བོད་རྒྱ་ཞི་མོལ་ལམ་ཞུ་མོལ། འབྲེལ་མོལ་གང་ཡིན་ཡང་། ཐེངས་བདུན་པ་ཉེ་ཆར་གྲུབ་པའི་གསར་འགོད་གསལ་བསྒྲགས་ཤིག་དམིགས་བསལ་སྐུ་ཚབ་གཉིས་ཀྱི་མཚན་ཐོག་ནས་ སྤྱི་ཟླ་ ༧ པའི་ཚེས་ ༥ ཉིན་རྡ་རམ་ལ་ས་ནས་སྤེལ་འདུག ཐེངས་འདིར་ཡང་འཛོམས་ས་པེ་ཅིན་ཡིན་པ་ཙམ་ལས་སྐད་ཆ་གསར་པ་ཞིག་མི་འདུག་བསམས་སོང་། འོན་ཀྱང་ཐེངས་འདིར་བློ་སྤོབས་འཕར་བ་ཞིག་ནི་རྒྱ་རི་བློ་གྲོས་རྒྱལ་མཚན་གྱི་ངོས་ནས་རྒྱ་ནག་གི་དཔོན་རིགས་འཕྲད་པ་དེ་ཚོར། “ང་ཚོའི་གྲོས་མོལ་གྱི་སྐབས་སུ། ང་ཚོས་ཐད་ཀར་ང་ཚོའི་འབྲེལ་གཏུགས་བྱ་ཡུལ་རྣམས་ལ་ཁྱེད་རང་ཚོའི་ངོས་ནས་ཆོད་སེམས་དང་ལྷག་བསམ་རྣམ་དག་མེད་པ་ཡིན་ན་ད་ལྟའི་གྲོས་མོལ་འདི་མུ་མཐུད་ནས་བྱེད་པ་ལ་དགོས་དོན་མི་འདུག་ཅེས་ནན་བཤད་བྱས་ཡོད།” ཞེས་འཁོད་པ་འདི་རེད་བསམས། མི་དྲགས་ནད་པ་ཤི་ན་དགའ༎ མི་འགྲིགས་བཟའ་ཚང་འཐོར་ན་དགའ། ཞེས་བཤད་སྲོལ་ཡོད་པ་བཞིན། འདི་ནི་གྲུབ་འབྲས་མེད་པའི་གྲོས་མོལ་འདི་ཚོ་མཚམས་འཇོག་བྱེད་པའི་སྔོན་ལྟས་ཤིག་ཡིན་ནམ། ཞིབ་གསལ་གྱི་གསར་འགྱུར་གཤམ་གྱི་འབྲེལ་ཐག་ན་འདུག
http://www.thetibetpost.com/
ཐ་མ་ཡིན་སྲིད་རྒྱུ་མ་རེད། དབུ་མའི་ལམ་རྩོད་ནའང་འདྲ། རང་བཙན་གཙང་མ་རྩོད་ནའང་འདྲ། མཐའ་མ་རྒྱ་མི་དང་ཐུག་དགོས་ཀྱི་ཡོད་པ་རེད། རྒྱ་མི་དང་ཐུག་ནས་རྒྱ་མིའི་ལག་པ་ནས་ལེན་དགོས་ཀྱི་ཡོད་པ་རེད། ཡིན་ན་ཡང་གནས་སྐབས་མཚམས་འཇོག་པ་དེ་འདྲ་ཡོང་སྲིད་ཀྱི་རེད།
ང་ཚོས་འོས་འདེམས་ཀྱི་ལམ་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་ཏེ་རྒྱལ་བ་རིན་པོ་ཆེར་སྐུ་དབང་ཕུལ་ཟིན་པས་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་བམ་བོད་གཞུང་གི་སྐུ་ཚབ་ནས་རྒྱ་གཞུང་ལ་མུ་མཐུད་འབྲེལ་བ་བྱེད་པའམ་ཡང་ན་རེ་བ་མེད་ན་གནས་སྐབས་མཚམས་འཇོག་པ་ཅི་བྱས་ཀྱང་དེ་ནི་ཁོང་རྣམ་པའི་ཁྲིམས་མཐུན་གྱི་དབང་ཚད་རེད། དེ་ངས་གནད་འགག་ཅིག་ཏུ་མཐོང་གི་མེད།
