྲད་བྱུང་བ་རེད། ཨ་ཁ།
ཁྱེད་རྣམ་པ་ཚོའི་ཇི་ཙམ་ཕར་བཤད་ཚུར་བཤད་བྱས་རུང་། ངོས་ལ་དོན་ངོ་མ་ནི། ང་ང་ང་ཟེར་བ་ལས་མ་འདས། དེ་ལས་སོ་སོའི་ངོས་ནས་སྨོན་ལམ་དང་གདུང་སེམས་མཉམ་སྐྱེ་ཞུས་ཡིན། ང་ཚོའི་སྤྱི་ཚོགས་ཀྱི་ནད་འདི་རིགས་བསལ་བར་ངོ་གདོང་དམར་པོ་དང་ཀླད་པ་ལྗང་ཁུ། ཨུ་ཚུགས་ནག་པོ་སོགས་ཀྱི་མི་ཕན། ན་གཞོན་ཚོར་ཤེས་ཡོན་དཀར་པོ་དང་། ནང་འཁུལ་མཐུན་སྒྲིལ་གཡའ་དག ལུང་ཞེན་དང་རྒྱལ་ཞེན་གཉིས་མི་ནོར་བ་སོགས་ནས་དབུ་འཚུགས། ཞི་འཇམ་དང་ཐབས་མཁས་སྒོ་ནས་གཞུང་བསྲེངས། བདེན་པ་དང་གསལ་བཤད་ནས་མཐར་གཏུགས། དེ་ནས་ཕན་ཚུན་བསམ་ཤེས་ལོན་ཡོང་། ཡར་རྒྱས་འགྲོ་ཡོང་། གཞི་ལུས་པ་རྣམས་སེམས་ཤུགས་ཕར་ཡོང་།
དགོངས་དག་༼གཞི་སྡོད་པ་རྣམས་༽
ངས་བསམ་ན་བསྟན་འཛིན་ཤེས་རབ་ཀྱིས་དོན་དག་ཆུང་ཆུང་ཞིག སྐད་ཆ་ཆེན་པོ་ཞིག་གིས་ཆེ་རུ་བཏང་ནས་བཤད་མེད་འགྲོ་བསམས། སྤྱིར་བཏང་འདོད་རྒུ་འཁྱིལ་དུ་གཞས་སྣ་བཏང་སྟེ་དགོང་ཚོགས་ཤིག་ཚོགས་འདུག་ལ། རྔ་བའི་ཛ་དྲག་གི་གནས་སྟངས་དང་། རང་ལུས་མཆོད་མེ་རུ་བསྒྲོན་པའི་བོད་ཀྱི་དཔའ་བོ་དག་ལ་རྗེས་དྲན་གྱི་ཚུལ་དུ་སྐྱོ་གླུ་འདྲ་བཏང་ཡོད་པ་བདེན་པ་རེད། ཞོར་དུ་དེ་དང་མཐུད་དེ་སྐྱོ་བའི་ཉམས་ལས་ཅུང་ཟད་འགྱུར་ཡོད་མེད་གསལ་ཆ་མེད་མོད། དེ་ནི་གཞན་ཅི་ཡང་མ་ཡིན་པར་སྒྱུ་རྩལ་བ་ཚོས་སྒྱུ་རྩལ་གྱིས་མ་འདང་བ་ཁོ་ན་ཡིན། བོད་ནང་གི་གཞས་པ་ཁ་ཤས་ཀྱིས་བླ་མ་དང་མཛའ་མོ། ཆུང་མ་སོགས་ཤི་ཟིན་པ་དང་། བྲལ་ཟིན་པ་དག་ལ་དྲན་གདུང་གི་གཞས་གཏོང་སྐབས་ང་སྐྱོ་བཞིན་ཡོད་ཟེར་གྱིན་ངོ་འཛུམ་གྱིས་བཀང་བ་དེ་འདྲ་རེད། དེ་ནི་སྒྱུ་རྩལ་གྱིས་མ་འདང་བའི་སྐྱོན་ཞིག་རེད། སྒྱུ་རྩལ་གྱི་ངོས་ཐད་ནས་བཤད་ན་སྐྱོན་ཆེ་ཞིག་ཡིན་མོད། ཀུན་སྤྱོད་དང་སྤྱིའི་གནས་སྟངས་ཀྱི་ཆ་ནས་དེ་ནི་དོན་དག་ཆུང་ཆུང་ཞིག་རེད། ད་དུང་གཞས་སྣ་དེ་བཀོད་སྒྲིག་བྱེད་མཁན་ནི་གཞིས་ཆགས་ཡིན་ན་ཐང་། གང་ལྟར་གཞས་ལེན་མཁན་ཚོ་གསར་འབྱོར་བ་དང་རྡ་ས་ནས་ཕར་སོང་བའི་གྲྭ་ཟུར་ཁ་ཤས་རེད། ཁོ་ཚོའི་འགྲོ་གྲོན་མང་པོ་ཞིག་བཏང་ནས་ཕར་མོན་གྷོ་ལ་བསླེབས་ཏེ་དགོང་ཚོགས་ཚོགས་སྐབས་རྔ་བ་ནས་ཛ་དྲག་གི་དོན་རྐྱེན་དེ་བྱུང་ཡོད་འདུག