འདི་ཟླའི་ཚེས་ ༣ ཉིན་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་མཁན་རྔ་པ་ཀིརྟི་དགོན་གྱི་གྲྭ་སྐལ་བཟང་དབང་ཕྱུག་ལགས་དེང་སྐབས་རྔ་པ་རྫོང་མི་མང་སྨན་ཁང་ཟེར་བའི་ཐོག་རྩེགས་གཉིས་པའི་ནད་པ་ཉལ་ཁང་ཞིག་ཏུ་ཡོད་འདུག་ལ། ཐོག་རྩེགས་གཉིས་པར་ཡོད་པའི་ནད་པ་གཞན་ཚང་མ་ཕྱིར་ཕུད་བྱས་ཏེ་ཁོང་གཅིག་པུར་ཉེན་རྟོག་པའི་སྲུང་བྱ་དམ་པོ་བྱས་ནས་ཡོད་འདུག གོ་ཐོས་སུ་ཁོང་གི་གྲོགས་པོ་ཞིག་ནད་གཡོགས་ལ་བཏང་ཡོད་པ་དང་། དེ་མིན་གྱི་མི་ཁག་ཅིག་ཀྱང་ཐུག་ཏུ་བཅུག་ཡོད་ཚུལ་འདུག ཁོང་ལ་མེས་ཚིག་པའི་རྨས་སྐྱོན་ཚབས་ཆེན་མིན་ནའང་། རང་ལུས་མེར་སྲེག་གཏོང་བའི་ཉི་མ་དེར་ཉེན་རྟོག་པ་དང་དམག་མི་སོགས་ཀྱིས་རིབ་བརྒྱབས་ནས་ལག་ཆ་འདྲ་མིན་གྱིས་གཅར་རྡུང་དྲག་པོ་བཏང་རྐྱེན་མགོ་ལ་རྨས་སྐྱོན་ཚབས་ཆེ་ཙམ་ཕོག་ཡོད་འདུག
དེ་མིན་ཕྱི་ཟླ་ ༩ ཚེས་ ༢༦ ཉིན་རང་ལུས་མེར་སྲེག་གཏོང་གནང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་གཉིས་ཀྱི་གྲྭ་བློ་བཟང་དཀོན་མཆོག་ཉིན་ཤས་སྔོན་འབར་ཁམས་ལ་ཡོད་པའི་རྔ་པ་ཁུལ་གྱི་སྨན་ཁང་དུ་ཡོད་ཅིང་རྨས་སྐྱོན་ཚབས་ཆེན་ཡིན་ཞིང་། འབྲེལ་ཡོད་ཚོ་ཐུག་འཕྲད་བྱེད་འཇུག་གི་མེད་པ་དང་། ཡང་ཁོང་གི་འཐབ་གྲོགས་གྲྭ་བློ་བཟང་སྐལ་བཟང་ལགས་དེང་སྐབས་སི་ཁྲན་གྱི་ཁྲིན་ཏུའུའི་སྨན་ཁང་ཞིག་ཏུ་ཡོད་ཚུལ་དང་། ཁོང་ཉིན་ཤས་སྔོན་རྔ་པའི་གསར་འགྱུར་ཞེས་པའི་བརྙན་འཕྲིན་དུ་བསྟན་འདུག་ཅིང་། རྨས་སྐྱོན་ཕོག་པ་ཚབས་མི་ཆེ་བར་བཤད།
དེང་སྐབས་རྔ་པ་ཀིརྟི་དགོན་པའི་ཕྱི་རོལ་ཏུ་མཐོང་སྣང་ལ་དམག་མིས་སྐོར་མེད་པ་དང་། གུ་ཡངས་ཀྱི་རྣམ་པ་ཅུང་ཙམ་ཡོད་ཀྱང་། མི་མང་གིས་དེ་ནི་རྒྱ་གཞུང་གི་གཡོ་ཐབས་ཤིག་ཡིན་སྲིད་པའི་དོགས་པ་སྣ་ཚོགས་བྱེད་བཞིན་ཡོད་པ་དང་། དགོན་པའི་ནང་དུ་རྒྱ་གཞུང་གི་ལས་བྱེད་པ་བརྒྱ་ཕྲག་ཁ་ཤས་མུ་མཐུད་ཉིན་མཚན་གཉིས་ཀར་ཡོད་མུས་དང་། དགོན་པའི་ལྕགས་རིའི་ནང་ལོགས་ཀྱི་ཕྱོགས་བཞིར་ཉེན་རྟོག་པ་རྒྱུན་སྡོད་བྱེད་སའི་མངགས་གཏོང་ཁང་བཞི་གསར་རྒྱག་བྱེད་བཞིན་ཡོད་འདུག