སྤེལ་དུས། 2011-10-09
“ཀྲུང་གོའི་བོད་ལྗོངས་དྲ་བ།”ལས་དྲེན།
རྩོམ་པ་པོ། བསོད་ཆུང་། དཔལ་མགོན་སྐྱབས་ཀྱིས་བསྒྱུར།
བློ་བཟང་དཔལ་ལྡན་ནི་བོད་ཀྱི་ཁེ་ལས་པ་གྲགས་ཅན་ཞིག་དང་། དམངས་ཁྲོད་སྐད་བརྡ་སློབ་གསོ་གསར་སྤེལ་མཁན་ཞིག་ཀྱང་ཡིན།
ང་ ཚོ་ཕྱི་དྲོའི་ཆུ་ཚོད༣གྱི་སྟེང་དུ་རྔ་ཆེན་སྲང་ལམ་གྱི་གངས་གཞོན་སྐད་བརྡ་སློབ་ གྲྭ་ནས་ངོ་ཐུག་པའི་དུས་བཅད་བྱས། ཕྱི་དྲོའི་ཆུ་ཚོད་གཉིས་ཅུང་བརྒལ་བའི་དུས་སུ། བློ་བཟང་དཔལ་ལྡན་གྱིས་ཁ་པར་ནང་ནས་ང་རང་ཕལ་ཆེར་ཆུ་ཚོད་༣དང་སྐར་མ ༡༠ ཡི་སྟེང་དུ་སློབ་གྲྭར་འབྱོར་ཐུབ་ཅེས་བཤད། འོན་ཀྱང་ང་རང་གི་སྡོད་གནས་དང་སློབ་གྲྭའི་བར་ལམ་ཐག་ཅུང་རིང་བས། ཁོང་གི་ཁ་པར་འབྱོར་དུས་ང་རང་རླངས་འཁོར་སྟེང་དུ་ཡོད། དེ་བས་སྔོན་གྱི་དུས་ཚོད་གཏན་ཁེལ་ལྟར་གནས་དེར་ཕྱིན་པ་ཡིན། ང་རང་སློབ་གྲྭའི་མགྲོན་ཁང་དུ་ངལ་གསོ་ཅུང་ཙམ་བྱས་རྗེས། དྲ་མའི་ཕྱི་རོལ་དུ་བློ་བཟང་དཔལ་ལྡན་ཆུ་ཚོད༣ཏག་ཏག་གི་སྟེང་དུ་སློབ་གྲྭའི་ནང་ དུ་འཛུལ་འོང་བ་མཐོང་བྱུང་། ཁོང་གིས་རླངས་འཁོར་ར་སྐོར་ནང་དུ་བཞག་པ་དང་། རྨས་སྐྱོན་ཡོད་པའི་རྐང་བ་གཉིས་མདུན་དུ་དལ་བུར་སྤོ་བཞིན་ཁང་རྩེག་བཞི་པའི་ སྟེང་གི་རང་ཉིད་ཀྱི་གཞུང་ལས་ཁང་དུ་འཛུལ།
ངས་ རྟོག་ཞིབ་དང་རྒྱུས་ལོན་བྱས་པ་ལྟར་ན། ཁོང་གི་ལུས་པོ་ཅི་འདྲའི་སྟབས་བདེ་མིན་ཡང་། ནམ་རྒྱུན་དགེ་རྒན་གྱི་ལས་དོན་གཉེར་བཞིན་པའི་ཁོང་རང་ལ་མཚོན་ན་གང་འདོད་དུ་ དུས་ཚོད་འགོར་འགྱང་བྱེད་མི་སྲིད། སྐར་མ༡༠ཡི་དུས་ཡུན་དེ་ཆེད་དུ་རང་ཉིད་ཀྱི་རླངས་འཁོར་འཇོག་པ་དང་། ཐོག་ཁང་དུ་འཛེགས་ཏེ། བདུན་ཅོག་ངོས་བསྡུ་གསོག་བྱེད་པ་སོགས་ལ་སྤྱོད་པ་རེད། ཁོང་རང་གཞུང་ལས་ཁང་གི་ཅོག་ཙེའི་མདུན་དུ་མ་བསྡད་གོང་ནས་མགྲོན་པོ་ལ་ཕེབས་བརྡ་ གཏོང་རྒྱུ་བརྗེད་མེད་པས། ཐོག་དང་པོར་ངོ་ཤེས་མཁན་ཞིག་ལ་མཚོན་ན་ཁོང་གི་གཞན་བརྩི་དང་ནན་ཏན་ཞིབ་ཚགས་ཀྱི་ གཤིས་སྤྱོད་ཚོར་མྱོང་བྱེད་ཐུབ།