དེ་མི་ཞིག་གི་འཚོ་གནས་དང་འབྲེལ་བ། དཀའ་ངལ་དང་འབྲེལ་བ་ཞིག་ཡིན་དུས་ལམ་སེང་ཁྱོད་ཀྱི་དེ་མཚམས་བཞག་ནས་མྱ་ངན་ཞུས། ང་ཚོས་དགག་དབྱེ་བཏང་ནས་ཉིན་ཁ་ཤས་ཤིག་ལ་སྐྱིད་པ་གཏོང་གི་ཡིན་ཞེས་མྱ་ངན་ཞུ་སྟངས་གསར་བ་དེ་འདྲ་སུས་ཀྱང་ཁས་ལེན་མི་སྲིད་དོ། གཞས་ཤིག་ལ་འདང་མི་ཕོག་པའི་དེ་འདྲ་ཅི་ཡང་ཡོད་པ་མ་རེད། དྲ་འབུ་དག་ལ་གོ་སྐབས་གནང་ཕྱིར་བསྟན་ཤེར་ནས་དེ་འདྲ་བྲིས་པ་ཡིན་ན་ཅི་ཆ། དེ་མིན་དེ་འདྲའི་རིགས་སྤེལ་བ་ལ་རིན་ཐང་ཕན་ཐོགས་ཅི་ཡང་མི་འདུག་གོ། ཁྱོད་ལ་ཡང་མི་ཞིག་གིས་དྲ་ཁང་ནང་ལ་འགྲོ། ཤག་ནས་གློག་ཀླད་ཁ་མ་ཕྱེ། རྔ་བ་ནས་གྲྭ་བ་གཉིས་ཀྱིས་རང་ལུས་མེ་བསྲེགས་སོང་ཞེས་བཤད་ན། ཁྱོད་གློག་ཀླད་ཁང་དུ་འགྲོའམ། རང་ཤག་གི་གློག་ཀླད་ཁ་ཕྱེའམ། འདི་འདྲའི་མྱ་ངན་ཞུ་སྟངས་ཀྱང་སྤྱི་ཚོགས་འདིར་ཡོད་པས། ངས་བསམས་ན་ཁྱོད་ཀྱང་མྱ་ངན་ཞུ་སྟངས་ཤིག་ལ་འགལ་འདུག་པ་རང་གིས་ཧ་གོ་ཡོད་དམ། གཞས་དང་དགོང་ཚོགས་ཀྱིས་ཡིན་གཅིག་མིན་གཉིས་སྤྲོ་སྐྱིད་མཚོན་དགོས་པའི་སྒྲིག་གཞི་གང་ཡང་ཡོད་པ་མ་རེད། བོད་སྐྱེ་དགུ་མདོ་རུ་ས་ཡོམ་བྱུང་དུས་ཀྱང་ཕྱི་ཉིན་ནས་གླུ་བ་ཚོས་གླུ་བཏང་ཡོད་པ་རེད། སྐྱོ་གླུ། དྲན་གླུ། རྗེས་དྲན་དགོང་ཚོགས་འདི་འདྲ་གང་ཞིག་བཏགས་ན་ཡང་འགྲིག་ནི་རེད། མྱ་ངན་བྱེད་སྟངས་སྣ་ཚོགས་ཤིག་ཡོད་ནི་རེད། མི་རེ་ཟུང་གི་ཇི་བྱེད་དང་རྣམ་འགྱུར་ཇི་སྟོན་དང་མཚུངས་དགོས་པ་ཨེ་ཡོད། གང་ལྟར་བླ་རྒན་ཚོ་དང་ཀླད་རྙིང་ཚོའི་འདོད་པ་དང་མྱ་ངན་བྱེད་སྟངས་དང་མ་གཅིག་པ་ཙམ་གྱིས་དེར་སྐྱོན་ཡོད་པའི་ངེས་པ་ཅི་ཡང་མེད་ལ། གལ་སྲིད་ཡོད་ཀྱང་དེ་ཡི་ཤུགས་རྐྱེན་གྱིས་ཆད་འགྲོ་བ་དང་། ས་རྒྱ་མི་ཆོད་ས་ཅི་ཡང་མེད། དགོན་པའི་དགག་དབྱེ་ལ་ཁ་གཡར་ཏེ་གནམ་ལྡིང་ས་ལྡིང་བྱེད་པ་དང་། གློག་བརྙན་འདྲ་མིན་བསྟན་ཏེ་ཉི་མ་ཕུད་ཆོག་ན། སྐྱ་བོ་ཚོས་གཞས་སྣ་འཁྲབ་སྟོན་བྱས་མི་ཆོག་པའི་སྒྲིག་གཞི་སྐོར་ལོག་སུས་བཟོས་པ་ཡིན་ནམ། བསྟན་འཛིན་ཤེས་རབ་ལགས་ཉིད་ཀྱིས་ཀྱང་རྔ་བ་ལ་མྱ་ངན་ཞུ་བ་ད་ཉིན་མོའི་སྐར་མ་ཡིན་པ། ད་དུང་ནང་ནས་གློག་བརྙན་དང་དོན་མེད་སྐོར་གཡང་བྱས་བསྡད་མེད་འགྲོ་བསམ། གཅིག་བྱས་ན་དེ་ཡང་མྱ་ངན་བྱེད་སྟངས་ཤིག་ཡིན་སྲིད་རྒྱུ་རེད། མི་ཁ་ཤས་ཀྱིས་རང་ཉིད་ཀྱི་མིག་ནང་དང་སེམས་ནང་དུ་མི་ཟུག་པའི་དོན་དག་ཅིག་མཐོང་ཚེ་ལམ་སེང་ཆེ་རུ་གཏོང་བ་དང་། དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་དང་གསར་ཤོག་འདྲ་མིན་ཐོག་བཀོད་དེ་ཐག་གཅོད་ཆེན་པོ་ཞིག་ཡིན་མདོག་མདོག་བྱེད་ཀྱི་ཡོད་པ་རེད། གང་ལྟར་འདི་དག་ནི་བསམ་ཚུལ་ཞིག་ཡིན་སྲིད་མོད། ཧ་ཅང་རྒྱ་ཆུང་བ་དང་། མིག་དོག་པ། བློ་ཡིས་མ་འཆུན་པ་བཅས་སྐྱོན་གནད་གསུམ་གྱིས་ཟིན་པའི་གཏམ་ཞིག་ལ་ངོས་འཛིན་མི་བྱེད་ཀ་མེད་རེད། ང་ཚོས་རང་ཉིད་ལ་ཅིས་ཀྱང་རྟོགས་ཞིབ་བྱེད་དགོས་པར་འདོད། ངས་མགོ་སྒུར་ནས་མྱ་ངན་བྱས་པ་ཡིན་ལྟ་བུ་དང་། ང་ནང་ལ་འཛུལ་བ་ཡིན་ལྟ་བུའི་དོན་དག་ཆུང་ཙག་ཅིག་དང་མ་མཐུན་ན་ཡང་བླ། རང་ཉིད་ཀྱིས་སྡུག་གླུ་བཏང་ན་ཡང་ཆོག དགོང་ཚོགས་ཤིག་ལ་ཕྱིན་ན་ཡང་འདྲ་དེ་དང་དེ་དག་ལྟ་བུའི་དོན་དག་ཅིག་གིས་མི་དེ་དང་དེའི་ཕྱོགས་ཁག་ལ་ན་ཟུག་དང་སྡུག་བསྔལ་མེད་པ་མཚོན་མི་ཐུབ་ལ། མྱ་ངན་དང་གུས་འདུད་མ་བྱས་པ་ཡང་མཚོན་མི་ཐུབ་པར་ཁོ་བོས་གླེང་ན། བསྟན་འཛིན་ཤེས་རབ་ཀྱིས་དོན་དག་ཆུང་བ་ཞིག་ཆེ་རུ་བཏང་བར་དྲ་གྲོགས་ཚོ་དང་ཞོར་དུ་དྲ་འབུ་ཚོས་མཉམ་དུ་ཆེ་ནས་ཆེ་རུ་མི་གཏོང་བར་ཁོ་བོས་འབོད་སྐུལ་ཞུ།
ང་དུར་ཁྲོད་ལགས། ཉིད་ཀྱིས་གནས་ལུགས་ཅན་གྱི་བཀའ་མོལ་གནང་བར་སྙིང་ཐག་པ་ནས་དགའ་བསུ་ཞུ། ངས་གོང་དུ་བཤད་པའི་གནས་ཚུལ་དང་ཉིད་ཀྱིས་འདིར་བཤད་པའི་གནས་ཚུལ་གཉིས་ཁ་ཁ་རེད། ངས་བཤད་པ་ནི་ཉིན་དང་བོ་སྟེ། སྤྲོ་སྐྱིད་ཀྱི་རྣམ་པར་འཚོགས་ཤིང་ཛ་དྲག་དང་རེ་སྐུལ་ལ་མ་ཉན་པའི་དགོང་ཚོགས་དེ་རེད། ཉིད་ཀྱིས་བཤད་པ་ནི་ཉིན་གཉིས་པའི་དགོང་ཚོགས་ཏེ་གསར་འབྱོར་བ་ཁ་ཤས་ཤིག་གིས་རྒྱལ་གཅེས་དཔའ་བོ་ལ་དྲན་གསོ་ཞུ་བའི་དགོང་ཚོགས་དེ་རེད། ཁོང་ཚོའི་དྲན་གསོའི་དགོང་ཚོགས་དེར་དངོས་སུ་རྒྱབ་སྐྱོར་ཞུ་བར་འགྲོ་མ་ཐུབ་མོད། ཁོང་ཚོས་བཙོང་བཞིན་པའི་འཛིན་ཡིག་དེ་ལ་སྒོར་བརྒྱད་ཅུ་ཕུལ་ཏེ་ཉོས་པ་ཡིན། རང་ཉིད་དངོས་སུ་འགྲོ་མི་ཐུབ་པ་དེ་དུས་ནས་ཤེས་མོད། འོན་ཀྱང་ཁོང་ཚོ་དང་ཁོང་ཚོའི་ལས་འགུལ་ལ་རྒྱབ་སྐྱོར་དང་རང་སེམས་མཚོན་བྱེད་དུ་དེ་ལྟར་བྱས་པ་ཡིན།