རྔ་པ་རྫོང་མཁར་ལ་ད་དུང་མུ་མཐུད་དམག་མི་དང་ཉེན་རྟོག་པ་དམིགས་བསལ་ཉེན་རྟོག་པ་བཅས་ཀྱིས་དམ་དྲགས་ཤུགས་ཆེན་པོ་བྱེད་མུས་ཀྱིས། གཞུང་ལམ་གཡས་གཡོན་གྱི་ཁང་པ་དང་གློག་ཤིང་སོགས་ཀྱི་ངོས་སུ་བརྙན་ཕབ་འཕྲུལ་ཆས་མང་པོ་བཞག་ནས་ཀྱང་སྲུང་བྱ་དམ་པོ་བྱས་ཡོད་པ་དང་། རྫོང་མཁར་དུ་ཡོང་སའི་གཞུང་ལམ་ཁག་ལ་ཞིབ་བཤེར་ས་ཚིགས་རེ་རེ་བཙུགས་ཡོད་པ་དང་། ཐོབ་ཐང་ལག་ཁྱེར་སོགས་ལ་རྟོག་ཞིབ་ཀྱིས་ཕར་འགྲོ་ཚུར་འོང་གི་ཡུལ་མི་རྣམས་ལ་སུན་གཙེར་བྱེད་བཞིན་ཡོད་འདུག་པ་བཅས། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༦ ལ།
བོད་ནས་ད་བར་བོད་རང་དབང་རང་བཙན་གྱི་ཆེད་དུ་རང་ལུས་མེར་བསྲེགས་མཁན་གྱི་དཔའ་བོ་ལྔ་བྱུང་སོང་ལ། སྡེ་ར་ལྡུན་བདེ་སྐྱིད་གླིང་གཞིས་ཁོངས་ནས་ཀྱང་ད་བར་རང་ལུས་མེར་བསྒྲོན་མཁན་ལྔ་བྱུང་བ་རེད་ཟེར། ཨོ་དེ་ཚོ་བོད་རང་དབང་གི་ཆེད་དུ་མ་རེད། ལྔ་ལས་གསུམ་ཤི་ཚར་འདུག མེར་བསྲེགས་གཏོང་མཁན་ཐ་མ་དེ་མདངས་དགོངས་རང་རེད། བུ་མོ་ཆུང་ཆུང་ཞིག་གིས་རང་ལུས་མེར་བསྒྲོན་ནས་ལུས་ཀྱི་བརྒྱ་ཆ་དྲུག་ཅུ་ཙམ་འཚིག་འདུག་ཟེར། མེར་བསྒྲོན་དོན་ནི་ཕ་མ་གཉིས་ཀྱིས་བཟའ་འཁོན་བྱས་པར་བརྟེན་ཡིན་འདུག བཟའ་འཁོན་བྱེད་སྐབས་མོ་རང་གིས་ཁྱིམ་མཚེས་གཡས་གཡོན་ནས་ས་སྣུམ་གཡར་ནས་རང་ལུས་བསྒྲོན་པ་རེད། སྙིང་རྗེ་མོ་ད་ལོ་འཛིན་གྲ་བཅུ་གཉིས་ཐོན་ཚར་ཙམ་རེད།
ངོ་མ་བོད་ནང་དགེ་འདུན་པ་ཚོ་གཙོ་བོར་གྱུར་བའི་བོད་མི་གཞོན་སྐྱེས་མང་པོ་ཞིག་གིས་བོད་རང་དབང་ཆེད་དུ་རང་སྲོག་འབེན་ལ་བཙུགས་ནས་ལས་འགུལ་སྣ་མང་ཞིག་ས་ཕྱོགས་གང་སར་སྤེལ་བཞིན་འདུག་པར། ང་ཚོ་བཙན་བྱོལ་དུ་བཞུགས་མཁན་ཚོས་ཁུ་སིམ་མེར་མ་བཞུགས་པར་ཁོང་ཚོའི་ཞུམ་པ་མེད་པའི་སྙིང་སྟོབས་ལ་ཡིད་ཆེས་དང་ནུས་པ་ཐོན་པའི་ལས་འགུལ་མུ་མཐུད་ནས་སྤེལ་དགོས་གལ་ཆེར་མཐོང་།
