(རྒྱ་མོ་འབུམ་རམས་པས་བོད་མི་ཀློག་པ་པོར་ཕུལ་བའི་ལན།)
བོད་རྒྱ་ཟེར་བ་ནི་མིང་རྟགས་ཙམ་ཡིན།
ཞུའུ་ཕའེ་ཡིས་བརྩམས།
ལྷ་སྡེ་གནམ་ལོ་ཡག་གིས་བསྒྱུར།
ཐོག་མར་གནམ་ལོ་ཡག་གིས་ངེད་གཉིས་ཀྱི་སྨྱུག་མོལ་བོད་བསྒྱུར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནི་ང་རང་གིས་བརྒྱུད་ལམ་འདིའི་སྒང་ནས་བོད་ཡིག་ཀློག་མཁན་རྣམས་ལ་བསམ་ཚུལ་བརྗེ་རེས་བྱེད་ཐུབ་ཡོད་པས་ཡིན་ལ། བོད་ཡིག་གིས་ང་རང་ཐབས་ཟད་འུ་ཐུག་གིས་དྲག་པོར་ངོ་རྒོལ་བྱེད་མཁན་གྱི་བོད་མི་རྣམས་དང་སྦྲེལ་ཡོད་ཅིང་། དེ་ནི་བོད་ཀྱི་རང་དབང་གི་ངོ་བོར་གྲུབ་ཡོད། རྒྱ་ཡིག་གིས་ང་རང་མཐའ་གྱང་དམར་བོའི་ཕྱི་ནང་གི་རྒྱ་མི་དང་སྦྲེལ་ནས་རིག་གནས་རང་བཞིན་གྱི་རྒྱ་ནག་རྒྱལ་ཁབ་ཀྱི་ངོ་བོར་བསྐྲུན་ཡོད། བློ་ཕངས་པ་ཞིག་ལ་ང་རང་གིས་བོད་ཡིག་ཤེས་ཀྱི་མེད། ཡིན་ནའང་། གནམ་ལོ་ཡག་གིས་རྒྱ་ཡིག་ཤེས་ཀྱི་ཡོད་པའི་ཁར། ཐོག་མཐའ་བར་གསུམ་དུ་རྒྱ་ཡིག་བཀོལ་ནས་བོད་མིའི་བསམ་འདུན་བརྗོད་ཀྱིན་ཡོད་ཅིང་། ང་རང་གིས་རྒྱ་ཡིག་གམ་འཇར་མན་གྱི་ཡི་གེ་གང་རུང་ལ་བརྟེན་ནས་སེམས་ཚོར་དང་འཇིག་རྟེན་ལྟ་ཚུལ་འབྲི་བཞིན་ཡོད་ལ། དེའི་ནང་དུ་བོད་ཀྱི་རྒྱུས་ལོན་དང་གུང་ཁྲན་ཏང་གི་ལྟ་ཚུལ་གཉིས་ཀྱང་འདུ། འདི་ནས་གནམ་ལོ་ཡག་གིས་བརྒྱུད་སྤྲོད་བྱས་པའི་དོན་དག་འགར་ལན་འདེབས་བྱེད་ཀྱི་ཡིན་ལ། བོད་རྒྱའི་བསམ་ཚུལ་བརྗེ་རེས་ལ་བསྐུལ་འདེད་ཡོང་བར་རེ་བ་ཤིན་ཏུ་ཆེ།
དགེ་སྡིག་གཉིས་གཞི་གཅིག་ཏུ་གྲུབ་ཐབས་མེད།
འགྲོ་བ་མིའི་ཐོབ་ཐང་བདག་དབང་ལས་མཐོ་བ་དང་མི་རིགས་རང་ཐག་རང་གཅོད་སོགས་ཀྱི་རྒྱུན་ཤེས་ནི་གནམ་ལོ་ཡག་དང་ངེད་གཉིས་ཀྱི་གླེང་མོལ་གྱི་སྔོན་འགྲོ་ཡིན་པས། འདི་ནས་བསྐྱར་ཟློས་མི་བྱེད།
ཕྱི་ལོ ༢༠༠༧ལོར་ང་རང་ཨ་རིའི་གྲོང་ཁྱེར་སཱན་ཧྥན་སེ་སི་ཁའོ(San Francisco)ནས་ས་གནས་དེ་གའི་རྩ་རླུང་སྒོམ་སྒྲུབ་པས་བསྡུས་པའི་རྒྱ་མི་བྱེ་བ་གཉིས་ཀྱིས་གུང་ཁྲན་ཏང་དོར་བའི་ཁྲོམ་བསྐོར་ལ་ཞུགས་པ་ཡིན་ལ། སྐབས་དེར་རྒྱ་མི་དང་མི་རིགས་གཞན་པའང་འདུག སྒོས་སུ་སྐབས་དེར་རྒྱ་མི་བཙན་བྱོལ་བ་ཞིག་དང་འཕྲད་ཅིང་། ཁོ་བོས་སི་ཁྲོན་ཞིང་ཆེན་རང་བཙན་བྱས་ནས“པཱ་ཧྲུའུ་སྤྱི་མཐུན་རྒྱལ་ཁབ”འཛུགས་ཀྱི་ཡིན་གསུངས་སོང་། རྒྱ་མིའི་ནང་ཁུལ་དུའང་གནད་དོན་འདིའི་རིགས་མང་བོ་ཡོད་ལ། ངས་དེ་དག་ཚང་མར་བརྩི་བཀུར་བྱེད་ཀྱིན་ཡོད། དེ་བས། བོད་རང་བཙན་བྱེད་འདོད་མཁན་ལ་ངོ་རྒོལ་བྱེད་མི་སྲིད་ལ། ངས་བལྟས་ན་བོད་རང་བཙན་གྱི་སྔོན་འགྲོའི་གོམ་པ་དང་པོའང་གུང་ཁྲན་ཏང་ཁ་འཐོར་ལ་འགྲོ་རྒྱུ་དེ་རེད་འདོད།
དེ་མཚུངས་སུ་ངས་བལྟས་ན“རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་གི་རང་སྐྱོང”གི་དགོས་འདུན་ཟེར་བ་འགྲུབ་སྲིད་ཀྱི་མ་རེད། གུང་ཁྲན་ཏང་ལ་བློ་གཏད་མེད་པ་དང་རྩ་ཁྲིམས་ཟེར་བའང་ལག་ཆ་ཙམ་ལས་ལག་བསྟར་བྱེད་མྱོང་མེད། གུང་ཁྲན་ཏང་གི་བོད་ལ་བཙན་གྱིས་བཞག་པའི“གྲོས་མཐུན་དོན་ཚན་བཅུ་བདུན”ཟེར་བའང་ལག་བསྟར་མི་བྱེད་ན། བོད་མིའི་ཅིའི་ཕྱིར་ད་དུང་གུང་ཁྲན་ཏང་ལ་གྲོས་མོལ་བྱས་ནས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུའི་སྟོང་བསམ་འདོར་གྱི་མེད་དམ། གུང་ཁྲན་ཏང་གིས་གོ་མིན་ཏང་ལ་བཞག་པའི་གྲོས་ཆིངས་ལའང་བརྩི་བཀུར་བྱེད་མྱོང་མེད་ལ། སྔར་ཏིན་ཞའོ་ཕེན་གྱིས་ཅང་ཅིན་ཀོ་ལ་གྲོས་མོལ་གྱི་དགོས་འདུན་འདོན་སྐབས། ཅང་ཅིན་ཀོས་གསར་འགོད་པར་ལན་འདི་ལྟར་བརྒྱབ་ཡོད། “གུང་ཁྲན་ཏང་ལ་གྲོས་མོལ་བྱེད་པ་ནི་རང་སྲོག་གཅོད་པའི་བྱ་སྤྱོད་ཅིག་ཡིན་པས། ང་ཚོ་ད་དུང་བླུན་དྲགས་ནས་རང་སྲོག་གཅོད་པའི་ཚད་ལ་སླེབས་མེད། ”དེ་བས། ཁོང་གིས་ལོ་རབས་བརྒྱད་ཅུ་བའི་ནང་ཕྱི་རྒྱལ་ལ་སློབ་སྦྱོང་དུ་སླེབས་པའི་སློབ་ཕྲུག་ཁྲོད་ནས་གུང་ཁྲན་ཏང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་རྒྱབ་བསྐྱོར་གནང་ཡོད། ཡིན་ནའང་། སྟབས་མ་ལེགས་ནས་ཁོང་ཕྱི་ལོ ༡༩༨༨ལོར་གྲོངས་འདུག
ཏཱ་ལའི་བླ་མས་དབུ་མའི་ལམ་བཏོན་པ་ནས་སམ། སྒོས་སུ་གུང་ཁྲན་ཏང་གི་ཨོ་ལིམ་ཕིས་ཁི་ལུས་རྩལ་འགྲན་ཚོགས་ལ་རྒྱབ་བསྐྱོར་གནང་བ་ནས་མར་ལེ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་ཁོར་ཡུག་གི་གནས་སྟངས་ཛ་དྲག་ཏུ་འགྱུར་བཞིན་ཡོད། དཔེར་ན། གུང་ཁྲན་ཏང་གིས་རྩ་རླུང་སྒོམ་སྒྲུབ་པ་མང་བོའི་དོན་ལྔ་སྣོད་དྲུག་ཡན་ཆད་བཙོང་ནས་ཁེ་སྤོགས་ཆེན་པོ་ཟ་བཞིན་ཡོད་ལ། ཉེ་ཆར་བོད་མི་བདུན་ལྷག་གིས་ཀྱང་རང་ལུས་མེར་བསྲེག་གིས་བོད་ཀྱི་རང་དབང་རྩོད་ཀྱིན་པས། དོན་དངོས་འདི་དག་གིས་ད་དུང་བོད་མི་ཚོས་གུང་ཁྲན་ཏང་ལ་བཟུང་བའི་སྟོང་བསམ་སད་དུ་འཇོག་མི་ཐུབ་བམ།