སྔ་དགོང་གི་གནས་ཚུལ་དེ་གསལ་བོར་འགོད་དགོས་པ་ཡང་ང་ཉིད་ཁོ་ནས་གལ་ཆེན་ཙམ་དུ་བཟུང་བ་མ་ཡིན་པར། གཡས་གཡོན་གྱི་སེམས་ཤུགས་ཅན་དང་ལས་དོན་སྒྲུབ་མཁན་གྱི་མི་མང་བོའི་མངོན་ཡང་འདྲེས་པ་ནས་ཡོད། དེ་བས་ང་ལ་དཀྲུག་ཤིང་མཁན་དང་སྐྱག་གཟན་སོགས་ཀྱི་ཐ་སྙད་ཀྱིས་ཅི་ཙམ་དམོད་ཀྱང་ང་ལ་བློ་ཕམ་ཅུང་ཟད་ཙམ་ཡང་མེད་ཞུ་རྒྱུ་ཡིན་ལ། དེ་འཕྲོར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས། ང་ལ་བཤད་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །གསུངས་པ་དེ་བཞིན་ནོ་ཞུ་རྒྱུ་ཡིན།
གཞན་ཡང་རྣམ་པ་ཚོ་ཚང་མར་གསལ་བོར་ཞུ་རྒྱུ་ཞིག་ལ། གོང་དུ་བཤད་པ་དེ་དག་གནས་ཚུལ་ཅི་བྱུང་གསལ་བོར་བཤད་པ་མ་གཏོགས། ང་མི་སྒེར་གྱི་སེམས་ཚོར་དང་རེ་དོགས་ཏེ་ཅིག་ཅིག་འགྲིག་དང་ཅིག་ཅིག་མ་འགྲིག་ཟེར་བ་ལྟ་བུ་སོགས་ཅི་ཡང་བཤད་མེད་པ་དེ་ཡང་ཀློག་ཤེས་པ་གནང་རོགས།
གཞན་ཡང་རྣམ་པ་ཚོ་ཚང་མར་གསལ་བོར་ཞུ་རྒྱུ་ཞིག་ལ། གོང་དུ་བཤད་པ་དེ་དག་གནས་ཚུལ་ཅི་བྱུང་གསལ་བོར་བཤད་པ་མ་གཏོགས། ང་མི་སྒེར་གྱི་སེམས་ཚོར་དང་རེ་དོགས་ཏེ་ཅིག་ཅིག་འགྲིག་དང་ཅིག་ཅིག་མ་འགྲིག་ཟེར་བ་ལྟ་བུ་སོགས་ཅི་ཡང་བཤད་མེད་པ་དེ་ཡང་ཀློག་ཤེས་པ་གནང་རོགས།
གོང་གི་མཆན་ ༦ པ་འགོད་མཁན་ཁྱོད་ཀྱི་མིང་བསོད་ནམས་ཡིན་ནམ། གཞན་གྱི་མིང་བཀོལ་བ་ཡིན་ཆ་མ་འཚལ། གལ་སྲིད་གང་ཉིད་ཀྱི་མིང་བསོད་ནམས་ཡིན་ན་ང་་ཚོ་གཉིས་ཀྱི་མིང་གཅིག་པ་ཡིན་པས་གཅིག་གིས་འགྱུར་བ་གཏང་དགོས། དེར་བརྟེན་ལན་ཞིག་གནང་རོགས།
བསྟན་འཛིན་ཤེས་རབས་ཞེས་པས་ སྐལ་སངས་ཐོན་པོས་དགའ་ཞིན་སྤྲི་ཞིན་ངག་སྒྲོག་བཞིན་པའི་གནས་ཚུལ་དེ་ཁོ་པའི་ལས་འགན་ཞིགས་ཡིན་སྲིད་པས་ཚངས་མས་ཡིད་ཟབ་གནང་གལ་ཆེ
དེ་བས་ང་ཚོས་བོད་ནང་གི་གནས་ཚུལ་རྒྱུད་ང་མང་ཙམ་ཐུབ་པའི་འབད་རྩོན་བྱས་ན་ལེགས་
དྲ་གྲོགས་བསྟན་ཤེས་ལགས།
ཁྱེད་ལ་གསར་འབྱོར་དང་གཞིས་ཆགས་ཀྱི་དབྱེ་བ་འབྱེད་པའི་ཚོར་འདུ་དྲག་པོ་ཞིག་ཡོད་པ་དེ་ད་བར་ཁྱེད་ཀྱིས་སྤེལ་བའི་རྩོམ་དང་མཆན་ལས་རང་ཤུགས་ཤེས་ཀྱི་འདུག་དཔེར་ན།
གོང་དུ་ཁྱེད་ཀྱིས་(གསར་འབྱོར་བ་ཁ་ཤས་ཤིག་གིས་རྒྱལ་གཅེས་དཔའ་བོ་ལ་དྲན་གསོ་ཞུ་བའི་དགོང་ཚོགས་དེ་རེད།)ཅེས་་བོད་མི་ཁ་ཤས་དང་ཡང་ན་གྲྭ་པ་ཁ་ཤས།ཡང་ན་ལྷག་བསམ་ཅན་ཁ་ཤས་ཞེས་མ་འབོད་པར་དམིགས་བཀར་གྱིས་གསར་འབྱོར་ཁ་ཤས་ཞེས་བརྗོད་དགོས་དོན་ག་རེ་ཡོད་དམ།