ད་ཆ་བོད་ནང་ཕྱོགས་ཡོངས་ནས་དམ་བསྒྲགས་ཆེ་རུ་འགྲོ་བཞིན་འདུག
བོད་མི་མང་གི་སེམས་པའི་རྟེན་ས་༸གོང་ས་མཆོག་དང་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་སྐོར་གླེང་བ་དང་། སྐུ་དཔར་འགྲེམས་པ་སོགས་ཆབ་སྲིད་ཀྱི་ཉེས་པ་ཆེ་ཤོས་སུ་བརྩིས་ནས་ལོ་ངོ་བཅུ་ཕྲག་བརྒལ།
ཕྱིས་སུ་བོད་ཀྱི་གཞས་པ་ཁག་ལ་དམ་བསྒྲགས་དང་ཁོང་ཚོའི་གཞས་ལ་ཡང་བཙན་བཀག་བྱེད་བཞིན་འདུག་
ལྷག་པར་བོད་ནང་དེང་སང་བོད་རིགས་སྤུན་ཟླ་ཡོངས་རྫོགས་ཟེར་ནའང་མ་འགྲིག་པ་ལྟ་བུར་བརྩི་བཞིན་འདུག་་
དཔེར་ན། ད་ནངས་བོད་ཀྱི་སྙན་དབྱངས་ཕོ་ཉའི་ལེ་ཚན་ནང་། གསན་པ་པོ་ཁག་ཅིག་གིས་ཡ་དུང་དང་། ཤེར་བསྟན། གངས་ཞུག་སོགས་ཀྱི་གླུ་གཞས་ཁག་ཅིག་གཏོང་རྒྱུར་རེ་སྐུལ་ཞུས་ཀྱང་ལེ་ཚན་གཏོང་མཁན་གྱིས་དེ་དག་ཁས་ལེན་རྩ་བ་ནས་བྱེད་ཀྱི་མི་འདུག
ད་དུང་ཕ་ཡུལ་གཞིས་རྩེ་ནས་ཡིན་པའི་བསོད་ནམས་ཟེར་མཁན་ཞིག་གིས་ངའི་གླུ་གཞས་འདི་དམིགས་བསལ་གྱི་བོད་རིགས་ཡོངས་རྫོགས་གཅིག་པུར་འབུལ་རྒྱུ་ཡིན་ཟེར་བར། ལེན་ཚན་བཀོད་འདོམས་པས་ལམ་སེང་ཁོང་གི་ཁ་དཔར་བཀག་ནས། བསོད་ནམས་ལགས་དགོངས་པ་མ་འཚོམ་རྗེས་སུ་ཡིག་ཐོག་ནས་འབྲེལ་བ་བྱེད་རོགས་ཟེར་བཤད་སོང་།
གང་ལྟར་བོད་ནང་གཞོན་སྐྱེས་ཚོའི་སེམས་ཤུགས་ཀྱི་མི་ལྕེ་སྔར་བས་ཆེ་རུ་འབར་བཞིན་ཡོད་པ་འདི་སྐབས་ང་ཚོས་ངེས་པར་བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ཀྱི་མ་ལག་དང་མི་དམངས་མཉམ་རུབ་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ནུས་ལྡན་ཞིག་ངེས་པར་དུ་སྤེལ་དགོས་ཀྱི་དུས་ལ་བབས་འདུག
བོད་ནང་གི་བོད་མིའི་བློ་གཏད་དང་རེ་བ་ཡོངས་རྫོགས་ང་ཚོར་བཅོལ་ཡོད།། །།