ཕྱི་ལོ ༢༠༠༤ལོར་ཏ་ཅི་ཡོན་གསར་ཁང་གིས་སྐད་ཡིག་མང་བོའི་ནང་དུ“གུང་ཁྲན་ཏང་ལ་དཔྱད་པ་དགུ་བསྐོར་མ”སྤེལ་རྗེས། གུང་ཁྲན་ཏང་གི་གནོད་འཚེ་ཐེབས་པའི་མི་རིགས་ཁག་གི་མདུན་བསྐྱོད་པ་ཚོར་གུང་ཁྲན་ཏང་ནི་གནོད་འཚེ་མཐའ་དག་གི་རྩ་བ་ཡིན་པར་གཅིག་གྱུར་གྱི་མོས་མཐུན་བྱུང་ཡོད། སྐབས་དེར་ཨ་རི་ནས་བསྐོངས་འཚོགས་གནང་བའི“ལྕགས་ཕག་ལོའི་གསར་བརྗེ་སྤྱི་བསྡོམས་དང་རྒྱང་ལྟའི་དཔྱད་བསྡུར་ཚོགས་འདུའི”སྟེང་ནས་བོད་ཀྱི་གཞོན་ནུ་ཚོགས་པའི་འཐུས་མི་ཆོས་ལྡན་ལགས་ཀྱིས་གསུངས་དོན། “རྒྱ་ནག་ལ་ངེས་པར་དུ་དམངས་གཙོ་མངོན་འགྱུར་བྱེད་དགོས་པས། མཛུབ་མོ་ལྔ་བཅངས་ཁུ་ཚུར་གྱི་དཔེ་ལྟར་ང་ཚོས་མཐུན་སྒྲིལ་བྱས་ནས་གུང་ཁྲན་ཏང་མགོ་རྟིང་སློག་དགོས། ”
ལོ་ངོ་ཉི་ཤུའི་ཡར་སྔོན་གྱི་རཱ་ཤི་ཡ་དམར་བོའི་གཞུང་དང་ཡུ་རོབ་ཤར་མའི་དམར་གཞུང་ཁག་མགོ་རྟིང་སློག་པ་ལས་ཐོབ་པའི་ཉམས་མྱོང་ནི“འཚེ་མེད་ཞི་བ”དང“མཉམ་འབྲེལ་མི་བྱེད་པ”གཉིས་ཟུང་འབྲེལ་བྱེད་དགོས། རྒྱུ་མཚན་ནི་དགེ་སྡིག་གཉིས་གཞི་གཅིག་ཏུ་གྲུབ་ཐབས་མེད་པས་སོ།
གུང་ཁྲན་ཏང་གིས་རྒྱ་ནག་དམར་བསྒྱུར་བྱས་ཡོད།
ང་རང་ལོ ༢༢སྟེང་འཇར་མན་ནུབ་མར་སློབ་སྦྱོང་དུ་ཕྱིན་ཞིང་། དྲུག་བཞིའི་དམར་གསོད་དོན་རྐྱེན་ལ་བརྟེན་ནས་ད་གཟོད་གུང་ཁྲན་རིང་ལུགས་ཀྱི་གཞུང་ལུགས་དང་ལག་ལེན་གྱི་ལོག་སྤྱོད་ངོ་བོར་ངོས་ཟིན་ཐོབ་པ་ཡིན། འཇར་མན་ནུབ་མ་ནས་ཐོག་མར་ཐོན་པའི་གུང་ཁྲན་རིང་ལུགས་ཀྱིས་དཀོན་མཆོག་བསྙོན་འབྱིན་བྱས་ནས་ཡེ་ཤི་ཆོས་ལུགས་ལ་ངོ་རྒོལ་བྱས་ཡོད་པས། ནང་བསྟན་གྱི་ཐོག་མའི་དགོངས་གཞི་དང་རྦད་དེ་ཁ་ཁ་རེད། གུང་ཁྲན་རིང་ལུགས་པས་མི་ཡུལ་དུ་ལྷ་གནས་བསྐྲུན་རྒྱུ་དང་ནང་བསྟན་གྱིས་མི་ཡུལ་གྱི་སྡུག་བསྔལ་ལས་གྲོལ་བར་གཞོགས་འདེགས་གནང་བཞིན་ཡོད། ཡང་ཅིག་བཤད་ན། གུང་ཁྲན་རིང་ལུགས་པས་དྲག་པོར་དད་པ་བྱས་ཡོད་ལ། ནང་བསྟན་གྱིས་སྲོག་གཅོད་སྡིག་པར་བརྩིས་ཡོད། མདོར་བསྡུས་ནས་བཤད་ན། ནང་བ་ངོ་མ་བ་ཞིག་ཡིན་ཕྱིན་གུང་ཁྲན་ཏང་ལ་རྒྱབ་བསྐྱོར་བྱེད་མི་སྲིད་པ་ཞིག་རེད། ནང་བསྟན་ལ་བོད་ཡུལ་དང་རྒྱ་ནག་གང་རུང་དུ་གྲུབ་མཐའ་སྣ་མ་སྣ་ཚོགས་ཤིག་ཡོད་མོད། རྩ་བའི་འབབ་ས་སྡིག་པ་ལས་གྲོལ་ནས་ཞི་བ་མྱང་འདས་ཐོབ་རྒྱུ་དེ་རེད།
གུང་ཁྲན་ཏང་གིས་ཕྱི་ལོ ༡༩༤༩ལོར་ཨེ་ཤ་ཡའི་དམངས་གཙོའི་རྒྱལ་ཁབ་ཐོག་མ་ཀྲུང་ཧྭ་མིན་གོ་མགོ་རྟིང་སློག་རྗེས། མི་རིགས་ཁག་གི་མི་སྣ་གཙོ་བོ་དག་དམར་གསོད་བྱས་ཡོད་ཅིང་། དེའི་ནང་དུ་དགེ་འདུན་པའང་ཡོད། དེ་མཚུངས་སུ་ཁུང་ཙི་ནས་བརྒྱུད་པའི་རྒྱ་ནག་གི་ཤེས་རིག་ལ་གཏོར་སྐྱོན་བཏང་ཡོད། ཕྱི་ལོ ༡༩༤༧ལོར་པེ་ཅིན་གཅིག་པུ་ན་དགོན་པ ༡༩༢༠ཡོད། ཡིན་ནའང་། གུང་ཁྲན་ཏང་གིས་དབང་བསྒྱུར་བྱས་རྗེས་དགོན་པ་ཚང་མར་གཏོར་སྐྱོན་བཏང་ཡོད། དེའི་ནང་དུ་བོད་བརྒྱུད་ནང་བསྟན་ལ་གཏོགས་པའི་ཡན་ཧོ་ཕོ་བྲང་ཡང་འདུ།
ཏིང་ཞའོ་ཕེན་ལག་པར་དབང་ཆ་ཤོར་རྗེས། ཕྱོགས་ཡོངས་ཀྱི་གནོན་ཤུགས་དང་དམངས་ཁྲོད་དུ་ཆོས་ལུགས་ཀྱི་དགོས་མཁོར་དམིགས་ནས་ཕྱི་ལོ ༡༩༨༡ལོེར་ཡན་ཧོ་ཕོ་བྲང་ཕྱི་ལ་སྒོ་འབྱེད་ཡོད་ཅིང་། ད་ལྟའི་མཁན་པོ་ནི་ནང་སོག་ནས་ཡོང་བའི་འཇམ་དབྱངས་ཐུབ་བསྟན་རེད་ལ། ཁོང་གིས“བོད་བརྒྱུད་ནང་བསྟན་གྱིས་ཏང་གི་དབུ་ཁྲིད་འོག མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་བྱས་རྗེས་འཇོག་གི་ཡིན”ཞེས་རྒྱུན་དུ་བཤད་ཀྱིན་འདུག མཁན་པོ་འདི་ལྟ་བུ་ཞིག་མི་རིགས་གང་གི་ཡིན་ནའང་འདྲ། ངས་ནམ་ཡང་བརྩི་བཀུར་ཞུ་ཐུབ་རྒྱུ་མ་རེད། ཁོ་བོས་སྒྲིབ་པ་ཉམས་ལེན་དོར་ནས་གུང་ཁྲན་ཏང་གི་གོ་ས་གཅིག་པུར་འཐམ་འདུག ཡིད་ཕངས་པ་ཞིག་ལ་གུང་ཁྲན་ཏང་གི་འོག་ཏུ་འདི་ལྟ་བུའི་བླ་མ་རྫུན་མས་ཁེངས་འདུག
ང་རང་ལྟ་བུའི་གུང་ཁྲན་ཏང་གི་སློབ་གསོའི་འོག་འཚར་ལོངས་བྱུང་མཁན་ཞིག་གིས་ཀྱང་སེམས་ཀྱི་རང་དབང་ལ་འཚོལ་སྙེག་བྱེད་ཀྱི་ཡོད་ཅིང་། བོད་བརྒྱུད་ནང་བསྟན་ལའང་དོ་སྣང་ཆེན་པོ་ཡོད། དེ་བས། ངས་རྗེ་མི་ལ་མཆོག་གི་གསུང་དང་སྤྱོད་པས་བླ་མ་ངོ་མ་ཡིན་མིན་ལ་ཚད་གཞི་འཇོག་གི་ཡོད། ང་ཕོད་ནི་དགེ་འདུན་པ་ཞིག་མིན་ནའང་། ཕོ་རྒོད་ཅིག་ལ་ཚང་དགོས་པའི་ཚད་གཞི་མི་ཚང་བས། མི་རིགས་ཀྱི་བླ་སྲོག་བཙོང་ནས་རང་ཉིད་ལ་ཁེ་ཕན་བསྐྲུན་མཁན་དག་ནམ་ཡང་དམའ་འབེབས་བྱེད་ཡུལ་ཆགས་ཡོད། ངས་ནམ་ཡང་རྫུན་མི་བཤད་པར་ལེགས་ཉེས་འབྱེད་ཤེས་པའི་དཔའ་བོ་རྣམས་ལ་བརྩི་བཀུར་བྱེད་ཀྱི་ཡོད། དཔེར་ན། པཎ་ཆེན་སྐུ་ཕྲེང་བཅུ་བ་ལྟ་བུའི་“མང་ཚོགས་ཀྱི་བཀྲེས་སྐོམ་དང་ནང་བསྟན་གྱི་རྨེག་མེད། གངས་ལྗོངས་ཀྱི་འཇིག་ཉེན་སླད་གསོལ་བ་འདེབས་ཕོད”པའི་བོད་མི་རྣམས་ཡིན།
བོད་རྒྱ་གཉིས་མཉམ་གནས་བྱེད་ཐུབ།
ང་རང་རྒྱ་མི་ཞིག་ཡིན་མོད། འཇར་མན་དུ་སླེབས་པ་ནས་རྒྱའི་རིག་གནས་དང་རྒྱའི་སྐད་ཡིག་ལ་རྒྱུས་ལོན་བྱེད་ཐུབ་ཡོད། རྒྱའི་རིག་གནས་དང་སྐད་ཡིག་བརྒྱུད་འཛིན་བྱེད་མཁན་ཀྲུང་ཧྭ་མིན་གོ་མཚོན་ན། སྔར་ཆོས་ལུགས་དང་རིག་གནས་གང་ལའང་གཏོར་སྐྱོན་བཟོ་མྱོང་མེད། དེ་ལས་ལྡོག་ནས་པཎ་ཆེན་སྐུ་ཕྲེང་དགུ་བར་ཕྱི་ལོ ༡༩༢༣ལོ་ནས་ལོ་བཅོ་ལྷག་ལ་རྒྱ་ནག་ནང་དུ་ཆོས་སྤེལ་བ་དང་གོ་མིན་ཏང་གཞུང་གི་ལྟ་སྐྱོང་ཡག་པོ་གནང་ཡོད། ང་རང་གིས་འཇར་མན་ཡི་གེ་ནང་དུ་པཎ་ཆེན་སྐུ་ཕྲེང་དགུ་བའི་ལོ་རྒྱུས་ཀློག་རྗེས། ཁོང་ནི་གུས་བརྩི་བྱེད་འོས་པའི་བླ་ཆེན་ཞིག་དང་གུང་ཁྲན་ཏང་ལ་ཐ་གཅིག་ཏུ་ངོ་རྒོལ་གནང་མཁན་ཞིག་ཀྱང་རེད།
པཎ་ཆེན་སྐུ་ཕྲེང་དགུ་བས་རྒྱབ་བསྐྱོར་བྱེད་ཀྱིན་པའི་ཀྲུང་ཧྭ་མིན་གོ་གཞུང་ཐའེ་ཝན་དུ་སྤོར་རྗེས། བོད་མི་ཚོའང་མི་རིགས་གཞན་པ་ལྟར་རང་དབང་དང་ཐོབ་ཐང་རེག་ཡོད། ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཐའེ་ཝན་ནང་མང་བོ་ཐོན་ཡོད། གལ་སྲིད་ང་རང་གིས་བོད་བརྒྱུད་ནང་བསྟན་སྐོར་མི་ཤེས་པ་དང་རྗེ་མི་ལ་རས་པའི་སྐོར་ཀློག་མེད་པ་ཡིན་ན། རྩ་རླུང་སྒོམ་སྒྲུབ་ཉམས་ལེན་བྱེད་མི་སྲིད་པ་ཞིག་རེད།
ཕྱི་ལོ ༡༩༩༩ལོེར་གུང་ཁྲན་ཏང་གིས་ཟླ་གསུམ་གྱི་ནང་དུ་རྩ་རླུང་སྒོམ་སྒྲུབ་རྨེག་མེད་དུ་གཏོང་རྒྱུ་ཡིན་ཞེས་འུད་སྒྲོག་བྱས་པ་རེད། ཡིན་ནའང་། དེ་ལས་ལྡོག་ནས་ད་ལྟ་“བདེན་པ། དགེ་བ་དང་བཟོད་པ”སྲོག་ཤིང་དུ་བཟུང་བའི་ནང་བའི་རྩ་རླུང་སྒོམ་སྒྲུབ་འཛམ་གླིང་གི་ཡུལ་གྲུ་གང་སར་དར་ཁྱབ་ཏུ་སོང་ཡོད། རྩ་རླུང་སྒོམ་སྒྲུབ་ཀྱིས་ང་རང་ལ་ནང་ཆོས་ཉམས་ལེན་བྱེད་པའི་སེམས་འདུན་བསྐང་ཡོད་པས། ནང་ཆོས་ཉམས་ལེན་མཁན་ཞིག་གི་སེམས་ནང་འཁོན་འཛིན་གྱི་བསམ་བློ་ག་ལ་ཡོད་ཆོག བོད་པའི་དགེ་འདུན་པ་གང་རུང་ཞིག་གི་སེམས་སུ་ཨ་མར་མ་གྱུར་བ་གཞན་ཞིག་ཡོད་ན་གནས་ཚུལ་ལོགས་སུ་འཇོག་རྒྱུ་རང་རེད།
ངས《གུང་ཁྲན་རིང་ལུགས་ཐད་ཀྱི་རྒྱབ་ཤ་ནག་པོའི་དེབ། ནག་ཉེས། དྲག་སྤྱོད། དྲག་གནོན》ལས་བསྟན་པའི་གུང་ཁྲན་ཏང་གི་ནག་ཉེས་ཐེར་འདོན་གྱིས་མི་རྣམས་མགོ་བསྐོར་འོག་མི་ཚུད་པར་འབོད་བསྐུལ་བྱེད་ཀྱིན་པ་ཙམ་ཡིན། ཡང་ཅིག་བཤད་ན། ཕྱི་ལོ ༢༠༠༢ལོེར་རྒྱ་ནག་ཀོས་གྲུའུ་ཞིང་ཆེན་ནང་གི་བྲག་ངོས་ཤིག་ཏུ“རྒྱ་ནག་གུང་ཁྲན་ཏང་སྟོང་བ”ཞེས་གནམ་ཡིག་བབས་ཡོད་ལ། ས་གནས་གཞུང་གིས་བཟོས་པའི་ཁྱབ་བསྒྲགས་ནང“སྟོང”ཡིག་ལ་དོ་སྣང་བྱས་མེད་ནའང་། རྒྱ་ཡིག་ཤེས་མཁན་ཞིག་གིས་གསལ་བོར་ཀློག་ཐུབ། འབྲེལ་ཐག་གཤམ་གསལ།
གུང་ཁྲན་ཏང་གི་དཀར་ནག་གོ་ལྡོག་གི་ཁྱབ་བསྒྲགས་འཛམ་གླིང་ཡོངས་སུ་ཁྱབ་ཡོད་ནའང་། ལོ་རབས་དགུ་བཅུའི་ནང་དུ་ལྕགས་ལམ་བརྗོད་བྱར་བཟུང་བའི་མུ་འབྲེལ་བརྙན་འཕྲིན་ཟློས་གར《ལྷ་ལམ》ཞེས་པའི་བརྗོད་དོན་གླུ་དབྱངས་ནི《མདོ་དབུས་མཐོ་སྒང》ཞེས་པ་དེ་ཡིན་ལ། གླུ་དབྱངས་དེ་སྙན་འཇེབས་ཡིད་དབང་འཕྲོག་པ་ཞིག་ཡོང་ཐུབ་ཡོད། གླུ་དབྱངས་དེ་ཐོག་མར་ལེན་མཁན་རྒྱ་མོ་ལིས་ནཱ་ཡིན་པ་དང་། གླུ་ཚིག་རྩོམ་མཁན་ཀོ་རི་ཡ་རིགས་ཀྱི་ཀྲང་ཆེན་ཡེ་ཡིན། ལིས་ནཱ་ལགས་ཀྱིས་གུང་ཁྲན་ཏང་གི་ཁྱབ་བསྒྲགས་ཀྱི་ལྡོག་ཕྱོགས་ནས་སྒྱུ་རྩལ་དངོས་ཀྱི་ཉམས་འགྱུར་སྟོན་ཐུབ་ཡོད་ལ། ལིས་ནཱ་ལགས་དེང་སྐབས་ཨ་རིའི་ནང་བའི་དགོན་པ་ཞིག་ཏུ་བཙུན་མ་བྱས་ཡོད། གླུ་དབྱངས་ཀྱི་འབྲེལ་ཐག་གཤམ་གསལ།
http://www.youtube.com/watch?v=5Vmtvpk2zU4
བསོད་ནམས་དབང་མོ་ནི་བོད་རིགས་རེད་ལ། ཁོ་མོས་གླུ་དབྱངས་དེ་ཇི་ལྟར་བླངས་ཡོད་པར་གཟིགས་རོགས།
བསོད་ནམས་དབང་མོར་ཚེ་བརྟན་སྒྲོལ་མ་གཉིས་པ་ཞེས་འབོད་ཀྱི་ཡོད་ལ། ཁོ་མོས་ད་དུང“ཡར་ལངས་ཞིང་བྲན་གྱིས་གླུ་གཞས་གཏོང”ཞེས་པའི་ཚེ་བརྟན་སྒྲོལ་མར་སྐད་གྲགས་ཆགས་པའི་གླུ་དབྱངས་དེ་བསྐྱར་ཟློས་ཡང་ཟློས་ཀྱིས་གུང་ཁྲན་ཏང་ནི་མགོན་སྐྱབས་ཡིན་པའི་ཁྱབ་བསྒྲགས་བྱེད་ཀྱིན་པར་མ་ཟད། ཁོ་མོ་ཚོ་ནི་གུང་ཁྲན་ཏང་གིས་བོད་ཀྱི་བརྟན་ལྷིང་སྒྲུབ་བྱེད་ཀྱི་ལག་ཆར་གྱུར་ཡོད་པར་མ་ཟད། མི་རིགས་མང་བོར་མགོ་བསྐོར་གཏོང་བྱེད་ཀྱང་ཆགས་ཡོད་པས། ཁོ་མོ་ཚོ་ནི་བོད་རང་བཙན་གྱི་འགོག་རྡོ་ངོ་མ་དེ་ཆགས་ཡོད་པ་མ་ཡིན་ནམ།
ཕྱི་ལོ ༢༠༡༡ལོའི་ཟླ ༡༠ཚེས ༡༠ཉིན་རའེ་ཡན(Rhein)གཙང་བོའི་འགྲམ་དུ་བྲིས།
རྒྱ་མོ་འབུམ་རམས་མས་དངོས་འབྲེལ་བདེན་པ་བཤད་ཀྱིན་འདུག མོས་བཤད་པ་དེ་ཚོར་རྒྱུ་མཚན་འདུག རྒྱ་ནག་གིས་མི་ངན་འགའ་རེ་བེད་སྤྱད་ནས་ཁྱབ་བསྒྲགས་རྫུན་མ་འདྲ་མིན་གྱིས་རྒྱ་རིགས་གཙོས་པའི་མི་རིགས་ཁག་གི་མི་མང་དང་དེ་བཞིན་ཕྱི་རྒྱལ་མི་རིགས་ཚོར་མགོ་སྐོར་གཏོང་ཐབས་བྱས་པ་རེད་ལ་ད་དུང་ཡང་དེ་བཞིན་རེད། ད་དམར་པོའི་གཞུང་གི་གཉའ་གནོན་མྱོང་འདོད་མེད་པའི་མི་རིགས་ཚང་མ་གཉིད་སད་ནས་རྡོག་རྩ་གཅིག་ཏུ་སྒྲིལ་རན་འདུག སྐུ་ཞབས་གནམ་ལོ་ཡག་དང་འབུམ་རམས་མ་གཉིས་ལ་ཐུགས་རྗེ་ཆེ་ཞུ། མ་མཐུད་ཤུགས་རྒྱག་རོགས།
རྒྱ་རིག་ན་སྒྱུད་པ་འདར་གི
རྣམ་པ་གྣིས་ཀྱིས་གནས་ཚུལ་རྣམས་གསལ་པོ་དང་དྲང་པོ་ཞིབ་ཚགས་པོ་ཞེ་དྲགས་བྲིས་པ་རྣམས་འཕབ་
སྒྱུར་གོ་བདེ་པོ་གནང་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་རྗེས་སུ་ཡི་རངས་ཞུ་གི་ཡིན།
འོན་ཀྱང་དོགས་གཞི་ཞིག་ནི།
བོད་མིའི་ངོ་རྒོལ་དང་མངོན་འདོད་ལ་རེ་སྟོང་བཅངས་བ་དོར་ཏེ་ཞེས་སོགས་དང་།
