(འཇར་མན་དུ་བཞུགས་པའི་སྐད་གཉིས་རྩོམ་པ་པོ་དང་འབུམ་རམས་པ་གཅིག་ལྕོགས་ཞུའུ་ཕའེ་ལགས་དང་སྨྱུག་མོལ།)
ལྷ་སྡེ་གནམ་ལོ་ཡག
གནམ། ངས་བོད་ཁུལ་ནས་འཁྲུངས་པའི་རྒྱ་མི་ཤེས་ཡོན་པ་ཞིག་ཡུན་རིང་བཙལ་རྗེས་ཁྱེད་ལ་མཇལ་བར་ཤིན་ཏུ་སྤྲོ་ཡོད་པར་མ་ཟད། ཁྱེད་རང་ནི་ནུབ་ཕྱོགས་སུ་འབུམས་རམས་པའི(PhD)ཕྱག་འཁྱེར་བསྣམས་ཟིན་པའི་སྐྱེས་མ་འཇོན་ཐང་ཅན་ཞིག་རེད་ལ། བཀུར་འོས་པ་དང་གུས་འོས་པ་ནི་སྨྲོས་མེད་ཐོག་ང་རང་གིས་བསམ་བློ་བཏང་ན། ཁྱེད་ལ་བོད་ཀྱི་གནད་དོན་ཐད་རང་ཉིད་ཀྱི་ལྟ་བ་ཡོད་སྲིད་པའི་ཁར། ལྷག་པར་དུ་བོད་རྒྱའི་འབྲེལ་གཏུག་ཕྱོགས་ཡོངས་སུ་འཕེལ་བཞིན་པའི་སྐབས་འདིར་ངྷ་རམ་སཱ་ལས་དེང་གི་བར་བོད་ཀྱི་རྒྱ་མིའི(Chinese Tibetan)གནས་བབ་ཐད་གླེང་སློང་གནང་མྱོང་མེད་པའི་ཐད་དགོངས་ཚུལ་ག་རེ་ཡོད་པ་དང་ངྷ་སར་བཤད་འདོད་པའི་བསམ་འཆར་འདྲ་ཡོད་དམ།
ཞུའུ་ཕའེ། ཁྱོད་ཀྱིས་ངའི་མགོ་ལ་སྐྱེས་མ་འཇོན་ཐང་ཅན་ཞེས་པའི་ཞྭ་མོ་དེ་མ་གཡོགས་རོགས། དྲང་མོར་བཤད་ན། ང་རང་ནི་མི་ཚེ་འདིར་ཅུང་ལམ་འགྲོ་བྱུང་བའི་སྐྱེས་མ་ཕལ་བ་ཞིག་ཡིན། ངའི་ཡབ་ལགས་ནི་ལོ ༡༨སྟེང་རྒྱ་དམར་དམག་ཁུངས་སུ་འཛུལ་ཏེ་ཧྲན་ཤིས་ནས་བོད་ཁུལ་བར་འཐབ་འཁྲུག་བརྒྱུད་ནས་ཡོང་བ་ཞིག་ཡིན་ལ། རྨས་སྐྱོན་ཕོག་རྗེས་དམག་ཁུངས་ནས་ལས་གནས་བརྗེ་སྤོར་གྱིས་ས་གནས་རང་དུ་ལྷག་ཡོད་པས། “ཡཱ་ཨན”ནས་ཨ་མ་ལགས་དང་ཆང་ས་བརྒྱབ་འདུག ཕྱི་ལོ ༡༩༥༥ལོར“ནུབ་ཁམས་ཞིང་ཆེན”གཏོར་རྗེས། ཡབ་ལགས་ལས་གནས་སྤོར་ཏེ་དར་རྩེ་མདོར་སླེབས་ཡོད་པ་དང་ཕྱི་ལོ ༡༩༧༤ལོར་གཞི་ནས་ཕྱིར“ཡཱ་ཨན”ལ་ལོག་པ་རེད། ང་རང་བོད་ཁུལ་དུ་སྐྱེ་མོད། ཆེས་མང་ན་ལོ་གསུམ་ལ་མ་གཏོགས་བོད་ཁུལ་དུ་འཚོ་བ་རོལ་མྱོང་མེད་ལ། ངའི་དྲན་ཤེས་ཁྲོད་ཀྱི་བོད་ཁུལ་ནི་རང་ལོ ༡༠ཡར་སྔོན་གྱི་གནས་ཚུལ་ཞིག་དང་། བརྗེད་དུ་མེད་པ་ཞིག་ནི་བོད་ཁུལ་གྱི་བོད་མི་དང་བོད་ཟས་ཡིན་ལ། ད་དུང་དྲན་ཤེས་ཁྲོད་རྫོང་གཙོ་གཞོན་པའི་འགན་འཁུར་ཡོད་པའི་བོད་མོ་མཛེས་མ་ཞིག་ཡོད་ཅིང་། ཞེད་སྣང་ཡོང་བ་ཞིག་ལ་རྗེས་སོར་ཁོ་མོ་མི་གཞན་གྱིས་བསད་འདུག ཡིན་ནའང་། ངས་མོ་རང་གི་མིང་དྲན་སོས་ཐུབ་ཀྱི་མི་འདུག
ང་རང་ད་དུང་བོད་ཀྱི་རྒྱ་མི་ཞིག་ལ་བརྩི་ཐུབ་རྒྱུ་མ་རེད། འོན་ཀྱང་། ངས་དངོས་གནས་དྲང་གནས་ཀྱིས་བོད་ལ་སེམས་ཁུར་ཤིན་ཏུ་བྱེད་ཀྱིན་ཡོད། ང་རང་ལ་འཇར་མན་དུ་གྲོགས་མོ་ཞིག་ཡོད་ཅིང་། ཁོ་མོས་སྐྱེ་བ་སྔ་མའི་གནས་ཚུལ་དྲན་སོས་ཀྱི་ཡོད་པའི་ཁར། མོ་རང་བོད་ནས་ཐེངས་ཤིག་སྐྱེ་མྱོང་ཡོད་ཅེས་བཤད་སོང་། ངས་ཚོད་རྩིས་བརྒྱབ་ན། ང་རང་ཡང་བོད་ཀྱི་དགེ་འདུན་པ་གང་རུང་ཞིག་གི་རྣམ་ཤེས་ཡིན་པ་འདྲ། རྒྱུ་མཚན་ལོ་ཆུང་ཆུང་ཡིན་དུས་ནས་བཙུན་མ་བྱེད་འདུན་བྱུང་མྱོང་ལ། རྗེ་མི་ལ་རས་པ་སོགས་དམ་པ་གོང་མ་རྣམས་ཀྱིས་སྒྲུབ་སྦྱོང་གནང་བའི་རྣམ་ཐར་ཀློག་རྒྱུར་ཤིན་ཏུ་དགའ། དེ་བས། ཕྱི་ལོ ༢༠༠༢ལོི་ནས་འགོ་བརྩམས་ཏེ་རྩ་རླུང་སྒོམ་སྒྲུབ་ལ་སྦྱོང་བ་བྱེད་ཀྱིན་ཡོད།
ངས་བོད་ཀྱི་རྒྱ་མིའི་གནས་བབ་ཐད་བསམ་བློ་གཏོང་མྱོང་མེད་ལ་བསམ་ཚུལ་འདྲ་ཞུ་རྒྱུའང་མེད། ཡིན་ནའང་། ངས་འཇར་མན་དུ་གུང་ཁྲན་དབང་ཆ་གཅིག་སྡུད་ལམ་ལུགས་ལ་ཞིབ་འཇུག་བྱེད་མྱོང་བས། ནམ་རྒྱུན་བོད་མི་ཚོར་ཁྱེད་རང་ཚོས་རྒྱ་ནག་དམར་ཤོག་སྲིད་གཞུང་དང་འབྲེལ་མོལ་གྱིས་བོད་ཀྱི་གནད་དོན་ཐག་གཅོད་གནང་རྒྱུའི་སྟོང་བསམ་དེ་དོར་རོགས་ཞེས་བསམ་ཚུལ་ཞུས་དང་ཞུ་བཞིན་ཡོད།
གནམ། ཨོ། ཁྱེད་རང་གིས་རྒྱ་ཡིག་གི“ཡཱ་ཨན”ཞེས་པའི་གོ་དོན་ལ་བསམ་བློ་གཏོང་ཨེ་མྱོང་། དོན་ལ“ཡཱ་ཨན”ཞེས་པ་ནི་བོད་སྐད་རེད་ལ། “གཡག་རྔ”ཞེས་པའི་དོན་རེད། སྔོིན་ཆད་གནས་དེ་ནི་བོད་རྒྱའི་བར་ཇ་དང་རྟ་བརྗེ་རེས་གནང་སའི་ཚོང་ར་གལ་ཆེན་གྲས་ཀྱི་གཅིག་ཡིན་པར་མ་ཟད། རྒྱ་ནག་སྲིད་གཞུང་རིམ་པས་དམག་འཐབ་ཆེད་ཇ་བཀོལ་ནས་རྟ་ཉོས་པའི་གྲངས་འབོར་དང་དུས་ཡུན་ལས་རྒྱ་ནག་མང་ཚོགས་ཀྱིས་སྦྲང་ནག་བསྐྲད་སླད་ཇ་དང་གཡག་རྔ་བརྗེ་རེས་གནང་བའི་གྲངས་འབོར་དང་དུས་ཡུན་རིང་སྟབས། གནས་དེར“གཡག་རྔ”ཞེས་ཐོགས་པ་རེད་ལ། བོད་ཀྱི་ལོ་རྒྱུས་སྟེང་སྐད་གྲགས་ཡོད་པའི་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ལས་མུ་ཕྱི་རྒྱལ་བོའི་མངའ་ཁོངས་ཡིན། ཞིབ་ཕྲའི་ལོ་རྒྱུས་དྲ་རྒྱའི་ནང་བརྙེད་ཐུབ་པས་དེར་གཟིགས་རོགས། ད་ལྟ་ཁྱེད་རང་གིས་ད་དུང་རང་ཉིད་བོད་ཀྱི་རྒྱ་མི་ཞིག་མིན་ཞེས་བོད་ཀྱི་རྒྱ་མིས་བོད་ཀྱི་གནད་དོན་སེལ་བར་ནུས་པ་ག་རེ་འདོན་ཐུབ་མིན་དང་རང་ཉིད་ལ་ཐོབ་ཐང་ག་རེ་དགོས་མིན་གྱི་གནད་དོན་ཐད་བསམ་བློ་གཏོང་རྩིས་མེད་དམ།
ཞུའུ་ཕེ། ཁྱོད་ཀྱི་སར་ནས“ཡཱ་ཨན”བོད་སྐད་ཡིན་པའི་ཁར་གཡག་གི་རྔ་མའི་དོན་ཡིན་པ་ཤེས་པར་ཤིན་ཏུ་དགའ་བོ་བྱུང་། ངས་དེ་ནི་རྒྱ་ནག་དམར་ཤོག་དབང་བསྒྱུར་འོག་གི་ས་ཁུལ་ཞིག་གི་མིང་ཡིན་པ་མ་གཏོགས་ཤེས་ཀྱི་མེད་ལ། ས་རྒྱ་ཤིན་ཏུ་ཆེ། ང་རང་གིས་གཡག་རྔ་གྲོང་ཁྱེར་ནང་ཕྱི་ལོ ༡༩༧༤ལོ་ནས་ཕྱི་ལོ ༡༩༨༣ལོ་བར་འཚོ་བ་རོལ་བ་ཡིན། ཡིན་ནའང་། ང་རང་གནས་དེར་ཡོད་སྐབས་བོད་མི་མཐོང་མ་མྱོང་མོད། གཡག་རྔར་གཏོགས་པའི་ས་ཁུལ་གཞན་ཞིག་བོད་ཀྱི་ལོ་རྒྱུས་སྟེང་སྐད་གྲགས་ཡོད་པའི་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ལས་མུ་ཕྱི་རྒྱལ་བོའི་མངའ་ཁོངས་ཡིན་པར་ངོས་འཛིན་རུང་བ་ཞིག་རེད།
ང་རང་གིས་འཇར་མན་ནས་འཚོ་བ་རོལ་བའི་དུས་ཡུན་སྐམ་ས་ཆེན་པོ་ནས་འཚོ་བ་རོལ་བ་ལས་རིང་ཞིང་། དར་རྩེ་མདོ་དང་གཡག་རྔ་གཉིས་ཀ་བསྡོམས་པ་ལས་ཀྱང་བརྒལ་ཡོད། དེང་སྐབས་ང་རང་རྒྱ་ནག་གི་ཁྲག་རྒྱུད་ཡོད་པ་དང་བོད་རྒྱའི་སྒོམ་སྒྲུབ་རིག་གནས་ངོས་ལེན་ཡོད་པའི་འཇར་མན་མི་སེར་ཞིག་ཡིན་པས། ཁྱོད་ཀྱིས་བཤད་ཀྱིན་པའི་བོད་ཀྱི་རྒྱ་མིའི་གྲས་སུ་འགྲོ་ཐུབ་རྒྱུ་མ་རེད། ང་རང་གིས་ཤེས་གསལ་ལྟར་ན། བོད་ཀྱི་རྒྱ་མི་ཤིན་ཏུ་མང་མོད། ང་རང་ལ་ཁོ་ཚོའི་ཆེད་དུ་སྐད་ཆ་བཤད་པའི་ཐོབ་ཐང་མི་འདུག
གནམ། རྒྱ་ནག་དམར་ཤོག་གི་སྐད་ཆ་ལྟར་བཤད་ན། ཁྱེད་རང་ནི་གསར་བརྗེ་ཁྱིམ་རྒྱུད་ནས་འཁྲུངས་པའི་བརྒྱུད་འཛིན་པ་དངོས་མ་ཞིག་རེད་ལ། ད་དུང་ང་རང་དང་འདྲ་བར“ང་ཚོ་ཚང་མ་གུང་ཁྲན་རིང་ལུགས་ཀྱི་བརྒྱུད་འཛིན་པ་ཡིན”ཞེས་པའི་གླུ་སྒྲའི་ཁྲོད་དུ་འཚར་ལོངས་བྱུང་མཁན་ཞིག་ཀྱང་རེད། དེ་བས། ངའི་ཀློག་པ་པོ་རྣམས་ལ་ཁྱེད་རང་གིས་ནམ་རྒྱུན་བོད་མི་ཚོར་རྒྱ་ནག་དམར་ཤོག་སྲིད་གཞུང་དང་འབྲེལ་མོལ་གྱིས་བོད་ཀྱི་གནད་དོན་ཐག་གཅོད་གནང་རྒྱུའི་སྟོང་བསམ་དེ་དོར་རོགས་ཞེས་བསམ་ཚུལ་ཞུས་དང་ཞུ་བཞིན་ཡོད་པའི་གཞི་འཛིན་ས་གང་ཡིན་པ་གསུང་ཐུབ་ཀྱི་ཡོད་དམ།
ཞུའུ་ཕེ། ང་རང་གིས་དྲུག་བཞིའི་དམར་གསོད་དོན་རྐྱེན་གྱི་རྗེས་ནས་གུང་ཁྲན་ཏང་གི་གནད་དོན་ལ་བསམ་བློ་གཏོང་འགོ་ཚུགས་པ་ཡིན་ལ། གུང་ཁྲན་ཏང་གི་འབྱུང་རྐྱེན་དང་ཕྱོགས་གང་ཅིའི་ཐད་ཤེས་རྟོགས་བྱེད་པར་དམིགས་ནས་ཆེད་དུ་མཚན་ཉིད་རིག་པའི་སློབ་ཚན་འདེམས་ནས་སློབ་སྦྱོང་ཡང་བྱེད་མྱོང་། དྲ་རྒྱར་འཛུལ་ཞུགས་བྱས་པ་ནས་བཟུང་། ངས་འདིའི་ཐད་རྩོམ་ཡིག་མང་བོ་སྤེལ་མྱོང་བར་མ་ཟད། ད་དུང“རྨེག་མེད་དུ་གཏོང་མཁན་མར་ཁེ་སི”ཞེས་པའི་བརྗོད་གཞིའི་འོག་གི་སློབ་དཔོན་ཆེན་མོ་ལེའུ་ཁུང་ལ་ཏིའི་བཅར་འདྲི་ཡང་རྒྱ་བསྒྱུར་བྱེད་མྱོང་ཡོད། དམིགས་ཡུལ་ནི་ང་རང་གིས་འཇར་མན་གྱི་སྐད་ཡིག་ནང་སློབ་སྦྱོང་བྱས་པའི་ཤེས་བྱ་དག་གོ་སླ་བའི་ལམ་ནས་རྒྱ་མི་རྣམས་ལ་བཤད་འདོད་པ་དེ་ཡིན། བཅར་འདྲི་འདིའི་ནང་ནས་བརྗོད་ཀྱིན་པའི<<རྒྱབ་ཤ་ནག་པོའི་དེབ>>དང<<རྒྱབ་ཤ་དམར་པོའི་དེབ>>གཉིས་ཀྱི་ནང་དུ་རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་ལས་འགུལ་གྱི་ཁྲག་དྲི་བྲོ་བའི་གདུག་རྩུབ་ཟིན་འགོད་གནང་འདུག <<གུང་ཁྲན་ཏང་ལ་དཔྱད་པ་དགུ་བསྐོར་མ>>ནང་དུའང་གུང་ཁྲན་ལས་འགུལ་གྱིས་རྒྱ་ནག་ནང་བཟོས་པའི་ཁྲག་ཞག་འཁྱིལ་བའི་ལོ་རྒྱུས་བཀོད་ཡོད། དེ་བས། ང་རང་ལ་མཚོན་ན། ཏཱ་ལའི་བླ་མ་མཆོག་གིས་ནམ་རྒྱུན་ང་རང་མར་ཁེ་སི་རིང་ལུགས་པ་ཕྱེད་ཀ་ཞིག་ཡིན་གསུང་བཞིན་པར་དོ་སྣང་སྤྲད་འདུན་སྐྱེས་མ་སོང་། བོད་མི་རྣམས་ཀྱིས་གུང་ཁྲན་གཅིག་སྡུད་ལམ་ལུགས་ཀྱི་འོག་ཏུ་གོད་ཆག་མྱངས་ཡོད་པས། རྒྱ་མི་རྣམས་དང་འདྲ་བར་གུང་ཁྲན་ཏང་རྒྱང་འཕུད་གཏོང་འོས་པར་མ་ཟད། ཐོག་མར་བསམ་བློའི་ནང་ནས་དོར་འོས་པ་ཞིག་རེད། དཔེར་ན། དམར་ཤོག་ཚོགས་མི་དང་གུང་གཞོན་ཚོགས་མི། ན་ཆུང་གདོང་ལེན་རུ་ཁག་སོགས་ལས་ཕྱིར་འབུད་གནང་དགོས་ཀྱི་ཡོད་པ་རེད། འཚེ་མེད་ཞི་བ་ནི་ཐབས་ལམ་ཡག་ཤོས་ཤིག་རེད་མོད། དེའི་ཁར་མཉམ་འབྲེལ་མི་བྱེད་པ་གནང་ཐུབ་མིན་ནི་ནུས་པ་ཐོན་མིན་ལ་ཐུག་ཡོད།
གུང་ཁྲན་ཏང་ལ་བློ་གཏད་བྱེད་ས་མེད་ལ། དམར་ཤོག་དྲག་གཞུང་ལ་ཞི་མོལ་ཡོང་ཐབས་གནང་བཞིན་པ་ནི“སྟག་ལ་སྟག་ལྤགས་སློང་བ”ལས་གཉིས་སུ་མེད་པས། རང་ཉིད་ཀྱིས་རང་ཉིད་ལ་བསླུ་བྲིད་བཏང་བ་ལས་གཞན་མེད། ང་རང་གིས་སྔར་པེ་ཅིན་དུ་བསྐངས་པའི་ཨོ་ལིམ་ལུས་རྩལ་འགྲན་ཚོགས་ལམ་འགྲོ་མི་ཡོང་བའི་ཆེད་དུ་ཏཱ་ལའི་བླ་མ་མཆོག་ལ་ཡོངས་གྲགས་ཀྱི་ལམ་ནས་འཕྲིན་ཡིག་ཅིག་བྲིས་ཡོད་ཅིང་། ཞིབ་ཕྲ་གཤམ་གྱི་དྲ་ཐག་ལས་ཀློག་ཐུབ་ཀྱི་ཡོད། http://blog.boxun.com/hero/200806/xupei/3_1.shtml
པེ་ཅིན་ཨོ་ལིམ་ལུས་རྩལ་འགྲན་ཚོགས་ནི་རྒྱལ་ཁབ་ཕྱི་ནང་གི་གནོན་ཤུགས་གཅིག་ཏུ་སྒྲིལ་ནས་གུང་ཁྲན་ཏང་ལ་སྔར་གྱི་རཱ་ཤི་ཡ་དང་ཡུ་རོབ་ཤར་མ་ནང་བཞིན་འགྱུར་བ་གཏོང་བའི་གོ་སྐབས་ཡག་ཤོས་ཤིག་ཡིན། གོ་སྐབས་དེ་ཤོར་བའི་དབང་གིས་དེང་སྐབས་རྒྱ་ནག་སྐམ་ས་ཆེན་མོ་ནས་མི་རིགས་མང་བོའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་ཤུགས་ཇེ་ཆེར་སོང་ཡོད།