གནད་འགག་ནི། ང་ཚོའི་མི་མང་གི་ངོས་ནས་སེམས་ནང་གི་རེ་བ་དེ་མ་འགྲུབ་པར་མུ་མཐུད་ལས་འགུལ་སྤེལ་རྒྱུ་མཚམས་འཇོག་རྒྱུ་མེད། མ་འགྲིགས་པ་ནི་བོད་གཞུང་མ་ཡིན་པར་མི་མང་གི་ངོས་ནས་རེད། གྲོས་མོལ་རེ་མགོ་ཚུགས་སྐབས་མི་མང་གིས་རེ་བ་ཞིག་རྒྱབ་ནས་ལས་འགུལ་ལ་ཡང་ཡང་དངས་ལྷོད་ཤོར་གྱི་ཡོད། དེ་ཡང་བོད་གཞུང་གིས་ལས་འགུལ་མཚམས་འཇོག་དགོས་པའི་འབོད་སྐུལ་རེ་བྱས་པ་ལ་བརྟེན་ནས་ཡོང་གི་ཡོད། བོད་གཞུང་གིས་འབོད་སྐུལ་བྱེད་མི་ཆོག་ཅེས་སུ་གང་གིས་ཀྱང་བཤད་མི་ཐུབ། ཁོང་ཚོར་འབོད་སྐུལ་ཞུ་བའི་ཐོབ་ཐང་ཡོད། ཡིན་ཡང་ལས་འགུལ་ཅི་སྤེལ་དེ་ང་ཚོའི་ཐོབ་ཐང་རེད། བོད་གཞུང་ལ་དེ་འགོག་པའི་ཐོབ་ཐང་མེད། ང་ཚོས་གྲོས་མོལ་ཅིག་ཡོང་བའི་ཆེད་ལས་འགུལ་སྤེལ་གྱི་མེད་པ་དེ་ངེས་པར་ཤེས་དགོས། གཞུང་གཉིས་ཀྱི་འབྲེལ་བ་དེ་བཟང་ངན་གང་དུ་འགྱུར་ཡང་ང་ཚོའི་ཐ་མའི་དམིགས་ཡུལ་གང་ཡིན་པ་དེ་འགྲུབ་འགྲུབ་བར་ལས་འགུལ་སྤེལ་དགོས་པ་དེ་རེད།
ད་ཆ་ཆབ་སྲིད་ཐད་ང་ཚོར་རྒྱལ་ཁ་ཆེན་པོ་ཐོབ་པའི་ངེས་པ་མིན་འདུག བོད་ནང་གི་བོད་མིས་བོད་རང་བཙན་ལ་བརྩོན་ལེན་བྱེད་མཁན་ཡང་ཉུང་ཉུང་རེད།ང་ཚོ་ད་ཆ་རྒྱ་ནག་ཏུ་སློབ་ཆེན་་འགྲིམས་པའི་བོད་རིགས་ན་གཞོན་ནང་བོད་རང་བཙན་ལེན་དགོས་ཟེར་མཁན་སྤྱིར་བཏང་མཐོང་རྒྱུ་མེད།སློབ་མ་ལ་ལ་ནི་བོད་དོན་བསམ་བློ་ཅི་ནས་གཏོང་གི་མེད།སེམས་ནང་མི་སྒེར་གྱི་འཚོ་བ་དང་བདེ་སྐྱིད་ལས་མེད།ལ་ལར་སེམས་ཤུགས་ཡོད་ཀྱང་རང་བཙན་དགོས་ཟེར་མཁན་མེད་ལ་རང་བཙན་ཡང་ཐོབ་སྲིད་ཀྱི་མ་རེད་མཉམ། ད་ལྟ་ངེད་ཚོ་ནང་ཁུལ་གྱི་ན་གཞོན་བོད་མི་མང་ཆེ་བས་མིང་དོན་མཚུངས་པའི་རང་སྐྱོངས་ལ་བརྩོན་ལེན་བྱེད་ཀྱི་ཡོད། ལྷག་པར་དུ་ངེད་ཚོའི་རིག་གནས་ལ་ཉམས་པ་ཧ་ཅང་ཆེན་པོ་ཕྱིན་ཡོད། ད་ལྟ་བོད་ནང་ཁུལ་དུ་བོད་ཡིག་སློབ་ཚན་ཕུད་དེ་མིན་ཚང་མ་རྒྱ་ཡིག་ཐོག་ནས་སློབ་ཀྱི་ཡོད།བོད་ཕྲུག་ཡིན་ཡང་བོད་ལ་དགའ་གཞེན་མ་མང་དག་གཅིག་གསོ་སྐྱོངས་བྱས་ཡོད། བོད་ཡིག་མི་ཤེས་པ་ཐ་ན་རང་མི་རིགས་ཀྱི་ལ་རྒྱ་རྩི་གི་མེད། ངེད་ཚོ་མི་དཀྱུས་མ་ཞིག་གིས་ཆབ་སྲིད་ཐད་ལ་གང་ཡང་བྱེད་ཐུབ་ཀྱི་མ་རེད། དེ་ལས་ནམ་རྒྱུན་གྱི་འཚོ་བའི་ནང་རང་མི་རིགས་ཀྱི་རིག་གནས་ལ་མཐོང་ཆེན་དང་རང་ཉིད་ཀྱི་བུ་ཕྲུག་ཆུང་དུས་ནས་གསོ་སྐྱོང་བྱེད་ན་ཧ་ཅང་འགལ་ཆེན་པོ་རེད་འདུག