http://woeser.middle-way.net/
དེ་རིང་སྟེ་ཕྱི་ལོ་༢༠༡༡ལོའི་ཟླ་༡༠བའི་ཚེས་༡ཉིན་ནི་རྒྱ་ནག་ཀྲུང་ཧྭ་མི་ དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ཡི་འཁོར་མོ་༦༢འཁོར་བའི་ཉིན་མོ་རེད། རྒྱ་ནག་གིས་དབང་བསྒྱུར་བྱས་པའི་བོད་ཡུལ་གང་སར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་ རྒྱལ་ཁབ་ཁྲི་ལོ་ཤོག་དང་དམངས་དམག་སེམས་པ་གཅིག་འདྲེས་རྒྱ་བོད་ཆུ་ནང་ཉ་མོ་ སོགས་ཁ་དོན་མི་མཚུངས་པའི་འཕྲེད་དར་དམར་པོའི་ངོས་སུ་རྒྱ་བོད་ཡིག་རིགས་ བསྒྲགས་མ་བྲིས་འདུག
ཡིན་ན་ཡང་དེ་རིང་སྔ་མོ་ནས་རྫོང་གྲོང་གི་བཞི་ མདོ་དང་སྲང་ལམ་གང་སར་ཉེན་རྟོག་རུ་མི་བྲེལ་འཚུབ་ངང་ཕྱི་ལྟ་ནང་ལྟ་བྱེད་བཞིན་ ཁོམ་ནས་མེད། འདིས་ཅི་ཞིག་མཚོན་འདུག རིམ་གྱིས་མི་ཚོགས་ཀྱང་ཇེ་མང་ནས་ཇེ་མང་རེད། དེ་དང་ལྷན་དུ་ཁམས་གསེར་ཐལ་རྫོང་ནས་བོད་དོན་ལ་ལས་འགུལ་ཞིག་སྤེལ་སོང་། ཉིན་གུང་དུས་ཚོད་༡༢དང་སྐར་མ་༣༠ཡས་མས་སུ་གསེར་ཐལ་རྫོང་གསེར་རྟའི་ཐང་ཆེན་གྱི་ གཡས་ཕྱོགས་ཀྱི་བསྟར་ལ་བརྒྱུས་པའི་ཁང་བརྩེགས་མཐོན་པོའི་བཞི་ཐོག་ནས་ཕ་ཡུལ་ གསེར་ཐལ་ནས་ཡིན་པའི་བོད་ལ་དུངས་ཞེན་ཆེ་བའི་ན་གཞོན་ཞིག་གིས་༧གོང་ས་༧རྒྱལ་བ་ བསྟན་འཛིན་རྒྱ་མཚོའི་སྐུ་བརྙན་མཐོང་གྲོལ་ཆེན་མོ་དང་བོད་ཆེན་པོའི་རྒྱལ་དར་ ལྷན་དུ་ཕྱར། དེ་དང་ལྷན་དུ་བསྒྲགས་ཡིག་གཏོར། ཁང་བརྩེགས་འོག་གི་ཚོང་ཁང་དག་གི་སྒོ་འགྲམ་དང་བཞི་མདོ་དེར་འཚང་ཁ་རྒྱག་པའི་མི་ ཚོགས་ཀྱི་དབུ་ཐོག་ཏུ་ཁང་ཐོག་ནས་གཏོར་བའི་བསྒྲགས་ཡིག་ཁ་བ་ལྟར་ལྷབ་ལྷུབ་ཏུ་ འབབ། བསྒྲགས་ཡིག་ལ་ཆེ་ཆུང་གཉིས་ཡོད་ཅིང་སྤེལ་ཉིན་གྱི་ཟླ་ཚེས་མི་འདྲ་བ་ཙམ་ལས་ནང་ དོན་གཅིག་མཚུངས་རེད། ནང་དོན། ༄༅།། བོད་རིགས་སྤུན་ཟླ་རྒྱ་ནག་པོས་གཡོ་སྒྱུའི་འོག་ཏུ་གཉིད་མ་འདུག