ངས་བཙན་བྱོལ་བོད་གཞུང་གིས་གསར་དུ་འདེམས་ཐོན་གནང་བའི་བཀའ་ཁྲི་འབུམ་རམས་པ་བློ་བཟང་སེངྒེ་ལགས་ཀྱི་ཁྲི་འདོན་མཛད་སྒོའི་གསུང་བཤད་ཀློག་རྗེས། ཀུན་དགའ་བཀྲ་ཤིས་ལགས་ཀྱི་ཁྲའེ་ཁྲི@kungat:སྟེང་ཚིག་ཁ་ཤས་བྲིས་ཡོད། གལ་ཏེ་སྲིད་པ་ཞིག་ཡིན་ན། ལྟ་ཚུལ་གསུམ་བརྒྱུད་སྤྲོད་གནང་རོགས། ༡ བོད་མིར་གཉའ་གནོན་བྱེད་མཁན་ནི་དམར་ཤོག་ཚོགས་པ་ཡིན་པ་ལས་རྒྱ་མི་མིན་ལ། དམར་ཤོག་ཚོགས་པའི་ནང་དུ་བོད་མིའང་ཡོད། ༢ པེ་ཅིན་གྱིས་བོད་ལ་དབང་བསྒྱུར་ནི་དྲང་བདེན་མིན་པ་དང་མདུན་ལམ་མེད་པ་བཞིན་དུ་རྒྱ་ནག་ལ་དབང་བསྒྱུར་བྱེད་ཀྱིན་པའང་དེ་ག་རང་ཡིན། ༣ “ང་ཚོས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞི་འོག་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་རྩོད་པ”ཞེས་པ་འདི་ནི“སྟག་ལ་སྟག་སྤགས་སློང”བཞིན་པ་ལས་གཉིས་སུ་མེད་པས། འགྲུབ་མི་སྲིད་པ་ཞིག་རེད།
མདོར་བསྡུས་ནས་བཤད་ན། ང་རང་གིས་བོད་མི་ཚོར་ནམ་རྒྱུན་རྒྱ་ནག་དམར་ཤོག་སྲིད་གཞུང་དང་འབྲེལ་མོལ་གྱིས་བོད་ཀྱི་གནད་དོན་ཐག་གཅོད་གནང་རྒྱུའི་སྟོང་བསམ་དེ་དོར་རོགས་ཞེས་པར་གནས་ལུགས་དང་རྒྱབ་རྟེན་འཐུས་ཚང་ཞིག་ཡོད།
གནམ། ཁྱེད་རང་གིས་བོད་ཀྱི་གནད་དོན་ལ་དོ་སྣང་གནང་བཞིན་པའི་ཚད་གཞི་བོད་མི་དང་དོ་མཉམ་ཡོད་པར་མ་ཟད། བོད་མི་སྤྱི་བྱིངས་ལས་ཀྱང་ཧུར་བརྩོན་དང་ནན་ཏན་གྱི་ཆ་མངོན་འདུག་པས། ངས་བསམ་བློ་བཏང་ན་བོད་རིགས་ཀློག་པ་པོ་རྣམས་ཀྱིས་འདིའི་ཐད་ཁྱེད་རང་ལ་བཀའ་དྲིན་ཞུ་འོས་ཀྱི་སེམས་ཚོར་ཉར་སྲིད་པར་མ་ཟད། བཀའ་ཁྲིའི་དམ་འབུལ་གསུང་བཤད་ཁྲོད་ཀྱི་རྒྱལ་བ་རིན་པོ་ཆེ་ཕ་ཡུལ་དུ་གདན་འདྲེན་ཞུ་རྒྱུའི་ཐད་ལ་དགོངས་ཚུལ་ག་རེ་གནང་གི་ཡོད་མེད་ཀྱང་ཤེས་འདོད་ཡོད་ངེས་པས། གལ་སྲིད་རྒྱལ་བ་རིན་པོ་ཆེ་ཕ་ཡུལ་དུ་གདན་འདྲེན་ཞུ་ཐུབ་པར་ཆ་བཞག་ན། བོད་རྒྱ་གཉིས་ལ་ཕན་ཐོགས་ཡོད་པའི་ཕེབས་སྟངས་གང་འདྲ་ཞིག་ལེགས་སམ། འདིར་བཤད་ཀྱིན་པ་ནི་བོད་རྒྱའི་མང་ཚོགས་ཀྱི་བདེ་སྡུག་ལས་དཔོན་རིགས་ཀྱི་སྐོར་བཤད་ཀྱི་མེད་པས། མཉམ་འཇོག་གནང་ས་གང་དག་ཅིག་འདུག་གམ།
ཞུའུ་ཕེ། ང་རང་གི་ལྟ་ཚུལ་ལྟར་ན། རྒྱ་ནག་དམར་ཤོག་གཞུང་འཐོར་ཞིག་ཏུ་སོང་རྗེས། ད་གཟོད་ཏཱ་ལའི་བླ་མ་མཆོག་ཕ་ཡུལ་དུ་ཆིབས་བསྒྱུར་གནང་ཐུབ་སྲིད་པ་ཞིག་རེད། དེའང་དམར་ཤོག་གཞུང་གདོན་གྱིས་བརླམ་པའི་ངོ་བོས་རང་ཉིད་དང་མཉམ་འབྲེལ་མི་བྱེད་པའི་མི་སྒེར་རམ་མང་ཚོགས་ལ་ཞི་བདེ་མཉམ་གནས་བྱེད་མི་སྲིད་པས་ཐག་བཅད་ཡོད་པ་ཞིག་ཡིན། ཐ་ན་ང་རང་ལྟ་བུའི་དབང་དང་སྟོབས་ཤུགས་ཅི་ཡང་མེད་པའི་སྒེར་ཚུགས་ཅན་གྱི་ཤེས་ཡོན་པ་ཞིག་ཀྱང་ཕ་ཡུལ་ལ་ལོག་ཐུབ་ཀྱི་མེད་པས། ཏཱ་ལའི་བླ་མ་མཆོག་ཇི་ལྟར་ཕ་ཡུལ་དུ་ལོག་རྒྱུ་ཡིན་ནམ། དེ་མིན་རང་ཉིད་མགོ་བསྐོར་འོག་ཚུད་བསམ་གྱི་ཡོད་ན་དོན་དག་གཞན་པ་རེད།
གནམ། ཨོ། “དེ་མིན་རང་ཉིད་མགོ་བསྐོར་འོག་ཚུད་བསམ་གྱི་ཡོད་ན་དོན་དག་གཞན་པ་རེད། ”སྐད་ཆ་འདི་ཧ་ཅང་གི་ནང་དོན་ཅན་ཞིག་རེད་ལ། དངངས་སྐྲག་སློང་ཡོང་བ་ཞིག་ཀྱང་རེད། ང་རང་གིས་གོ་ཐོས་ལྟར་ན། རྒྱལ་བ་རིན་པོ་ཆེ་མཆོག་སྐུ་དངོས་སུ་རྒྱ་ནག་ཕྱི་ནང་དུ་སྡོད་པའི་རྒྱ་མིར་འབྲེལ་གཏུགས་དང་དྲ་རྒྱ་བརྒྱུད་ནས་གླེང་མོལ་སོགས་ལ་ཞུགས་ཡོད་པས། མི་ལ་ལས་ཁོང་ལ་“ད་ལྟ་རྒྱ་ནག་སྐམ་སའི་མི་འབོར་གྱི་བརྒྱ་ཆའི་ལྔ་བཅུས་ཁྱེད་ལ་རྒྱབ་བསྐྱོར་གནང་གི་འདུག”ཅེས་སྙན་བསྒྲོན་ཞུས་ཡོད་ཚོད་འདུག་པས། ཁྱེད་རང་གི་ངོས་ནས་དོན་དག་འདིར་ལྟ་སྟངས་ག་རེ་འདུག་གམ།
ཞུའུ་ཕེ། ང་རང་ཚུད་པའི་རྒྱ་ནག་སྐམ་སར་འཚར་ལོངས་བྱུང་མཁན་ཚང་མ་རྒྱ་དམར་གཞུང་གི་བླུན་བསྒྱུར་སློབ་གསོའི་འོག་ནས་ཡོང་བ་རེད་ལ། བླུན་བསྒྱུར་སློབ་གསོའི་ཁྲོད་དུ་གོ་མིན་ཏང་དང་བོད་གཉིས་ཀྱི་བཙོག་བསྒྱུར་དྲིལ་བསྒྲགས་འདུས་ཡོད། ཏཱ་ལའི་བླ་མའང་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་གཙོ་འཛིན་ཅང་ཀེ་ཤི་དང་མཚུངས་པར་ནག་པོ་ནག་རྐྱང་བཟོས་ཡོད་པ་རེད། དེ་ལས་ཀྱང་ཏཱ་ལའི་བླ་མ་མཆོག་ནག་བསྒྱུར་དྲིལ་བསྒྲགས་དེང་གི་ཆར་ཡང་རྒྱུན་མཐུད་བཞིན་པས། རྒྱ་ནག་སྐམ་སའི་མི་ཚོ་ཕྱི་རྒྱལ་དུ་ཡོང་བར་ཆ་བཞག་ནའང་། མང་ཆེ་བ་རྒྱ་དམར་གཞུང་གི་དྲིལ་བསྒྲགས་ཀྱི་གྲིབ་ཡོལ་འོག་ཐར་ཐུབ་ཀྱི་ཡོད་པ་མ་རེད། དཔེར་ན། ཝན་ཁའོ་བེར(ཁ་ནཱ་ཊ)རྒྱ་བོད་གླེང་སྟེགས་གཙོ་སྐྱོང་གནང་མཁན་ཧོང་ཧུག་པེན་ལགས་ལ་མ་ཉེས་ཁ་གཡོགས་ཕོག་རྗེས་སྤེལ་བའི《དྲང་གཏམ་སྙན་བསྒྲོན》ནང་དུ་བཀོད་དོན་གཤམ་གསལ།
“དྲང་མོར་བཤད་ན། ཀྲུའུ་རེའུ་ལགས་ཀྱིས་བཤད་པ་ལྟར། ང་རང་གི་གོ་རྟོགས་དམའ་བ་དང་དངུལ་དངོས་ལྟ་སྟངས་མ་འགྲིག་པས། དོན་དངོས་སུ‘ཏཱ་ལའི་བླ་མའི་མཚན་བཀོལ་ནས་དངུལ་བསྡུ་རུབ’ཀྱི་བསམ་བློ་འཁོར་མྱོང་མོད། ང་རང་གིས་དངོས་སུ་ཚོད་ལྟ་ཞིག་བྱེད་སྐབས། ཝན་ཁའོ་བེར་ནས་ཏཱ་ལའི་བླ་མའི་མཚན་གཡར་ནས་དངུལ་བསྡུ་རུབ་བྱེད་དུས། སྐར་མ་གང་ཡང་རེག་མི་སྲིད་པའི་ཁར། ལྐོག་ནས་རྒྱབ་བཤད་སྙན་ཞུ་རྒྱག་མཁན་ཡང་ཁེངས་འདུག འདི་རུ་བོད་རང་བཙན་ལ་རྒོལ་བའི་ཕྱི་སྡོད་རྒྱ་མིའི་ཚོགས་པས་ལོ་མང་རིང་འབད་བརྩོན་བརྒྱུད་ནས་ངོ་རྒོལ་གྱི་རྣམ་པ་རླུང་འཚུབ་ལྟར་གྲུབ་ཟིན་པར་མ་ཟད། ང་ཚོའི་དྲིལ་བསྒྲགས་སྦྱར་ཡིག་ཁག་ཀྱང་ཡང་དང་བསྐྱར་དུ་བཀོག་ཡོང་གི་འདུག གནས་སྟངས་འདིའི་འོག་ནས་སུ་ཞིག་གིས་ང་ཚོར་པེ་ཤག་སྤྲད་ཐུབ་ཀྱི་རེད་དམ། ཞལ་ལག་ཙམ་ལ་སྦྱིན་བདག་གནང་མཁན་ཚོས་ཀྱང་མིང་མ་བཤད་རོགས་ཞེས་ཡང་ཡང་ནན་བརྗོད་བྱས་ཡོང་བས། ས་འོག་ནས་ལས་ཀ་སྒྲུབ་ཀྱིན་པ་དང་གཉིས་སུ་མེད་པའི་ཚོར་བ་སྤྲད་ཡོང་བ་ཞིག་རེད། ”
ད་དུང་ཕྱི་སྡོད་རྒྱ་མི་དམངས་གཙོ་ལས་འགུལ་བའི་མཛངས་མ་ཧྲིན་ཞའོ་ལགས་ཀྱིས་ཐེངས་འགར་རྒྱ་བོད་ཕན་ཚུན་འབྲེལ་གཏུགས་ཀྱི་ལས་འགུལ་ལའང་དེ་གར་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་རེད། འདི་ནི་ད་ལྟ་ང་ཚོའི་མདུན་དུ་ལྷགས་པའི་དངོས་ཡོད་གནས་སྟངས་རེད། དེ་བས། སུ་ཞིག་གིས་རྒྱ་ནག་སྐམ་སའི་མི་འབོར་གྱི་ཕྱེད་ཀ་ལྷག་གིས་ཏཱ་ལའི་བླ་མར་རྒྱབ་བསྐྱོར་བྱེད་ཀྱི་འདུག་ཅེས་བཤད་པ་རེད་དམ། མི་དེས་གཞི་འཛིན་ས་ཅི་ཞིག་རེད། རང་འདོད་ལྟར་བཤད་པ་ཞིག་གིས་ཕན་ཐོགས་སྲིད་ཀྱི་མ་རེད།
རྒྱ་དམར་གཞུང་གིས་ང་རང་ལྟ་བུའི་ཕྱི་སྡོད་རྒྱ་མི་ཤེས་ཡོན་པ་ཞིག་ལའང་ཕ་ཡུལ་དུ་ལོག་པའི་དབང་ཆ་འཕྲོག་ཟིན་པའི་ཁར། ང་རང་ལ་རོགས་པ་གནང་ནས་དྲ་རྒྱ་ཞིག་ཇུས་འགོད་གནང་མཁན་ལའང་ཁོང་གི་བཟའ་ཟླའི་ལྷན་དུ་ཕ་ཡུལ་དུ་ལོག་བཅུག་ཡོད་པ་མ་རེད། འདི་ནི་རྒྱ་དམར་གཞུང་གི་ངོ་གདོང་ངོ་མ་དེ་རེད། གལ་སྲིད་དགོས་མཁོ་ཡོད་ན། ངས་ད་དུང་དཔེ་བརྗོད་མང་བོ་བཞག་ཆོག
གནམ། ཁྱེད་རང་གིས་གོང་དུ་གསུངས་པ་ལྟར་ན། བཙན་བྱོལ་བོད་གཞུང་གིས་གསར་དུ་འདེམས་ཐོན་གནང་བའི་བཀའ་ཁྲི་འབུམ་རམས་པ་བློ་བཟང་སེངྒེ་ལགས་ཀྱི་ཁྲི་འདོན་མཛད་སྒོའི་གསུང་བཤད་ཀློག་རྗེས། སྐུ་ཞབས་ཀུན་དགའ་བཀྲ་ཤིས་ལགས་ཀྱི་ཁྲའེ་ཁྲི@kungat:སྟེང་ཚིག་ཁ་ཤས་བྲིས་ཡོད་ཅིང་། དེའི་ཁྲོད་དུ“བོད་མིར་གཉའ་གནོན་བྱེད་མཁན་ནི་དམར་ཤོག་ཚོགས་པ་ཡིན་པ་ལས་རྒྱ་མི་མིན་ལ། དམར་ཤོག་ཚོགས་པའི་ནང་དུ་བོད་མིའང་ཡོད”བཀོད་འདུག དེ་བས། ཁྱེད་ཀྱིས་ཀློག་པ་པོ་རྣམས་ལ“རྒྱ་མི”དང“དམར་ཤོག་ཚོགས་པའི”དབྱེ་བ་གསལ་བོ་ཞིག་གསུང་ཐུབ་ཀྱི་འདུག་གམ།
ཞུའུ་ཕེ། རྒྱ་མི་ནི་བོད་མི་དང་འདྲ་བར་རང་ཉིད་ལ་སྐད་ཡིག དད་མོས། དུས་ཆེན་དང་གོམས་སྲོལ་སོགས་ཡོད་མཁན་ཞིག་ཡིན་ལ། དེ་ཡིས་རྒྱ་ནག་གི་ཤེས་རིག་གྲུབ་ཡོད་པ་དང་། ཆོས་དཔེ་ལྔ་དང་དེབ་ཆེན་བཞི་ནི་རྒྱའི་ཤེས་རིག་གི་གཞུང་ལུགས་ཡིན། “བཟོད་བསྲན། ཕྱི་ཐག གུས་བརྩི། སྤྱང་གྲུང་། ཡིད་ཆེས”སོགས་ནི་མི་ཚེ་རིན་ཐང་ལེན་ཕྱོགས་ལ་ལྟ་ཞིང་། “སྐྱེ་འཆི་ལས་ལ་ཐུག དར་རྒུད་གནམ་གྱི་ལག”ཞེས་པའི་ལས་དབང་དང་གནམ་རྒན་མ་སྨྲ་བ་སོགས་ནི་རྒྱའི་ཤེས་རིག་གི་ལྟེ་བ་ཆགས་ཡོད། དམར་ཤོག་ཚོགས་པ་ནི་གུང་ཁྲན་རིང་ལུགས་དད་མོས་སུ་བཟུང་བའི་རྒྱལ་སྤྱིའི་དྲག་སྤྱོད་ཚོགས་ཁག་ཅིག་ཡིན་ཞིང་། ཕྱི་ལོ ༡༨༤༨ལོར་ལུང་ཊོན་ནས་དམར་ཤོག་ཚོགས་པའི་བསྒྲགས་གཏམ་སྤེལ་རྗེས། དྲག་པོའི་ལམ་ནས་སྤྱི་ཚོགས་ལམ་ལུགས་ཐ་དག་མགོ་རྟིང་སློག་འདུན་འཆིང་བའི་དམར་ཤོག་ཚོགས་མིས་ཕྱི་ལོ ༡༩༡༧ལོར་ད་གཟོད་འཛམ་གླིང་འཁྲུག་ཆེན་དང་པོའི་གོ་སྐབས་གཡར་ནས་རཱ་ཤི་ཡའི་སྲིད་དབང་འཕྲོག་པ་དང་། དམར་ཤོག་ཚོགས་པའི་སྲིད་གཞུང་ཐོག་མ་བཙུགས་པ་རེད། དེ་ནས་བཟུང་རྒྱལ་ཁབ་གཞན་ལ་སིམ་འཛུལ་དང་སྲིད་དབང་འཕྲོག་པའི་ལྐོག་གཡོ་བཤམས་ཡོད་ལ། རྒྱ་ནག་དམར་ཤོག་ཚོགས་པ་ནི་རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་ཀྱི་ཐོན་རྫས་ཡིན་པར་མ་ཟད། རཱ་ཤི་ཡ་དམར་གཞུང་གིས་བསྐྱེད་བསྲིངས་བྱས་པ་རེད། གལ་སྲིད་རྒྱལ་ཁབ་ཁག་གི་གསང་ཉུལ་བ་སི་མེས་ཊི་ལའེ(Agnes Smedley)ལྟ་བུའི་སིམ་འཛུལ་དང་རཱ་ཤི་ཡའི་རོགས་བསྐྱོར་མེད་པ་ཡིན་ན། དམངས་གསུམ་རིང་ལུགས་གཙུག་ཏུ་བཀུར་ཞིང་། མི་རིགས་ལྔའི་སྤྱི་མཐུན་རྩ་བར་བཟུང་བའི་རྒྱ་ནག་མི་སེར་རྒྱལ་ཁབ་མགོ་རྟིང་སློག་ཐུབ་མི་སྲིད་པ་ཞིག་རེད།