ང་ཚོའི་སྤྱི་ཚོགས་འདིར་ཚོར་བ་ཟབ་པའི་མིང་ཚིག་འགའ་ཤས་ཤིག་ཡོད་པ་དེ་དག་བེད་སྤྱོད་གང་ཉུང་ཉུང་བྱེད་ཐུབ་ལེགས།
དཔེར་ན།དབུས་གཙང་པ།ཁམས་པ།ཨ་མདོ་བ་ཞེས་ཡུལ་ལུང་ཞེན་ཚིག་དང་།གསར་འབྱོར་བ་དང་གཞིས་ཆགས་ཞེས་དུས་ཚོད་དང་གནས་མི་འདྲ་བའི་ཆ་ནས་ཞེན་ཚིག་དང་།གཞན་ཡང་ས་དགེ་བཀའ་རྙིང་ཞེས་ཆོས་ལུགས་ཀྱི་ཞེན་ཚིག་དེ་དག་དམིགས་སུ་བཀར་ནས་བེད་སྤྱོད་བྱེད་པ་དེས་མི་རྣམས་ལ་ཞེན་འགོག་གི་ཚོར་བ་རང་ཤུགས་སྐྱེས་བཅུག་གི་ཡོད་པ་རེད།
ཨ་རོགས་ལ་རྒྱའི་བདག་པོ། རྒྱ་ནག་གིས་བྱེད་ལས་ལས་དགེ་འདུན་པ་གཉིས་ཀྱིས་རང་ལུས་མེར་བསྲེག་གཏོང་དགོས་བྱུང་ཨེ་རེད། ཆུ་ཚོད་༢༤་མ་ཡོལ་བའི་སྐབས་དང་དུས་བསྟུན་མོན་གྷོ་ས་གནས་ནས་བསྟོད་གླུ་བླངས་བ་དེ་དོན་གྱིས་སུ་ལ་ཕོགས་ཡོད་མེད་ཨེ་ཤེས། བྱེད་སྟངས་དེར་དགའ་བའི་ཐལ་མོ་རྡེབ་མཁན་སུ་ཡིན་ཁོ་ཐག་ཨེ་ཆོད། མིག་སྔར་མཐོང་བའི་ཚིག་ལ་གོ་བ་ཞིག་དང་གནས་ལུགས་དོན་ལ་བརྟག་པའི་འདུ་ཤེས་ཞིག་མ་མཐར་ཡང་འཛིན་རོགས།
ལ་རྒྱའི་བདག་པོའི་སྐད་ཆ་ལ་བདེན་པའི་ཆ་འདུག ངོ་མ་བསྟན་འཛིན་ཤེས་རབ་ཀྱི་གཞིས་ཆགས་པའི་ཐོག་ལྟ་ཚུལ་ལ་ཚོར་བ་དྲག་པོ་ཞིག་ཡོད་པ་ཚོར་སོང་། མ་རྩ་ཀུན་སློང་དེ་འདྲ་ཞིག་གི་འོག་ནས་རྩོམ་སྤེལ་སྐབས་དྲང་པོ་ཞིག་ཡོང་རྒྱུར་ཧ་ཅང་ཁག རྩོམ་པ་པོ་ཞིག་གི་ངོས་ནས་ཆོས་པ་དང་འདྲ་བར་རྩོམ་ཞིག་སྤེལ་སྐབས་ཐོག་མར་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་རྣམས་ཤིན་ཏུ་གལ་ཆེ་བ་ཡིན་པ་དེ་ཁོང་གིས་མ་ཤེས་པ་འདྲ། ཡང་ན་ཤེས་བཞིན་དུ་ཁྱད་གསོད་བྱེད་པ་ཨེ་ཡིན།
མ་གཞི་གཞིས་གྲོང་དེར་གཞས་སྣ་འཁྲབ་པ་དེ་བོད་ནང་གི་དཔའ་བོའི་བྱས་རྗེས་ལ་ཁྱད་གསོད་བྱེད་པ་ཞིག་གཏན་ནས་ཡིན་གྱི་མ་རེད་ལ། བོད་ལ་ལར་ཞེན་མེད་པ་དེ་བས་ཀྱང་ཡིན་གྱི་མ་རེད། གནས་ཚུལ་འདིའི་ནང་དུ་ཁོ་བོས་ཁྱད་མཚར་ཞིག་མངོན་པ་ནི་འདི་རེད། ཚེ་རིང་ཟེར་བའི་སྒོ་མང་གྲྭ་བ་ཞིག་གིས་དགོང་ཚོགས་དེར་ལབ་གླེང་བཟོས། གོ་སྒྲིག་པ་ཀུན་བཟང་རྡོ་རྗེ་ཡིས་ཉེན་རྟོག་པར་ཁ་མཆུ་གཏུགས། དེ་ནས་གློ་བུར་དུ་མདོ་སྨད་ཀྱི་རྒྱུན་ལས་པ་གངས་རི་ཟེར་བས་ཉེན་རྟོག་ཁང་དུ་སོང་ནས་ཁོང་གློད་རོགས་བྱེད། མདོ་སྨད་གཅིག་རྒྱབ་གཉིས་ལངས་དང་དེའི་རྒྱབ་ཏུ་རྩོམ་པ་པོ་ཡིན་ཟེར་བ་དག་གིས་རྒྱབ་ལངས་བྱེད་པ་མཐོང་སྐབས་ནམ་རྒྱུན་རྩོམ་གྱི་ནང་དུ་བོད་མི་རིགས་ཀྱི་ལ་རྒྱ་སོགས་འདྲ་ཆག་ཆག་སྤེལ་བ་རྣམས་དོན་དང་མཐུན་པ་ཞིག་རེད་མིན་འདུག་བསམ་པ་ཞིག་རང་བཞིན་གྱིས་ཤར་སོང་། ཡང་ཁ་སྔོན་སྦི་ར་སལ་གྱི་སྐུ་ཚབ་དོན་གཅོད་ཐུབ་བསྟན་རྒྱ་མཚོའི་གནད་དོན་སྐོར་ལ་ཡང་དྷ་སའི་མདོ་སྨད་རྒྱུན་ལས་ཚོགས་པས་རྒྱབ་ལངས་བྱེད་པ་བཅས་ཀྱི་བྱ་སྤྱོད་ནི་ཁྱེད་ཀྱིས་བལྟས་ན་གང་འདྲ་འདུག དགོངས་འགལ་མེད་པ་ཞུ། འདི་ནི་ཁོ་བོའི་སྣང་ཚོད་ཙམ་ཡིན། ངོས་རང་ནས་བྱ་སྤྱོད་འདི་རིགས་ཡག་པོ་ཞིག་གཏན་ནས་མཐོང་མ་སོང་།
དགེ་འདུན་ཆོས་འཕེལ་གྱིས།
མངོན་སུམ་རྟགས་ཀྱིས་བདེན་པ་ངོ་སྤྲོད་ཀྱང་། །ངམ་གནག་བཞིན་གྱི་གཉེར་མ་མི་སངས་པ། ། ཡ་་་ འདིའི་འཕྲོས་ཁྱེད་ཚོ་ཡིན་དྰ་་་་་་་་་་
དྲ་གྲོགས་སྒོ་མེ་བུ་ལགས།
གུས་པའི་མཆན་༢༤ནས་སྐུ་ཉིད་ལ་ལན་ཞིག་རེག་ངེས་རེད།གུས་པས་བརྗོད་དགོས་པ་ཕལ་ཆེར་མཆན་༢༤ནང་བརྗོད་ཟིན།
རྗེས་སུ་མཇལ་ཡོང་།
འགོ་རྩོམ་དང་འབྲེལ་བ་ཡོད་མེད་མི་ཤེས། གཅིག་བྱས་ན། ཁྱེད་ཚོས་དྲ་རྒྱ་འདི་ཀློག་མྱོང་ཡོད་ཀྱི་མ་རེད། དྲ་རྒྱ་འདིའི་མིང་ལ་ལྷ་སའི་ཆོས་གྲོགས་དྲ་རྒྱ་ཟེར་ཞིང་། བོད་ནང་དུ་ཀློག་མཁན་ཡང་མང་དག་གཅིག་ཡོད། འདིའི་ནང་དུ་ཉེ་ཆར་ལྷ་སའི་ནང་དུ་སློབ་འབྲིང་དང་སློབ་ཆེན་དབར་ལ་སྙན་ངག་གྱེར་འདོན་འགྲན་ཚོགས་ཞིག་ཚུགས་འདུག འདིའི་སྐོར་ནི་ཁ་བྱང་འདིའི་སྟེང་དུ་བསྣན་ན་ཀློག་ཐུབ་ངེས། http://www.tibetson.com/Item/Show.asp?m=1&d=1706 ཐགས་རྗེ་ཆེ།
གསར་འབྱོར་བའི་བལྟ་མོར་གསར་འབྱོར་བས་བལྟས་པས་མ་ཚད། གསར་འབྱོར་བས་བོད་ནང་གི་གནས་ཚུལ་ལ་བསམ་ཤེས་དགོས་པའི་རེ་སྐུལ་ཡང་ཞུས་འདུག ད་དུང་གསར་འབྱོར་བའི་གནས་ཚུལ་དེ་གསར་འབྱོར་བ་ཞིག་ནས་བསྒྲགས་བྱུང་། དེ་བཞིན་གསར་འབྱོར་རྣམས་ཁ་བརྡར་འཁྲུག་ཆ་དོད་པའི་ཐོག་རྩོད་པ་བྱ་བཞིན་འདུག
མགོ་ནས་མཇུག་བར་གསར་འབྱོར་བ་ཤ་སྟག་རེད། ཨོ་ནོར་སོང་། ཆ་ཚང་མ་རེད། གླུ་གཞས་ནས་བྱུང་དངུལ་རྣམས་བསྡུ་རུབ་བྱེད་མཁན་གཞན་ཞིག་མིན་འགྲོ། གང་ལྟར་བརྒྱ་བཤད་སྟོང་ལ་བབབས་ཀྱང་གསར་འབྱོར་བར་རྩོད་གཞི་ཞིག་ལས་གང་ཡང་མིན་འདུག་གོ
སྙོག་དྲ་མ་བཤད་རོགས། གསར་སྙིང་མ་རྩོད་ཟེར་གྱིན་ལ་རྩོད་མཁན་ཁ་བའི་འབུ་ཟེར་བ་དེ།