ལྷ་སྐྱིད་ཟེར་བའི་སྐད་ཆ་དེ་ཐད་པར་མ་མཐོང་། གང་ཡིན་ཟེར་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་དོན་དངོས་བོད་མི་རིགས་ཀྱི་སྲོག་ཤིང་ཡིན་ལ། གཞིས་བྱེས་བོད་མི་ཚང་མས་རེ་བ་དང་ཡིད་ཆེས་འདི་ལ་བཅོལ་ཏེ་གངས་ལྗོངས་སྣོད་བཅུད་ཀྱི་བདག་དབང་སླར་གསོ་བྱེད་དགོས་པ་ཡིན། ཤ་གསེང་ན་རུས་དང་རུས་གསེང་ན་རྐང་ཡོད་མཁན་ཞིག་ཡིན་ན་བསམ་བློ་གཏོང་ནས་བཤད་ན་ལེགས་པོ་མེད་འགྲོ།
ཁོང་ཚོས་འདི་ལྟར་རང་སྲོག་རང་གིས་གཅོད་པའི་ལས་འགུལ་ལ་སྤྱི་ཚོགས་ཁྲོད་འགྲེལ་བཤད་འདྲ་མིན་མང་པོ་རྒྱག་བཞིན་འདུག་མོད། དོན་ངོ་མས་རང་གི་སེམས་ནང་ན་ཡོད་པའི་སྡུག་བསྔལ་ཕྱིར་ངོམ་པ་ཙམ་མིན་པར་ཐོབ་ཐང་མེད་པ་དང་རེ་བ་མེད་པའི་ཐབས་ཟད་འུ་ཐུག་གི་ལས་འགུལ་ཞིག་ཡིན་རྒྱུ་རེད། འདི་ལྟར་གྲྭ་ཆུང་མང་པོ་ཞིག་རང་སྲོག་ལ་མ་འཛེམས་པར་ཉེན་མཆོངས་བྱེད་པ་འདི་ཁེ་ཉེན་གང་ཆེ་བསམ་བློ་ཡག་པོ་ཞིག་བཏང་ན་རེད། དེ་མིན་མིའི་ཚེ་དང་སྲོག་ལ་རིན་ཐང་དུ་མི་བརྩི་བའི་ཆབ་སྲིད་པའི་ལག་པར་ཤོར་ན་རྗེས་སུ་ཡི་རང་བྱེད་རྒྱུ་བྱེད་རྒྱུ་རེད་དམ་ཡང་ན་དེའི་མཇུག་འབྲས་ལ་ཅི་ཞིག་ཡོང་མིན་བཤད་དཀའ།
བཙན་བྱོལ་ནང་དུ་རེ་བ་ཤི་སོང་ཟེརབ་ནི་ཅུང་མི་ཐད་པ་ཞིག་ཏེ་
སྐད་ཆ་དེ་ནི་རྒྱ་གུང་ཁྲན་དགའ་སྤྲོ་བྱེད་པའི་སྐད་ཆ་ཞིག་དང་
བོད་དུ་ཡོད་པའི་བོད་རིགས་རྣམས་སྐྱོ་འགྲོ་བ་དང་སེམས་ཤུག་ཆག་རྒྱུའི་སྐད་ཆ་ཞིག་རེད་
བོད་ཕྱི་ནང་གཉིས་ཀྱི་བདེན་པའི་འབོད་ཚིག་དེ་བཙན་བྱོལ་རྒྱུད་ནས་འཛམ་གླིང་
གི་ཡུལ་ལུང་གང་སར་ཁྱབ་འཕེལ་དུ་འགྲོ་བ་དང་ མ་ཟད་བཙན་བྱོལ་གཞུང་གི་སྒྲིགགཞི་ནི་ཕུག་ཐག་
རིང་པོར་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་རེད་
ཨོ་མ་ནེ་པད་མེ་ཧུམ་ ཁོང་རྣམས་གང་མགྱོགས་དྲག་སྐྱེས་བྱུང་ནས་རང་དབང་བདེ་སྐྱིད་ཀྱི་ཉིན་མོ་ཞིག་འཆར་བར་སྨོན། བོད་གངས་ཅན་རྒྱས་གྱུར་ཅིག།