ཐེངས་ སྔོན་མར་ངས་བློ་བཟང་དཔལ་ལྡན་དང་ཁོང་གི་གངས་གཞོན་སྐད་བརྡ་སློབ་གྲྭ་ལ་བཅར་ འདྲི་བྱས་པ་ནི་ལོ་ལྔའི་སྔོན་གྱི་དོན་དག་ཅིག་རེད། ལོ་ངོ་ལྔ་འདས་པའི་རྗེས་སུ། བློ་བཟང་དཔལ་ལྡན་གྱིས་ང་ལ་བཤད་རྒྱུར། སློབ་གྲྭའི་འགྱུར་ལྡོག་ཆེས་ཆེ་བ་ནི་སློབ་ཚུལ་བཅོས་བསྒྱུར་ལེགས་འགྲུབ་བྱུང་ བ་དེ་རེད་ཟེར།
ལྷ་ སའི་གངས་ཅན་སྐད་བརྡ་སློབ་གྲྭ་ནི་བློ་བཟང་དཔལ་ལྡན་མི་སྒེར་གྱིས་མ་དངུལ་བཏང་ སྟེ་གསར་འཛུགས་བྱས་པ་ཞིག་རེད། སློབ་གྲྭ་ཚུགས་ནས་ལོ ༢༠ ལྷག་གི་རིང་དུ། གཙོ་བོ་ལས་དོན་དང་ཁ་བྲལ་ནས་སློབ་སྦྱོང་བྱེད་པ་དང་། ལས་ཞོར་དུ་སློབ་སྦྱོང་བྱེད་པའི་ཐབས་ལམ་གཉིས་ལ་བརྟེན་ནས། སྐད་བརྡ་དང་ཆེད་ལས་ལག་རྩལ་སྐོར་སློབ་ཁྲིད་བྱས་པ་དང་། དུས་མཚུངས་སུ་དུས་ངེས་གཏན་མེད་པར་ཕྱི་རྒྱལ་གྱི་ཚན་རྩལ་སྐད་བརྡའི་འཇོན་ལྡན་ མི་སྣ་གསོ་སྐྱོང་སྦྱོང་བརྡར་བྱས། སློབ་གསོའི་ལས་དོན་གཉེར་བའི་ལོ ༢༠ ལྷག་གི་རིང་དུ། གངས་གཞོན་སློབ་གྲྭས་སློབ་མ་མི ༣༠༠༠ ཙམ་ལ་སློབ་ཁྲིད་བྱས་ཡོད་པ་དང་། གློག་ཀླད་དང་ཡུལ་སྐོར་སྣེ་ཁྲིད་པའི་ཆེད་ལས་འཛིན་གྲྭར་ཞུགས་པའི་སློབ་མ ༥༠༠༠ ལྷག་ཡོད། ཁྱིམ་ཚང་དཀའ་ཁག་ཅན་དང་དབང་བོ་སྐྱོན་ཅན་གྱི་སློབ་མ ༣༠༠༠ ལྷག་ལ་རིན་མི་དགོས་པར་སློབ་གསོ་བྱས། ད་དུང་ལས་སྒུག་ན་གཞོན་དང་ལས་ཤོར་མི་སྣ་སྟོང་ལྷག་གི་ལས་དོན་ཐག་གཅོད་བྱས་ཡོད་ པ་རེད། བོད་ལྗོངས་ཉིན་རེའི་ཚགས་པར་དང་། བོད་རང་སྐྱོང་ལྗོངས་ཚན་རྩལ་ཨུ་ཡོན་ལྷན་ཚོགས། ཞིང་ལས་ཚན་རྩལ་ཁང་། བོད་ལྗོངས་མགྲོན་ཁང་། འཛུགས་སྐྲུན་དངུལ་ཁང་། དབུལ་སྐྱོར་ཐེབས་རྩ་ཚོགས་པ། འཛམ་གླིང་དོ་ཁུར་ཐེབས་རྩ་ཚོགས་པ་བཅས་ལས་ཁུངས་ཁག་གི་ཚན་རིག་ཞིབ་འཇུག་པ་དང་ དབུ་ཁྲིད་མི་སྣ། ལས་བཟོ་བ་སོགས་མི ༡༠༠༠ ལྷག་ལ་དབྱིན་སྐད་དང་གློག་ཀླད་ཀྱི་སྐོར་སོགས་སློབ་ཁྲིད་བྱས། ༢༠༠༨ ལོར། ཁོང་ཚོས་ད་དུང་དཔལ་འབྱོར་དཀའ་ཁག་ཅན་ནམ་ལུས་པོ་སྐྱོན་ཅན་གྱི་མི་སྣ་ཁག་ཅིག་ སློབ་གྲྭར་བསྡུས་ནས་གསོ་སྐྱོང་སྦྱོང་བརྡར་བྱས་ཏེ། མི་དེ་ཚོའི་འཚོ་གནས་དང་འགྲན་རྩོད་ནུས་པ་ཇེ་མཐོར་བཏང་ནས་མིག་རྒྱ་བསྐྱེད་པས། ཁོ་ཚོས་བདེ་སྐྱིད་འཚོ་བ་གསར་བསྐྲུན་བྱེད་པའི་ནུས་པ་ཇེ་བཟང་ཡོང་བར་རོགས་ སྐྱོར་བྱས། དེ་དང་དུས་མཚུངས་སུ་བློ་བཟང་དཔལ་ལྡན་གྱི་མཛད་རྗེས་ལ་རྒྱུས་ལོན་དང་ཁས་ལེན་ བྱེད་མཁན་ཇེ་མང་ནས་ཇེ་མང་དུ་གྱུར། ཁོང་རང“རྒྱལ་ཡོངས་ཡར་སྐྱེད་དཔེ་མཚོན་མི་སྣར” འདེམས་པ་དང་། འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་མི་འདྲ་བ ༢༠ ལྷག་ལ་འཚམས་འདྲིར་ཕེབས་པས། “རྒྱལ་སྤྱིའི་དབྱིན་ཡིག་དགེ་རྒན་མཐུན་ཚོགས” ཀྱི་ཚོགས་མིར་ཡང་འདེམས། སྔ་གཞུག་ཏུ་ཨ་རི་ལ་སློབ་སྦྱོང་དུ་ཐེངས་གཉིས་ལ་ཕེབས་པས། “རྒྱལ་ཡོངས་རང་སྦྱོང་མཁས་ཆགས་རྟགས་མ” དང “རྒྱལ་ཡོངས་ཕུལ་བྱུང་ན་གཞོན་བཅུ” ཡི་བདམ་བྱའི་འོས་མིར་བདམས་པ་རེད། གངས་ གཞོན་ལས་ཞོར་སྐད་བརྡ་སློབ་གྲྭའི་སྙན་གྲགས་ཇེ་རྒྱས་སུ་སོང་བ་དང་བསྟུན་ནས། གསོ་སྐྱོང་སྦྱོང་བརྡར་གྱི་ཐོག་ནས་དངུལ་སྒོར་གཉེར་བ་ནི་ཐབས་ལམ་མཆོག་ཏུ་གྱུར་ པ་ཞིག་ཡིན་མོད།