རྒྱ་ནག་དམར་ཤོག་གིས་སྲིད་དབང་འཕྲོག་རྗེས་རྒྱ་མི་དང་བོད་མི་ཐེ་བའི་མི་རིགས་ཁག་དམར་བསྒྱུར་བྱས་ཡོད་ལ། རྒྱ་མི་ཡིན་ནའང་འདྲ། བོད་མིའམ་མི་རིགས་གཞན་པ་ཡིན་ནའང་ཆོག དམར་ཤོག་ཚོགས་པར་འཛུལ་ཞུགས་བྱས་ཡོད་མཁན་ཐ་དག་མར་ཁི་སེ་ལའེ་ཉིན་རིང་ལུགས་ཀྱི་བུ་རབས་ཚ་བརྒྱུད་རེད། རྒྱུ་མཚན་ནི་མི་དེ་དག་གིས་རང་གི་མི་རིགས་ཀྱི་ཆོས་དད་དང་རིན་ཐང་ལེན་སྟངས་སོགས་བརྒྱུད་འཛིན་བྱས་ཡོད་པ་མ་རེད།
རྒྱ་ནག་དམར་ཤོག་གིས་སྲིད་དབང་འཕྲོག་རྗེས། རྒྱ་ནག་གི་ཤེས་རིག་ལ་གཏོར་སྐྱོན་བཏང་བ་ནི་བོད་ཀྱི་ཤེས་རིག་ལས་ཀྱང་ཚབས་ཆེན་ཡིན་ཞིང་། སྐད་ཡིག་ནས་ནང་དོན་ཆ་ཚང་དམར་བསྒྱུར་བྱས་ཡོད། ཡིག་གཟུགས་ལའང་བཅོས་བསྒྱུར་གྱིས་ངོ་རྟགས་མི་ཆོད་པ་ཞིག་ཏུ་གྱུར་ཡོད། གཤམ་གྱི་འབྲེལ་ཐག་འདིར་ཟུར་ལྟ་གནང་རོགས།
http://www.360doc.com/content/08/0323/22/25069_1140017.shtml
གནམ། ཁྱེད་ཀྱིས་དེང་སྐབས་ཀྱི་བོད་རྒྱའི་འབྲེལ་གཏུག་ལ་ལྟ་ཚུལ་ག་རེ་འཛིན་གྱི་ཡོད། དེ་མཚུངས་སུ་བོད་མིས་མཉམ་འཇོག་གནང་དགོས་ས་གང་དག་ཅིག་འདུག་གམ།
ཞུའུ་ཕེ། ང་རང་གིས་བོད་རྒྱའི་འབྲེལ་གཏུག་ལ་དགའ་བོ་བྱེད་ཀྱི་ཡོད་ཅིང་། རྣམ་པ་མ་འདྲ་བ་གང་གི་ལམ་ནས་ཡོང་ནའང་འདྲ། ག་ཚད་མང་ན་དེ་མཚུངས་ཀྱིས་ཕན་ཐོགས་ཆེན་པོ་ཡོད་ངེས་རེད།
བོད་མི་ཚོས་མཉམ་འཇོག་གནང་དགོས་ས་གཙོ་བོ་ནི་དམར་ཤོག་གཞུང་གིས་བོད་དང་རྒྱ་མིའི་ཁྲོད་དུ་པཎ་ཆེན་རྫུན་མ་ལྟ་བུའི་མི་མང་བོ་ཞིག་བསྐྱེད་བསྲིངས་བྱས་ཡོད་པ་རེད་ལ། ཁོང་ཚོ་ནི་པཎ་ཆེན་རྫུན་མ་དང་མཚུངས་པར་ཆུང་ངུའི་དུས་ནས་དམར་ཤོག་གཞུང་གི་བསྐྱེད་བསྲིངས་བྱས་ཡོད་པས། དམར་ཤོག་གཞུང་གིས་བསྐྲུན་པའི་འབུམ་རམས་པ་དང་རབ་འབྱམས་པ། རྩོམ་པ་པོ་སོགས་སུ་གྱུར་ཡོད། ལ་ལས་ཡེ་ཤུའི་ཆོས་ལུགས་པ་ཡིན་ཟེར་སྲིད་ལ། ལ་ལས་ཏཱ་ལའི་བླ་མར་དད་མོས་ཡོད་མཁན་དུའང་སྨྲ་སྲིད་པའི་ཁར། ཐ་ན“ང་ལ་དགྲ་བོ་མེད”ཟེར་མཁན་ཡང་ཡོད། … … བོད་མིས་ངེས་པར་དུ་ཁོ་རང་ཚོའི་བཤད་སྤྱོད་གཅིག་གྱུར་ཡིན་མིན་ལ་བརྟག་འོས་པ་ཞིག་ཡིན། གལ་སྲིད་མི་ཞིག་གིས་རྒྱ་དམར་ཁྲིམས་སྟེགས་སུ“ང་ལ་དགྲ་བོ་མེད”ཅེས་བཤད་མོད། དེའི་ཡར་སྔོན་དུ་དམར་རྒོལ་མི་སྣ་དག་དགྲ་རུ་བཟུང་ཡོད་པས། མི་འདིའི་རིགས་ལ་བོད་མིས་རྒྱབ་བསྐྱོར་བྱེད་པའི་རིན་ཐང་མེད། དེ་མཚུངས་སུ་མི་ཞིག་གིས་རང་ཉིད་བོད་མིའི་གྲོགས་པོ་དང་ནང་པ་ཡིན་ཚུལ་ལབ་བཞིན་དུ་ཕོགས་མེད་རྒྱ་བོད་འབྲེལ་གཏུག་གནང་མཁན་ཚོར་མ་ཉེས་ཁ་གཡོགས་བྱས་པ་ཡིན་ན། མི་འདི་རིགས་ལ་བོད་མིས་ཡིད་ཆེས་བྱེད་རིན་མེད་པའི་གྲས་ཡིན།
མདོར་བསྡུས་ནས་བཤད་ན། དམར་ཤོག་གཞུང་གིས་ཐའེ་ཝན་མ་འདུས་པའི་རྒྱ་ཡུལ་དང་བོད་ཡུལ་ཆ་ཚང་བཙན་བཟུང་བྱས་ཡོད་པར་མ་ཟད། ཕྱི་སྡོད་རྒྱ་མིའི་ཁྲོད་དུའང་སིམ་འཛུལ་བྱས་ཡོད་ལ། ཐ་ན་རྩ་རླུང་སྒོམ་སྒྲུབ་པའི་ཁྲོད་དུའང་དམར་ཤོག་གཞུང་གི་གསང་ཉུལ་བ་བཞག་ཡོད། ངའི་བསམ་བློ་བཏང་ན་བོད་མིའི་ཁྲོད་དུའང་པཎ་ཆེན་རྫུན་མ་གཅིག་པུ་ཡིན་སྲིད་ཀྱི་མ་རེད།
གནམ། ཁྱེད་ནི་འཇར་མན་ཤར་ནུབ་གཅིག་གྱུར་བྱས་པའི་ལོ་རྒྱུས་མཐོང་མཁན་གྱི་དཔང་མི་གཅིག་ཡིན་པར་མ་ཟད། ཡུ་རོབ་གཅིག་གྱུར་གྱི་ལོ་རྒྱུས་ནང་དུ་བརྒྱུད་ཀྱིན་པས། ལོ་རྒྱུས་ཀྱི་འཕེལ་ཕྱོགས་འདིས་བོད་རྒྱ་གཉིས་གཙོས་ཡུ་གུར་དང་རྒྱ་མི་གཉིས་འབྲེལ་གཏུག་ཐད་བློ་སྒོ་ག་རེ་ཕྱེས་ཐུབ་ཀྱི་འདུག་གམ།
ཞུའུ་ཕེ། ཕྱི་ལོ ༡༩༨༩ལོ་ནི་བོད་དང་རྒྱ་ནག་གཉིས་ལ་ལོ་རྒྱུས་ཀྱི་རྨ་ཁ་འཇོག་མཁན་དུ་གྱུར་ཡོད་ལ། རྒྱ་ནག་པ་མི་ཉུང་བ་ཞིག་སྟེ། ང་རང་ལྟ་བུར་མཚོན་ན་དྲུག་བཞིའི་དམར་གསོད་ཀྱིས་དམར་ཤོག་གཞུང་གི་གདུག་རྩུབ་ཤེས་རྟོགས་ཐུབ་འགོ་ཚུགས་ཡོད། དེ་མཚུངས་སུ་ཕྱི་སྡོད་རྒྱ་མིའི་དམངས་གཙོའི་ལས་འགུལ་རྔམ་བརྗིད་ཀྱིས་ལམ་ལ་ཆས་པ་རེད།
ང་རང་འཇར་མན་དུ་ཡོད་དུས་ཀྱི་ཕྱི་ལོ ༡༩༨༩ལོར་པའོ་ལིན་རྩིག་གྱང་རྨང་ནས་འགྱེལ་བ་དང་འཇར་མན་ཤར་ནུབ་གཅིག་གྱུར་ཡོང་བ་དངོས་སུ་མཐོང་བས་སེམས་ལ་སྨྲ་མི་ཤེས་པའི་ཚོར་བ་ཞིག་སྤྲད་མྱོང་། འདས་པའི་དུས་ཡུན་ནང་དུ་ངས་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་དམངས་གཙོ་ཡང་འཇར་མན་ནུབ་མ་ནང་བཞིན་རྒྱ་ནག་སྐམ་ས་ནས་དམར་ཤོག་གཅིག་སྡུད་གཞུང་ལས་རྒྱལ་རྒྱུ་རེད་སྙམ་ཡོད། ཡིན་ནའང་། རྒྱ་ནག་མི་སེར་རྒྱལ་ཁབ་ཀྱིས་དེང་སྐབས་རང་ཉིད་ཀྱང་སྲུང་ཐུབ་ཀྱི་མི་འདུག
དམར་ཤོག་གཞུང་ནི་ཐའེ་ཝན་གནད་དོན། བོད་ཀྱི་གནད་དོན། ཡུ་གུར་གནད་དོན། རྩ་རླུང་སྒོམ་སྒྲུབ་གནད་དོན་སོགས་བསྐྱེད་པའི་རྩ་བ་ཆགས་ཡོད་སྟབས། དམར་ཤོག་ཚོགས་པ་ཚར་གཅོད་བྱས་རྗེས་ད་གཟོད་གནད་དོན་ཐ་དག་སེལ་ཐུབ་ངེས་རེད། དེ་མཚུངས་སུ་ཡུ་རོབ་གཅིག་གྱུར་ལས་ཀྱང་མཐོང་ཐུབ་པ་ནི་རྒྱ་ནག་སྐམ་སར་ཐའེ་ཝན་ནང་བཞིན་དམངས་གཙོ་དར་སྤེལ་བྱུང་བ་ཡིན་ན། རང་བཙན་ཡང་གདམ་ག་ཡག་ཤོས་དེ་ཡིན་པའི་མ་ཁྱབ་པར་འདོད། ཡང་ཅིག་བཤད་ན། ད་ལྟ་གཅིག་གྱུར་རམ་རང་བཙན་གང་གླེང་ཡང་དོན་སྙིང་ཅི་ཡང་མེད།
དེ་ལས་ཚང་མས་སྟོབས་ཤུགས་གཅིག་སྒྲིལ་གྱིས་དམར་ཤོག་ཚོགས་པ་མགོ་རྟིང་སློག་རྒྱུ་དེ་ཡིན། གལ་སྲིད་བོད་མི་ས་ཡ་དྲུག་གིས་དམར་ཤོག་ཚོགས་པར་ཁ་བྲལ་བའི་གསལ་བསྒྲགས་སྤེལ་ནས་རྩ་རླུང་སྒོམ་ཚོགས་པས་སྤེལ་བཞིན་པའི་དམར་ཤོག་ཚོགས་མི་ལས་ཕྱིར་ཐོན་པ། གུང་གཞོན་ཚོགས་མི་ལས་ཕྱིར་ཐོན་པ། ན་ཆུང་གདོང་ལེན་རུ་ཁག་ལས་ཕྱིར་ཐོན་པའི་ལས་འགུལ་ནང་མཉམ་ཞུགས་གནང་བ་ཡིན་ན། དམར་ཤོག་ཚོགས་པ་ལམ་སང་མགོ་རྟིང་སློག་རྒྱུ་མ་རེད་དམ། ཧ་ཧ … …
གནམ། རྒྱལ་བ་རིན་པོ་ཆེ་མཆོག་གིས་ངྷ་རམ་སཱ་ལར་བསྐོང་འཚོགས་གནང་བཞིན་པའི་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་དབུ་ཁྲིད་ཚོགས་འདུའི་སྐབས་དང་བསྟུན་ནས་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་གསལ་བསྒྲགས་ཤིག་སྤེལ་སོང་། ཁོང་གི་གནང་སྟངས་འདིས་ད་ལྟའི་རྒྱ་ནག་ལ་ཤུགས་རྐྱེན་ག་རེ་ཐེབས་པ་དང་རྒྱ་མིའི་ཐད་ནས་ངོས་ལེན་བྱེད་སྲིད་དམ།
ཞུའུ་ཕེ། ངས་བསམ་བློ་བཏང་ན། འདི་ནི་ཏཱ་ལའི་བླ་མ་སྐུ་ཕྲེང ༡༤མཆོག་པཎ་ཆེན་སྐུ་ཕྲེང ༡༠ལས་རྟོགས་པ་མཐོ་བའི་རྟགས་གཅིག་རེད། ཁོང་གིས་གོ་སྐབས་འདི་བཟུང་ནས་སྐྱ་སེར་གཉིས་ལ་བོད་བརྒྱུད་ནང་བསྟན་གྱི་རྒྱུན་ཤེས་ངོ་སྤྲོད་གནང་ཡོད་ཅིང་། ཀློག་མཁན་རྣམས་ཀྱིས་ཀྱང་ནང་བསྟན་དང་དམར་ཤོག་ཚོགས་པ་ངོ་བོའི་ཆ་ནས་འགལ་ཟླ་ཡིན་པ་རྟོགས་ཐུབ་པ་ཞིག་དང་། དེར་བསྟུན་ནས་དམར་ཤོག་གཞུང་གི་འབྲེལ་ཡོད་སྲིད་ཇུས་ཐལ་མཐའ་ལྷུང་ཟིན་པའང་ཤེས་ཡོང་གི་འདུག རྒྱ་མི་ངོ་མ་ཞིག་ཡིན་ན་ཁོང་གི་གསལ་བསྒྲགས་འདིར་ངོས་ལེན་བྱེད་ཐུབ་པ་ཞིག་རེད། དམར་ཤོག་གཞུང་གིས་པཎ་ཆེན་རྫུན་མ་ཞིག་བཟོས་རྗེས། ཡང་བསྐྱར་ཏཱ་ལའི་རྫུན་མ་ཞིག་བཟོ་འདུན་འཆིང་བཞིན་པའང་རེ་སྟོང་དུ་གྱུར་བ་རེད།
ཧ་ཧ … … བློ་ཕངས་དགོས་པ་གཅིག་ནི་ཏཱ་ལའི་བླ་མས་ང་ཕོད་ངག་དབང་འཇིགས་མེད་ལ་བཟུང་བའི་རྣམ་འགྱུར་རེད། ཁོང་གིས་ང་ཕོད་ཀྱི་དམར་ཤོག་དཔོན་གནས་གླེང་ཡོད་པར་མ་ཟད། ང་ཕོད་ཀྱི་འཆལ་གཏམ་བཀོལ་ནས་གོ་མིན་ཏང་གིས་མ་གཏོགས་གུང་ཁྲན་ཏང་གིས་རྫུན་མི་བཤད་པ་ལྟ་བུའི་ཚོར་བ་ཞིག་སྤྲད་ཡོང་གི་འདུག དོན་ལ་མི་སེར་དོན་གསུམ་རིང་ལུགས་ལངས་ཕྱོགས་སུ་བཟུང་བའི་གོ་མིན་ཏང་དང་གུང་ཁྲན་ཏང་ལ་གནམ་སའི་བར་ཁྱད་ཡོད་ལ། ཕྱི་ལོ ༡༩༤༩ལོའི་རྗེས་ཀྱི་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་ཐུབ་པ་ཞིག་རེད།
གསལ་བསྒྲགས་འདིའི་ནང་ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱིས་ཁོང་ངོས་འཛིན་གནང་སྐབས་ཐེ་གཏོགས་བྱས་མེད་པ་གསལ་བོར་བཀོད་འདུག ཡིན་ནའང་། ང་ཕོད་ལྟ་བུའི་བོད་ཀྱི་བླ་བཙོང་མཁན་ཞིག་གི་སྐད་ཆ་ལུང་འདྲེན་གནང་བ་ཡིན་ན། མི་སེམས་སྒུལ་མི་ཐུབ་པའི་ཁར་གནོད་པ་ཐེབས་མི་སྲིད་པའང་མ་རེད། ངས་བསམ་བློ་བཏང་ན། ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་མི་སེར་རྒྱལ་ཁབ་དང་རྒྱ་ནག་དམར་ཤོག་རྒྱལ་ཁབ་གཉིས་ཀྱི་ངོ་བོའི་དབྱེ་བ་ཆེར་ཤེས་ཐུབ་མེད་པར་སྣང་ཞིང་། གཅིག་བྱས་ན་དམར་ཤོག་གཞུང་གི་ཤུགས་རྐྱེན་ཐེབས་ཡོད་སྲིད་པ་ཞིག་རེད། རྒྱུ་མཚན་ནི་ཏཱ་ལའི་བླ་མས་ནམ་རྒྱུན་དམར་ཤོག་འགོ་གཙོ་མའོ་ཙེ་ཏུང་ལ་དགའ་བོ་ཡོད་ཚུལ་གསུངས་ཀྱིན་འདུག ཡིན་ནའང་། ཏཱ་ལའི་བླ་མས་མའོ་ཙེ་ཏུང་དང་སི་ཏ་ལིན། ཧའེ་ཐི་ལི་གསུམ་དུས་རབས་ཉི་ཤུ་བའི་མི་གསོད་ལག་དམར་ཆེན་པོ་གསུམ་ཡིན་པ་ཤེས་མེད་པ་ཞིག་ཡིན་སྲིད་ཀྱི་མ་རེད།
གནམ། ཁྱེད་ཀྱིས་རྩ་ཆེའི་དུས་ཚོད་གང་མང་ཞིག་བཀོལ་ནས་དྲི་བར་ལན་བསྐྱོན་པར་ཐུགས་རྗེ་ཆེ། མཇུག་མཐར་ཁྱེད་རང་ལ་ངའི་ཀློག་པ་པོར་བཤད་འདོད་པའི་སྐད་ཆ་འདྲ་ཡོད་དམ།
ཞུའུ་ཕེ། ངས་ཁྱོད་དང་མཉམ་དུ་བགྲོ་གླེང་བརྒྱུད་ནས་བོད་མི་རྣམས་ལ་སེམས་གཏམ་དང་ལྟ་ཚུལ་བརྗོད་རྒྱུ་བྱུང་བར་ཤིན་ཏུ་དགའ་སོང་། ང་རང་ལ་མཚོན་ན། འཇིག་རྟེན་འདིར་བོད་མི། རྒྱ་མི། ཡང་ན་མི་རིགས་གཞན་པ་གང་གི་མི་ཡིན་ཡང་ཐམས་ཅད་ལས་རྒྱུ་འབྲས་ཀྱི་འབྲས་བུ་ཡིན་པར་ཡིད་ཆེས་བྱེད་མཁན་ཞིག་ཡིན། ང་རང་རྒྱ་མི་བྱེད་པར་དགའ་བོ་ཡོད་ནའང་། མི་རིགས་ཀྱི་རྒྱ་ལས་བརྒལ་ནས་དྲང་བདེན། བྱམས་བརྩེ། བཟོད་བསྲན་བརྒྱུད་བསྒྲགས་ཀྱིས་འཐབ་རྩོད་པ་རྫུན་མ་ཚོར་ཁ་གཏད་གཅོག་གི་ཡོད།
རྒྱ་དམར་གཞུང་གིས་ཏཱ་ལའི་བླ་མ་གདོན་འདྲེ་རེད་ཅེས་བཤད་ཀྱི་ཡོད་ཀྱང་། དོན་ལ་རྒྱ་དམར་གཞུང་ནི་གདོན་འདྲེ་ངོ་མ་དེ་རེད། ཏཱ་ལའི་བླ་མས་ཀྱང་གསུངས་དོན། རྒྱ་དམར་གཞུང་གིས་ཐོག་མར་མའོ་ཙེ་ཏུང་དང་ཏིན་ཞའོ་ཕེན་ལ་ཡང་སྲིད་བཙལ་རྗེས། ད་གཟོད་ཁོང་གི་ཡང་སྲིད་ལ་ཐེ་གཏོགས་བྱས་ཆོག ཡིན་ནའང་། ངས་བསམ་བློ་བཏང་ན། མའོ་དང་ཏིང་ལྟ་བུའི་མི་གསོད་ལག་དམར་གཉིས་སྔ་མོ་ནས་དམྱལ་བར་ལྷུང་ཚར་བ་རེད། གང་ཞིག་ནས་མི་རུ་སྐྱེ་བའི་གོ་སྐབས་ཡོད་དམ།