གུས་པ་བསམ་ན་རང་བཙན་ཡོང་སྲིད་ཀྱི་མ་རེད་ལ་ངེད་ཚོར་ཡང་རང་བཙན་བྱེད་པའི་ནུས་པ་དེ་ཡང་མེད།
དེ་ལས་བྱ་བ་ཆུང་ཆུང་ནས་མགོ་འཚུགས་་ཏེ་རང་མི་རིགས་ལ་ཕན་པ་ཡོད་པའི་ལས་མང་ཙམ་འགྲུབ་ན་བཟང་། དེ་མིན་ཉིན་ལྟར་སྐད་ཆ་ཆེན་པོ་རྐྱང་རྐྱང་བཤད་ནས་བསྡད།སྙིང་པོ་ཡོད་པའི་ལས་མི་འགྲུབ། དེ་འདྲ་སྙིང་པོ་མིན་འདུག བོད་མི་རྣམས་རྒྱལ་དབང་རིན་པོ་ཆེའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།
hello friend,
thank u for ur kind of opoinion and what i would like to tell you is ,be strong and never discouraged to urself and fellow tibetans .
Have a faith in urself and there will be a day that Tibet wll be free.
Thank you
གྲོགས་པོ་ཚོ།
བོད་རྒྱ་ཞི་མོལ་འདི་སྐད་ཆ་གསར་པ་ཞིག་མ་རེད། འདི་མི་ཞིག་ཡིན་ཚེ། ལོ་ ༣༠ ལྷག་ལ་སོན་པའི་དར་མ་ཞིག་ཡིན། མང་མོས་འོས་བསྡུ་བྱས་པ་ནས་བརྩིས་པ་ཡིན་ན་ཡང་ལོ་ ༡༦ ལྷག་ཕྱིན་ཡོད། ཡར་བཤད་མར་བཤད་བཅོ་བརྒྱད་བཤད་དགོས་པ་མི་འདུག བོད་མི་རིགས་ཀྱི་མ་འོངས་པའི་དམིགས་ཡུལ་འདི་ཡིན་ཟེར་བ་ཞིག་མེད་པ་རེད། ང་ཚོ་ནི་དམིགས་ཡུལ་མེད་པའི་མི་རིགས་ཤིག་ཆགས་པ་རེད། ང་ཚོ་ནི་མདུན་ལམ་མེད་པའི་མི་རིགས་ཤིག་ཆགས་པ་རེད། དེའི་རྐྱེན་བྱས་ཏེ་ང་ཚོ་ཁ་འཐོར་དུ་འགྲོ་གི་འདུག དམིགས་ཡུལ་ཆེ་ཆུང་གང་འདྲ་ཞིག་ཡིན་ན་ཡང་དམིགས་ཡུལ་གཅིག་ལ་འཐམས་ཐུབ་ཚེ། མ་མཐའ་ལའང་རྡོག་རྩ་ཆིག་སྒྲིལ་ཡོང་གི་རེད།
ད་ནི་གལ་སྲིད་བོད་རྒྱ་ཞི་མོལ་འདི་ལ་འགྲོ་རྒྱུ་ཡིན་ན། གུང་ཁྲན་གྱི་ཅི་ཟེར་ལ་ལགས་སོ་ཞུས་ནས་ཕེབས་རྐྱང་བྱས་ན་འང་མ་འཐུས་པ་གང་ཡོད། མ་མཐའ་ལའང་བོད་མི་ཚོས་༧རྒྱལ་བའི་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་ཤིག་ཡོང་གི་རེད། དེ་ནས་མི་རིགས་ཀྱི་གནད་དོན་རྣམས་ང་ཚོས་ག་ལེར་བརྩད་ཆོག་གི་རེད། མི་རབས་རྗེས་མ་ལ་སྤྲད་ཆོག་གི་རེད།
ང་ཚོ་ལ་འཆར་གཞི་ཞིག་དགོས་ཀྱི་འདུག འཆར་གཞི་དེ་ངང་སྒུག་དང་གྲུབ་འབྲས་ཤིག་ཡོང་བར་ཤོག་ཅེས་སྨོན་ལམ་འདེབས་པ་ཞིག་ཏུ་གྱུར་ཚེ་ཧ་ཅང་ཕངས་པོ་རེད། བློ་ཕམ་པོ་རེད། ༢༠༠༣ བར་དུ་བོད་རྒྱ་ཞི་མོལ་མ་ཡོང་ཚེ་ང་ཚོའི་ཕྱོགས་ནས་འགྱུར་བ་གཏོང་གི་ཡིན་ཟེར་བ་ལྟ་བུའི་གཏམ་ཡན་ཞིག་ད་ལྟའི་བཀའ་བློན་ཁྲི་པའི་ཞལ་ནས་གསུངས་ལུགས་ཤིག་གོ་མོད། ད་ནི་དེ་རིགས་གོ་རྒྱུ་མི་འདུག ཡིན་ལ་མིན་ལ་ལྟ་བུའི་མི་ཚེ་དང་ལས་འགུལ་འདིས་ང་ཚོའི་དུས་ཚོད་འཕྲོ་བརླག་ལ་གཏོང་གི་འདུག མ་རེད་དམ།
བོད་རྒྱ་ཐེངས་བདུན་པ་འདི་མཐའ་མ་ཡིན་སྲིད་ཀྱི་མ་རེད་ལ། གཅིག་བྱས་ན་ཐེངས་བརྒྱད་པ་འདི་ཡོང་མི་སྲིད་པ་ཡང་ཡིན་སྲིད། བོད་དོན་འདི་རྒྱས་པ་བྱེད་པ་ལ་ལམ་གཅིག་ནི་གུང་ཁྲན་གྱི་ཤོག་ཁག་དེ་གཏོར་ཐུབ་དགོས། དེ་ལ་རྒྱའི་རོགས་སྐྱོར་མེད་ན་སྒྲུབ་མི་ཐུབ། དེར་བརྟེན་གོང་ས་མཆོག་གང་མགྱོགས་རྒྱ་ནག་དང་བོད་ལ་ཕེབས་དགོས། བོད་ནང་གི་མི་མང་པོ་ཞིག་གི་དེའི་གནད་འགག་ཤེས་ན་རྒྱལ་བ་མཆོག་བོད་ལ་ཕེབས་རོགས་ཞུ་མཁན་ཡང་མི་ཉུང་། གོང་ས་མཆོག་རྒྱ་ནག་དང་བོད་ལ་གཟིགས་སྐོར་ཐེངས་གཅིག་ཕེབས་རྒྱུར་བརྩོལ་བ་བྱས་ནས་བོད་རྒྱ་འབྲེལ་མོལ་འདི་ལག་ལེན་བསྟར་ན་འདི་མ་འགྲིག་པ་གང་ཡང་མི་འདུག་ལ། ཕྱི་ལ་རྒྱ་ཡིས་གང་བཤད་ཀྱང་ཁྱྲད་་པར་མེད། དེར་བརྟེན་ང་ཚོ་ཚང་མས་མུ་མཐུད་ཤུགས་རྒྱབ་ནས་རྒྱ་ཕྱོགས་ལ་ང་ཚོའི་དམིགས་ཡུལ་ཏེ་རྒྱལ་བ་མཆོག་བོད་ལ་གདན་འདྲེན་ཞུ་ཐུབ་པ་བྱ་དགོས། འདི་མི་ཐོག་འདིའི་ཆེས་རླབས་ཆེ་བའི་ལས་འགན་ཞིག་ལ་སྣང་ངོ།
མཚོ་ངོགས་ཀྱི་མིག་བྱུང་གིས་
མཛེས་སྡུག་གི་འཇིག་རྟེན་ཚོལ་དུས
མིག་ལམ་ན་འཕྱོ་བ་ཐག་རིང་གི་ཁྱེད་རང་
ཀོ་གྲུ་ཆུང་ཆུང་ཞིག་གི་སྣེ་ནས་
གླིང་བུ་འགྱུར་ཁུག་གིས་འཁྱུད་ན་བསམ