རང་ཉིད་ཀྱི་མི་རིགས་དང་ཆོས་ལུགས། སྐད་ཡིག་དང་འདུ་ཤེས་རྩོད་ཀྱིན་ལོངས་ཤོག ང་ཚོར་འགྲོ་བ་མིའི་རིགས་ལ་ཡོད་པའི་རང་དབང་གང་ཡང་མེད་པས། ཐམས་ཅད་ཀྱིས་བདེན་པའི་ལམ་ནས་རང་དབང་རྩོད་རོགས། ང་ཚོར་དད་མོས་ཀྱི་རང་དབང་དགོས། སྨྲ་བརྗོད་ཀྱི་རང་དབང་དགོས། སྐད་ཡིག་བེད་སྤྱོད་ཀྱི་རང་དབང་དགོས། འགྲོ་འདུག་གི་རང་དབང་དགོས། རྩོམ་འབྲི་ཁྱབ་སྤེལ་གྱི་རང་དབང་སོགས་གཞན་ལ་ཡོད་པའི་རང་དབང་དེ་དག་ང་ཚོ་བོད་ ལ་ངེས་པར་དུ་དགོས། ༧རྒྱལ་བ་༧བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་ཤོག བོད་རྒྱལ་ལོ།། བོད་རྒྱལ་ལོ།། ༢༠༡༡ལོའི་༨པའི་ཚེས་༢༥ལ། ཞེས་བྲིས་འདུག་ལ་ཆེ་བོའི་ངོས་སུ་ཟླ་ཚེས་༢༠༡༡ལོའི་ཟླ་༩བའི་ཚེས་༢༦ཞེས་འཁོད་ འདུག་ལ་དུས་ཚོད་དེ་ནི་རྔ་ཡུལ་ནས་བོད་མི་གཉིས་ཀྱིས་མེར་བསྲེགས་གཏོང་ཉིན་གྱི་ ཟླ་ཚེས་དེ་རེད། བསྒྲགས་ཡིག་དེ་རིགས་ཀྱི་རྒྱབ་ལོག་ཏུ་ཐམ་རྟགས་དམར་པོ་ཞིག་ཀྱང་གླན་འདུག དེའི་ངོས་སུ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོ་བརྟན་པར་ཤོག་ཅེས་བསྐོར་ནས་ བྲིས་ཤིང་དེའི་དབུས་སུ་སྙིང་དབྱིབས་ཤིག་གི་དཀྱིལ་དུ་བོད་ཅེས་པའི་ཡི་གེ་ བྲིས་ཡོད། གང་དང་གང་ལ་བལྟས་ཀྱང་དེ་ནི་བོད་ནང་གི་གསང་བའི་ཚོགས་པ་ཞིག་གི་ལས་འགུལ་གྱི་ ཟུར་སྣེ་ཞིག་ཡིན་འདུག
ངོ་སོ་བསྟོད།
གཞིས་བཞུགས་བོད་མི་ཚོའི་ལྷག་བསམ་དང་སྙིང་སྟོབས་ནི་ངོ་མ་ཧ་ལས་དགོས་པ་རང་རེད། ཐུགས་རྗེ་ཆེ། གཞིས་སྡོད་བོད་མི་ཚོ།
རང་སྲུང་རང་སྐྱོབ་དང་རང་དབང་རྩོད་ལེན་བྱེད་རྒྱུ་དེ་གཞིས་བྱེས་གང་དུ་གནས་ཀྱང་བོད་མི་ཚང་མའི་འགན་འཁྲི་ཡིན། ཁ་སང་དུས་བབ་དྲ་ཐོག་ཏུ་ཡོད་པ་ལྟར་ཁྱི་རྔ་མེད་སྐོར་ཞིག་རྒྱ་ནག་གི་རྐུབ་ལ་ལྕེ་ལྡག་བྱེད་དུ་འགྲོ་བཞིན་འདུག་ཟེར་བའི་སྐད་ཆ་འདུག དེ་དག་གི་མིང་དང་ལོ་རྒྱུས་གསལ་བོ་བཀོད་དེ་གཞིས་བྱེས་ཚང་མང་མར་ཤེས་སུ་འཇུག་རྒྱུ་དེ་ཡང་ཧ་ཅང་གལ་ཆེ་བར་སྙམ།