ནང་བསྟན་ནི་བྱམས་དང་སྙིང་རྗེ་ཡི་བདག་ཉིད་ཅན་ཞིག་ཡིན་མོད། ཟིལ་ཤུགས་ཀྱང་ཡོད་པས། རེ་བ་ཡིན་ན་བོད་མི་ཚོས་ཡིན་མིན་དབྱེ་འབྱེད་དང་བཟང་ངན་གོ་འབྱེད་ཀྱིས་དམར་ཤོག་ཚོགས་པར་མཉམ་འབྲེལ་མི་བྱེད་རྒྱུ་དེ་ཧ་ཅང་གི་གལ་ཆེན་རེད།
གནམ། ཡང་བསྐྱར་འབུམ་རམས་པ་ཞུའུ་ཕེ་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ང་ཚོ་ནི་བདེན་དོན་འཚོལ་བའི་མི་རབས་ཤིག་ཡིན་པས། བོད་རྒྱ་གཉིས་རང་ལྟ་མཆོག་འཛིན་ལས་བརྒལ་འོས་པར་རེ་བ་ཤིན་ཏུ་ཆེ།
ཕྱི་ལོ ༢༠༡༡ལོའི་ཟླ ༩ཚེས ༢༨ཉིན་གྲུབ།
བོད་དུ་སྐྱེས་པའི་བུ་མོ་ཞུའུ་ཕེ་ལགས་ཀྱིས་བསམ་འཆར་ནང་ནས་ཁག་གཅིག་མོས་མཐུན་ཡོད་པ་ནི་རྒྱ་དམར་སྲིད་གཞུང་ལ་བོད་དོན་ཞི་བའི་སྒོ་ནས་ཐག་གཅོད་ཡོང་རེ་དེ་སྟོང་བསམ་རེད་དེ་དང་མཉམ་རུབ་ཀྱིས་རྒྱ་དམར་ཚོགས་པ་གཏོར་ཕམ་རྗེས་རྒྱ་ནག་ནང་མི་སེར་དོན་གསུམ་རིང་ལུགས་མངོན་འགྱུར་རྗེས་དམངས་གཙོ་དང་བོད་དོན་ཐག་གཅོད་ཡོང་རེ་ཡོད་པ་རེད་ཟེར་བདེན་དོན་རེད་མོས་མཐུན་ཡོད་༡༩༨༤།༤་པའི་རྒྱ་ཡིག་ཚགས་པར་ཐོག་ཏུ་རྒྱལ་བ་རིན་པོ་ཆེ་མཆོག་ཕྱིར་ལོག་ཕེབས་ཚེ་ཀྲུང་དབྱང་ནས་མི་བྱེད་པ་དོན་ཚན་ལྔ་དང་བཞུགས་གནས་པེ་ཅིང་དུ་གནང་རྒྱུ་སོགས་བཀོད་པ་རྣམས་བོད་ཡིག་ཐོག་ཏུ་བསྒྱུར་ནས་ཐབས་ཤེས་ཡོད་རྒུ་བྱས་ནས་སྒེར་མཇལ་ཞིག་ཞུས་ནས་རྒྱ་མིའི་གཞུང་ནས་གསལ་བསྒྲགས་འདི་འདྲ་བྱས་འདུག་པས་བོད་དུ་རྩ་བ་རང་ནས་མ་པེབས་གནང་གང་ལྟར་རྒྱ་དམར་གྱིས་མིང་འདྲ་མིན་སྣ་ཚོགས་ཤིག་བཏགས་ནས་ཁྱེད་རང་དམར་གསོད་དམ་བཙོན་འཇུག་བྱེད་ཀྱི་རེད་བོད་མོ་དམངས་ཀྱིས་ཀྱང་གནས་སྟངས་འདི་འདྲའི་འོག་དང་ད་ལྟའི་བྱེད་སྟངས་ལ་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགྲ་འཛིན་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་རེད་ན་ང་ཚོས་རེ་སྟོང་དོར་ནས་མཐུན་སྒྲིལ་བྱེད་ཐུབ་པའི་རིགས་མཐའ་དག་ལ་མཐུན་སྒྲིལ་བྱས་ནས་རྒྱ་དམར་ལ་མཉམ་རུབ་གཅིག་སྒྲིལ་གྱི་སྒོ་ནས་འཐབ་རྩོད་རྒྱུན་བསྲིངས་ནས་བྱས་ནས་རྒྱལ་ཁ་ལེན་དགོས་པ་་རེད་དོ་གྲོགས་པོ་ཚོ་རྗེས་སུ་ཡང་སྐྱར་བུ་མོ་ཁྱེད་ཀྱི་དགོངས་ཚུལ་ལ་ཀློག་སྐྱོར་བྱ་རྒྱུ་ཡིན་ཁྱེད་ཀྱིས་བོད་དེ་ཡང་སྙིང་གང་འདྲ་ཞིག་ཡིན་མིན་ཐད་མཁྱེན་གྱིན་ཡོད་པ་དེར་ཐུགས་རྗེ་ཆེ་ཞུ་།།གུས་རྩམ་སྤྱོད་པས་དགའ་སྤྲོའི་ངང་ཕུལ།།
བུ་བཟང་བོ་ཕེབས་པར་དགའ་ཡོད། དེ་མཚུངས་སུ་ཀློག་མཁན་སུ་ཞིག་ལ་དྲི་བ་ཡོད་ན་འདིར་འགོད་རོགས་གནང་། དེ་ནས་ངས་དྲི་བ་ཕར་སྤྲོད་པ་དང་དྲིས་ལན་ཚུར་བསྒྱུར་བར་ཅི་ཐུབ་གང་ཐུབ་བྱེད་ཆོག
དེ་རིང་ཁ་བརྡ་དྲ་ཁང་ན་དྲི་ངད་ལྡན་ཞིང་ཀློག་སྤྲོ་བའི་ཁ་བརྡ་རྩོམ་ཡིག་ཅིག་མཐོང་རྒྱུ་བྱུང་བས་རང་ཉིད་དགའ་བའི་གཉིད་ཁུག་རྒྱུ་ཡང་རྗེས་སུ་་བཞག་ཏེ་འགོ་ནས་མཇུག་བར་དུ་ཞིབ་ཚགས་པོས་བཀླགས་ཡིན།
གནམ་ཡག་གི་བཅར་འདྲི་གཏིང་ཟབ་ཐོག་ཞུའོ་ཧྥེ་གི་ལན་འདེབས་ཚང་མ་གནད་ལ་འཁེལ་ཞིང་གནས་ལུགས་ཅན་ཤ་སྟག་རེད། དངོས་གནས་དྲང་ནས་སྐད་ཆ་བཤད་ནོ་གོ་རྒྱུ་ཡོད་གི
རྒྱུ་མཚན་ལྡན་ཞིང་ཡོ་ཆོག་མེད་པའི་གཏམ་འདི་འདྲ་མཐོང་དཀོན་པོ་རེད།
འདིར་བཀོད་པར་ཤིན་ཏུ་དགའ།
གནས་ཚུལ་མང་པོ་ཞིག་བསམ་པ་བཞིན་རྟ་ཐོག་ཏུ་རྒྱུགས་པ་བྱུང་མེད། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་རྒྱ་དམར་གྱིས་བསད་པ་རེད། བློ་བུར་དུ་བྱུང་བའི་གནས་ཚུལ་དེས་ཁོང་ལ་མ་འོང་པའི་རང་གི་ཡང་སྲིད་གདེམ་རྒྱུའི་གོ་སྐབས་གང་ནས་བྱུང་ཡོད། སྐབས་དེ་དུས་བསམ་བློ་གོ་ཡངས་སུ་འཛིན་པའི་རྒྱ་འདྲེ་ཁྱོད་ཚོ་གང་དུ་ཡོད། དོན་དངོས་སུ་ལྟ་བ་གོ་ཡངས་སུ་འཛིན་པའི་མིང་ཅན་རྒྱ་འདྲེ་ཁྱོད་ཚོ་ཡང་རྒྱ་འདྲེ་ཡིན་པ་གཅིག་པ་ཡིན།
བོད་པ་ཡོངས་རྫོགས་བསད་ཟིན་པའི་རྗེས་ལ་ཁྱོད་ཚོ་གང་བྱ་རྒྱུ་ཡོད། རྒྱ་མི་རྒྱ་མི་རང་རེད། དེ་ལ་དམར་ནག་གི་ཆ་ཤས་མེད་མདོར་ན་རྒྱ་མི་ནི་བོད་པའི་དགྲ་རེད་དེ་ངེས་པར་དུ་ཤེས་པར་དགོས་བསམ་ཡོད་བོད་པ་རྣམས།
གནམ་ཡག་ལགས།
ངའི་དྲི་བ་འདིཡིན་གཅིག་ཁོ་མོར་འདོན་སྤྲོད་གནང་རོགས་གནང་།
ཞུའུ་ཕེ་ལགས། ཉིད་ཀྱིས་་བཙན་བྱོལ་བོད་གཞུང་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་མིང་དོན་མཚུམས་པའི་རང་སྐྱོང་རྩོད་པ་ནི་སྟག་ལ་སྟག་ལྤགས་སློང་བ་དང་ཁྱད་པར་མེད་ཚུལ་དང་། དོན་དག་དེ་འགྲུབ་མི་སྲིད་པ་ཞིག་རེད་ཟེ་བཤད་འདུག
དེར་རྒྱུ་མཚན་གྱི་གནས་ལུགས་ཁུངས་ལུང་ལྡན་པ་ཞིག་གསུང་ན་ཡོང་གི་རེད་པས། ཐུགས་རྗེ་ཆེ།
ལྷན་རྒྱས་ཕེབས་པར་ཐུགས་རྗེ་ཆེ།
ངས་ཀྱང་པཎ་ཆེན་རིན་པོ་ཆེ་མཆོག་དུག་གིས་བཀྲོངས་པའི་ཐད་གླེང་མོལ་འགྲོ་བཞིན་པ་ཡིན། དེ་མིན་རྒྱ་ཚང་མ་དགྲ་རེད་ཅེས་བསམ་བློ་སུས་ཀྱང་བཏང་ཆོག་པ་ཞིག་ཡིན་མོད། གལ་སྲིད་བོད་ཀྱི་གནད་དོན་གཙང་སེལ་ཡོང་དགོས་ཀྱི་ཡོད་ན། དེ་ནི་བར་ཆད་བཟོ་བྱེད་ཀྱི་སྐད་ཆ་ཞིག་ལས་གཞན་མ་རེད། དེ་ཚང་མས་ཤེས་རྒྱུ་ཧ་ཅང་གི་གལ་ཆེན་རེད་འདོད།
འདོད་ལྷ་ཁམས་པ་ལགས།
ཁྱེད་ཀྱི་དྲི་བ་དེ་མ་རྩོམ་ནང་དུ་ཡོད་པའི་དྲི་བ༼གནམ། རྒྱ་ནག་དམར་ཤོག་གི་སྐད་ཆ་ལྟར་བཤད་ན། ཁྱེད་རང་ནི་གསར་བརྗེ་ཁྱིམ་རྒྱུད་ནས་འཁྲུངས་པའི་བརྒྱུད་འཛིན་པ་དངོས་མ་ཞིག་རེད་ལ། ད་དུང་ང་རང་དང་འདྲ་བར“ང་ཚོ་ཚང་མ་གུང་ཁྲན་རིང་ལུགས་ཀྱི་བརྒྱུད་འཛིན་པ་ཡིན”ཞེས་པའི་གླུ་སྒྲའི་ཁྲོད་དུ་འཚར་ལོངས་བྱུང་མཁན་ཞིག་ཀྱང་རེད། དེ་བས། ངའི་ཀློག་པ་པོ་རྣམས་ལ་ཁྱེད་རང་གིས་ནམ་རྒྱུན་བོད་མི་ཚོར་རྒྱ་ནག་དམར་ཤོག་སྲིད་གཞུང་དང་འབྲེལ་མོལ་གྱིས་བོད་ཀྱི་གནད་དོན་ཐག་གཅོད་གནང་རྒྱུའི་སྟོང་བསམ་དེ་དོར་རོགས་ཞེས་བསམ་ཚུལ་ཞུས་དང་ཞུ་བཞིན་ཡོད་པའི་གཞི་འཛིན་ས་གང་ཡིན་པ་གསུང་ཐུབ་ཀྱི་ཡོད་དམ།༽འདིའི་ལན་ལ་གཟིགས་རོགས།
གནམ་ལོ་ཡག་ལགས་སུ་ཐུགས་རྗེ་ཆེ་ཞུ། ཞུའུ་ཕའེ་ཡིས་རྒྱ་རིགས་ཁྲོད་གཟབ་དགོས་ས་སྐོར་ལ་གོ་རྒྱུ་ཞིག་ཀྱང་བཏང་འདུག ངོ་མ་བདེན་པ་རེད། མོའི་འདོད་པ་ངོ་མ་དེ་མི་རིགས་ཚང་མ་རྡོག་རྩ་གཅིག་སྒྲིལ་བྱས་ནས་དམར་གཞུང་མགོ་རྟིང་སློག་རྒྱུ་དེ་རེད་འདོད། ཨོ་གནམ་ལོ་ལགས། མོ་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་ཚོགས་པའི་མི་འདྲ་ཡིན་རྒྱུ་མ་རེད་པ།
མོ་རང་གིས་རྩ་རླུང་སྦྱོང་བཞིན་ཡོད་པས། རྩ་རླུང་སྒོམ་སྒྲུབ་ཚོགས་པར་འབྲེལ་བ་གང་ལ་གང་འཚམས་འདུག ཡིན་ནའང་། ཚོགས་མི་དངོས་མ་རེད།
དེང་སང་སིད་ནི་གཡས་གཡོན་ན་རང་རེའི་ཆབ་སྲིད་བཙོན་ཟུར་ཚོའི་ཁྲོད་ན་རྒྱ་དམར་གཞུང་ཚབ་ཀྱི་སྐུ་མགྲོན་ལ་འགྲོ་མཁན་མང་དུ་འཕེལ་བཞིན་ཡོད་པ་འདྲ། སྐུ་ཞབས་གནམ་ལོ་ཡག་རྒྱ་དམར་གཞུང་ཚབ་ཀྱི་སྐུ་མགྲོན་ལ་ཕེབས་མཁན་གྲས་ཡིན་ནམ་མི་ཕེབས་ཟེར་མཁན་ཡིན།
སྤོབས་པ་མཐའ་ཡས་ལགས།
མིག་སྔར་མགྲོན་ཤོག་འདྲ་འབྱོར་མ་སོང་། མགྲོན་ཤོག་ཅིག་འབྱོར་བ་ཡིན་ན། དོན་དག་ཁ་ཤས་ལྟ་ས་ཡོད་པ་རེད། གཅིག མགྲོན་འབོད་བྱེད་དོན་ཅི། གཉིས། མགྲོན་དུ་སོང་བའི་འབྲས་བུ། གསུམ། སུའི་ཆེད་དུ་འགྲོ་དགོས་པ། བཞི། ཅི་ཞིག་གི་མིང་ཁུར་ནས་འགྲོ་དགོས་པ་སོགས་ལྟ་བུ་རེད། དེ་བས། དོན་དག་འདི་ལམ་སང་ཁ་ཚོན་གཅོད་ཆོག་ཆོག་ཅིག་ཡོད་པ་མ་རེད།
གནམ་ལོ་ཡག་ལགས།
ས་དེ་གའི་བོད་པས། བོད་པ་ཞིག་དང་རྒྱ་ནག་གཞུང་ཚབ་བར་འགྲོ་འོང་དང་མགྲོན་འབོད་ཀྱི་གླེང་ལྷག་ཡོད་འདུག་པ་དེ་ལ་མཐོང་ཚུལ་གླེང་ཚུལ་གང་འདྲ་ཡོད་མེད་སྐོར་བསྡུས་ཙམ་གསུང་ན་འགྲིག་གམ།
ཨ་སི་ཊི་ལི་ཡའི་བོད་པ་ཞིག་རྒྱ་ནག་གཞུང་ཚབ་ལ་མགྲོན་དུ་སོང་བ་ཙམ་ལ་སྐྱོན་ཆེར་མི་འདུག སོང་ནས་ང་ཚོའི་རྩ་དོན་ལ་གནོད་གཞིའི་ལས་ཀ་བྱས་ཡོད་ན་དེ་མ་འགྲིག་པ་རེད། དེ་འདྲ་བྱུང་ཡོད་པ་རེད་དམ་མ་རེད།
ཨོ་སི་ཊི་ལི་ཡ་ནས་བོད་པ་བོད་ལ་སོང་བ་ལ་དོགས་པ་འདྲ་ཞིག་ཀྱང་བྱེད་ཀྱི་ཡོད་པ་འདྲ། བོད་ལ་སོང་ནས་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཡིན་མདོག་མདོག་གིས་མང་ཚོགས་ལ་མགོ་སྐོར་བཏང་ཡོད་ན་དེ་ཡང་མ་འགྲིག་པ་རེད། འདི་ཚོའི་སྐོར་ལ་ས་གནས་ཀྱི་བོད་པ་ཚོས་ལྟ་སྟངས་གང་འདྲ་ཡོད་པ་རེད་དམ།
གནམ་ལོ་ཡག་འདི་བ་ཡང་ཆབ་སྲིད་བཙོན་ལོག་ཆགས་གྲབས་ཡོད་པཱ། བོད་ནང་གི་ན་གཞོན་ཚོ་ལོག་ལམ་དུ་ཁྲིད་ནས་དབུ་མའི་ལམ་ལ་ཅིག་བཤད་ཁུལ་བྱས་པར་ལྟོས་ན་དགོད་བྲོ་བོ་ཡིན་ཡ།
བོད་དོན་གྱི་ཆེད་དུ་རྒྱ་ནག་གཞུང་ཚབ་ཀྱི་སྐུ་མགྲོན་ལ་སོང་བ་ཡིན་ན་གནས་ཚུལ་ཁ་ཁ་རེད། དེ་མིན་དཀར་ནག་གི་དབྱེ་བ་ཕྱེ་རྒྱུ་ལྷག་མེད་མགྲོན་ལ་སོང་བ་ཙམ་གྱིས་ནག་པོ་ནག་རྐྱང་རེད། མི་ཁག་ཅིག་ནས་དེ་ལ་དབྱེ་བ་མང་པོ་ཞྀག་ཕྱེ་རྒྱུ་ཡོད་པ་ལྟ་བུ་བཤད་བཞིན་པ་ནི་ངོ་མ་ཁྱད་མཚར་རེད། བོད་པ་འདི་ཚོའི་ཁྲོད་ན་ཚ་རྩམ་གྱིས་ལྷུ་དྲིད་མི་ཐུབ་མཁན་ཡང་སྙིང་ཇི་ཙམ་ཡོད་ན།
ལྷན་རྒྱས་ཕེབས་པར་དགའ་ཡོད། ད་རེས་ཀྱི་བརྗོད་གཞི་གོང་དུ་བཀོད་པའི་རྩོམ་ཡིག་འདི་ཡིན་པས། ཚང་མས་བརྗོད་དང་འཚམས་པའི་ལྟ་ཚུལ། དྲི་བ། ཡང་ན། དགག་བཞག་གང་རུང་ལ་དགའ་བསུ་ཡོད།
དེ་མིན་ཨོ་སི་ཁྲི་ལི་ཡའི་མི་སྐོར་ཞིག་རྒྱ་ནག་གཞུང་ཚབ་ཁང་གི་མགྲོན་དུ་སོང་བའི་སྐོར་དུས་བབ་ནང་བཀོད་འདུག་པས། དེར་གཟིགས་གནང་ཡོང་བ་ཞུ།
ལྷན་རྒྱས་ཕེབས་པར་དགའ་ཡོད། ད་རེས་ཀྱི་བརྗོད་གཞི་གོང་དུ་བཀོད་པའི་རྩོམ་ཡིག་འདི་ཡིན་པས། ཚང་མས་བརྗོད་གཞི་དང་འཚམས་པའི་ལྟ་ཚུལ། དྲི་བ། ཡང་ན། དགག་བཞག་གང་རུང་ལ་དགའ་བསུ་ཡོད།
དེ་མིན་ཨོ་སི་ཁྲི་ལི་ཡའི་མི་སྐོར་ཞིག་རྒྱ་ནག་གཞུང་ཚབ་ཁང་གི་མགྲོན་དུ་སོང་བའི་སྐོར་དུས་བབ་ནང་བཀོད་འདུག་པས། དེར་གཟིགས་གནང་ཡོང་བ་ཞུ།
ངས་ཀྱང་རྒྱ་མི་མང་པོ་ཐུགས་མྱོང་ལ་ཁོ་ཚོ་མཉམ་དུ་སྐད་ཆ་ཡང་བཤད་མྱོང་ཡིན་ན་ཡང་བོད་རང་བཙན་སྐོར་གླེང་སྐབས་གདོང་པ་འགྱུར་བ་དང་། རླུང་ལངས་ཀྱི་འདུག ཤེས་ཡོན་ཅན་དེ་ཚོས་ཀྱང་བོད་རང་བཙན་རེད་ཟེར་མཁན་རི་བོང་ར་ལྟ་བུ་རེད། བོད་རང་བཙན་ནི་སྤྲོད་འདོད་གཏན་ནས་མེད་གསལ་པོ་རེད། དེ་གུང་ཁྲན་ཏང་གཅིག་པོ་མིན་པར་རྒྱ་ནག་མི་མང་གི་སེམས་ནང་ལ་ཡང་ཡོད་པ་དངོས་ར་སྤྲོད་ཀྱི་ཡོད། ང་རང་བོད་རང་བཙན་འདོད་མཁན་ཞིག་ཡིན་པས་ཆ་ནས་རྒྱ་མི་ནི་བོད་པའི་དགྲ་ཡིན་ལབ་ཀྱི་ཡོད། མ་འོངས་པར་རྒྱ་ནག་མང་གཙོ་ཆགས་ཀྱང་ཟ་རྔམས་ཆེ་བའི་རྒྱ་མིའི་ལག་ནས་བོད་རང་བཙན་འདིར་མུར་ཐོབ་ཐབས་མེད། ༢༠༠༨ ལོར་རང་དབང་ལུང་པར་ཡོད་པའི་རྒྱ་མི་མང་པོས་༧གོང་ས་མཆོག་ཕྱི་རྒྱལ་དུ་ཕེབས་སྐབས་ངོ་རྒོལ་བྱེད་པ་དང་། བོད་པས་རྒྱ་མིའི་གཞུང་ཚབ་མདུན་དུ་སྐད་འབོད་བྱ་སྐབས་ཀྱ་རུབ་ནས་ཉེས་གདུང་གཏོང་བ་དང་། རྒྱ་དམར་གྱི་རྒྱལ་དར་ཕྱར་ནས་གང་འདྲ་ངར་པོ་བྱས་སོང་། དེ་དག་མང་ཆེ་བ་རྒྱ་ནག་ནང་རང་དབང་མིན་འདུག་ཟེར་ནས་ཕྱི་རྒྱལ་ལུང་པ་ཁག་ཏུ་སྲིད་དོན་གྱི་སྐྱབས་བཅོལ་ཞུས་པ་རྣམས་རེད། བོད་དོན་ཐོག་ལ་ཐུག་དུས་ཁོང་ཚོས་གང་བྱས་ནས་རང་ལ་སྡུག་པོ་གཏོང་མཁན་རྒྱ་ནག་དམར་ཤོག་གཞུང་གི་རྒྱབ་ཏུ་ལངས་ཀྱི་ཡོད་དམ། རྒྱ་མི་དེ་དག་ལ་ང་ཚོས་བོད་རང་བཙན་རྩོད་ཀྱི་མེད་རྒྱ་བོད་གཉིས་ཕན་གྱི་དབུ་མའི་ལམ་གྱི་ཐོག་ནས་བོད་དོན་ཐག་གཅོད་བྱ་ཡི་ཡོད་ཚུལ་འགྲེལ་བཤད་རྒྱག་དུས་འབྱམས་ཐིང་ངེ་འགྲོ་སོང་།
དེ་ང་རང་གི་སེམས་ཚོར་ཙམ་ཡིན།
གནམ་གྱི་དྲི་བའི་ནང་དུ། ༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་དང་༸པཎ་ཆེན་སྐུ་ཕྲེང་བཅུ་པ་གཉིས་རྟོགས་པ་མཐོ་ལོས་ཀྱི་དྲི་བའི་དྲི་མ་ཙམ་མེད་ཀྱང་། གོ་སྐབས་ཤིག་བཟུང་ནས་རྒྱ་མོས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་རྟོགས་པ་མེད་ཚུལ་གླེང་ནས་༸གོང་ས་མཆོག་ལ་བསྟོད་ཁུལ་གྱིས་༸པཎ་ཆེན་སྐུ་ཕྲེང་བཅུ་པར་མཚན་སྨད་ཞུས་འདུག དེ་ནི་གུང་ཁྲན་གྱིས་བོད་མི་ནང་ཁུལ་གྱི་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་ཀྱི་སྲིད་ཇུས་གཙོ་བོ་ཞིག་ཡིན། བོད་མི་ཚང་མས་དེ་རིགས་ལ་གཟབ་དགོས།
༸རྒྱལ་བ་༸པཎ་ཆེན་ཡབ་སྲས་གཉིས་ནི།
༸རྒྱལ་མཆོག་སྐལ་བཟང་རྒྱ་མཚོས།
བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་མེད།
སྲས་ཀྱི་ཐུ་བོ་འཕགས་མཆོག་སྤྱན་རས་གཟིགས།
དྲིན་ཅན་རྩ་བའི་བླ་མའི་སྐུར་བཞེངས་པ།
༸རྒྱལ་མཆོག་ཡབ་སྲས་གཉིས་ལ་གསོལ་བ་འདེབས། ཞེས་གསུངས་པ་ལས་ལྷག་པ་འགྲེལ་མི་དགོས་སོ།
སྐྱི་རྩི་ལགས།
ཁྱོད་ཀྱི་གླེང་སློང་དེ་ཧ་ཅང་ཡག་པོ་རེད་ལ། ཁག་ཅིག་བདེན་པའང་རེད།
དེང་གི་བར་དུ་བོད་ལ་རང་བཙན་གྱི་ཐོབ་ཐང་འདུག་ཅེས་བརྗོད་མཁན་རྒྱ་མི་གཅིག་བྱུང་བ་དེ་ཚའོ་ཁྲང་ཆིང་རེད་ལ། བོད་ཀྱི་རྒྱལ་ཁབ་སླར་གསོ་ཞེས་ལོ་རྒྱུས་དང་ཐོབ་ཐང་གཉིས་ཀ་ངོས་ལེན་གནང་མཁན་ཡོན་ཧོང་པེན་རེད། ཁག་ཅིག་གིས་རང་ཐག་རང་གཅོད་ངོས་ལེན་བྱེད་ཀྱི་ཡོད། ཡིན་ནའང་། མང་ཆེ་བ་སྐྱི་རྩིའི་བཤད་པ་ལྟར་རེད། འོན་ཀྱང་། ང་རང་ཚོའི་ངོས་ནས་ཕར་བཤད་སྟངས་མ་ཤེས་པའི་ནོར་འཁྲུལ་ཡང་གང་མང་ཞིག་འབྱུང་གི་ཡོད་པས། དཔེར་ན། རང་ཐག་རང་གཅོད་བཤད་སྐབས། གུང་ཁྲན་ཏང་གིས་རྒྱལ་སྤྱིའི་ཡིག་ཆ་གལ་ཆེན་གཉིས་ལ་མིང་རྟགས་བཀོད་ཡོད་པ་དང་དེའི་ནང་གི༼དཔལ་འབྱོར། སྤྱི་ཚོགས། རིག་གནས་ཐོབ་ཐང་གི་སྤྱི་ཆིངས༽ལག་བསྟར་བྱེད་ཡོད་ལ། དེའི་དོན་ཚན་དང་པོ་རང་ཐག་རང་གཅོད་ཀྱི་སྐོར་ཡིན། དེ་བས། གུང་ཁྲན་ཏང་གིས་ཀྱང་ཁས་ལེན་བཞིན་པ་ཞིག་དམངས་གཙོ་བ་ཞིག་གིས་འགོག་སྲིད་ཀྱི་མ་རེད་ཅེས་ལབ་པ་ཡིན་ན། ད་གཟོད་མ་འདོད་ཀྱང་རིམ་པས་འགྱུར་བ་གཏོང་ཐུབ་ཀྱི་འདུག
གཞན་དེ་ཕྱི་ལོ ༢༠༠༨ལོའི་ངོ་རྒོལ་གྱི་སྐོར་རེད། དེ་གཙོ་ཤུགས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གིས་གཞུང་ཚབ་ཁག་བརྒྱུད་ནས་དངུལ་བཏང་བའི་ཕྱི་སྡོད་རྒྱ་མིའི་ཚོགས་པ་ཁག་གིས་བསྒྲུབས་ཡོད་པ་དང་། དེར་ཞུགས་མཁན་མང་ཆེ་ཤོས་རྒྱ་ནག་ནས་ཡོང་མཁན་སློབ་ཕྲུག་རེད། སློབ་ཕྲུག་ཁག་ལའང་བསྐུལ་སློང་རིམ་པ་གཉིས་ནས་ཡོང་ཅིང་། གཅིག་ནས་ཕྱི་སྡོད་ཚོགས་པ་ཁག་གིས་དངུལ་བཏང་ནས་བསྐུལ་སློང་དང་། གཉིས་ནས་རྒྱ་ནག་གཞུང་གིས་སློབ་ཕྲུག་མང་ཆེ་བའི་ཕ་མ་བརྒྱུད་ནས་བསྐུལ་སློང་བྱས་འདུག
དམངས་གཙོ་དོན་གཉེར་མཁན་ཞིག་ངོ་རྒོལ་འདིར་ཞུགས་པའི་ལོ་རྒྱུས་ངས་ཤེས་མ་སོང་། ཞིབ་ཕྲ་ཤེས་ན་ཁ་གསལ་གཏིང་གསལ་གྱིས་བཤད་དགོས་པ་རེད་མ་གཏོགས་རྙོག་དྲ་མི་འགྱུར་བའི་ངེས་པའང་མེད་སྙམ།
རྒྱ་དུང་ཕྱུར་མང་པོའི་ནང་ནས་བོད་རང་ལ་རྒྱབ་སྐྱོར་བྱ་མཁན་རྒྱ་མི་གཅིག་ལས་མེད་པ་དེས་རང་བཙན་དོན་གཉེར་བ་ཞིག་ཡིན་ན་ད་རྒྱ་མིར་རེ་བ་བཅོལ་ནས་དངོས་གྲུབ་འདྲ་ཞིག་འཐོབ་རྒྱུ་ཨེ་ཡོད་དམ།
གནམ་ཡག་ལགས།
ཁྱེད་ཀྱིས་ངའི་ཚབ་བྱས་ནས་ཞུའུ་ཕེ་ལ་དྲི་བ་འདི་བཀོད་པ་མ་བརྗེད་རོགས།
ཞུའུ་ཕེ ཁྱེད་ནས་འཇར་མན་སྐད་ཤེས་གིན་ཡོད་ཙང་དམར་པོའི་རིང་ལུགས་སྲོལ་འབྱེད་མཁན་པོ་མ་ཁེ་སི་ཁོང་གི་ལྟ་གྲུབ་དང་ལོ་རྒྱུས་ཀློག་ཡོད་ཤག གལ་སྲིད་བཀླགས་ཡོད་ཚེ་ཉིད་ཀྱི་སེམས་སུ་དམ་པ་མ་ཁེ་སི་ལ་འཛིན་པའི་དགོངས་ཚུལ་ག་འདྲ་འདུག་ལགས་ཟེ་ཞུ་གི་ཡིན།
སྐྱུ་རྩི་ལགས། རེད་ཡ། ཡིན་ནའང་། ཤིང་རྟའི་སྲོལ་འབྱེད་གཅིག་རེ་མ་གཏོགས་བྱུང་གི་མེད་ཅིང་། རེ་རེ་ཡི་ཤུགས་རྐྱེན་ག་ལེར་ཤོག་བུ་སྣུམ་ཟོས་ཀྱི་དཔེ་རུ་འགྲོ་བ་ཞིག་ཡིན།
ཕྱོགས་གཞན་ཞིག་ནས་བཤད་ན། བོད་པ་རང་ངོས་ནས་རྒྱ་ནག་པར་བོད་རང་གི་ལོ་རྒྱུས་ཡང་དག་ཅིག་ངོ་སྤྲོད་བྱེད་ཐུབ་མེད་པར་ཡང་ཐུག་ཡོད། དཔེར་ན། རྒྱུ་མཚན་ཡང་དག་མི་འགོད་པར་༼རྒྱ་མི་བོད་ནས་ཕར་རྒྱུགས༽ཞེས་པ་ལྟ་བུ་ཡིན་ལ། ཕར་རྒྱུགས་དགོས་ན་དགོས་སྟངས་ངོ་འཕྲོད་ཐུབ་པ་ཡིན་ན་ད་གཟོད་རེ་བ་ཡོད་པ་རེད།
ལྷ་སྡེ་གནམ་ལོ་ཡག་ལགས།
ཚའོ་ཀྲང་ཅིང་གི་བོད་རང་དབང་ལ་རྒྱབ་སྐྱོར་བྱས་ནས་ལོ་ངོ་གང་མང་ཕྱིན་ཚར་བ་རེད། ཤོག་བུ་ནི་སྣུམ་གྱིས་གང་ཡང་ཟོས་མེད། བོད་རང་བཙན་གྱི་ཆེད་དུ་རྒྱབ་སྐྱོར་བྱ་མཁན་རྒྱ་མི་ད་ལྟ་ཡང་ཁོང་རང་གཅིག་པོ་རེད། དེས་རྒྱ་ནག་མི་མང་གི་འདོད་རྔམ་དེ་མཚོན་པ་རེད། རྒྱ་ནག་ནང་དུ་ཡོད་པའི་རྒྱ་མི་རྣམས་རྒྱ་དམར་གཞུང་གི་གཡོ་འོག་ཏུ་ཚུད་པའི་གསལ་བཤད་བྱས་ཆོག་ཀྱང་གོ་ལའི་སྟེང་གི་ཡག་སྡུག་གི་ཤེས་བྱ་ཕྲ་རག་ཀུན་ལ་སྦྱང་རྒྱུའི་གོ་སྐབས་དང་རང་དབང་ཆ་ཚང་ཡོད་པའི་ཕྱི་སྡོད་རྒྱ་མི་རྣམས་ཟ་གང་བརྒྱབ་པ་རེད།
བོད་པ་རང་གི་ངོས་ནས་ཀྱང་དངོས་ལྐོག་རྒྱུད་གསུམ་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ངོ་མ་ངོ་སྤྲོད་བྱས་པ་གྲངས་མེད་ལ་བྱེད་བཞིན་པ་ཡང་ཡིན། ཕྱི་སྡོད་རྒྱ་མི་རྣམས་རྣ་བ་འོན་པ་དང་། མིག་ལོང་མིན་ན་མཁྱེན་ངེས་རེད། དབྱིན་ཇི་མགོ་སེར་མང་པོ་ཞིག་བློ་གཟུ་བོར་གནས་པ་ཡིན་པས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་མང་པོ་སྔ་ནས་ཤེས་ཏེ་བོད་རང་བཙན་ཡིན་པར་འདོད་པ་དང་། སྐད་འབོད་སོགས་ལ་ཡང་མཉམ་བཞུགས་བྱེད་ཀྱི་འདུག
རྒྱ་མི་བོད་ནས་ཕར་རྒྱུགས་ཤིག་ཅེས་པ་དེ་ཡང་རྒྱུ་མཚན་ངག་དག་ཡིན་རྒྱ་མི་བོད་ལ་སྡོད་པའི་ཐོབ་སྟངས་མེད་པས་ན་བདག་པོ་ངོ་མ་བོད་པ་ཡིན་པས་ཁྱེད་ཚོ་ཕར་རྒྱུགས་ཤིག་ཅེས་སྐད་འབོད་སྒྲོག་པ་ཡིན།
ནམ་རྒྱུན་ལུགས་སྲོལ་ཞིག་ལ་མི་མང་ཁྲོམ་སྐོར་སྐབས་སུ་ཚིག་གནད་ལ་འཁེལ་བ་དང་། དོན་བསྡུས་པ་རྣམས་སྐད་སངས་མཐོན་པོའི་སྒོ་ནས་སྒྲོགས་པ་ལས་རྒྱལ་རབས་ལོ་རྒྱུས་དེབ་ཆེན་ཡོངས་རྫོགས་སྐྱོར་ནས་འགྲོ་མཁན་ཞིག་མཐོང་མ་སོང་། ནམ་རྒྱུན་སྐད་འབོད་དང་། ཁྲོམ་སྐོར་ལ་ཕེབས་མྱོང་མེད་ན་མཁྱེན་གྱི་མ་རེད།
སྐྱུ་རྩི་ལགས།
ད་རེས་ཁྱེད་རང་ནོར་བ་རེད། ཚའོ་ཁྲང་ཆིང་གིས་བོད་ལ་རང་བཙན་ཐོབ་ཐང་འདུག་ཅེས་པ་ལས་འཕྲོས་པའི་རང་ཐག་རང་གཅོད་ལ་རྒྱབ་བསྐྱོར་གནང་མཁན་ཁག་ཅིག་བྱུང་ཡོད། དེའི་ནང་ནས་སློབ་དཔོན་ཆེན་མོ་ཡན་ཧོང་པེན་མཆོག་གིས་ན་ནིང་སུད་སི་ནས་བསྐོང་འཚོགས་གནང་བའི་རྒྱ་བོད་ཚོགས་ཆེན་སྒང་ནས་བོད་ལ་རང་ཐག་རང་གཅོད་ངེས་པར་དུ་སྟེར་དགོས་ཀྱི་འདུག་ཅེས་ནན་བརྗོད་བྱས་ཡོད་ནའང་། བོད་མིས་གདན་འདྲེན་གནང་བའི་ཚོགས་ཞུགས་རྒྱ་མི་ཕར་ཞོག་བོད་མི་ཚོས་ཀྱང་ཁོ་བོར་རྒྱབ་བསྐྱོར་གནང་མི་འདུག་པས། རྒྱ་མི་ཚོས་ཡོན་ཧོང་པེན་ལ་བོད་པ་རང་ཉིད་ལ་རང་ཐག་རང་གཅོད་དགོས་ཀྱི་མེད་དུས་ང་ཚོ་རྒྱ་མིའི་ངོས་ནས་ཁོང་ཚོར་ཕར་ཨེ་དགོས་ཞེས་བཤད་མི་རུང་ཞེས་མཐའ་མཇུག་གི་མཉམ་འབྲེལ་གསལ་བསྒྲགས་ནང་རང་ཐག་རང་གཅོད་འགོད་ཐུབ་ཡོད་པ་མ་རེད། འདི་གཅིག་རེད།
གཞན་དེ་དེང་སྐབས་བོད་མིས་རྒྱ་མིར་འབྲེལ་བ་འཛུགས་དོན་ཅི་རེད། ངས་བལྟས་ན་བོད་མི་རང་ཉིད་ལ་བདེན་པ་ཡོད་ཀྱང་སྟོབས་ཤུགས་ཀྱིས་འདང་གི་མེད་པས། བོད་ས་བཙན་འཛིན་བྱེད་མཁན་རྒྱ་མི་ཡིན་ཙང་བདེན་པ་ངོ་སྤྲོད་དང་འབྲེལ་ནས་རྒྱབ་བསྐྱོར་ཨེ་རེག་ལ་ལྟ་ཀི་ཡོད་པ་རེད། གལ་སྲིད་རྒྱ་མིའི་རྒྱབ་བསྐྱོར་རེག་དགོས་ཀྱི་ཡོད་ན། བདེན་པ་ངོ་སྤྲོད་མ་བྱས་པའི་ཡར་སྔོན་ནས་ཕར་རྒྱུགས་ཞེས་ན་རྒྱབ་བསྐྱོར་རེག་གི་ཨེ་རེད། རྒྱབ་བསྐྱོར་མ་རེག་པ་ཡིན་ན། འདས་པའི་ལོ་ངོ་ལྔ་བཅུ་ལྷག་གི་རིང་མ་ཎི་བགྲང་བགྲང་བྱས་པའི་རྒྱ་མི་བོད་ནས་ཕར་རྒྱུགས་ཞེས་པ་བསྐྱོར་ནས་སྡོད་དགོས་ཀྱི་ཡོད་ལ། གཅིག་བྱས་ན་མི་སྐོར་ཞིག་ལ་ཁེ་བཟང་རེག་སྲིད་མོད། བོད་དོན་ཐག་གཅོད་ཡོང་བར་རེ་བ་རྒྱག་མཁན་ཞིག་ལ་གནོད་པ་ལས་ཕན་པ་སྤུ་ཙམ་ཡང་མེད།
