ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། ལྷག་དོན་བོད་ཁམས་ཁུལ་རྟའུ་དང་། ཨ་མདོ་རྔ་བ་ཀིརྟི་ཕྱོགས་ནས་བོད་མི་ཚོས་གཅིག་རྗེས་གཉིས་མཐུད་དུ་རང་ལུས་མེ་བསྲེག་བཏང་ནས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱས་བ་དང་། ༸གོང་ས་མཆོག་བོད་ནང་ཕེབས་ཏུ་འཇུག་དགོས་པ་སོགས་ཛ་དྲག་གནས་སྟངས་ཆེད་བོད་མི་ཁག་གཅིག་གིས་རྒྱ་གར་རྒྱལ་སའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ཞི་བའི་ལས་འགུལ་སྤེལ་བར་བརྟེན་བོད་མི་ལས་འགུལ་བ་ཕོ་མོ་གྲངས་ ༡༣ ཙམ་འཛིན་བཟུང་བྱས་འདུག།
སེམས་ཤུགས་དང་ལ་རྒྱ་དངོས་གནས་ཡུན་རངས་བྱུང་སོང་། ཐུགས་རྗེ་ཆེ།
གཞོན་སྐྱེས་ཚོར་ཡ་་་་་་་་་་་་་་་་ཁྱེད་ཅག་གི་རྒྱལ་ཞེན་སྙིང་སྟོབས་ལ་གུས་བཀུར་ཞུ།
རྒྱལ་ཞེན་སྙིང་སྟོབས་ལ་གུས་བཀུར་ཡོད། རི་བོ་གངས་ཅན་པའི་གཅེས་ཕྲུག་ཚོ་ཡ་ག་ས་གང་དུ་ཤུགས་རྒྱོབ།
ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་ཕྲུག་བསྟན་འཛིན་ལྷ་མོ་ལགས།་་་་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐབས་རྒྱ་གར་ཉེན་རྟོག་མི་སྣས་འཇུ་བཟུང་གི་རྣམ་པ།་འདི་ནི་མི་རབས་གསར་བའི་ལང་ཚོའི་གསོན་ཤུགས་ཡིན་ལ།་གསར་བརྗེ་ཞིག་གི་སྐྱ་རེངས་ཀྱང་ཡིན།
བུ་མོ་བསྟན་འཛིན་ལྷ་མོ་ལགས་ཀྱིས་་རྒྱ་ནག་གཞུང་ཚབ་ཏུ་དངོས་སུ་ངོ་རྒོལ་བྱེད་ཐུབ་པ་དེ་སེམས་ཤུགས་དང་ལ་རྒྱ་ཞུམ་པ་མེད་པའི་རྟགས་མཚན་ཡིན་པས་བསྔགས་བརྗོད་ཡི་རང་ཡོད་ ད་དུང་མུ་མཐུད་ནས་འབད་བརྩོན་གནང་རོགས་ཞུ་།
ཁ་བརྡ་ཚང་ལ་ཉེ་ཆར་རྩོམ་དང་ཁ་སེང་མཆན་བུ་བཆས་ལ་ད་དུང་དཀོད་མི་འདུག་པས་ཇི་ལྟར་དགེའམ་