ཡ་གྲོགས་པོ་ཚོ། བསྟན་འཛིན་ཤེས་རབ་ནས་གནས་ཚུལ་རྒྱུད་འཁོད་བྱས་པ་འདིར་སྐྱོན་མེད་ང་ཚོའི་ཟབ་དགོས་པ་ཞིག་རེད། ཁོང་རྒྱུན་ལྡན་ནས་བོད་མི་རིགས་སྤྱི་དང་ལ་རྒྱའི་བསམ་བློ་བ་ཞིག་ཡིན་ན་ད་དུང་ཡང་ང་ཚོའི་རྒྱབ་བསྐྱོར་དགོས་རེད། ང་རང་རྒྱ་གར་ནང་སྐྱེས་པ་ཞིག་ཡིན། ད་ལན་བོད་ནང་རང་སྲོག་ཕུལ་མཁན་གསར་འབྱོར་བའི་ཕྱོགས་གཏོགས་རེད་ཡིད་རང་ཡོད་། གསར་སྙིང་གཉིས་ཀའི་ནང་བསམ་བློ་བ་ཡོད་ལ། དེ་གཉིས་ཀར་སྐྱོན་ཅན་ཡང་ཡོད། རྩོད་པ་འདི་རྫོགས་ཐབས་མེད་ལ་དགོས་པ་ཞིག་ཀྱང་མ་རེད་པ། བོད་སྐྱོབས་ཐུབ་ན་ཆོལ་ཁ་གསུམ་སྐྱབས། དེ་གསུམ་སྐྱོབས་ན་སོ་སོའི་ལུང་མཚན་སྐྱབས། ལུང་ཚན་སྐྱོབས་ན་འཁྱིམ་ཚང་སྐྱབས། དེས་ན་རང་ཉིད་སྐྱབས། མ་རེད་པས། མི་ཚོ་དེ་འདྲ་བསམ་བློ་གཏོང་གིས་འདུག་གོ
རྣམ་པ་ཚོ་སུ་ཡིན་རུང་རྩོད་དོན་མེད་པའི་དོན་དག་ལ་མ་རྩོད་རོགས། གསར་འབྱོར་རྙིང་འབྱོར་སུ་ཡིན་རུང་བོད་ཡིན། གནད་དོན་འདི་ཐུགས་ལ་འཛིན་རོགས། གོང་གི་བརྗོད་གཞི་ལས་དངོས་དོན་གྱི་གནས་ཚུལ་ཞིག་བཤད་པ་ལས། གསར་རྙིང་གི་ཁྱད་པར་རྩོད་དགོས་པའི་གནད་དོན་ཅི་ཡང་བཤད་མེད། གསར་རྙིང་གི་རྩོད་རྙོག་ཅིག་ཅིས་ཀྱང་དགོས་དོན་མེད་པས་མ་སློང་རོགས། མི་སུ་ཡིན་རུང་སྐྱོན་མེད་མཁན་ཞིག་ཡོད་དཀའ་རྒྱུ་རེད། དོན་དག་འདི་ཐུགས་པ་འཛིན་རོགས།
ངས་བསམས་ན། དོན་དག་འདི་ཧ་ཅང་གནད་དོན་ཆུང་ཆུང་ཞིག་རེད། བསྟན་འཛིན་ཤེས་རབ་ཀྱིས་བཤད་རྒྱུ་ཐམས་ཅད་བཤད་ཚར་སོང་། ཁོས་སྔ་ཉིན་གཞས་ཆགས་ཀྱི་བཏང་བའི་དགོང་ཚོགས་དེ་ལ་མི་ཁ་ཤས་ཀྱིས་རྙོག་དྲ་བཤད་ནས་རྙོག་དྲ་ཆེན་པོ་ཆགས་པ་ཡོད་པ་ལས། དེའི་ཕྱི་ཉིན་གསར་འབྱོར་བ་གྲྭ་ཟུར་ཁ་ཤས་ཀྱིས་འཁྲབ་པ་དེ་མ་རེད་ཟེར། འདི་ནི་ཧ་ཅང་དགོད་བྲོ་བ་ཞིག་རེད། གསལ་བཤད་ཅི་ཙམ་བྱས་ཀྱང་གསལ་ཏུ་མི་འགྲོ་བའི་གྲས་དེ་རེད། དགོང་ཚོགས་སྔ་ཕྱི་གཉིས་ལ་ཁྱད་པར་དེ་འདྲ་ཞིག་ཡོད་ན། ད་སྐད་ཆ་གཅིག་གིས་རྙོག་དྲ་འདི་ཐག་གིས་བཅད་ན་མ་འགྲིག་པ་ཅི་ཡང་ཡོད་ནི་མ་རེད། སྐད་ཆ་དེ་གང་རེད་ཟེར་ན། ང་ཚོས་རྔ་བའི་དཔའ་རྒོད་ལ་རྗེས་དྲན་དགོང་ཚོགས་ཚོགས་པ་ཡིན་ཞེས་རྙོག་དྲ་ཅན་གྱི་དགོང་ཚོགས་སྔ་མ་དེའི་མགྲིན་ཚབ་པ་བྱས་ནས་ཁོ་བོས་ལབ་པ་ཡིན། ད་དགོང་ཚོགས་