འདོད་ལྷ་ཁམས་པ་ལགས། ཉིད་ཀྱི་དགོངས་ཚུལ་གནད་ལ་འཁེལ་ཞིང་དུས་སུ་བབས་པ་ཞིག་ཡིན་པས་འབུམ་རམས་པར་བཏང་ཟིན། ཉིན་ཤས་ཀྱི་རྗེས་ནས་ལན་ཁ་གསལ་ཞིག་ཨེ་རེག་ལ་རེ་བ་རྒྱག་གི་ཡོད།
བོད་པའི་བདེན་པ་ངོ་མ་དེ་རྒྱ་མིར་ངོ་སྤྲོད་དགོས་ན་རྒྱ་མི་བོད་ནས་ཕར་འགྲོ་དགོས་པ་དེ་རང་རེད། དེའི་ཐོག་ལ་ང་ལ་ནོར་འཁྲུལ་གང་ཡང་མེད་ལ་ང་ལ་དེ་ལྟར་ལབ་ཐུབ་པའི་སྤོབས་པ་ཡོད། གནས་ཚུལ་ངོ་མ་ནི་དེ་རང་། དཔེར་ན་གནམ་སྡེ་ཁྱེད་རང་གི་ཁང་པ་མི་གཞན་བཙན་བཟུང་བྱས་ན་དེ་ནི་མི་དེའི་འདོད་རྔམས་ཀྱི་དབང་གིས་བྱུང་བ་རེད། ཁྱེད་རང་ནས་ཕར་རྒྱུགས་་མ་གསུངས་པར་ཁྱེད་རང་འདིར་བཞུགས་ངས་སྤོས་ཆོག་གསུངས་རྒྱུ་ཡིན་ནམ།
མ་གཞི་སོ་སོ་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་རྒྱལ་རབས་གསུང་རྒྱུ་ཡོད་ན་དྲང་བདེན་གྱི་ཐོག་ནས་རྒྱ་མི་ངོ་ཤེས་རྣམས་ལ་གསུངས་ན་འགྲིག་པ་རེད། དེ་མིན་སོ་སོའི་མི་རིགས་ཀྱི་མ་འཇོན་པ་ཁོ་ན་གསུངས་ན་རང་ཉིད་ཤེས་ཡོན་པ་ཞིག་ཡིན་པའི་དགོས་པ་དངོས་དེ་བརླག་པ་མིན་ནམ།
སྐྱུ་རྩི་ལགས།
འདས་པའི་ལོ་ངོ་ལྔ་བཅུ་ལྷག་གི་རིང་དེ་ལྟར་སྐད་འབོད་བྱས་ནས་ཡོང་བ་རེད། ད་ལྟ་རྒྱ་མི་ཕར་རྒྱུགས་པ་ཕར་ཞོག་མང་ནས་མང་དུ་འགྲོ་བཞིན་པའི་ཁར། འབྲས་བུ་གང་ཡང་ཐོན་ཐུབ་མེད་པས། ཚོར་བ་ཙམ་གྱི་རྗེས་སུ་འཇུག་ལྡོག་གིས་ཅི་ཡང་མི་ཕན་པ་གསལ་བོ་ཆགས་ཡོད། དེ་བས། ད་ལྟ་རྒྱ་མིར་འབྲེལ་བ་བྱེད་ཀྱི་ཡོད་པ་རེད་ལ། བདེན་དོན་ངོ་སྤྲོད་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་། ཁྱེད་རང་ལ་འདས་པའི་ལོ་ལྔ་བཅུའི་རིང་དུ་མ་འགྲུབ་པ་ཞིག་འགྲུབ་སྲིད་པའི་གདེངས་ཚོད་ཡོད་ན། དེའི་རྒྱབ་རྟེན་ཅི་ཡིན་མ་གསུང་བ་ཡིན་ཚེ་དེ་ནི་ཚོར་བ་ཙམ་རེད་མ་གཏོགས་བོད་ལ་ཕན་ཐོགས་ཡོད་པ་ཞིག་ཏུ་མཐོང་སྲིད་ཀྱི་མ་རེད།
palestine རྣམས་ལོ་མང་རིང་། Israel འབྲེལ་བ་བྱས་ཀྱང་གྲུབ་འབྲས་མ་ཐོབ་པར་སོང་། ཉེ་ཆར་ནང་ཁུལ་འབྲེལ་བ་སྤང་ནས་palestine མཉམ་འབྲེལ་རྒྱལ་ཚོགས་ལ་སོ་སོ་རང་བཙན་ཡིན་པའི་སྙན་ཞུ་ཕུལ་ཡོད། མཉམ་འབྲེལ་རྒྱལ་ཚོགས་ནས་དང་ལེན་གྱིས་དེང་སྐབས་བགྲོ་གླེང་བྱེད་བཞིན་པའི་སྒང་ཡིན། ལོ་ངོ་ལྔ་བཅུ་ལྷག་རྒྱ་དམར་ལ་འབྲེལ་བ་བྱས་ཀྱང་གྲུབ་བྱུང་མེད་པ་ང་ཚོས་ཀྱང་དགྲ་བོར་འབྲེལ་བ་མཚམས་འཇོག་གིས་ཐབས་ལམ་གཞན་པ་ཞིག་གི་ཐོག་ལ་བསྐྱོད་མི་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ། ལམ་གཅིག་གི་ཐོག་ལ་ཕྱིན་ནས་སླེབས་ཀྱི་མེད་ན་ལམ་གཞན་པ་ཞིག་བརྒྱུད་ནས་སླེབས་ཐབས་བྱེད་པ་ནི་འགྲོ་བ་མིའི་ཆོས་ཉིད་ཡིན།
གནམ་སྡེ་ལགས་ཁྱོད་ནི་ཤོད་ཕོད་པ་དང་བྱེད་ཕོད་པའི་ཕོ་རྒོད་ཅིག་ཡིན་པ་ངས་ཤེས་ཀྱི་ཡོད། དེ་སྔོན་ཀུན་གཟིགས་མཆོག་རྒྱ་དམར་ནས་སྐུ་བཀྲོངས་པའི་སྐོར་ལ་དྲ་རྒྱ་འདིའི་ནང་ང་གཉིས་ཡུན་རིར་བསམ་ཚུལ་བརྗེ་རེས་བྱས་པ་ཡིན། ཡིན་ན་ཡང་མི་འདྲ་བ་ལ་བསམ་ཚུལ་མི་འདྲ་བ་ཡོད་པ་ཡང་ངོས་འཛིན་དགོས།
ཨ་རོག་ལྷ་སྡེ་གནམ་ལོ་ཡག།
རྒྱ་མིར་ད་བར་བཟང་འབྲེལ་ངན་འབྲེལ་ཚང་མ་བྱས་ཟིན་པས་མཁྱེན་རྒྱ་ཆེན་པོ་རེད། བོད་ནང་རྒྱ་མི་མེད་ན་ཨ་རོག་གནམ་ལ་མེད་དུ་མི་རུང་བ་སྐྱུ་རྩིས་མཁྱེན་མེད་མི་འདུག
སང་ཉིན་ནས་ཨ་རོག་གནམ་ལོ་ཁྱོད་རང་རྒྱ་མི་བོད་དུ་བཞུགས་རོགས། གཏན་ནས་གཏན་དུ་བཞུགས་རོགས། ཟེར་སྐད་འབོད་སྐྱོན་རོགས། དེ་ནི་ལྷ་སྡེ་གནམ་ལོ་ཡག་གི་སེམས་གཏིང་གི་འབོད་སྒྲ་ཡིན།
རྒྱ་མི་བོད་དུ་བཞུགས་རོགས།
གཏན་ནས་གཏན་དུ་བཞུགས་རོགས།
ལྷ་སྡེ་གནམ་ལོ་ཡག་ནས།
རྒྱ་བོད་ཞི་འགྲིག་ཡོང་ཐབས་སུ་ད་བར་རྒྱལ་བ་རིན་པོ་ཆེས་རྒྱལ་སྤྱིའི་ཚོགས་ར་དང་། ལྷག་པར་རྒྱ་ནག་གཞུང་དང་བཀའ་མོལ་གནང་བར་སྐུ་ཚབ་མངགས་གཏོང་གནང་བ་སོགས་མཛད་ཡོད་ཀྱང་། ད་བར་རྒྱ་མིས་གྲུབ་འབྲས་ཐོན་པའི་ཡ་ལན་སྤྲད་མེད་པ་ཚང་མས་མཁྱེན་གསལ་རེད།
དེ་བས་ཡན་ཧོང་པེན་གྱིས་བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲོད་དབང་མེད་པས་ཧང་སངས་དགོས་དོན་གང་ཡང་མེད།
དེ་ནི་ཁྱེད་ཀྱིས་གསུངས་པ་བཞིན། བོད་ལ་བདེན་པ་ཡོད་ཀྱང་སྟོབས་ཤུགས་ཆུང་བས་ཐོག་མར་རྒྱ་དམར་གྱིས་བོད་བཙན་བཟུང་བྱས་པ་ནས་བཙན་དབང་ཁོ་ནས་ད་བར་བདེན་པ་རྩིས་མེད་གཏོང་བཞིན་ཡོད་པ་ཁྱེད་ཀྱིས་ཤེས་འདུག
རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་རྒྱ་ནག་མི་མང་གིས་གསལ་ཤོས་ཤེས་ཀྱི་ཡོད་པར་ང་ཚོས་འགྲེལ་བརྗོད་བྱེད་དགོས་ཟེར་བ་དེ་ནི་ཕྱིར་སྡོད་རྒྱ་མི་ལྟོ་འཚོལ་བ་རེ་ཟུང་གིས་བོད་པར་མགོ་སྐོར་གཏོང་ཆེད་ཀྱི་བརྗོད་ཚིག་ཞིག་ཡིན། དེར་ང་ཚོས་ཀྱང་ལད་མོ་བྱེད་དགོས་དོན་གང་ཡང་མ་མཆིས།
དེ་ལས་ད་ལྟ་བོད་ནང་བོད་མི་ཚོས་རྒྱ་ནག་གཞུང་དམངས་གཉིས་ཀར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་བཞིན་པ་ཁྱོད་ཀྱིས་ཀྱང་ཤེས་ཡོད་ཚོད་རེད།
༡༽དྲ་གྲོགས་ལྷ་སྡེས་རྒྱ་མོ་ཤེས་ཡོན་ཅན་ཟེར་བ་དེར་བོད་དོན་སྐོར་དྲི་བ་དྲིས་ལན་གྱིས་བགྱིས་པའི་ངལ་བ་བརྟེན་པ་དེར་ཡི་རངས་ཡོད།
༢༽བཙན་བྱོལ་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལྟ་བ་མཁྲེགས་འཛིན་ཅན་གྱི་གཡས་ཕྱོགས་ཤོག་ཁག་དང་།གཡོན་ཕྱོགས་མཐུན་ཕྱོགས་ཤོག་ཁག་གཉིས་ཡོད་པ་ལས་ལྷ་སྡེ་ཁྱེད་ཀྱི་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་ཐད་རྒྱུན་གཏན་རྩོམ་དང་མཆན་བུར་སྤེལ་ཕྱོགས་ལ་གཞིགས་ན་ཆབ་སྲིད་ཐད་ཀྱི་ལྟ་བ་མཁྲེགས་འཛིན་ཅན་ནམ་གཡས་ཕྱོགས་རིང་ལུགས་པ་རེད་ཅེས་བརྗོད་ཆོག་མོད།ད་ཐེངས་རྒྱ་མི་རིགས་ལ་དེ་ལྟའི་འབྲེལ་བ་བྱེད་དོན་གང་ཡིན་ནམ།
མུ་མཐུད་མཇལ་ཡོང་།
ཡ་ཡ། རྣམ་པ་གཉིས་ཀ་ཡང་དུ་བསྐྱར་དུ་ཕེབས་པར་ཐུགས་རྗེ་ཆེ། སྒོས་སུ་ཕྲན་ནས་རྒན་ལགས་ཀྱིས་སྐྱུ་རྩི་མཚན་ལ་བཀོལ་བཞིན་པ་ཤེས་མེད།
དྲང་མོར་བཤད་ན། ངས་ད་རེས་བཅར་འདྲི་བྱེད་དོན་ཡང་བོད་ནང་དུ་ཡོད་པའི་རྒྱ་མི་ཅི་ཞིག་བྱེད་དགོས་མིན་ལ་བོད་མིའི་ཁྲོད་དུ་བགྲོ་གླེང་ཡོང་ཆེད་ལ་དམིགས་ཡོད། རྒྱུ་མཚན་གསུམ་ཡོད།
༡ དབུས་གཙང་གི་ཕྱོགས་སུ་འདས་པའི་ལོ་རྒྱུས་ནང་རྒྱ་མི་ཧ་ལམ་མེད་ཅེས་ནའང་མ་ཆོག་པ་མེད་མོད། ཁམས་དང་ཨ་མདོའི་ནང་དུ་མང་བོ་ཡོད་པ་རེད། དཔེར་ན། ཁམས་པས་རྒྱ་དར་རྩེ་མདོ་ཟེར་དོན་ཡང་དེར་ཐུག་ཡོད་ལ། ཨ་མདོའི་ནང་དུ་ཐ་ན་རྒྱལ་བ་རིན་པོ་ཆེ་ཡི་འཁྲུངས་གཞིས་ཀྱང་རྒྱ་འགྱུར་བཞིན་ཡོད་པ་དང་། རྒྱ་མ་བོད་ཅེས་པའི་ཚིག་ཅིག་ང་ཆུང་དུས་ནས་གོ་མྱོང་ལ་སོང་ཡོད།
༢ བོད་པའི་འཐབ་རྩོད་འདི་ཞི་བར་བརྟེན་ཡོད་པ་དང་ཞི་བ་དེའང་མགོ་བསྐོར་ཡིན་མིན་ལ་མ་བལྟོས་པར་རྒྱལ་སྤྱིའི་ཁྲིམས་ལ་གཏུགས་ཀྱི་ཡོད་པ་རེད། དེ་ལ་གཏུགས་ཀྱི་ཡོད་པས། རྒྱལ་སྤྱིའི་ཁྲིམས་ནང་ལོ་ངོ ༥༠བརྒལ་ཟིན་པའི་ཕྱི་ཡོང་མི་རིགས་ཀྱང་ཡུལ་མི་ཆགས་ཀྱི་ཡོད་པ་རེད།
༣ བོད་ནང་རྒྱ་མི་ཙམ་མ་ཡིན་པར་སོག་རིགས། ཧོར་རིགས། ཟ་ལར་རིགས། ཁ་ཆེ་དང་གཞན་དག་ཀྱང་མང་བོ་ཡོད་པ་རེད། དེ་བས། འདི་དག་ཚང་མ་སྟོབས་ཤུགས་སུ་བསྒྱུར་རྒྱུ་ཡིན་ནམ་བཀག་རྡོར་བསྒྱུར་རྒྱུ་ཡིན། གལ་སྲིད་བོད་དོན་འགྲུབ་དགོས་ཀྱི་ཡོད་ན། ཕྲན་གྱི་ལྟ་སྟངས་ལྟར་ན་སྟོབས་ཤུགས་སུ་བསྒྱུར་རྒྱུ་གལ་ཆེན་རེད་ལ། སྟོབས་ཤུགས་སུ་བསྒྱུར་བར་ཐོག་མར་བོད་མི་ནང་ཁུལ་དུ་བགྲོ་གླེང་གིས་ལྟ་སྟངས་གཅིག་གྱུར་ཡོང་རྒྱུ་གཙོ་བོ་ཆགས་ཡོད།
ད་ཚང་མས་མུ་མཐུད་དུ་དགོངས་ཚུལ་གསུང་རོགས་མཛོད།
ཐུགས་རྗེ་ཆེ། གནམ་ཡག་ལགས།
ཉིད་ཀྱིས་ངལ་བར་མ་འཛེམ་པར་ངའི་དྲི་བ་ཞུའུ་ཕེ་ལགས་སུ་བཀོད་གནང་མཛད་པར་བཤའ་དྲིན་ཆེ།
གལ་ཏེ་ཞུའུ་ཕེ་གིས་དྲི་བ་དང་པོར་ལན་འདེབས་ཕེབས་པ་ཡིན་ན་ད་རུང་དྲི་བ་གཉིས་པ་དང་གསུམ་མུ་མཐུད་ཡོད།
རྣམ་པ་ཚོའི་བགྲོ་གླེང་ལའང་ཀློག་སྤྲོ་འདུག
དགོངས་དག བཤའ་དྲིན་དེ་བཀའ་དྲིན་ལ་བཅོས་རོགས
དེར་བཀའ་དྲིན་ཆེ་གསུང་དགོས་ཡ་མི་འདུག དྲི་བ་ཡོད་ན་འདིར་འཇོག་རྐྱང་གནང་རོགས།
དུས་ཚོད་ཀྱི་དབང་གིས་ད་བར་རིན་ཐང་ཅན་གྱི་གཅར་འདྲི་འདི་ཀློག་མ་ཐུབ། ང་ཚོར་རྒྱ་ཡིག་ཤེས་པའི་ཤེས་ཡོན་པ་ཞིག་ཡོད་པར་ཡོད་གོ་ཆོད་འདུག་པས་གནམ་ལོ་ཡག་མཆོག་ལ་བཀའ་དྲིན་ཆེ་ཞུ། འདིར་ཁོ་མོར་སྐད་ཆ་ཞིག་འདྲི་འདོད་པ་ནི། ང་ཚོས་རྒྱ་བོད་ཀྱི་གནད་དོན་དེ་ཞི་བ་དང་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡོད་ལ། ཁྱོད་ལྟར་ན་རྒྱ་ནག་སྲིད་གཞུང་ལ་འབྲེལ་གཏུག་རྦད་གཅོད་ཀྱིས་དོན་དག་སྒྲུབ་དགོས་པ་དེ་རེད། འོ་ན། ཕན་ཚུན་འབྲེལ་གཏུག་དང་གྲོས་མོལ་མ་བྱས་པར་དོན་དག་ཇི་ལྟར་སྒྲུབ་རྒྱུ་ཡིན་ནམ། འདི་དྲི་བ་གཅིག་ཡིན། གཞན་གཅར་འདྲི་འདི་བཀླགས་པའི་ཚོར་སྣང་མང་བོ་ཞིག་སླེབས་བྱུང་བས། མི་རིང་བར་ཟིན་ཐོར་བཀོད་དེ་འབུལ་རྩིས་ཡོད།
དུས་ཚོད་ཀྱི་དབང་གིས་ད་བར་རིན་ཐང་ཅན་གྱི་གཅར་འདྲི་འདི་ཀློག་མ་ཐུབ། ང་ཚོར་རྒྱ་ཡིག་ཤེས་པའི་ཤེས་ཡོན་པ་ཞིག་ཡོད་པར་ཡོད་གོ་ཆོད་འདུག་པས་གནམ་ལོ་ཡག་མཆོག་ལ་བཀའ་དྲིན་ཆེ་ཞུ། འདིར་ཁོ་མོར་སྐད་ཆ་ཞིག་འདྲི་འདོད་པ་ནི། ང་ཚོས་རྒྱ་བོད་ཀྱི་གནད་དོན་དེ་ཞི་བ་དང་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡོད་ལ། ཁྱོད་ལྟར་ན་རྒྱ་ནག་སྲིད་གཞུང་ལ་འབྲེལ་གཏུག་རྦད་གཅོད་ཀྱིས་དོན་དག་སྒྲུབ་དགོས་པ་དེ་རེད། འོ་ན། ཕན་ཚུན་འབྲེལ་གཏུག་དང་གྲོས་མོལ་མ་བྱས་པར་དོན་དག་ཇི་ལྟར་སྒྲུབ་རྒྱུ་ཡིན་ནམ། འདི་དྲི་བ་གཅིག་ཡིན། གཞན་ད་དུང་གཅར་འདྲི་འདི་བཀླགས་པའི་ཚོར་སྣང་མང་བོ་ཞིག་སླེབས་བྱུང་བས། མི་རིང་བར་ཟིན་ཐོར་བཀོད་དེ་འབུལ་རྩིས་ཡོད།