དོན་དམ་དུ་རྒྱ་བོད་གཉིས་ཐ་དད་མིན་ཁུལ་
དངོས་སུ་བརྗོད་དེ་བོད་མིའི་རང་དབང་འཐབ་རྩོད་ལ་གྲུབ་འབྲས་འབྱུང་མི་སྲིད་པ་ལྟ་བུར་བརྗོད་པ་ནི་
དམིགས་ཡུལ་ངེས་ཅན་ཞིག་གིས་ཀུན་ནས་བླངས་ཏེ་བོད་ཀྱི་བདག་དབང་ལོ་རྒྱུས་ཐོག་ནས་ནག་སུབ་གཏོང
་རྩིས་ཀྱི་དམིགས་ཡུལ་མེད་དམ་སྙམ་པའི་ཐེ་ཚོམ་གསར་པ་ཞིག་ཀྱང་འགོག་མེད་དུ་འཆར་བས།
དེ་ལ་དགོངས་ཚུལ་ཇི་ཡོད་གསལ་པོ་གསུངས་རོགས་གནང་།
ཉི་མ་དང་ཟླ་བ།
ཕ་མ་གཅིག་གི་བུ་ཕྲུག
ཕ་མའི་མིང་ལ་འོད་ཟེར་ཟེར
རྒྱ་རིགས་དང་བོད་རིགས
ཕ་མ་གཅིག་གི་བུ་ཕྲུག
ཕ་མའི་མིང་ལ་ཀྲུང་གོ་ཟེར
འདི་ད་དུང་རྣ་བར་འཇགས་ནས་འདུག
གནམ་ལོ་ཡག་ནས་འགྲེལ་བཤད་བྱས་པ་ལ་བརྟེན་ནས་རྒྱ་མོས་ཡང་བསྐྱར་སྤྱི་ཡོངས་ལ་ལན་རགས་ཙམ་བཏབ་འདུག ལྷག་པར་གུང་ཁྲན་ཏང་སྡུག་ཅག་ཡིན་པའི་རྒྱུ་མཚན་མང་པོ་བཤད་འདུག བཤད་སྟངས་ལ་བལྟས་ན་གཟུར་གནས་ཞིབ་འཇུག་པ་ཞིག་གི་ཚད་གཞི་མི་འདུག་སྙམ། གཅིག་ནས་མར་ཀེ་སི་ལེ་ཉིན་གྱི་རིགས་པའི་གཞུང་ལུགས་དང་དེའི་ཐོག་མའི་རྗེས་འབྲང་བ་དག་ལ་ཁྱད་པར་ཡོད་མེད་དང། ལྷག་པར་དེ་སྔའི་རྒྱ་ནག་གི་གུང་ཁྲན་ཏང་གསར་བ་དང་དེའི་རྗེས་འབྲངས་བ་ནས་ད་ལྟའི་བར་བཅས་ལ་ཁྱད་པར་ཅི་ཡོད། ལྟ་གྲུབ་དང་རྗེས་འཇུག་པ་གཉིས་ལ་ཁྱད་པར་ཆེ་ཚུལ་དེ་གསལ་བོར་རྟོགས་དགོས་སྙམ།
ང་ཚོས་ངོ་རྒོལ་བྱ་ས་རྒྱ་ནག་གུང་ཁྲན་ཏང་དང་ལྷག་པར་པེ་ཅིང་གི་ཏང་ཀྲུང་དབྱང་ཡིན། འདི་མགོ་མཇུག་སློག་དགོས་པར་འདོད་ཀྱིན་ཡོད། དེ་མེད་པ་བཟོས་ཤུལ་ལ་དམངས་གཙོ་ཡང་དག་ཅིག་དགོས་པར་འདོད་ཀྱིན་ཡོད། ཆེ་ས་འདིའི་ཆ་ནས་ང་ཚོའི་དམིགས་ཡུལ་གཅིག་པ་ཡིན། འགལ་བ་མེད། འོན་ཀྱང་ང་ཚོས་རྒྱ་ནག་གུང་ཁྲན་གྱི་དམག་ཤུགས་ལ་འགྲན་ཟླ་མི་ཐུབ་ལ་ཧ་ཅང་གྲངས་མང་བའི་གུང་ཁྲན་ཏང་ལ་འགྲན་ཡ་མི་ནུས། ད་དུང་ཆེས་གྲངས་མང་བའི་རྒྱ་རིགས་ཀྱི་མི་རིགས་ཆེན་པོའི་རིང་ལུགས་ལ་གཏན་ནས་འགྲན་མི་ཐུབ། དེ་བས་ང་ཚོས་ང་ཚོ་བོད་མི་ལག་པ་གང་བོ་དེ་ས་ལག་མཐིལ་འདྲ་ཞིག་ནས་བདེ་འཇགས་ངང་གསོན་ཐུབ་ན་ཡང་ཡག་ཤོས་རེད་སྙམ་གྱིན་ཡོད།
རྒྱ་ནག་གིས་ང་ཚོ་ཁ བྲལ་བ་རེད་ཅེས་ཉེས་ཞྭ་ཆེན་པོ་གཡོགས་ནས་བཙོན་འཇུག་དང་སྲོག་ཐོག་ལ་གཏོང་བ་སོགས་བྱེད་ཀྱིན་ཡོད། གཉིས་ནས་ང་ཚོའི་ནུས་པས་ཀྱང་མི་འདང། གསུམ་ནས་འཛམ་གླིང་གཅིག་གྱུར་གྱི་ཞི་བདེ་ལ་སྙེག་གིན་ཡོད་པས། ང་ཚོས་རང་བཙན་མཁྲེགས་འཛིན་ཡང་བྱེད་ཀྱིན་མེད། ཁྱེད་ཀྱིས་ཧ་གོ་ན་མི་རིགས་རང་སྐྱོང་གི་ཐོབ་ཐང་རྩོད་ཚུལ་འདི་ཡང་རྒྱ་གུང་ཁྲན་ཏང་ལ་དམག་འཐབ་ཀྱི་བྱུས་ངན་སེ་ཞིག་ཡིན། མདོར་བསྡུས་ནས་བཤད་ན་ང་ཚོས་ངོ་རྒོལ་གྱི་དམིགས་ཡུལ་དང་ཐབས་ལམ་འདྲ་མིན་ཡིན་པས་ལམ་ག་གཅིག་ནས་དམག་རྒྱག་ན་མི་འདོད།
གུང་ཁྲན་ཏང་གི་མི་གྲངས་ཉམས་ཆག་གཏོང་བར་ཏང་ནང་ནས་ཕྱིར་འབུད་དང་ཏང་ནང་ལ་མི་ཞུགས་པ་དེ་ཐབས་ཤེས་ཤིག་རེད། དོན་ངོ་མ་གྲངས་ཉུང་མི་རིགས་ཀྱིས་བརྒྱ་ཆའི་བཅུ་ཡང་ཟིན་གྱིན་མེད་ལ་ཏང་ནང་གི་མིས་དེ་བས་ཀྱང་བརྒྱ་ཆའི་ཆ་ཤས་དམའ། གལ་ཏེ་ཁྱོད་ཚོ་རྒྱ་རིགས་རྣམས་ཏང་ནང་ནས་ཕྱིར་འབུད་ཐུབ་ན་དེ་ནི་ངོ་མ་གནོན་ཤུགས་ཆེན་པོ་ཞིག་དང་རེ་བ་ཆེན་པོ་ཞིག་ཡིན་མོད། དེ་ཧ་ཅང་དཀའ་གི
༢༠༠༨ལོའི་རྒྱལ་སྤྱིའི་རྩལ་འགྲན་ཆེན་པོ་དེ་རྒྱ་ནག་གུང་ཁྲན་ཏང་གི་མ་རེད། དེ་ཀྲུང་གོ་མི་དམངས་ཀྱི་རེད། འོན་ཀྱང་པེ་ཅིང་སྲིད་གཞུང་གིས་དེ་
༢༠༠༨་ལོའི་རྒྱལ་སྤྱིའི་རྩེད་འགྲན་ཆེན་མོ་དེ་ཀྲུང་གོ་མི་དམངས་ཚང་མའི་རེད། གུང་ཁྲན་ཏང་གི་མ་རེད། པེ་ཅིང་སྲིད་གཞུང་གིས་གཡོ་འཕྲུལ་བསྟན་དང་སྟོན་བཞིན་པ་ཚང་མས་ཧ་གོ་དོན་གསལ་རེད། ང་ཚོས་ངོ་རྒོལ་བྱས་ཡང་རྒྱ་ནག་གུང་ཁྲན་ཏང་དང་པེ་ཅིང་སྲིད་གཞུང་རང་ཡིན། རེ་བ་ནི་དོན་ངོ་མའི་རྒྱ་ནག་དམངས་གཙོ་ལ་འགྱུར་རྒྱུ་དེ་རེད། འདིའི་ཆ་ནས་ང་ཚོའི་དམིག་སཡུལ་མཐུན་ན་མཉམ་འབྲེལ་ཡོང་ངེས་རེད།
འོན་ཀྱང་གྲངས་ཉུང་མི་རིགས་ཀྱི་ཏང་མི་ཚོ་ཕྱིར་འཐེན་བྱས་ནས་ཅང་ཕན་དཀའ་མོད་རྒྱ་རིགས་ཏང་མི་མང་པོ་ཕྱིར་འབུད་བྱས་ན་ལྟད་མོ་ཞིག་ཡོད་སྲིད། ཁྱེད་རང་ང་ཚོའི་འཐབ་གྲོགས་ཤིག་རེད། འོན་ཀྱང་ཁྱོད་རང་བློ་གཟུ་བོར་གནས་པའི་ཞིབ་འཇུག་པ་ཞིག་མ་རེད། བྱ་དངོས་ཚང་མར་དགེ་སྐྱོན་གཉི་ག་ཡོད། ཁྱོད་ཀྱིས་ངོས་གཅིག་ལས་མཐོང་གིན་མི་འདུག
རྒྱ་ནག་གི་ཏང་སྲིད་དང་་དམག་དཔུང་་་རྒྱ་རིགས་ཆེན་པོའི་ལྟ་བ་བཅས་ལས་ང་ཚོ་ནམ་ཡང་ཐར་དཀའ། གཉིས་ནས་འཛམ་གླིང་ཞི་བདེ་དང་གོ་ལ་གཅིག་གྱུར་ལ་ཕྱོགས་ཀྱིན་པས་ང་ཚོས་མཐའ་གཅིག་ཏུ་རང་བཙན་རང་ལ་འགྲོ་རྒྱུ་ཡང་ཟེར་གྱིན་མེད། དེ་བས་ང་ཚོས་བོད་ཡོངས་རང་སྐྱིང་གཅིག་ཟེར་བ་འདི་ཡང་གུང་ཁྲན་ཏང་ལ་མཚོན་ན་དམག་འཐབ་ཀྱི་བྱུས་ངན་སེ་ཞིག་ཆགས་ཡོད། གང་ལྟར་ང་ཚོས་བྱེད་ཐབས་དུ་མ་ནས་ངོ་རྒོལ་དང་ལས་འགུལ་སྤེལ་འོས། རྒྱ་ནག་ཏང་གི་ཁ་གཏད་དུ་ལངས་མཁན་ང་ཚོའི་ནུས་པ་མཉམ་དུ་འདོན་རྒྱུར་ཁྱོད་ཀྱིས་བྱེད་ཐུབ་པ་ཅི་ཡོད། འདིའི་ཐད་ལ་ངས་ཁྱོད་དང་གྲོས་མོལ་དང་ལག་པ་གཏོང་འདོད་ཆེ།