སྔ་ཕྱི་གཉིས་ལ་ཁྱད་པར་མེད། གལ་ཏེ་ཡོད་ན་གསར་འབྱོར་རྙིང་འབྱོར་གྱི་ཁྱད་པར་འདི་ཁོ་ན་ཡིན། མི་ཁ་ཤས་ཀྱིས་སེམས་ཤུགས་ཆེ་མདོག་གིས་གླེན་རྟགས་བསྟན་ཏེ་བཙན་གྱིས་ཁྱོད་ཀྱིས་མྱ་ངན་བྱེད་དགོས་ཟེར་བར་ལན་འདི་བརྒྱབ་ན་འགྲིག་གི་རེད་པ། རྩོད་པ་མེད་སར་རྩོད་པ་དང་། འཇོན་ཐང་མེད་སར་ཕྱག་ལས་གནང་བཞིན་པའི་མི་དེ་དག་ལ་དེ་མ་གཏོགས་ལབ་ཡ་ཡོད་པ་མ་རེད། བསྟན་ཤེར་ལགས། ཉིད་ཀྱི་རྙོག་དྲ་དེ་ཚིག་འདིས་ཞུ་རུ་འཇུག་ཐུབ་བམ། རྩོད་པ་འདི་ལྟར་ཆོས་ཕྱོགས་སུ་ཞུ་བར་བྱས་པས། ད་རང་རང་སོ་སོས་གནས་སུ་སོང་ཞིག།
ངས་བསམས་ན། དོན་དག་འདི་ཧ་ཅང་གནད་དོན་ཆུང་ཆུང་ཞིག་རེད། བསྟན་འཛིན་ཤེས་རབ་ཀྱིས་བཤད་རྒྱུ་ཐམས་ཅད་བཤད་ཚར་སོང་། ཁོས་སྔ་ཉིན་གཞས་ཆགས་ཀྱི་བཏང་བའི་དགོང་ཚོགས་དེ་ལ་མི་ཁ་ཤས་ཀྱིས་རྙོག་དྲ་བཤད་ནས་རྙོག་དྲ་ཆེན་པོ་ཆགས་པ་ཡོད་པ་ལས། དེའི་ཕྱི་ཉིན་གསར་འབྱོར་བ་གྲྭ་ཟུར་ཁ་ཤས་ཀྱིས་འཁྲབ་པ་དེ་མ་རེད་ཟེར། འདི་ནི་ཧ་ཅང་དགོད་བྲོ་བ་ཞིག་རེད། གསལ་བཤད་ཅི་ཙམ་བྱས་ཀྱང་གསལ་ཏུ་མི་འགྲོ་བའི་གྲས་དེ་རེད། དགོང་ཚོགས་སྔ་ཕྱི་གཉིས་ལ་ཁྱད་པར་དེ་འདྲ་ཞིག་ཡོད་ན། ད་སྐད་ཆ་གཅིག་གིས་རྙོག་དྲ་འདི་ཐག་གིས་བཅད་ན་མ་འགྲིག་པ་ཅི་ཡང་ཡོད་ནི་མ་རེད། སྐད་ཆ་དེ་གང་རེད་ཟེར་ན། ང་ཚོས་རྔ་བའི་དཔའ་རྒོད་ལ་རྗེས་དྲན་དགོང་ཚོགས་ཚོགས་པ་ཡིན་ཞེས་རྙོག་དྲ་ཅན་གྱི་དགོང་ཚོགས་སྔ་མ་དེའི་མགྲིན་ཚབ་པ་བྱས་ནས་ཁོ་བོས་ལབ་པ་ཡིན། ད་དགོང་ཚོགས་སྔ་ཕྱི་གཉིས་ལ་ཁྱད་པར་མེད། གལ་ཏེ་ཡོད་ན་གསར་འབྱོར་རྙིང་འབྱོར་གྱི་ཁྱད་པར་འདི་ཁོ་ན་ཡིན། མི་ཁ་ཤས་ཀྱིས་སེམས་ཤུགས་ཆེ་མདོག་གིས་གླེན་རྟགས་བསྟན་ཏེ་བཙན་གྱིས་ཁྱོད་ཀྱིས་མྱ་ངན་བྱེད་དགོས་ཟེར་བར་ལན་འདི་བརྒྱབ་ན་འགྲིག་གི་རེད་པ། རྩོད་པ་མེད་སར་རྩོད་པ་དང་། འཇོན་ཐང་མེད་སར་ཕྱག་ལས་གནང་བཞིན་པའི་མི་དེ་དག་ལ་དེ་མ་གཏོགས་ལབ་ཡ་ཡོད་པ་མ་རེད། བསྟན་ཤེར་ལགས། ཉིད་ཀྱི་རྙོག་དྲ་དེ་ཚིག་འདིས་ཞུ་རུ་འཇུག་ཐུབ་བམ། རྩོད་པ་འདི་ལྟར་ཆོས་ཕྱོགས་སུ་ཞུ་བར་བྱས་པས། ད་རང་རང་སོ་སོའི་གནས་སུ་སོང་ཞིག།
ང་དུར་ཁྲོད་ལགས། ངས་བལྟས་ན་མདོ་སྨད་པས་བཤད་པ་དེ་རེད་ཡ། དོན་དག་ཡོད་པ་ཞིག་དང་གོ་རྒྱུ་ཡོད་པ་ཞིག་བཤད་ན་མི་ཆོག་གམ།