ལྷ་སྡེ་ལགས། ཁྱེད་ཀྱིས་བོད་མི་དང་བོད་མི་རིགས་ཟེར་བའི་ཁྲི་ཟུར་འཇུ་ཆེན་ལགས་ཀྱི་སྐད་ཆ་དེ་ངོས་ལེན་བྱེད་ཀྱིན་ཡོད་དམ། གལ་སྲིད་དེ་འདྲ་ཡོད་ན། བོད་མི་རིགས་ཟེར་བ་འདི་གང་འདྲ་ཞིག་ལ་ངོས་འཛིན་དགོས་སམ། དེའི་ཁུངས་དེ་འདྲས་སེ་དེད་ཐུབ་བམ། ལན་ཞིག་གནང་རོགས།
རིན་པོ་ཆེ་ལགས།
ང་རང་ཉམས་ཞིབ་པ་ཐེབས་ཆག་ཅིག་ལས་གཞན་ཐག་གཅོད་རིམ་པའམ་ལས་འགུལ་རིམ་པར་ཡོད་མཁན་ཞིག་མིན་པས། པེ་ཅིན་དང་འབྲེལ་བ་བྱེད་སྟངས་ཐད་ཞིབ་འཇུག་སླད་མི་ལ་སྐད་ཆ་དྲིས། རང་ཉིད་ཀྱིས་འདས་པའི་བོད་རྒྱའི་འབྲེལ་གཏུགས་ལ་བསྐྱར་ཞིབ་བྱེད་ཀྱིན་པའི་སྒང་ཡིན་ལ། མ་འོངས་པར་ཇི་ལྟར་བྱེད་དགོས་མིན་ཚང་མས་མཉམ་རུབ་གྲུབ་དོན་ཞིག་ཨེ་ཡོང་ལ་དམིགས་ནས་རྩོམ་ཡིག་འདི་དག་སྤེལ་ནས་བསམ་ཚུལ་བསྡུ་བཞིན་པ་ཡིན།
ཡིན་ནའང་། གྲུབ་འབྲས་བ་སྤུ་ཙམ་ཡང་མེད་པའི་བླུན་རྒྱུགས་འབྲེལ་མོལ་ཏེ། ཟམ་གདོང་བཀའ་ཤག་རིང་གི་ཐམས་ཅད་ཤོར་བའམ། རང་འདོད་ཀྱིས་སྤྲད་པའི་བྱེད་སྟངས་དེ༼བོད་ཕམ་པ་དང་དམར་ཤོག་རྒྱལ་བ༽ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། སྟབས་འགྲིག་ནས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཡང་སྲིད་ཐད་བསྒྲགས་གཏམ་ཞིག་སྤེལ་ཐུབ་སོང་བ་རེད། གལ་སྲིད་ཟམ་གདོང་རིན་པོ་ཆེ་མུ་མཐུད་དུ་བཀའ་ཁྲིར་བཞུགས་ཡོད་པ་ཡིན་ན། ཡང་སྲིད་བསྒྲགས་གཏམ་ཡང་དམར་ཤོག་གཞུང་གི་འདོད་དོན་ལྟར་འགྲོ་མི་སྲིད་པ་ཞིག་མ་རེད།
ཀླུ་ཚང་ལགས།
ཁྱེད་རང་དགེ་བཤེས་རིན་པོ་མ་རེད་པས། ཁྱེད་ཀྱི་དྲི་བ་འདི་ངས་སྔར་གོ་མྱོང་མི་འདུག གཏིང་ཟབ་པོ་ཞེ་དྲག་རེད།
ང་རང་གིས་ལོ་རྒྱུས་ཞིབ་འཇུག་བྱས་པའི་གྲུབ་དོན་ཁྲོད་དུ་ཐོན་པ་ནི། བོད་དང་བོད་མི་རིགས་གཉིས་ལ་རྩ་བའི་ཁྱད་པར་ཡོད་པ་རེད། བོད་ཅེས་བརྗོད་སྐབས། ལོ་རྒྱུས་ཀྱི་འཕེལ་འགྱུར་དང་བསྟུན་ནས་དེང་གི་ཆར་བོད་པ་རང་ཉིད་འདུ་བའི་བོད་པ་སོག་པོ། བོད་པ་ཁ་ཆེ། བོད་པ་ཧོར། བོད་པ་གློ་བ། བོད་པ་མོན་པ། བོད་པ་རྒྱ་མི་སོགས་ཐེ་བའི་བོད་ཀྱི་ཡུལ་མི་སྤྱི་བྱིངས་ལ་གོ་དགོས་ཀྱི་འདུག བོད་མི་རིགས་ཞེས་བརྗོད་སྐབས། ས་སྐྱེ་རྡོ་སྐྱེ་ཡི་ཡུལ་མི་རང་སྟེ། ཕ་སྤྲེའུ་དང་མ་བྲག་སྲིན་ལས་བརྒྱུད་ནས་ཡོང་བར་ངོས་ལེན་ཡོད་མཁན་གྱི་རིགས་དེར་གོ་དགོས་ཀྱི་འདུག ཡིན་ནའང་། བོད་པ་རྒྱ་མིའི་ས་མཚམས་ད་ལྟ་གསལ་བོ་ཞིག་བཀར་ཐུབ་ཀྱི་མེད་པས། ཚང་མས་བགྲོ་གླེང་བྱེད་ཀྱིན་འདི་རེད་ལ། གནད་དོན་འདི་བོད་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ་མིན་གྱི་འགག་རྩའང་ཡིན།
ཀླུ་ཚང་ལགས།
ཁྱེད་རང་དགེ་བཤེས་རིན་པོ་ཆེ་མ་རེད་པས། ཁྱེད་ཀྱི་དྲི་བ་འདི་ངས་སྔར་གོ་མྱོང་མི་འདུག གཏིང་ཟབ་པོ་ཞེ་དྲག་རེད།
ང་རང་གིས་ལོ་རྒྱུས་ཞིབ་འཇུག་བྱས་པའི་གྲུབ་དོན་ཁྲོད་དུ་ཐོན་པ་ནི། བོད་དང་བོད་མི་རིགས་གཉིས་ལ་རྩ་བའི་ཁྱད་པར་ཡོད་པ་རེད། བོད་ཅེས་བརྗོད་སྐབས། ལོ་རྒྱུས་ཀྱི་འཕེལ་འགྱུར་དང་བསྟུན་ནས་དེང་གི་ཆར་བོད་པ་རང་ཉིད་འདུ་བའི་བོད་པ་སོག་པོ། བོད་པ་ཁ་ཆེ། བོད་པ་ཧོར། བོད་པ་གློ་བ། བོད་པ་མོན་པ། བོད་པ་རྒྱ་མི་སོགས་ཐེ་བའི་བོད་ཀྱི་ཡུལ་མི་སྤྱི་བྱིངས་ལ་གོ་དགོས་ཀྱི་འདུག བོད་མི་རིགས་ཞེས་བརྗོད་སྐབས། ས་སྐྱེ་རྡོ་སྐྱེ་ཡི་ཡུལ་མི་རང་སྟེ། ཕ་སྤྲེའུ་དང་མ་བྲག་སྲིན་ལས་བརྒྱུད་ནས་ཡོང་བར་ངོས་ལེན་ཡོད་མཁན་གྱི་རིགས་དེར་གོ་དགོས་ཀྱི་འདུག ཡིན་ནའང་། བོད་པ་རྒྱ་མིའི་ས་མཚམས་ད་ལྟ་གསལ་བོ་ཞིག་བཀར་ཐུབ་ཀྱི་མེད་པས། ཚང་མས་བགྲོ་གླེང་བྱེད་ཀྱིན་འདི་རེད་ལ། གནད་དོན་འདི་བོད་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ་མིན་གྱི་འགག་རྩའང་ཡིན།
དྲུག་བཞིའི་དོན་རྐྱེན་གྱིས་རྒྱ་ཕྲུག་གང་འཚམས་ཞིག་ནུབ་ཕྱོགས་དང་ཨ་རི་སོགས་སུ་མི་ཉུང་བ་ཞིག་སླེབས་སྡད་འདུག། སྐབས་དེ་དུས་འབའ་པ་ཕུན་དབང་ལགས་ཀྱིས་༧སྐུ་འདུན་ལ་སྤྲང་ཕྲུག་དེ་ཚོ་ཁ་ཡ་མ་གནང་རོགས་ཞེས་ཞུས་པ་འདྲ་ཞིག་དྲན་གྱི་འདུག། བྱས་ཙང་དང་པོ་བོད་པར་ཤ་ཞེན་ཡོད་མདོག་བསྟན་སོང་། དེ་ནས་ས་བྱི་ཞི་རྒོལ་རྗེས་ནས་ག་ལེར་སྤུ་མདོག་འགྱུར་ནས་མི་རིགས་ཆེན་པོའི་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེན་ཡོད་པ་མངོན་གསལ་དོད་པོས་ང་ཚོར་ངོ་རྒོལ་བྱས་སོང་། འོན་ཀྱང་ད་དུང་བོད་པས་ཕྱི་སྡོད་རྒྱ་བོད་འཛའ་འབྲེལ་བཙུགས་རྒྱུར་འུར་ཟིངས་རྒྱགས་ཀ་བྱས། གང་ལྟར་སྤྲང་པོའི་མདོག་རིས་དེ་ག་ལེར་ཐང་ལ་འབུད་ཡོང་གི་འདུག།
འབའ་བ་ལགས་ཀྱིས་དེ་འདྲ་ཞིག་བཤད་ཡོད་མེད་མི་ཤེས། བཤད་ཡོད་པའི་དབང་དུའང་བཏང་ནའང་། དམར་ཤོག་སྲིད་གཞུང་སྲ་བརྟན་ལ་དམིགས་ཡོད་ཀྱི་རེད་མ་གཏོགས་དམངས་གཙོར་དམིགས་པ་ཞིག་ཡིན་སྲིད་ཀྱི་མ་རེད། ཁོང་གིས་བོད་ལ་དམར་ཤོག་གཞུང་གི་འོག་ཏུ་རང་དབང་དགོས་ལབ་ཀྱི་ཡོད་པ་ལས་དམར་ཤོག་དང་ཁ་བྲལ་བའམ། དམར་ཤོག་མེད་པ་ཞིག་བཤད་ཀྱི་ཡོད་པ་མ་རེད།
གཉིས་ནས་དྲུག་བཞིའི་རྗེས་ཀྱི་རྒྱ་མིའི་ཁྲོད་ནས་བོད་ལ་ངོ་རྒོལ་བྱེད་མཁན་བྱུང་ཡོད་མེད་ལ་གསལ་ཁ་མེད། ཤེས་མཁན་ཚོས་གསལ་བོ་དག་པོ་བྱས་ནས་འདིར་འགོད་རོགས་གནང་།
རྒྱ་མོས་དེའི་ལན་དུ།
ངས་བསམ་བློ་བཏང་ན་འདི་ནི་ཏཱ་ལའི་བླ་མ་སྐུ་ཕྲེང ༡༤མཆོག་པཎ་ཆེན་སྐུ་ཕྲེང ༡༠ལས་རྟོགས་པ་མཐོ་བའི་རྟགས་གཅིག་རེད། ཅེས་པའི་ཚིག་དེ་ལ་བསམ་ན་དབྱེན་དཀྲུག་གི་ངོ་བོ་གསལ་པོར་མཐོང་། བོད་པའི་སེམས་ཁམས་ཀྱི་འདུ་ཤེས་འཛིན་སྟངས་གི་ངོས་ནས་བཤད་ན་རྒྱལ་མཆོག་ཡབ་སྲས་གཉིས་ལས་གཅིག་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དང་། གཅིག་ནི་མགོན་པོ་འོད་དཔག་མེད་ཀྱི་རྣམ་སྤྲུལ་དུ་འདོད་ཀྱི་ཡོད་པས་སངས་རྒྱས་ནང་ཕན་ཚུལ་རྟོགས་པ་མཐོ་དམན་གྱི་ཁྱད་པར་འབྱེད་རྒྱུ་ནི་ནང་པའི་གཞུང་ལུགས་ནང་དུ་མེད་པས་རྒྱ་མོ་དེས་གང་ཤོད་ཀྱི་ཡོད་དམ། མ་གཞི་ལོ་རྒྱུས་ཀྱི་ཐོག་རྒྱ་ནག་དེ་བོད་པའི་ཁྱིམ་མཚེས་ཡག་པོ་ཞིག་མ་རེད། མངོན་ལྐོག་བརྒྱུད་གསུམ་ནས་བོད་པ་ནང་ཁུལ་མདའ་དཀྲུག་ཕུག་དཀྲུག་གི་གཅིག་སྒྲིལ་གྱི་ནུས་པ་གཏོར་བཤིག་བཏང་ནས་བཟའ་སེམས་ཁོ་ན་བཅངས་ཡོད། དེ་བཞིན་ལོ་རྒྱུས་ནང་དུ་བོད་ཀྱི་བླ་ཆེན་དང་མི་ཆེན་ལྷག་པར་རྒྱལ་དབང་ཡབ་སྲས་གཉིས་ཀྱི་དབར་དུ་གཅིག་ལ་བསྟོད་པ་དང་། གཅིག་ལ་སྨད་པའི་གཡོ་སྦྱོར་མང་པོ་བརྩམས་ཡོད། སྐུ་ཉིད་ནས་ཕྱིར་སྡོད་རྒྱ་མི་དེ་ཚོར་བཀའ་དྲི་མང་ཙམ་གནང་ཐུབ་ན་ཁོ་ཚོའི་རྒྱ་མི་རིགས་ཆེན་པོའི་བཟའ་རྔམས་དང་། འདོད་ཁམས་ངོ་མ་དེ་ཤེས་ཚོར་ཡོང་བར་ཕན་ཐོགས་ཆེན་པོ་འདུག །སྐུ་ཉིད་ནི་དེངས་རབས་ཀྱི་སློབ་སྦྱོང་ཡོད་ལ་བོད་མི་རིགས་ཀྱི་ལ་རྒྱ་སྤྱི་བོའི་གཙུག་ཏུ་བཀུར་བ་དང་། སོ་སོའི་མི་རིགས་ཆེད་དུ་གང་ཡང་བྱེད་ཕོད་པ་དང་། བསམ་པ་མཐའ་དག་ཁ་ནས་ཤོད་ཐུབ་མཁན་ཞིག་ཡིན་པས་རྒྱུན་ཏུ་གུས་བཀུར་ཞུ་བཞིན་ཡོད། ཕྲན་ནས་ཀྱང་རྒྱ་མོ་དེས་བཤད་པ་དེ་ལ་བསམ་ཚུལ་འབྲི་ཡི་ཡོད།
ང་ཚོས་ད་ལྟ་བར་དུ་རྒྱ་མི་དང་འབྲེལ་བ་བྱས་པ་རེད། སྐུ་ཚབ་ཚོགས་པ་ཡང་ཐེང་མ་མང་པོ་ཕེབས་པ་རེད། ཕར་མཇལ་དར་མགུལ་ལ་བཞེས་ནས་ཕེབས་ཀྱང་ཚུར་ལ་བཀའ་བསྐྱོན་ཡག་ཐག་གཅོད་ཅིག་ཉོས་ནས་ཕྱག་སྟོང་པར་ཕེབས་པ་རེད། རྒྱ་མི་ཤེས་ཡོན་ཅན་དང་། ཕྱི་རྒྱལ་དུ་ཡོད་པའི་ལྟ་བ་གོ་ཡངས་ཅན་དང་ཡང་འབྲེལ་བ་གནང་བ་རེད། ཡིན་ན་ཡང་བོད་རང་བཙན་ལ་རྒྱབ་སྐྱོར་བྱ་མཁན་མི་གཅིག་རང་རེད་ཁོང་སྔོན་མ་ནས་རེད་་ལ་ད་ལྟ་རེད། ང་ཚོས་ད་ལྟ་བར་དུ་དགྲ་བོར་གཉེན་དུ་བལྟས་ནས་ལས་འགུལ་བརྩམས་པར་གྲུབ་འབྲས་མ་ཐོན་ན་ད་ཆ་དགྲ་བོར་དགྲ་བོར་བལྟས་ནས་ལས་འགུལ་བརྩམས་མི་ཆོག་པ་གང་ཡོད།
ཁྱེད་རང་གི་བསམ་ཚུལ་བཤད་པའི་ཐོབ་ཐང་ལ་བརྩི་བཀུར་བརྒྱ་ཆའི་བརྒྱ་ཡོད།
ད་ལྟའི་བར་རྒྱ་དམར་གཞུང་དང་འབྲེལ་བ་བྱས་ནས་དོན་དག་གཅིག་ཀྱང་འགྲུབ་ཡོད་པ་མ་རེད། དོན་དག་མ་འགྲུབ་པ་ལ་བརྟེན་ནས་རྒྱ་ནག་མང་ཚོགས་ལ་འབྲེལ་བ་བྱེད་ཀྱི་ཡོད་པ་རེད་ལ། འབྲེལ་བ་བྱེད་དོན་དང་གྲུབ་འབྲས་སོན་རེ་འཆིང་གི་ཡོད་པ་སོགས་གོང་དུ་བརྗོད་ཟིན་པ་ལྟར་ཡིན།
རྒྱ་ནག་ནི་སྲིད་དོན་རིག་པའི་ལོ་རྒྱུས་ཤིན་ཏུ་རིང་བའི་མི་རིགས་ཤིག་དང་། ཐབས་དང་བྱུས་ལ་གོམས་འདྲིས་ཆེ་བའི་མི་རིགས་ཤིག་ཀྱང་རེད། དེ་བས། བོད་ལ་ལྟ་དུས་ཀྱང་སྲིད་དོན་གྱི་རིགས་ལམ་སྒང་ནས་ལྟ་གི་ཡོད་པ་རེད་ལ། རྟོགས་པ་མཐོ་དམན་ཞིག་བཤད་ཀྱི་ཡོད་པ་དེའང་སྲིད་དོན་ཕུགས་རྒྱང་གཞིར་བཟུང་ཡོད་པ་རེད། དེ་བས། ཚིག་དེར་དོགས་གཞི་ཆེར་ཟ་མི་དགོས་པར་འདོད།
འོ་ན། དོགས་པ་གང་འདྲ་ཞིག་ལ་ཟ་དགོས་ཀྱི་རེ་དམ། བོད་ལ་ལྟ་ས་གཅིག་དང་ཉན་ས་གཅིག་ལས་མེད་པ་དང་། བོད་མི་ཚང་མ་ལམ་ཁ་གཅིག་ནང་ཞུགས་འོས་ཀྱི་ཡོད་པ་རེད་ཅེས་ཁ་ཡག་ངོ་དགའ་བཤད་མཁན་ལ་གཟབ་གཟབ་མ་བྱས་པ་ཡིན་ན། སྔར་གྱི༼དངུལ་རྡ་ཡང་ཆར་བ་འབབ་འབབ་རེད༽ཅེས་པའི་དུས་ཀྱི་སྐྱོ་གར་དེར་ཡང་བསྐྱར་མི་འཕྲད་པའི་ངེས་པའང་མི་འདུག་སྙམ།
ལྷ་སྡེ་ལགས།
ཕུན་དབང་ལགས་དམར་ཤོག་གི་ལྟ་བ་ཤུགས་ཆེན་པོ་ཡོད་ཀྱང་དམར་ཤོག་སྲིད་གཞུང་ལ་འདོད་མོས་མེད་པ་གསལ་པོ་རེད་ལ། མི་རིགས་ཀྱི་ལྟ་བ་དང་མི་རིགས་ཀྱི་ལ་རྒྱ་ལྡན་པའི་མི་བུ་ཞིག་རེད་འདོད། རྒྱུ་མཚན་ཁོང་དང་དར་དམར་འོག་ཚར་ལོངས་བྱུང་བའི་བོད་རིགས་མང་པོ་ཞིག་ཆོས་ཁས་ལེན་རྩ་བ་ནས་བྱེད་ཀྱི་མི་འདུག།