ལྷན་རྒྱས་ཕེབས་ནས་མུ་མཐུད་དུ་བགྲོ་གླེང་གནང་རོགས།
ལྷ་སྡེ་གནམ་ལོ་ཡག་ལགས། དེ་སྔོན་གུས་ནས་བསམ་ཚུལ་མི་འདྲ་བ་ཞིག་ཞུས་ཡོད། ཡིན་ན་ཡང་ཁྱེད་རང་དཀའ་ཐུབ་ཆེན་པོས་རྒྱ་མི་རིགས་དང་འབྲེལ་བ་གནང་ནས་བོད་དོན་དྲིལ་བསྒྲགས་དང་། ཁོ་ཚོས་བོད་དོན་ཆེད་དུ་སེམས་འཁུར་ཇི་ལྟར་བཅངས་མིན་བཅས་གསལ་པོ་ཤེས་རྟོགས་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་གི་འདུག་པར་མུ་འཐུད་ནས་རྒྱུན་སྐྱོང་ཡོང་བ་ཞུ། པཎ་ཆེན་སྐུ་ཕྲེང་དགུ་པའི་མཛད་རྣམ་དང་ལོ་རྒྱུས་ཐའི་ཝན་ཕྱོགས་སུ་རྒྱ་མི་རིགས་ཀྱིས་བྲིས་པ་མང་པོ་ཡོད་པ་གོ་ཐོས་བྱུང་བས་ཁྱེད་ནས་དེའི་སྐོར་ཐུགས་ཞིབ་གནང་བའི་རེ་བ་ཡོད། ཁོང་གི་མཛད་རྣམ་ངོ་མ་དེ་རིག་གསར་སྐབས་མེད་པ་ཆགས་པ་དང་། ལོ་ཤས་སྔོན་རྒྱ་དམར་གྱི་ཕྱོགས་བསྒྲིགས་བྱས་པ་ཞིག་འདུག་ཀྱང་སྲིད་དོན་གྱི་དགོས་མཁོར་དམིགས་པའི་ཁྱོག་བཤད་ཁོ་ན་རེད།
ཐུགས་རྗེ་ཆེ། ངས་ཡར་མར་ལ་སྐད་ཆ་འདྲི་ཆོག དེ་ནས་ལན་འཇོག་ཡོང་།
སྤྱིར་བཏང་རྒྱ་མི་རིགས་དང་འབྲེལ་བ་དང་གནས་ཚུལ་དངོས་གསལ་བཤད་བྱེད་དགོས་པ་ནི་གནད་འགག་ཆེན་པོ་ཞིག་ཡིནྊ། འོན་ཀྱང་། ཕར་ཌྷལ་ཧ་ཅང་བློས་གཏད་བྱེད་དགོས་པ་ནི་མིན། འདི་ནི་ང་ཚོ་ལོ་ངོ་ལྔ་བཅུ་རིང་ལ་བསགས་པའི་ཉམས་མྱོང་ཡིན། བོད་མི་རྣམས་ནི་རྒྱ་རིགས་བླ་ཆེན་དང་དཀྱུས་མ་ཡིན་ཟེར་བའི་དངུལ་དང་གཏམ་གྱི་གཡོ་རྒྱུའི་འོག་ལ་མ་ཚུད་པ་བྱེད་དགོས། དཔེར་ན། རྒྱ་རིགས་བླ་ཆེན་འགའ་ཤས་ཀྱིས་བོད་ཀྱི་སྤྱི་ཚོགས་ནང་དུ་དངུལ་གྱི་རོགས་རམ་ཕོན་ཆེ་བྱེད་ནས་མཐའ་མ་ལ་སློབ་གྲྭ་དེའི་ནང་དུ་རྒྱ་ཡིག་སློབ་ན་ཡག་པོ་ཡོད་རེད། མ་འོངས་པ་ལ་ཕན་ཐོགས་རྒྱུ་རེད་ཟེར་བ་སོགས་ཀྱི་ཆ་རྐྱེན་འདྲ་འཇོག་ནས་དངུལ་གྱི་རོགས་རམ་བྱེད་པ་ལ་བོད་མི་རྣམས་ཀྱིས་དེ་ནི་རྒྱུ་མཚན་དང་ལྡན་པ་ཞིག་ཏུ་རྩིས་ནས་དེའི་འོག་ཏུ་གཡམ་རྒྱུགས་བྱེད་པ་སོགས་ད་དུང་དཔེ་མཚོན་མང་པོ་བགྲང་རྒྱུ་ཡོད། ངོ་མ་བོད་མི་རིགས་རྣམས་ནི་རང་ལུགས་བརྟན་པོ་མེད་པའི་བློ་འགྱུར་སླ་པོའི་རིགས་རང་རེད།
ཞོ་ཕེ་དང་ལྷ་ཡག་རྣམ་གཉིས་ལ་བསྐྱར་དུ་འཚམ་འདྲི་ཞུ་བ་དང་ཆབས་ཅིག
ཞོ་ཕེ་ལགས་ནས་ཐུགས་སེམས་གཙང་མའི་ལྟ་ཚུལ་དག་ནི་ཡི་རངས་ཀྱི་གནས་ཉག་གཅིག་རེད། རེད་དེའི། ད་ལྟའི་པེ་ཅིང་གུང་ཁྲན་ཏང་འདི་རྩད་ནས་གཅོད་དགོས་པའི་ཚེར་སྡོང་སྐམ་པོ་ཞིག་ཡིན་པ་འུ་ཅག་ཚང་མའི་སེམས་ཁོང་གི་རེ་བའི་ཉི་གཞོན་གཅིག་པུ་དེ་ཡིན་ན་ཡང་།
སྐུ་ཞབས་དམ་པ་མྰ་ཁེ་སི་རང་ལུགས་དངོས་དེར་དགེ་མཚན་སྐར་གང་མེད་པ་ཨེ་ཡིན་སྙམ་པ་འདུག
གུང་ཁྲན་རང་ལུགས་དངོས་གི་ཕུག་འདུན་ངོ་མ་ནི་ཉམ་ཐག་པའི་མང་ཚོགས་ལ་གཉའ་གནོན་བྱེད་པའི་འབྱོར་ལྡན་དང་དཔོན་རིགས་ཡོངས་མེད་པར་བཟོ་རྒྱུ་དང་། འཛམ་གླིང་གི་མི་རིགས་ཡོངས་དང་མི་མང་ཡོངས་ཐོབ་ཐང་གཅིག་གྱུར་དང་བདེ་བ་མཉམ་སྤྱོད་བྱེད་རྒྱུ་དེ་མ་རེད་པས།
ད་ལྟའི་པེ་ཅིང་གཞུང་ཡང་དམིགས་ཡུལ་འདི་བཟུང་ནས་བྱ་བ་ལས་རྒྱུ་ན་ང་ཚོས་ཁོ་བ་ཚོ་འུ་ཐུག་པར་འཇུག་དགོས་དོན་མེད་ཀི་མོད།
ལྷ་སྡེ་གནམ་ལོ་ཡག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། མུ་མཐུད་ནས་གནང་རོགས།
འདོད་ལྷ་ཁམས་པ་ལགས། ཁྱེད་ཀྱི་དྲི་བ་དེ་ངས་འབུམ་རམས་པར་ཐེངས་གཉིས་ལྷག་ལ་འདྲི་མྱོང་ཡོད། ཁོ་མོས་ལན་ཐད་ཀར་གནང་མ་བྱུང་ནའང་། མདོ་དོན་འདི་འདྲ་ཞིག་གསུངས་ཀྱིན་འདུག གུང་ཁྲན་རིང་ལུགས་ཀྱི་རྩ་བའི་དམིགས་ཡུལ་དོགས་གནས་ཤིག་རེད་ལ། འབྱོར་མེད་གྲལ་རིམ་གྱིས་སྲིད་དབང་སྒེར་གཅོད་ཅེས་པ་དེའི་སྒང་ན་མངོན་ཡོད་ཅིང་། སྲིད་དབང་སྒེར་གཅོད་ཡོང་ཐབས་དྲག་པོར་བརྟེན་ཡོད་པས། ནང་བའི་ལྟ་སྤྱོད་དང་རྦད་དེ་ལྡོག་ཟླ་ཆགས་ཡོད། དེ་མིན་སྲིད་དབང་སྒེར་གཅོད་བྱེད་མཁན་ཡང་འབྱོར་མེད་པ་སྤྱི་ཡོང་ཐབས་མེད་པས། མི་ཁ་ཤས་ཀྱི་སྒེར་དོན་སྒྲུབ་བྱེད་དུ་འབྱོར་མེད་པ་བེད་སྤྱོད་བཏང་བ་ཞིག་རེད་ཟེར།
གང་ལྟར་ངས་ད་དུང་འདྲི་ཆོག
ལྷག་བསམ་དང་ཤེས་ཡོན་གྱི་མེ་ལྕེ་རབ་ཏུ་འབར་བཞིན་པའི་གངས་ལྗོངས་བོད་ཀྱི་ཆབ་སྲིད་བཙོན་ཟུར་ལྷ་སྡེ་གནམ་ལོ་ཡག་གིས་རྒྱ་རིགས་ཤེས་ལྡན་མི་སྣའི་ལྷན་དུ་བོད་དོན་དང་འབྲེལ་བའི་བསམ་ཚུལ་སྤེལ་རེས་བྱས་པ་ཙམ་དུ་མ་ཟད། ད་དུང་རྒྱ་རིགས་རྣམ་དཔྱོད་ཀྱི་འཇུག་སྒོ་ཡངས་པ་དེ་རིགས་ཀྱི་དཔྱད་བརྗོད་ཁག་བོད་བསྒྱུར་གྱི་ལམ་ནས་ངེདཅག་བོད་ཡིག་ཀློག་མཁན་ཚོར་ལེགས་སྐྱེས་སུ་འབུལ་བཞིན་པར་བཀའ་དྲིན་བླ་མེད་ཆེ། ད་དུང་ཆུ་བོའི་རྒྱུན་བཞིན་རླབས་ཆེན་གྱི་ལས་དོན་འདི་རིགས་མུ་མཐུད་མཇུག་སྐྱོང་ཅིས་ཀྱང་གནང་སྐྱོང་ཡོང་བ་ཞུ།
ཐམས་ཅད་མཁྱེན་པའི་སྐྱེས་བུ་འུ་ཚང་ཡོད། ལྷ་ལུང་ཐོགས་མེད་སྟོན་མཁན་འུ་ཚང་ཡོད།