བོད་མི་ཚོ་ད་ལྟ་སྐབས་སུ་འབབ་པ་རང་དབང་ཞེས་པ་ནི་རང་བཙན་ལ་གོ་དགོས། བོད་ནང་གི་དཔའ་བོ་ཚོ་ནི་རང་དབང་རང་བཙན་གྱི་དོན་དུ་རང་སྲོག་འདོར་གྱི་ཡོད་པས། མི་མང་ཚོ་རང་བཙན་གྱི་དོན་དུ་འཐབ་རྩོད་ཇི་ལྟར་སྤེལ་དགོས་ཀྱང་སྤེལ་རྒྱུའི་དུས་ཚོད་སླེབས་འདུག། ཞི་བ་དང་དྲག་པོ་གཉིས་ཀའི་ལམ་ནས་སྤེལ་དགོས། དུས་ཚོད་རྙིགས་མ་འདི་ལ་འཚེ་མེད་ཞི་བའི་ལམ་གཅིག་པོ་ནས་དོན་རང་བཙན་འདི་ཉིད་བསྒྲུབ་པར་དཀའ་བ་ཡིན། ང་རང་ཡང་བོད་རང་བཙན་གྱི་དོན་དུ་རང་སྲོག་ཞི་དྲག་གཉིས་ཀའི་ལམ་ནས་བཏང་ཐུབ། འོན་ཀྱང་ང་རང་མ་ཤི་གོང་བོད་ནང་གི་རྒྱ་ནག་གི་དཔོན་ཆེན་མི་ཆེན་འགའ་ཤས་ཚེས་སྲོག་མ་བཏང་བར་ང་རང་ཤི་མ་ཐུབ། བོད་མི་ཚོ་ལོངས་ཤོག །ཐུགས་རྗེ་ཆེ།
གཞིས་བཞུགས་བོད་མི་སྤྱི་དང་ལྷག་པར་འོད་ཟེར་ལགས་ལྟ་བུར་སྙིང་དབུས་ནས་གུས་པ་དང་གང་ཐུབ་རྒྱབ་སྐྱོར་དགོས་གལ་ཆེ་བ་ཙམ་དུ་མ་ཟད་ལྷག་པར་དྲ་སྟེང་འདིར་ཕྱི་ཞིམ་ནང་སྟག་རྒྱ་དམར་པོའི་རྒྱུག་ཁྱི་བཙན་བྱོལ་བོད་མིའི་དཀྲུག་ཤིང་གི་གོང་བུ་དྲ་སྟེང་གི་དྲ་འབུ་༼ཨ་ཁུ་དགྲ་ལྷ་༽མིང་ཅན་ཁོ་པས་༧གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་གཞི་མེད་སྐྱོན་བརྗོད་ཚད་མེད་བྱེད་བཞིན་འདུག་ན་དོལ་ཆུས་མྱོས་པས་མི་ངན་དེ་ལྟ་བུར་དྲ་གྲོགས་ཚང་མས་དོ་སྣང་གནང་གལ་ཆེའོ།།
གནས་ཚུལ་དེ་ཚོ་གོ་ཡོང་དུས་སྙིང་ལ་ན་ཟུགས་གཏོང་གི་འདུག ད་བྱ་ཐབས་ནི་གང་ཡང་མེད།
ཐུགས་སྟོབས་རི་རྒྱལ་ལྷུན་པོའི་དཔལ་ལ་འགྲན་པའི་དཔའ་བོ་ཁྱེད་ཚོའི་སྙིང་སྟོབས་ལ་རྗེས་སུ་ཡིད་རངས་དང་། གུས་རྩི་ཞུ་བཞིན་ཡོད། བོད་ལ་རང་དབང་གི་ཉི་མ་མྱུར་དུ་འཆར་པར་ཤོག
གཞིས་ལུས་བོད་མིའི་ལ་རྒྱ་མཁའ་ལྟར་ཡངས།།