ཁོང་ཚོས་ནམ་རྒྱུན་བོད་མི་རིགས་འདི་སྐྱེལ་ས་གཅིག་དང་ལྷུངས་ས་གཅིག་ལྷུངས་བ་ནི་སྔར་ཆོས་ཕྱོགས་ཁོ་ནར་མགོ་འཁོར་དྲག་པ་དང་ཆོས་ཕྱོགས་མི་སྣས་ཆབ་སྲིད་ལ་ལག་པ་འཆངས་དྲག་པ་དང་། མཐོ་རིམ་དབང་འཛིན་པ་ཚོར་ནང་ཆོས་ཀྱི་རྒྱུད་བརླན་དྲག་ནས་ཆབ་སྲིད་རིག་པའི་གཞུང་ལུགས་ལ་སྦྱང་པ་སྐྱོ་དྲག་ནས་མཐུས་ཤོར་འགྱོད་པས་མི་ཤོངས་བ་བྱུང་བ་ཞིག་ངོས་འཛིན་གནང་གི་འདུག།
བྱས་ཙང་དམར་ཤོག་སྲིད་གཞུང་སྲ་བརྟན་ལ་དམིགས་པ་ཞིག་ཅང་ཡིན་རྒྱུ་མ་རེད་ལ། མ་གཞི་ཁོང་ཚོ་དམར་ཤོག་སྲིད་གཞུང་འོག་འཚོ་སྡད་ཡོད་པ་ཙམ་མ་ཟད་དབང་ཆ་ཡང་གང་འཚམས་ཡོད་ཙང་སྐབས་རེ་དམར་ཤོག་སྲིད་གཞུང་ལ་སྟོད་གླུ་ཡང་ལེན་མདོག་ཁ་པོ་རེད། གང་ལྟར་དམར་ཤོག་ལྟ་བ་ཡོད་པ་ཙམ་གྱིས་དམར་ཤོག་སྲིད་གཞུང་ལ་བློ་དཀར་གཞུང་དྲང་ཡིན་པ་མཚོན་མི་ཐུབ་ལ། མ་གཞི་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་དེ་ཡང་དག་པ་ཞིག་རེད་ལ་དམར་པོའི་མཁན་པོ་མཱ་ཁེ་སི་དང་ཨེན་ཁེ་སིས་ལྟ་གྲུབ་འདི་ཐོག་དང་པོར་བསྒྲོགས་སྐབས་ས་སྟེང་འདིའི་མི་འབོར་གསུམ་ཆ་གཉིས་ཀྱིས་སྟོད་གླུ་གྱེར་བ་རེད། འོན་ཀྱང་ཁོ་ཚོའི་ལག་པར་གཅིག་ཤོར་ཚར་དུས་གང་འདྲ་བྱས་པ་རེད། ཚང་མས་མཁྱེན་གསལ་རེད་པ། དེ་ཐབས་ལམ་དང་ལག་ལེན་སོགས་ཕྱིན་ཅི་ལོག་སོང་བ་རེད་མ་གཏོགས་ལྟ་གྲུབ་ཕྱིན་ཅི་ལོག་པ་མ་རེད། ལྟ་གྲུབ་ཡང་དག་པ་རེད།
བདག་གིས་གཅར་འདྲི་འདི་བཀླགས་པའི་བཀླགས་ཚོར་གྱི་ཟིན་ཐོ་ཞིག་བདག་གི་དུས་བབ་ཟིན་བྲིས་ནང་བཀོད་ཡོད་པས། གལ་སྲིད་ཁོམ་པ་ཞིག་བྱུང་ཚེ་གཟིགས་རོགས་ཞུ་ལ། གནད་འགག་ཁ་ཤས་ཤིག་བཤད་ཡོད་པ་དེ་ཞུའུ་ཕེ་ལགས་ལ་ཡང་ཤེས་སུ་འཇུག་རོགས་ཞུ།
དྲ་གནས་འདི་ཡིན།
http://www.tibettimes.net/blogs.php?id=265&post_id=17452&&comment_mode=done
ངའི་རེ་བ་ནི་རང་འབྱུང་ཁམས་ལ་བཅོལ་ཡོད་ང་ཚོ་མིས་མི་ཐུབ་པའི་སྟོབས་ཆེན་རྒྱལ་ཁབ་དེ་
རང་འབྱུང་ཁམས་ཀྱི་རྩ་མེད་ཟོ་ཐུབ་པའི་ཡིད་ཆེད་ཡོད་
རྒྱ་རྒན་ཚོ་ཁྱེད་ཚོའི་ཁ་གཏད་ལ་སྟོབས་ཤུགས་ཆེ་བའི་རང་འབྱུང་ཁམ་དང་
ཡོལ་ཐབས་མེད་པའི་ལས་འབྲས་ཟེར་བ་ཞིག་ཡོད་པ་ཧ་གོ་དགོས་པ་ཞིག་རེད།
ད་བདེ་མོ་བྱེད་ཡ་།
ལྷན་རྒྱས་ཕེབས་ནས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ། སྒོས་སུ་རིན་པོ་ཆེ་ཕེབས་ནས་དགོངས་ཚུལ་གསུངས་པའི་ཁར། ཟིན་བྲིས་སྤེལ་བར་དེ་བས་ཀྱང་དགའ་ཡོད། ངས་ཐབས་མཁས་པའི་ལམ་ནས་ཉིད་ཀྱི་དགོངས་ཚུལ་འབུམ་རམས་པར་བཤད་ཆོག དེ་ནས་ལན་ཅི་ཞིག་རྒྱག་མིན་ལ་ལྟ་ཆོག
འདོད་ལྷ་ཁམས་པ་ལགས།
འབུམ་རམས་པའི་ཉིད་ལ་དྲིས་ལན་བསྐྱོན་པ་གཤམ་གསལ། ཆུ་ཚོད་ཀྱི་དབང་གིས་བསྡུས་བསྒྱུར་བྱས་ཡོད།
ང་རང་ལ་མཚོན་ན། རྩོམ་གཤིས་དང་མི་གཤིས་གཞི་གཅིག་ལ་བཞག་ནས་ལྟ་བཞིན་ཡོད། དེ་བས། མར་ཁེ་སི་ཡི་མི་གཤིས་ཀྱིས་ཁོ་བོ་རང་གི་གཞུང་ལུགས་ཐག་བཅད་ཡོད་པ་ཞིག་རེད། མར་ཁེ་སི་རིང་ལུགས་ནི་འགྲོ་བ་མིའི་ཡོངས་ཁྱབ་རིན་ཐང་ལེན་ཕྱོགས་ལ་ལྟག་སྤྲོད་དུ་ལངས་ནས་ཆོས་ལུགས་དུག་རེད་ཅེས་པའི་རྨང་གཞིའི་སྟེང་ནས་གྲུབ་ཡོད་པས། གཞུང་ལུགས་ཀྱི་རྩ་བའི་ཁ་ཕྱོགས། ལྷ་མེད་སྨྲ་བ། གྲལ་རིམ་འཐབ་རྩོད་དང་དྲག་པོའི་གསར་བརྗེ་གསུམ་གཙོ་བོར་བཟུང་འདུག
ང་རང་གིས་འཇར་མན་གྱི་སློབ་དཔོན་ཆེན་མོ་དང་ཆེད་ལས་མཁས་པ་དག་གི་དཔྱད་བརྗོད་ཁག་ཅིག་རྒྱ་ཡིག་ནང་བསྒྱུར་ཡོད་ལ། དེའི་ནང་དུ་མར་ཁེ་སིའི་དཔལ་འབྱོར་གཞུང་ལུགས་ཀྱང་བསྙོན་འབྱིན་བྱས་འདུག དཔེར་ན། ངལ་རྩོལ་ནུས་པ་དང་ངལ་རྩོལ་འབྲེལ་བའི་བསྡོམས་ཚིག་མག་མོག་ཡིན་པ་དང་། རིན་ཐང་ལྷག་མ་ལྟ་བུའི་སྨྱོ་གཏམ་ལབ་ཡོད་པ་རེད།
མཚན་ཉིད་རིག་པའི་འཚོལ་བྱ་གཙོ་བོ་ནི་མི་གཞིའི་རྩ་བའི་གནད་དོན་ཡིན་ཞིང་། དཔེར་ན། མིའི་འབྱུང་ཁུངས་གང་ནས་ཡིན་པ་དང་གང་ལ་འགྲོ་རྒྱུ་རེད་དམ་ལྟ་བུས་མཚོན་པའི་ཐུབ། ཡིན་ནའང་། མར་ཁེ་སིའི་གཞུང་ལུསག་ནང་དུ་མི་ནི་དྲག་འདུལ་བྱེད་ཡུལ་དུ་བཞག་ཡོད། དེ་བས། དཀར་བོའི་ལས་ལ་འབད་མཁན་ཞིག་ཡིན་ན། དེ་ནི་མ་རུངས་པའི་བྱ་སྤྱོད་ཅིག་ཏུ་མི་ལྟ་ག་མེད་ཆགས་ཡོད།
འོ་རེད། མར་ཁེ་སི་ནི་རང་ཉིད་དཀའ་ལས་བརྒྱབ་ནས་འཚོ་བ་རོལ་བར་མི་དགའ་ཞིང་། རང་ཉིད་ཀྱི་ཨ་མ་ལགས་ལ་བརྟེན་ནས་ཡུན་རིང་འགོར་རྗེས། ཨ་མ་ལགས་རྒ་རྒས་ཆགས་པ་དང་འཚོ་བའི་ཡོང་ཁུངས་མེད་པ་ཆགས་རྗེས། མ་བུའི་འབྲེལ་བ་རྦད་དེ་བཅད་འདུག ད་དུང་རང་ཉིད་ཀྱི་བཟའ་ཟླ་དང་བུ་ཕྲུག་ཀྱང་སྡུག་བསྔལ་གྱི་ཁྲོད་ནས་མི་ཚེ་བསྐྱལ་དགོས་ཐུག་འདུག མ་གཞི་རྒྱལ་སྤྱིའི་དམར་ཤོག་ལས་འགུལ་གྱི་བསྒྲགས་གཏམ་དེའང་ཁོ་བོས་རང་འགུལ་གྱིས་བྲིས་པ་ཞིག་མ་ཡིན་པར་སྐབས་དེར་དམར་ཤོག་ལས་འགུལ་ཚོགས་པས་གླ་ཆ་སྤྲད་ནས་བྲིས་པ་ཞིག་རེད།
ད་ལྟ་ཁྱེད་རང་ཚོས་མར་ཁེ་སིར་ལྟ་སྟངས་གང་འདྲ་ཞིག་བཟུང་ཡོད་པ་གསུང་རོགས། དེ་ནས་ངས་ཞིབ་ཕྲའི་ལམ་ནས་ལན་རྒྱག་ཆོག དེ་མ་གཏོགས་ང་རང་ལ་ལྟ་ཀློག་ཁྲོད་གྲུབ་པའི་མར་ཁེ་སིར་ལྟ་སྟངས་ཡང་བཤད་བསྐྱར་བཤད་ལྟ་བུ་ཞིག་ཆགས་ཀྱི་འདུག
ཁོ་མོའི་སྐད་ཆ་དག་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་རྣལ་མ་ཞིག་གི་སྐད་ཆ་རེད་འདུག ཚོགས་པ་དེས་དམར་ཤོག་གི་ནག་ཉེས་ཐེར་འདོན་བྱས་པའི་དཔྱད་བརྗོད་དགུ་བསྐོར་མ་དང་། དམར་ཤོག་རིག་གནས་གསེད་བཀྲོལ་ཞེས་བའི་དཔྱད་དེབ་གཉིས་ནི་ངོ་མ་བོད་མི་ཚོའི་ཀློག་སྤྲོ་བའི་དེབ་ཞིག་ཡིན་ལ། སྐམ་སའི་དམར་ཤོག་ཚོགས་པའི་གོ་ན་བླ་འདར་ཞིང་མཐོང་ན་སྙིང་ན་བའི་དཔྱད་དེབ་འཇིགས་སུ་རུང་བ་ཞིག་ཆགས་ཡོད། དཔྱད་དེབ་དགུ་བསྐོར་མའི་རབ་བྱེད་གཅིག་བོད་བསྒྱུར་བྱས་ཏེ་དུས་བབ་དྲ་བར་བཀོད་ཡོད་ལ། དུས་བབ་དྲ་བ་བཟོ་བའི་རྨང་རྡོ་ལྟ་བུ་ཡིན། འགའ་ཤས་ཀྱིས་དེ་བོད་བསྒྱུར་མེད་པའི་གཏམ་སྨྲ་བཞིན་འདུག་པས་གཤམ་གྱི་དྲ་ཐག་ལ་གཟིགས་རོགས། ཆ་ཚང་བོད་བསྒྱུར་ཐུབ་ཚེ་ཕན་ངེས་ཅན་ཡོད་པ་སྐད་གཉིས་སྨྲ་བ་ཚོའི་ཐུགས་ལ་འཇོག་རོགས་ཞུ།
http://www.tibettimes.net/news.php?cat=8&&id=158
བཀུར་འོས་འབུམ་རམས་པ་དང་ལྷ་ཡག་རྣམ་གཉིས་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།
འབུམ་རམས་པ་ཞུའུ་ཕེ་ལགས། ཁྱེད་ཀྱིས་གུས་རེ་ལྟར་དམ་པ་མར་ཁེ་སིའི་རང་གཤིས་དང་ལྟ་གྲུབ་གཞི་གཅིག་ཏུ་སྦྲེལ་ནས་རང་གི་སྣང་ཚུལ་གསུངས་པར་ཤིན་ཏུ་དགའ།
དེ་བཞིན་བདག་གིས་མར་ཁེ་སིའི་ལོ་རྒྱུས་ཞིབ་ཚགས་མི་ཤེས་ནའང་ད་བར་ཐོས་ལོ་ཙམ་གཞི་བྱས་ནས་ཚོད་དཔག་གིས་སྡོམས་ཚིག་ཅིག་བཀོད་ན་འདི་ལྟར།
གཅིག དམར་པོའི་རིང་ལུགས་བརྩམ་དགོས་པའི་ཐོག་མའི་ཀུན་བསློང་།
གཉིས། དམར་པོའི་རིང་ལུགས་ཇི་ལྟར་ལག་ལེན་བསྟར་དགོས་པའི་ཐབས་ལམ།
གསུམ། དམར་པོའི་རིང་ལུགས་བརྩམས་པའི་དམིགས་ཡུལ་དང་གསུམ་ནས་བལྟས་ན།
ཐོག་མའི་ཀུན་བསློང་དང་བརྩམས་པའི་དམིགས་ཡུལ་གཉིས་ནི་ཡང་དག་པར་ཡིན་པར་སེམས་ལ། ཇི་ལྟར་ལག་ལེན་ཏུ་བསྟར་ཕྱོགས་སམ་ཐབས་ལམ་ནི་ཡུལ་དུས་ཀྱི་དབང་གིས་ནོར་འཁྲུལ་ཤོར་བ་མིན་ནམ་སྙམ།
དཔེར་ན། རྣམ་པ་ཐམས་ཅད་དུ་ཡང་དག་པའི་ཆོས་ལུགས་གི་ལྟ་གྲུབ་ཞིག་ལ་ཆ་བཞག་ན་ཡང་་བྱེད་པ་པོས་ལག་ལེན་སྡུག་ཕྱོགས་སུ་བེད་སྤྱད་ཚེ་འབྲས་བུ་ཕྱིན་ཅི་ལོག་ཏུ་འབྱུང་བ་བཞིན་དུ་གཙོ་གནད་ཐུག་ས་དེ་ལག་ལེན་རང་ལ་རག་ལས་འདུག་ཟེ་ཞུ་བ་ཡིན། གལ་ཏེ་ཐུགས་ཕོག་འདྲ་བྱུང་ཚེ་བཀའ་བཀྱོན་གནང་ཡང་འཁུར་ཆོག་ལ་འབུམ་རམས་པའི་དགོངས་ཚུལ་ཞིབ་ཚགས་ལ་བསྒུག་ནས་བསྡད་ཡོད།
མ་ཁེ་སི་རིང་ལུགས་པས། རྒྱའི་སྐད་ཡིག་ཏུ་ཕྱོགས་བསྒྲིགས་བྱས་པའི་ཚིག་གི་རྒྱ་མཚོ་ཞེས་པའི་ཚིག་མཛོད་ཞིག་གི་ནང་འཁོད་པ་ལྟར་
ན། ཆོས་ལུགས་ཞེས་པ་ནི། མི་རྣམས་ཀྱི་བྱིས་པའི་དུས་ཀྱི་འཚོར་སྣང་གསོ་བྱེད་པ་ཞིག་ཡིན་ཞེས་པའི་སྡོམ་ཚིག་གམ་འབྲེལ་བཤད་ཅིག་བཀོད་འདུག་པ་ནི་ཆོས་ལུགས་གང་གི་དབང་དུ་བྱས་ནས་འབྲེལ་བཤད་རྒྱབ་མིན་མི་ཤེས་མོད། འོན་ཀྱང་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་དབང་དུ་བྱས་ན་ནི་དེ་ལྟར་མ་ཡིན་ཏེ། ནང་པ་སངས་རྒྱས་
པས་ནི་དང་པོ་སྐྱབས་འགྲོ་ནས་བཟུང་མཇུག་མི་བསླུ་བའི་ཟུང་འཇུག་བར་དེ་ལྟ་བུའི་ཀུན་སློང་དང་ལག་ལེན་ཞིག་གང་ནའང་མེད་སྙམ་ལ། ནང་པའི་ཆོས་ཀྱི་ཉམས་ལེན་ནང་འདོད་ཆུང་ཆོག་ཤེས་དང་།བྱམས་པ་དང་སྙིང་རྗེ། སེམས་བསྐྱེད་སོགས་སྤྱོད་པའི་ཆ་དང་། འདུས་བྱས་རྣམས་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ་ཞེས་སོགས་ལྟ་བའི་ཆར་གསུངས་ཡོད་པས་དམར་ཤོག་ཀྱི་ཚིག་མཛོད་དེའི་ནང་
འདི་དག་མི་འདུ་བར་སེམས་སོ།
དེས་ན་འབུམ་རམས་པ་མཆོག་དང་ལོ་ཙཱ་བ་རྣམ་གཉིས་ཀྱིས་དེའི་ཐད་ཁ་གསལ་ཙམ་ཞིག་གསུངས་རོགས་
གནང་ཞུ་རྒྱུ་ཡིན་དེ་མིན་མ་ཁེ་སིའི་ཐོག་མའི་ཀུན་སློང་བཟང་ཡང་མཐར་དབང་འཛིན་པའི་དབང་སྒྱུར་བྱེད་ཀྱི་ལག་ཆ་ཡག་ཤོས་སུ་གྱུར་ཡོད་པས་བོད་རྒྱ་འབྲེལ་མོལ་སོགས་བོད་དོན་ཐོག་འཛིན་པའི་སྲིད་ཇུས་དང་ལག་
ལེན་ཡང་དེའི་རྒྱ་ལས་མ་འདས་སྙམ།
ལྷན་རྒྱས་ཕེབས་པར་དགའ་བསུ་ཞུ། འདོད་ལྷའི་ཁམས་པའི་དགོངས་ཚུལ་འབུམ་རམས་པར་སྤྲོད་ངེས་ལ། དེ་ནས་ལན་ཅི་ཡོང་ལྟ་ཆོག
སྣོན་ངག་ཁྲི་ལགས་པེབས་ནས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ། ངས་ཐོག་མར་གོང་དུ་འདོད་ལྷ་ཁམས་པ་ལགས་ཀྱི་དྲི་བ་འབུམ་རམས་པར་འབུལ་ཆོག དེ་ནས་ཁོ་མོས་ལན་ཅི་ཡོང་ལྟ་ཆོག དེ་ལྟར་གང་འཚམས་རྗེས་སུ་ང་རང་ཉིད་ཀྱི་བསམ་ཚུལ་འབྲི་ངེས་ཡིན།