སྲིད་སྐྱོང་འབུམ་རམས་མཁས་དབང་འུ་ཚང་ཡོད། གཟུར་ནས་མགོ་འཐོམ་ཚོགས་གཙོ་འུ་ཚང་ཡོད། བཤད་བསམ་སྒྲུབ་ཕོད་བཀའ་ཟུར་འུ་ཚང་ཡོད། ཕུན་ཚོགས་འཛིན་སྐྱོང་བཀའ་ཤག་འུ་ཚང་ཡོད། རྡོག་རྩ་གཅིག་སྒྲིལ་གྲོས་ཚོགས་འུ་ཚང་ཡོད། ལོ་རྒྱུས་ཆབ་སྲིད་མཁས་དབང་འུ་ཚང་ཡོད། ནང་ཆོས་ཟབ་གནད་རྟོགས་མཁན་འུ་ཚང་ཡོད། འཚེ་མེད་ཞི་བའི་ལྟ་གྲུབ་འུ་ཚང་ཡོད། བོད་རྒྱ་ཞི་མོལ་ཚོགས་ཆུང་འུ་ཚང་ཡོད། ཀ་བ་གསུམ་ལྡན་སྲིད་གཞུང་འུ་ཚང་ཡོད། རང་དབང་འཐབ་རྩོད་དཔུང་སྒྲིག་འུ་ཚང་ཡོད། བདེན་དོན་རང་སྲོག་གཏོང་མཁན་འུ་ཚང་ཡོད། རྒྱབ་ལྗོངས་དཔལ་འབྱོར་དངུལ་ཤུགས་འུ་ཚང་ཡོད། འདི་འདྲའི་མཚན་ཉིད་སྐྱབས་བཅོལ་གཞན་ལྡན་ན། རང་དབང་བདེན་དོན་སྔར་ནས་ཐོབ་ཟིན་ངེས། འུ་ཚང་ཡོད་པའི་ཡོད་གོ་མི་ཆོད་དམ། ཡང་ན་རྩ་བའི་གནད་འགག་གཞན་ཞིག་ཡིན། ཅི་ཡིན་གང་ཡིན་བདག་ནི་མགོ་བོ་འཐོམས། མཁྱེན་ལྡན་གཟུར་གནས་རྣམས་ཀྱིས་འགྲེལ་བར་ཞུ།
ལྷ་ཡག་ལགས། ཁྱེད་་སྐུ་ལས་ཁག་སོང་། མ་གཞི་ནས་འབུམ་རམས་པ་ཞོ་ཕེ་ལའང་ཁག་མེད་ཀི པེ་ཅིང་གཞུང་གིས་ང་ཚོ་དང་ང་ཚོའི་ཕ་མ། ང་ཚོའི་ཕ་མའི་ཕ་མ། ཕ་མའི་ཕ་མ་སོགས་ལ་ག་ཚད་ག་ཚད་བྱས་པ་ཡིད་ལ་འཁོར་ཚེ་རང་སེམས་གི་མུན་པའི་བསྡུག་བསྔལ་དེ་དྭངས་ཐབས་ཞིག་ག་ལ་ཡོད་དེ་མེད་མོད།
ཡིན་ཡང་ད་དག་གི་བྱས་ཉེས་མཐའ་དག་དམ་པ་མ་ཁེ་སིའི་འགྲོ་བ་མིའི་སྡུག་བསྔལ་ལ་དགོངས་པའི་ལྟ་གྲུའི་གཞུང་ལུགས་ཐོག་ཁོ་ནར་བཙན་འགེལ་མི་བྱེད་པར་རྫོགས་མེད་ནོར་འཁྲུལ་དེའི་རྒྱུ་དང་རྐྱེན་རེ་རེ་བཞིན་ངོས་འཛིན་རྒྱུ་དང་། དགེ་ལ་དགེར་བལྟས་ནས་ཤོད་རྒྱུ་དང་། སྐྱོན་ལ་སྐྱོན་དུ་བལྟས་ནས་ཤོད་རྒྱུ་དེ་ང་ཚོ་ནང་པའི་སྤྱོད་པ་ཞིག་ཅིས་མ་ཡིན།
ཚོུད་ཀྱིས་འགྲོ་དགོས་ཐུག་སོང་། ལྷ་ཡག་གི་་་་་་་་་
ཡ་གྲོགས་བཅིངས་འགྲོལ་ལགས། ཁྱེད་ཀྱིས་གསུངས་པ་དེ་དངོས་གནས་རེད། ང་ཡང་མགོ་འཐོམས་སོང་།
ཡིན་ནའང་ཁོ་བོའི་བསམ་ཚུལ་ལ། ཅུང་ཟད་ཤེས་པས་ཧམ་པ་ཁོང་ཚང་ཡོད། གཟུར་གནས་མིན་པའི་དྲུང་བོ་ཁོང་ཚང་ཡོད། ཁ་ཡོད་ལག་ཡོད་ཐབས་ཤེས་ཁོང་ཚང་ཡོད།
ཚོགས་པའི་ནུས་པའང་སྒེར་མི་ཁོང་ཚང་ཡོད། ལོ་རྒྱུས་ཆབ་སྲིད་བདག་དབང་ཁོང་ཚང་ཡོད། ཆོས་ལུགས་ལོག་པར་འགྲེལ་མཁས་ཁོང་ཚང་ཡོད། ནང་ཆོས་དུག་ཏུ་འདོད་མཁན་ཁོང་ཚང་ཡོད། ཞི་བདེའི་ལམ་ལུགས་འཇིག་བྱེད་ཁོང་ཚང་ཡོད། འུ་ཚོའི་མཚོན་གྱི་གོ་ཆ་ཁོང་ཚང་ཡོད། རང་དབང་འཐབ་རྩོད་འགོག་བྱེད་ཁོང་ཚང་ཡོད། རང་དོན་གཞན་སྲོག་བཅོད་མཁན་ཁོང་ཚང་ཡོད། འུ་ཚོའི་དངུལ་གྱི་བང་མཛོད་ཁོང་ཚང་ཡོད། རྒྱལ་ཡོངས་འཛིན་པའི་དམིགས་པ་དོགས་པ་དང་། གནའ་སྲོལ་འཇོམས་པའི་ལྟ་བ་ཆེ་བ་དང་། དྲག་པོའི་ལུགས་ཀྱི་སྒོམ་པ་ཟབ་པའི་ཕྱིར། ཡོད་པས་ཡོད་གོ་ཆོད་དམ་ལེགས་པར་སོམས།།།།།
ལྷན་རྒྱས་མུ་མཐུད་དུ་ཕེབས་ནས་དགོངས་ཚུལ་བཏོན་པར་ཐུགས་རྗེ་ཆེ།
ལྷ་རབ་བྱུང་ན་ཚང་མས་མར་ཁེ་སིའི་གཞུང་ལུགས་ཐད་དབྱེ་ཞིབ་དང་དགོངས་ཚུལ་གསུང་རོགས།
གྲོགས་གནམ་ལོ་ཡག་གིས་ཡག་པོ་བསྒྱུར་གནང་འདུག ང་དེང་གི་རྒྱ་རིགས་ཤེས་ཡོན་ཡོད་མེད་ཚང་མས་བཙན་བྱོལ་བོད་མིའི་གཞུང་སྒར་གཉིས་ལ་སྡུག་སྨྲོས་འདོན་བྱེད་བཞིན་པ་འདིར་དགའ་དུང་རྒྱུ་ཅང་མི་འདུག ལོ་འགའི་སྔོན་ནས་རྒྱ་ནག་ཕྱི་ནང་གཉིས་ནས་རྒྱ་རིགས་མང་པོ་འདི་ག་དྷ་སར་ཡོང་ནས་༸གོང་ས་མཆོག་ལ་མཇལ་ཁ རེ་ཞུས། ཁོང་སྐུ་མདུན་དང་མཉམ་དུ་པར་རེ་རྒྱབ། ཁ་དུང་རྒྱ་ནག་གིས་བོད་ལ་སྡིག་པོ་བཏང་རབས་དང་གུང་ཁྲན་ཏང་སྡུག་ཅག་ཡིན་རབས་ཀྱི་སྡུག་སྨྲོད་འདོན་རོགས་བྱེད། དེ་ནི་ང་ཚོ་བོད་ཕྱི་གཉིས་ན་སྨྲ་བསམ་བརྗོད་འདས་ངང་མྱངས་དང་མྱོང་བཞིན་པའི་དཀའ་སྡིག་དེ་རེད། རྒྱ་མི་རིགས་དག་ལས་ཀྱང་བོད་ཕྱི་ནང་གི་བོད་མི་ཚོས་གསལ་གསལ་ཐང་ཐང་གིས་ཤེས་ཀྱིན་ཡོད་པས། སྡུག་ཐོག་ལ་སྡུག་བརྩེགས་པ་ལས་ཕན་ཐོག་ཅིག་ཨེ་ཡོད་མ་བསམ། རྒྱ་ལ་རྒྱ་རིགས་དེ་དག་གཙོས་རྒྱ་མི་ཤེས་ལྡན་པ་ཚོར་བོད་ལ་རོགས་པ་བྱེད་འདོད་པ་དང་། ཕན་རེ་འདོགས་པའི་བསམ་བློ་ཡོད་ཚེ། རྒྱ་གུང་ཁྲན་གྱིས་བྱས་དང་བོད་ཐོག་དམིགས་ཀྱིས་འཛིན་པའི་སྲིད་ཇུས་དེ་ཕན་རྒྱ་ནང་དམར་པོའི་གཞུང་ལ་ཞུ་རྒྱུ་དང་། ལྷག་པར་དུ་རྒྱ་མི་རིགས་རང་གི་ཉེ་འཁོར་ལ་གོ་ལོག་ཐེབས་བཞིན་པའི་རྒྱ་རིགས་དེ་ཚོར་གསལ་བཤད་དང་གསལ་འདེབས་གནང་ན་དེ་བས་ཕན་པ་ལ་ཨང་།
དཔེར་ན། དེང་གི་མདོ་སྨད་རྔ་བའི་ཡུལ་གྱི་རང་ལུས་མེར་སྲེག་གི་ལས་འགུལ་དེ་ཚོ་ང་ཚོ་བཔད་ཕྱི་ནང་གཉིས་ཀྱི་བོད་མི་ཆེ་མ་ཆུང་གསུམ་གྱིས་གསལ་གསལ་ཐང་ཐང་གིས་ཤེས་ཀྱི་ཡོད་མོད། སང་ཉིན་(རྒྱ་རིགས་ཤེས་ལྡན་པ་) ཞིག་འདིར་ཡོང་ནས་༸གོང་ས་མཆོག་ལ་དེའི་སྐོར་རབ་རིབ་ཅིག་ཞུས། ཁོང་དང་ལྷན་དུ་སྐུ་པར་རེ་སྒྲོན་རྗེས་ཕྱིར་བུད་སོང་ན་དེས་ཅི་ཞིག་ཕན་ཡོད་མེད་ངས་ཅང་མི་ཤེས། དེ་བས་རྒྱ་རིགས་ཤེས་ལྡན་པ་དེ་ཚོར་སྡུག་སྨོས་འདོད་རྒྱུ་གང་ཕར་རྒྱ་དམར་གུང་ཁྲན་ཏང་ལ་འདོན་རོགས། དེ་བྱས་ན་རྒྱ་ནག་མི་རིགས་དུང་ཕྱུར་མང་པོ་དང་། ངེད་ཅག་གྲངས་ཉུང་མི་རིགས་ཚོར་ཡང་དེས་ཕན་གི་ཡོད་སྐོར་ལབ་རོགས་ཀྱེ་ཀྱེ་ཀྱེ།