གཞིས་ལུས་བོད་མིའི་ཆོད་སེམས་རྡོ་ལས་མཁྲེགས།།
གཞིས་ལུས་བོད་མིའི་སྙིང་སྟོབས་རི་རྒྱལ་བཞིན།།
གཞིས་ལུས་བོད་མི་བདག་གི་སྙིང་དུ་གནས།།
གཞིས་ལུས་བོད་མིའི་ལྷག་བསམ་གངས་ལྟར་དཀར།།
གཞིས་ལུས་བོད་མིའི་རིགས་ཞེན་མེ་ལས་ཚ།།
གཞིས་ལུས་བོད་མིའི་མཐུན་སྒྲེིལ་མཚོ་ལས་ཟབ།།
གཞིས་ལུས་བོད་མི་བདག་གི་སྙིང་དུ་གནས།།
གཞིས་ལུས་བོད་མིས་རང་སྐད་གསེར་ལྟར་གཅེས།།
གཞིས་ལུས་བོད་མིས་རང་རིགས་མིག་ལྟར་སྲུང་།།
གཞིས་ལུས་བོད་མིས་རང་སྲིད་མ་བཞིན་བཀུར།།
གཞིས་ལུས་བོད་མི་བདག་གི་སྙིང་དུ་གནས།།
གཞིས་ལུས་བོད་མིས་༧སྐྱབས་མགོན་ལྷ་བཞིན་བསྟེན།།
གཞིས་ལུས་བོད་མིས་བཀའ་གསུང་སྲོག་བཞིན་སྲུང་།།
གཞིས་ལུས་བོད་མིས་ཡོད་ཚད་ཁོང་ལ་འབུལ།།
གཞིས་ལུས་བོད་མི་བདག་གི་སྙིང་དུ་གནས།།
གཞིས་ལུས་བོད་མིས་མེ་མདའི་མདུན་ལ་མཆོངས།།
གཞིས་ལུས་བོད་མིས་བཙོན་ལ་འཚང་ཁ་བརྒྱབ།།
གཞིས་ལུས་བོད་མིས་བོད་དོན་བརྗེད་མ་མྱོང་།།
གཞིས་ལུས་བོད་མི་བདག་གི་སྙིང་དུ་གནས།།
གཞིས་ལུས་བོད་མིའི་སྡུག་བསྔལ་སྐྱོ་ལྷང་ལྷང་།།
གཞིས་ལུས་བོད་མིའི་མཛད་རྗེས་རྔམ་བརྗིད་བརྗིད།།
གཞིས་ལུས་བོད་མིའི་ལོ་རྒྱུས་ཕྲ་ལྷམ་ལྷམ།།
གཞིས་ལུས་བོད་མི་བདག་གི་སྙིང་དུ་གནས།།
རྒྱ་དམག་ཀླ་ཀློ་ཐུག་དུས་འཇིགས་མ་མྱོང་།།
མེ་མདའ་ལག་ལྕགས་ཕོག་དུས་ཞུམ་མ་མྱོང་།
སྡུག་བསྔལ་རྒྱ་མཚོར་ལྷུང་དུས་ངུ་མ་མྱོང་།།
ཨ་ཁུ་དགྲ་ལྷ་ཐུག་དུས་འདར་གསིག་གསིག།
མཁའ་འགྲོ་མ་འོད་ཟེར་འཆི་མེད་རྟག་བརྟན་ཤོག
ལོ་རྒྱུས་ཀྱི་དཔའ་མོ།
དེང་རབས་ཀྱི་ཤེས་ལྡན་པ།
དོན་དམ་གྱི་མཛངས་མ།
དགྲ་བོའི་གཉའ་གནོན།
བློ་གྲོས་གྱི་འོད་ཟེར་སྟོང་དང་ལྡན་པའི་སྨན་མཆོག་འོད་ཟེར་ལགས།
ཁྱེད་ཀྱིས་མདུན་ནས་མདུན་དུ་བསྐྱོད་པའི་རང་དབང་རྩོད་ལེན་གྱི་གོམས་སྒྲ་དེ་ནམ་ཡང་མ་འཇགས་པར་སྨོན།