འོན་ཀྱང་བློ་བཟང་དཔལ་ལྡན་གྱིས་ཁེ་ཕན་ཁོ་ན་མི་གཉེར་བ་མ་ཟད། ལོ་རེར་གསོ་སྦྱོང་སློབ་གྲྭ་ལ་སྒོར་མོ་མང་པོ་ཁ་གསབ་བྱེད་བཞིན་ཡོད་པ་རེད། དེའི་རྒྱུ་མཚན་ནི་ཁོང་གིས་སློབ་ཡོན་བསྡུས་པ་ཧ་ཅང་ཉུང་བའི་རྐྱེན་གྱིས་རེད། སློབ་གྲྭ་འདི་སྲུང་སྐྱོབ་བྱེད་པའི་ཆེད་དུ། དབང་བོར་སྐྱོན་ཡོད་པའི་སྐྱེས་བུ་འདི་ཡིས་དཀའ་ངལ་ཁྱད་དུ་བསད་དེ། གློག་ཀླད་ཀུང་སི་དང་། ཚོང་ཁང་། ཟ་ཁང་སོགས་བཙུགས་པ་མ་ཟད། དེ་ལས་བྱུང་བའི་སྒོར་མོ་དེ་དག་སློབ་གྲྭའི་འགྲོ་སོང་དུ་བཀོལ་བ་རེད། བློ་བཟང་དཔལ་ལྡན་གྱིས་བརྩེ་བའི་ངང་བཤད་རྒྱུར། “དབང་ བོ་སྐྱོན་ཅན་ཡིན་པའི་ཆ་ནས་སྔོན་ཆད་ང་རང་ལ་རང་དམན་གྱི་བསམ་བློ་ཧ་ཅང་ཆེ། འཚོ་གནས་ཐུབ་ན་ལེགས་ཤོས་རེད་འདོད་མྱོང། འོན་ཀྱང་ད་ལྟ་རང་ཉིད་མི་གཞན་དང་སྤྱི་ཚོགས་ལ་དགོས་མཁོ་ཡོད་པའི་མི་ཞིག་རེད་ སྙམ་པའང་སྐྱེས་བྱུང་བས། སྤྲོ་སྣང་ཆེན་པོ་འདུག ཚོར་བ་དེ་ནི་སྒོར་མོ་གང་འདྲ་ཡོད་ཀྱང་ཉོ་མི་ཐུབ་པ་ཞིག་རེད།” ཁོང་གི་བསམ་པར་ཤེས་བྱ་རིག་གནས་མི་གཞན་ལ་བརྒྱུད་བསྒྲགས་བྱེད་ཐུབ་ན་དེ་ནི་མི་ ཞིག་གི་ཚེ་གང་བོའི་ཚོགས་བསགས་ཆེས་ཆེ་བ་ཡིན་པ་དང་ཆེས་བདེ་སྐྱིད་ཀྱི་དོན་དག་ ཞིག་ཀྱང་ཡིན་པར་སྙམ་པ་རེད།
བློ་ བཟང་དཔལ་ལྡན་གྱི་གསར་འགོད་པར་བཤད་རྒྱུར། གངས་གཞོན་སྐད་བརྡ་སློབ་གྲྭ་ཚུགས་ནས་ལོ ༢༣ ལོན་ཡོད་ལ། གལ་ཏེ་སློབ་གྲྭ་འདི་བཙུགས་པ་ནི་བདག་གི་མི་ཚེའི་དཀྱོག་འཚམས་དང་པོ་ཡིན་ན། བདག་གི་བྱ་གཞག་ཁྲོད་ཀྱི་དཀྱོག་འཚམས་གཉིས་པ་ནི ༢༠༠༨ ལོ་ནས་འགོ་བརྩམས་པ་ཡིན། (ཁོང་གིས་དོན་དངོས་སུ ༢༠༠༧ ལོ་ནས་གྲ་སྒྲིག་བྱས་པ་ནན་བཤད་མཛད)“ཕྲུ་ གུའི་སློབ་གསོ་ནི་ཀྲུང་གོ་ཡོངས་ཀྱི་སློབ་གསོའི་ལས་དོན་ཁྲོད་ཀྱི་ཆེས་ཞན་ས་ ཞིག་རེད། ང་ཚོའི་སློབ་གྲྭས་གནད་དོན་དེ་ལ་ཁ་གཏད་ནས། རྔ་ཆེན་སྲང་ལམ་གྱི་ལྟེ་གནས་ སློབ་གྲྭ་དང་། ལྷ་ས་སློབ་འབྲིང་གི་ཡན་ལག་སློབ་གྲྭ་ནས་སྐད་བརྡ་དང་ཆེད་ལས་ལག་རྩལ་གསོ་སྐྱོང་ སྦྱོང་བརྡར་བྱས་པའི་རྨང་གཞིའི་སྟེང་། གངས་གཞོན་སྦྲོ་སྐྱིད་བློ་གསལ་སྐད་གསུམ(རྒྱ་བོད་དབྱིན་སྐད་གསུམ)གྱི་བྱིས་ གཉོར་ཁང་བཙུགས་ཏེ། སྒྲིག་ཆས་དང་དགེ་རྒན་གྱི་རུ་དཔུང་ཆེས་བཟང་པོ་བཀོད་སྒྲིག་བྱས། བྱིས་གཉོར་ཁང་དེ་ཡིས་སྦྲོ་དགའི་ངང་སློབ་གསོ་གཉེར་བ་དང་སྦྲོ་སེམས་ཅན་གྱི་ རིག་གསལ་བྱིས་པ་གཉོར་སྐྱོང་བྱེད་པའི་རྩ་དོན་གཞིར་བཟུང་ནས། ལྷ་ས་ས་ཁུལ་གྱི་ཕྲུ་གུའི་སློབ་གསོ་སློབ་ཆུང་གི་རྣམ་པར་འགྱུར་བཞིན་པའི་གནས་ ཚུལ་བསྒྱུར་བཅོས་བྱས། རྩེད་འཇོའི་ཚུལ་གྱིས་སློབ་གསོ་གཏོང་བའི་ཐབས་ལམ་ལ་བརྟེན་ནས་ཕྲུ་གུ་ཚོའི་ སློབ་སྦྱོང་དང་འཚོལ་སྙེག་གི་བསམ་བློ་སྐྱེད་སྲིང་དང་། རང་འགུལ་རང་སློང་གིས་སློབ་སྦྱོང་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱས། བྱིས་གཉོར་ཁང་དུ་ད་ལྟ་འཛིན་གྲྭ༩དང་། སློབ་མ ༢༠༠ ལྷག་ཡོད། ང་རང་གི་བསམ་པར་ལོ ༠~༦ བར་གྱི་རྨང་གཞིའི་སློབ་གསོ་ནི་མི་ཚེའི་ཆེས་གནད་འགག་གི་དུས་རིམ་ཡིན་པར་འདོད་ པས། དུས་སྐབས་འདིའི་རིང་གི་སློབ་སྦྱོང་དལ་འགོར་བྱས་ཚེ། མི་གཅིག་གི་མི་ཚེ་གང་བོར་ཤུགས་རྐྱེན་ཐེབས་ངེས་རེད། གཉིས་ནས། ད་ལྟ་མང་ཚོགས་ཀྱི་འཚོ་བའང་ཇེ་བཟང་དུ་འགྱུར་བཞིན་ཡོད་པས། ཁྱིམ་བདག་གིས་བྱིས་པ་ཚོའི་སློབ་གསོ་ལའང་གཙིགས་མཐོང་བྱེད་པ་ཇེ་ཆེ་རེད། འོན་ཀྱང་ང་ཚོའི་སློབ་གསོ་སྡེ་ཁག་གིས་གྲ་སྒྲིག་བྱས་ཡོད་དམ། ཏག་ཏག་བོད་ལྗོངས་ནི་འཕེལ་རྒྱས་དལ་བའི་ས་ཁུལ་ཞིག་ཡིན་པས་ང་ཚོས་སྒྲུབ་དགོས་ པའི་བྱ་བ་ཧ་ཅང་མང་། སྤྱིའི་ཆ་ནས་སློབ་གསོའི་ཐབས་ལམ་བྱིས་གཉོར་ཁང་གཞན་དག་དང་འདྲའང་། ང་ཚོས་སྐད་བརྡ་སློབ་གསོ་བཙུགས་ནས་དུས་ཡུན་ཧ་ཅང་རིང་བས། དགེ་མཚན་དེ་ལ་བརྟེན་ཏེ། གཅིག་ནས་སྤྲོ་དགའི་ངང་སློབ་གསོ་གཏོང་བ་དང་སྦྲོ་སེམས་ཅན་གྱི་རིག་གསལ་བྱིས་པ་ གཉོར་སྐྱོང་བྱེད་པའི་སློབ་གསོའི་དམིགས་འབེན་དང་གཞུང་ལུགས་བཏོན་པ་ཡིན། གཉིས་ནས་སྐད་རིགས་མང་པའི་སྐད་གསུམ་བྱིས་གཉོར་ཁང་བཙུགས། དེའང་བོད་ལྗོངས་དང་ལྷ་ས་ཡི་དམིགས་བསལ་གནས་ཚུལ་ལ་གཞིགས་ནས་གཏན་ཁེལ་བྱས་པ་ ཡིན། ”
བློ་བཟང་དཔལ་ལྡན་གྱིས་ཐོག་དང་པོར་སྐད་གསུམ་བྱིས་གཉོར་ཁང་གི་གནས་ཚུལ་བཏོན་ པའི་སྐབས་སུ། མི་ཁ་ཤས་ཀྱིས་སེམས་ཁྲལ་ཆེན་པོ་བྱས་པ་རེད། ཁོང་ཚོའི་བསམ་པར་དེ་ལྟར་བྱས་ཚེ་རྒྱ་རིགས་བྱིས་པ་ཚོ་བསྡུ་མི་ཐུབ་པས། སློབ་མ་བསྡུ་ཚད་ལ་ཤུགས་རྐྱེན་ཐེབས་ངེས་རེད་འདོད། “ དོན་དངོས་སུ་ང་ཚོའི་བྱིས་གཉོར་ཁང་གི་སློབ་མའི་བརྒྱ་ཆ་ཉི་ཤུ་ཡས་མས་རྒྱ་རིགས་ ཡིན་པ་དང་། ཁྱིམ་བདག་ལ་ལས་བྱིས་པ་ཚོས་བོད་ཡིག་སློབ་པར་རྒྱབ་སྐྱོར་ཆེན་པོ་བྱེད་པ་མ་ཟད། ང་ཚོའི་ལས་སྟངས་ལའང་མོས་མཐུན་ཡོད་པ་རེད། ཁོང་ཚོའི་བསམ་པར་དེར་བཟང་ཆ་ལས་ངན་ཆ་མེད་པ་དང་། བྱིས་པ་ཚོས་མ་འོངས་པར་སྐད་རིགས་གཞན་པ་སློབ་པར་ཡང་དགེ་མཚན་ཆེན་པོ་ལྡན་པར་ སེམས་བཞིན་ཡོད་པས། ང་རང་ཡང་བློ་བདེ་བག་ཕེབས་བྱུང་སོང་། རྒྱ་སྐད་དང་བོད་སྐད། དབྱིན་སྐད་བཅས་དུས་མཉམ་དུ་སློབ་ཁྲིད་བྱེད་པའི་ཐབས་ལམ་འདི་ཡིས། བྱིས་པ་ཚོའི་སྐད་རིགས་སློབ་པའི་ནུས་པ་སྐྱེད་སྲིང་བྱེད་ཐུབ་པ་མ་ཟད། ཁོ་ཚོས་རིག་གནས་སྣ་མང་ཅན་གྱི་ཁོར་ཡུག་ཁྲོད་ནས་རང་མི་རིགས་དང་མི་རིགས་གཞན་ པའི་རིག་གནས་རྒྱབ་ལྗོངས་དང་དེའི་དགེ་མཚན་ཚོར་མྱོང་བྱེད་ཐུབ་པས། སྔར་ལས་ལྷག་པར་མི་རིགས་རིག་གནས་དང་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བསམ་བློ་ རྒྱུད་འཛིན་དར་སྤེལ་བྱེད་ཐུབ། དེའི་རྐྱེན་གྱིས་ཕྲུ་གུའི་སློབ་གསོའི་སློབ་ཚུལ་བཅོས་བསྒྱུར་ལེགས་འགྲུབ་ཆེན་ པོ་བྱུང་སོང་། ”ཟེར།
བློ་ བཟང་དཔལ་ལྡན་གྱིས་ད་དུང་བཤད་རྒྱུར། སྔོན་ཆད་ང་ཚོའི་སློབ་གྲྭས་སྐད་ཡིག་དང་རིག་གནས་སྐོར་གསབ་ཁྲིད་བྱ་རྒྱུ་གཙོར་ བཟུང་བ་དང་། ད་ལྟའང་དེ་རྒྱུན་འཁྱོངས་བྱེད་བཞིན་ཡོད། འོན་ཀྱང་ད་ལྟ་དེའི་སྐོར་ལ་ལག་རྩལ་སྦྱོང་བརྡར་དང་ཆེད་ལས་སློབ་གསོ་གཙོ་གནད་ དུ་འཛིན་བཞིན་ཡོད། དེ་ཡང་ཡུལ་སྐོར་སྣེ་ཁྲིད་པའི་འཛིན་གྲྭ་དང་མགྲོན་ཁང་ཞབས་ ཞུ་བའི་འཛིན་གྲྭ ས་གདན་བཟོ་འཐག་འཛིན་གྲྭ་སོགས་ཡོད་ཅེས་བཤད། དེ་མིན་སློབ་ གྲྭ་རང་གིས་མགྲོན་ཁང་དང་ས་གདན་བཟོ་གྲྭ་བཙུགས་ཤིང་། ཕྱོགས་གཅིག་ནས་ཐོན་ལས་ རང་ལ་བརྟེན་ཏེ་སློབ་མ་ཁག་ཅིག་གི་ལས་ཀའི་གནད་དོན་ཐག་གཅོད་པ་དང་། ཕྱོགས་གཞན་ ཞིག་ནས་ཐོན་ལས་ཀྱི་ཡོང་འབབ་བེད་སྤྱད་དེ་སློབ་གྲྭའི་རྨང་གཞིའི་འཛུགས་སྐྲུན་ དང་སྒྲིག་ཆས་ཆེ་གྲས་ནང་འདྲེན་གྱི་འགྲོ་སོང་ཐག་གཅོད་བྱས་ནས། སློབ་གྲྭ་རྒྱུན་ མཐུད་ངང་གནས་ཐུབ་པ་མ་ཟད་ཡར་རྒྱས་ཡར་དར་ཡོང་བར་ཁག་ཐེག་བྱེད་བཞིན་ཡོད། བོད་ ལྗོངས་ཀྱི་ཁེ་ལས་གཉེར་མཁན་མང་ཆེ་བས་རང་གི་ཁེ་ལས་ལ་འཚམ་ཞིང་ལྷག་ཏུ་ཁེ་ལས་དོ་ དམ་པའི་བྱ་བ་སྒྲུབ་མཁན་མི་རྙེད་ཅིང་། གལ་ཏེ་རྙེད་ཀྱང་དུས་ཡུན་རིང་བོར་མི་ འདུག་པའི་གནས་ཚུལ་ལ་སྨྲེ་ངག་འདོན་བཞིན་ཡོད་པས། གནས་ ཚུལ་དེས་ཀྱང་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་འདུག གལ་ཏེ་ང་ཚོས་སྔ་ས་ནས་ཁེ་ལས་སུ་བྱ་བ་སྒྲུབ་པར་ཡོང་ཞིང་དུས་ཡུན་རིང་པོར་སྡོད་ ཐུབ་པའི་མི་སྣ་གསོ་སྐྱོང་མ་བྱས་ཚེ། དཔལ་ འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་ངེས་རེད་ཅེས་ ཁོང་གིས་དེ་ལྟར་བཤད། ཡང་བཤད་རྒྱུར། མིག་སྔར་བོད་ལྗོངས་སུ་ཚང་མས་གཞུང་ཞབས་པར་ཡིག་ཚད་ལེན་རྒྱུ་རྒྱུགས་ཆེ་མོད། འོན་ ཀྱང་ངས་གནས་ཚུལ་དེ་བཟང་པོ་འདུག་པར་ཁས་ལེན་དེ་འདྲ་བྱེད་ཀྱི་མེད། རྒྱུ་མཚན་ ནི་གཞུང་ཞབས་པའི་ལས་གནས་ཀྱི་གྲངས་ཀར་ཚད་བཟུང་ཡོད་པས་རེད། བློ་བཟང་དཔལ་ལྡན་ གྱིས“དེ་བས་ང་ཚོའི་ལག་རྩལ་སློབ་གསོའི་ལས་དོན་གྱི་འགན་ཁུར་ལྕི་ཞིང་ལམ་ཐག་རིང་བ་དང་། བསྒྲུབ་དགོས་པའི་བྱ་བ་ཧ་ཅང་ཧ་ཅང་མང་པ་རེད ” ཅེས་བཤད།
ཁོང་ ལ་བཅར་འདྲི་ཞུ་བའི་གོ་རིམ་ཁྲོད་ནས་བདག་གིས་དབང་བོ་ལ་སྐྱོན་ཡོད་ཀྱང་ཕུགས་ འདུན་ལ་གཡོ་བ་མེད་པའི་བོད་ཀྱི་ན་གཞོན་ལས་ཀ་གསལ་སྤེལ་བ་ཞིག་གི་སྙིང་སྟོབས་ མཐོང་བ་དང་། ཁོང་ གི་རྒྱུད་ན་དེང་ གི་སྤྱི་ཚོགས་ཀྱི་གོམས་གཤིས་ངན་པ་ཉུང་ཡང་། བབ་ཆགས་པའི་འཚོ་བའི་རང་མདངས་དང་ ལས་དོན་ལ་བཅངས་པའི་དགའ་ཞེན། བླ་ན་མེད་པའི་བསམ་བློའི་གོ་རྟོགས་ནི་ཧ་ཅང་མཐོ་བ་རེད། ང་ཚོས་མཉམ་དུ་བློ་བཟང་ དཔལ་ལྡན་དང་ཁོང་གི་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་བའི་བཀྲ་ཤིས་སྨོན་འདུན་ཞུ་བ་ དང་ཆབས་ཅིག འཛམ་གླིང་ཡང་རྩེ་ན་ལས་རིགས་གསར་སྤེལ་བྱེད་བཞིན་པའི་སྐྱེས་བུ་ལྷན་རྒྱས་ལའང་བཀྲ་ཤིས་སྨོན་འདུན་ཞུ།
ཧ་་ཧ་ཧ་ཧ་
རླངས་འཁོར་སྟེང་དུ་ཡོད་ཅེས་བསྒྱུར་བ་དེས། སྒྱུར་བ་པོ་ཚད་ལྡན་མ་ཡིན་པ་ཞིག་ཡིན་པ་ཤེས་ཐུབ
བློ་བཟང་དཔལ་ལྡན་ལགས་ལ་ནམ་ཡང་གུས་འདུད་ཞུ་བཞིན་ཡོད།
ང་ཚོ་ལ་ཁོང་ལྟ་བུའི་སྐྱེས་བུ་གང་མང་ཞིག་དགོས་འདུག