མར་ཁེ་སི་གཞུང་ལུགས་ཡིན་ན་དེ་དེང་སྐབས་འཛམ་གླིང་འདིར་ཡལ་ཟིན་པའམ་ཡལ་ལ་ཉེ་ན་ཁྱོད་ཀྱིས་དེའི་སྲོག་དབུགས་མཐུད་འདོད་དམ། ཡང་ན་དགོངས་ཚུལ་གང་ཅི་ཡོད་དམ་གྲོགས་གནའ་བྷེ་ལགས། ཧ་ཧ་ཧ་ཧ
གནམ་ལོ་ཡག་བཀའ་དྲིན་ཆེ། རང་ལ་ཡོང་སྒོ་མེད་ས་ནས་རྒྱ་རིགས་མཁས་པ་ཞིག་དང་མཉམ་དུ་བོད་དོན་
གླེང་བ་ནི་ངོ་མའི་ཡ་མཚན་རེད། རྒྱ་མོ་དང་ཕོ་ཉ་གཉིས་ཀྱི་བསམ་ཚུལ་ཁ་ཁ་རེད། རྒྱུ་མཚན་ནི་ཕལ་ཆེར་
འདི་ཡིན་པ་འདྲ་་ཁོང་གཉིས་ཀྱི་ནང་སྙིང་རིག་གནས་མ་མཚུངས་པས་རེད། དེང་རབས་ཆབ་སྲིད་ཀྱི་ངོ་བོར་
གླེང་སྐབས་ལྟ་གྲུབ་བཤད་པ་ནོར་བ་འདྲ།ཆབ་སྲིད་ཀྱ་ངོ་བོར་འགྱུར་འགྲ་བས་མཐའ་གཅིག་ཏུ་ཆོས་ལུགས་ལྟར་བཟུང་ན་མི་འོས། གནམ་ལོ་ཡག་་ལས་ཀ་ལས་ན་གླ་ཆ་ཡོད་དགོས་་མ་འོངས་པར་བཤད་ཀི་ཡོད།
དག་ཆ་ནོར་བ་ཡོད་ན་ཤོད་དང་ངའི་དག་ཆ་ཡར་འགྲོ་ཕན།
མ་ཁེསེར་ལྟ་ཞིབ་བྱས་པ་ལས་སོ་སོའི་རང་དབང་བདེན་སླད་དུ་བྱེད་ཐུབ་མི་དགའ་འམ། གལ་སྲིད་མ་ཁེ་སེར་ལྟ་ཞིབ་བྱེད་དགོས་ན་ལོ་རྒྱུས་ཡིག་ཆ་ཉུང་ཉུང་ཡིན་པས་ར་ཤི་ཡར་འཁྱུག་ཙམ་ཕེབས་ནས་ལོ་བདུན་ཡར་འདབ་སླེབས་རྒན་རྒོན་དག་ལ་བཀའ་འདྲི་བྱས་ན་ཅུང་ཟད་ཐུགས་ཕན་སོས་མིཡོང་ངམ། མ་གཞི་མ་ཁེ་སེར་ལྟ་ཞིབ་བྱས་ནས་གྲུབ་དོན་ག་རེད་གསུང་རོགས་གནང་།
ལྷ་ཡག་ལགས། ཁྱེད་ཀྱིས་ངལ་བ་ཆེན་པོས་དོན་གནད་དེ་འབུམ་རམས་པར་ཐེངས་གཉིས་ལ་བཀའ་འདྲིའི་ལན་དུ་མདོར་བསྡུས་དང་ཡོ་ཆོག་མེད་པའི་ལན་ཞིག་གནང་འདུག་པ་དེར་རིན་ཐང་འཇོག་དགོས་པར་སྙམ། ལྷ་ཡག་ལགས། འབུམ་རམས་པས་གསུང་ཡག་ལ་་ གུང་ཁྲན་རིང་ལུགས་པའི་རྩ་བའི་དམིགས་ཡུལ་དེར་ཡི་ཆེས་མེད་པ་དང་། རྒྱུ་མཚན། དམིགས་ཡུལ་གཙོ་བོ་འབྱོར་མེད་གྲལ་རིམ་གྱིས་སྲིད་སྒེར་གཅོད་དང་། ཐབས་ལམ་དྲག་པོར་བརྟེན་ཙང་ནང་པའི་ལྟ་སྤྱོད་དང་རྦད་དེ་ལྡོག་ཟླ་ཆགས་ཡོད་ཟེར།
ཁོ་མོར་མ་རེད་ཟེར་ཡག་མི་འདུག་ཀྱང་། སྡུག་པོ་མྱངས་པའི་མི་ཕལ་ཆེ་བས་དེ་ལྟར་ཟེར་ངེས་ཡིན། སྡུག་པོ་མྱངས་ཟེར་ན་གུང་ཁྲན་ཏང་གི་འོག་ནས་སྡུག་པོ་མྱངས་པར་གོ་དགོས། རེད་དེའི་་རེད།
ངའི་སེམས་ལ་དམར་པོའི་རང་ལུགས་གི་རྩ་བའི་དམིགས་ཡུལ་ལ་རྩ་བ་ནས་དོགས་པ་བྱེད་དགོས་པ་ཞིག་ཡིན་པའང་ཐག་གཅོད་པར་དཀའ་ཙམ་འདུག དེ་མཚུངས། མར་ཁེ་སིའི་དམར་པོའི་རང་ལུགས་འདི་རང་རེའི་ནང་པའི་ལྟ་སྤྱོད་དང་རྦད་དེ་དང་མཐའ་གཅིག་ཏུ་ལྡོག་ཕྱོགས་ཡིན་ཟེར་ན་དེ་ཡང་དེ་ལྟར་ཁས་ལེན་བྱེད་རྒྱུ་དེ་ཡང་ལས་སླ་བོ་ཞིག་མི་འདུག
གལ་སྲིད་ང་ཚོས་དམར་པོ་ལུགས་ལ་ལྟ་བསམ་ན་དམར་པོ་ལུགས་གི་དམིགས་ཡུལ་དང་ཕུགས་བསམ་མཐོང་ཐུབ་པ་བྱེད་དགོས་པ་དང་། དེ་ནས་དེའི་བྱེད་ལས་དང་གོ་རིམ་ལ་ལྟ་དགོས་པར་འདུག གོ་རིམ་དེ་ཡང་ཐོག་མའི་རྣམ་པ་དང་བར་དུ་འཕེལ་རིམ། མཐའ་མར་འགྱུར་ལྡོག་བྱུང་ནས་ངོ་བོ་གཉིས་དང་རྣམ་པ་གཉིས་སུ་གྱུར་པ། ད་ལྟ་ག་འདྲ་ཡིན་དང་ད་ལྟའི་གུང་ཁྲན་ཏང་འདིས་གུང་ཁྲན་ཏང་གི་རྩ་བའི་དམིགས་ལྟར་བྱ་སྤྱོད་སྤེལ་བཞིན་ཡོད་མེད་ལ་ལྟ་དགོས་པ། ད་ལྟའི་གུང་ཁྲན་ཏང་རྫུན་མ་འདིས་གུང་ཁྲན་ཏང་ངོ་མའི་སྟག་ལྤགས་གྱོན་ནས་རང་ཉིད་གུང་ཁྲན་ཏང་ཡིན་ཁུལ་བྱེད་བཞིན་མི་མང་གི་མགོར་སྒྱེ་མོ་ནག་པོ་རེ་གཡོགས་བཞིན་ཡོད་པ་སོགས་བློ་རིག་གསལ་པོས་ཧ་གོ་བ་བྱེད་དགོས་རྒྱུ་དེ།
གལ་སྲིད་པེ་ཅིང་གི་གུང་ཁྲན་འདི་རྫོགས་དགོས་ན་གུང་ཁྲན་རིང་ལུགས་པ་གསར་པ་ཞིག་རྩ་འཛུགས་བྱེད་དགོས་རྒྱུ།
ལྷན་རྒྱས་ཕེབས་ནས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ། མུ་མཐུད་དུ་དགོངས་ཚུལ་གསུང་རོགས།
འདོད་ལྷ་ཁམས་པ་ལགས། ད་ལྟ་འབུམ་རམས་པས་རྒྱལ་སྤྱིའི་དམར་ཤོག་རིང་ལུགས་ཀྱི་ཐོག་མའི་བསྒྲགས་གཏམ་ལས་དོན་ཚན་ཞིག་བཏང་འདུག ཁྱེད་ཀྱི་སྐད་ཆ་ལྟར་བཤད་ན་དམ་པ་མར་ཁེ་སིའི་ཕྱག་བྲིས་དངོས་ལས་དྲངས་པ་ཞིག་རེད། 《དམར་ཤོག་ཚོགས་པའི་བསྒྲགས་གཏམ》(ལེའུ་བཞི་བ):“ དམར་ཤོག་ཚོགས་མིས་རང་ཉིད་ཀྱི་ལྟ་བ་དང་དམིགས་འདུན་གསང་སྦས་མི་བྱེད། ཁོང་ཚོས་རང་ཉིད་ཀྱི་དམིགས་ཡུལ་ལེགས་འགྲུབ་བྱེད་པར་དྲག་པོའམ་འཚེ་བར་བརྟེན་ནས་ད་ཡོད་ཀྱི་ལམ་ལུགས་ཐ་དག་མགོ་རྟིང་སློག་དགོས། དབང་བསྒྱུར་བ་ཚོ་དམར་ཤོག་ལས་འགུལ་གྱི་མདུན་དུ་དངངས་འདར་རྒྱག་རོགས། འབྱོར་མེད་གྲལ་རིམ་པས་འཐབ་རྩོད་འདིའི་ཁྲོད་ནས་ལྕགས་སྒྲོག་གཏོར་ནས་འཛམ་གླིང་ཧྲིལ་བོ་ལེན་རྒྱུ་དེ་ཡིན། ”
ལྷ་ཡག་ལགས། བདེན་པ་རེད། དེ་ལྟར་ཤོད་ཡོད་པ་རེད།
ཁོ་རྒྱུན་ཤོད་རྒྱུན་ཡོད་ན་མེད་ན་དེ ས་བདག ཕྱུག་བདག དཔོན་ངན ལོག་སྤྱོད་པར་བགྲངས་ཡོད་པ་དང་། དེ་དག་ཚང་མ་དགྲ་བོའི་ཁོངས་སུ་བཞག་ཡོད་པ་རེད། མ་ཟད་དེ་དག་མགྱོགས་པོར་རྩ་མེད་བཟོ་དགོས་ན་། དྲག་པོ་དང་ཤུགས་ཀྱིས་མེད་པར་གཏོང་དགོས་པར་ཤོད་ཡོད།
དེ་ལ་ད་དུང་རང་གི་དགྲ་བོར་ངོ་རྒོལ་བྱེད་ཚུལ་དེ་རྩོམ་ཡིག་ཐ་ཐོར་བྲིས་པ་དང་། གསོལ་སྟོན་བཤམས་པ་ནང་བཞིན་འདྲ་ཆགས་བག་ལྷོད་དང་། ངང་འཇམ་ཚུལ་བཟང་གིས་ཡོང་ཐབས་ཡོད་མ་རེད་ཟེ་ཤོད་ཡོད།
ད་འོ་ན། ང་ཚོས་ཀྱང་ཁོ་ཚོས་བཤད་པ་ནང་བཞིན་བྱེད་ཐུབ་ན་བྱེད་དགོས་པའི་དུས་དེར་ཐོན་མེད་དམ། ཧཧཧ
ལྷ་ཡག་ལགས། ཀུ་ཅི གུས་མེད་ཀྱི་ཁ་ཕོ་ཆེ་དྲག་འདུག་མི་བསམ་པར་ཁྱོད་དང་འུ་གཉིས།
ཡ་ཡ། ད་ཡག་པོ་འདུག རྒྱའི་གཏམ་དཔེ་ལྟར་བཤད་ན། ༼རང་གཞན་གཉིས་ལ་རྒྱུས་ལོན་ན། ཐེངས་བརྒྱར་འཐབ་ཀྱང་ཕམ་པ་མེད༽ཅེས་པ་ལྟར་མ་རེད་དམ།
གནམ་ལོ་ལགས། ཧ་ཧ་ཁྱོད་ལ་གནམ་ཡག་དང་གནའ་བྷེ་སོགས་མིང་མང་དུ་འགྲོ་བཞིན་པ་འདི་ངས་བལྟས་ན་བཟང་རྟགས་ཤིག་རེད། བརྒྱ་བཤད་སྟོང་བཤད་གང་བྱས་ཀྱང་རྒྱ་མོ་དེ་དང་ང་ཚོའི་བར་ལ་ཐུན་མོང་གི་འདོད་འདུན་ཞིག་ཡོད་པ་དེ་ངས་བལྟས་ན་གལ་ཆེན་པོ་དང་གོ་སྐབས་ཤིག་ཀྱང་རེད་འདོད། གོ་སྐབས་དེ་ང་ཚོས་ཀྱང་སྤྱད་ནས་རྒྱ་རིགས་མང་པོ་ཞིག་ལ་འབྲེལ་ལམ་བཙུག་ན་བཟང་། ང་ཚོའི་རིག་གཞུང་རྒྱབ་ལྗོངས་དབང་གིས་བསམ་ཚུལ་ཐ་དག་གཅིག་པ་ཡོང་མི་སྲིད་ཀྱང་དེར་སྐྱོན་ཆེར་མི་འདུག གཙོ་བོ་ནུས་ཤུགས་གཅིག་ཏུ་སྤུངས་ཐུབ་ན་བཟང་སྙམ།
ཧ་ཧ། དེ་ལྟར་ཡིན་པའི་སྨོན་ལམ་ཡོད། ཡིན་ནའང་། མདང་ནུབ་རྒྱ་མོས་དྲི་བ་ཚ་ཐག་ཆོད་ཅིག་ང་རང་ལ་དྲིས་སོང་། ༼ངྷ་རམ་སཱ་ལས་ཅིའི་ཕྱིར་སྔར་པཎ་ཆེན་ཡང་སྲིད་རིན་པོ་ཆེ་ཉེན་ཁ་མེད་པའི་གནས་སུ་མ་སླེབས་པའི་ཡར་སྔོན་ཕྱི་བསྒྲགས་གནང་བ་རེད་ཟེར། ༽ ངས་དྲི་བ་འདིར་ལན་རྒྱག་ཐུབ་མ་སོང་། དྲ་ཐོག་ནས་མི་ལ་སྐད་ཆ་འདྲི་དགོས་ཞེས་བཤད་ཡོད། སུས་ཤེས་ན་ལན་ཞིག་གནང་རོགས།
བོད་ནང་གི་བོད་མི་ཚང་མས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དེ་གནའ་བོའི་ལུགས་སྲོལ་བཞིན་༧གོང་ས་མཆོག་ནས་ངོས་འཛིན་གནང་རྒྱུའི་རེ་བ་བཟུང་ཡོད། རེ་བ་གཞིར་བཟུང་འབྲེལ་ཡོད་རྣམས་ནས་ཀུན་གཟིགས་མཆོག་དགོངས་པ་རྫོགས་ནས་རིང་པོར་མ་ཐོགས་པར་སྐབས་དེའི་རྒྱའི་སྲིད་འཛིན་ཀྲའི་ཙེ་དབྱང་ལ་ཞུས་ནས་ཁོས་ཀྱང་གནའ་བོའི་ཆོས་ལུགས་བཞིན་ངོས་འཛིན་གནང་ན་འཐུས་པའི་ཁས་ལེན་བྱས་ཡོད། ཁོ་བ་སྲིད་ནས་གནང་དབྱུངས་བཏང་རྗེས་གནས་ཚུལ་མང་པོ་ཞིག་ལ་འགྱུར་བ་ཕྱིན་ཡོད། བོད་ནང་དུ་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་རྒྱ་དམར་གྱིས་དོ་དམ་ནན་པོ་བྱེད་ཀྱི་ཡོད། དོ་དམ་ནན་པོ་བྱེད་མིན་ལ་མ་ལྟོས་པར་འོས་སྤྲུལ་ཚང་མའི་མཚན་གཞུང་དང་ཞིབ་ཕྲའི་གནས་ཚུལ་རྣམས་རྡ་སར་ཕུལ་གྱི་ཡོད། རྒྱ་དམར་གྱི་བྱ་སྤྱོད་དང་གདུག་བཙུག་ནི་ཚང་མས་མཁྱེན་གྱི་ཡོད་རེད། གང་ལྟར་ཀུན་གཟིགས་ཡང་སྤྲུལ་མཆོག་དང་། གདན་སའི་བླ་ཆེན་དང་། དགེ་འདུན་པ་མང་པོ་བཙོན་བཅུག་དང་། དགོན་པ་ནས་ཕྱིར་འབུད་བཏང་བ་སོགས་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་ཡོང་དུས་ངས་ཀྱང་སེམས་གཏིང་ནས་དགོངས་དག་ཞུ་ཡི་ཡོད། ཞིབ་ཕྲའི་གནས་ཚུལ་ཞུས་ན་དགོན་པའི་ཁྱི་ལ་ཞུས་ན་བླ་མའི་ཐུགས་ལ་འཕོགས་ཞེས་པ་ལྟར་རེད། གང་ལྟར་དགེ་འདུན་ཆོས་ཀྱི་ཉི་མའི་སྐུ་སྒེར་གྱི་ཐོབ་སྟངས་ཚང་མ་མེད་པ་ཆགས་རེད།
པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་དེ་རྡ་རམ་ས་ལ་དང་པེ་ཅིང་བར་གྱི་ཆབ་སྲིད་ཀྱི་རྩེད་ཆས་ཤིག་ཡིན་པས་སོ།
བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མེད་དགོངས། སློབ་དཔོན་རིན་པོ་ཆེས་གསུངས་པ་ལྟར། པཎ་ཆེན་རིན་པོ་ཆེ་མེད་པ་ཆགས་ན་ཡང་ཁྱད་པར་གང་ཡང་མེད། པད་ཅིང་དང་། རྡ་སའི་སྲིད་དོན་གྱི་ཟློས་གར་ནང་དགེ་འདུན་ཆོས་ཀྱི་ཉི་མའི་འདུན་ལམ་མེད་པ་ཆགས་པ་རེད།
རྒྱ་མོ་འབུམ་རམས་པར།
པཎ་ཆེན་བླ་མའི་ཡང་སྲིད་སྐོར་དེ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པའི་ཐོག་མའི་ཚོད་ལྟའི་ལེའུ་ཞིག་རེད།
ཚོད་ལྟའི་རྩེད་འགྲན་ཐོག་མ་དེ་པེ་ཅིང་ཕམ་ཉེས་སུ་བཏང་།
འོན་ཀྱང་། པེ་ཅིང་གིས་རྩེད་མོ་དེའི་རྩེད་ལན་དྲག་པོ་ཞིག་གིས།
དངོས་སུ་ཕམ་མཁན་དེ་པཎ་ཆེན་བླ་མ་ཁོ་ན་ཙམ་མ་ཟད། ཁོང་ལ་དད་པ་དང་དགའ་མོས་ཞུ་མཁན་རྣམས་སོ།
མདོར་ན། རྡ་རམ་ས་ལས་ཉེན་ཁ་མེད་པ་མ་ཤེས་པ་མིན་ཅིང་། ཤེས་བཞིན་རྒྱ་ནག་གཞུང་ལ་ཡིད་ཆེས་བྱས་པ་ནི་དེ་བས་ག་ལ་ཡིན། ད་ལྟ་ལས་མ་འོངས་པ་གལ་ཆེ་བ་གཟིགས་པས། ཕྱི་བསྒྲགས་གནང་བ་དེ་ནི་རྒྱལ་ཁ་ཡིན།
ཀརྨ་པ་ཡང་གཉིས་བྱུང་སོང་།
རྒྱལ་བ་སྐུ་ཕྲེང་བཅུ་ལྔ་པ་གཉིས་མ་ཡོང་བ་ཤོག མ་འདས་སྤྲུལ་སྐུ་ཡག་ཤོས་རེད།
ད་ལྟ་བོད་མི་དམངས་ཀྱིས་དགེ་འདུན་ཆོས་ཀྱི་ཉི་མར་དད་པ་བྱེད་པ་དང་།
རྡ་རམ་ས་ལས་རྒྱལ་མཚན་ནོར་བུར་ཡིད་ཆེས་དང་རེ་བ་བྱེད་བཞིན་ཡོད།
རྡ་རམ་ས་ལའི་དམ་བཅའ་དེ་ཡང་ཨ་ནེའི་སྡོམ་པ་བཞིན། ག་ལེ་ག་ལེར་ཤོར་བཞིན་གདའ།
ལྷན་རྒྱས་ཕེབས་ནས་གསལ་ཁ་བཏོད་པར་ཐུགས་རྗེ་ཆེ། དྲང་མོར་བཤད་ན། བྱ་བྲལ་རིན་པོ་ཆེ་མཆོག་གིས་བློ་གཅིག་སེམས་གཅིག་གིས་ངྷ་རམ་སཱ་ལར་ཡིད་ཆེས་ཀྱིས་སྙན་སེང་རིམ་པར་ཞུས་ཡོད་པས། མ་གཞི་ཡང་སྲིད་མཆོག་ཚུར་གདན་མ་དྲངས་པར་དུ་ཕྱི་བསྒྲགས་བྱེད་རུང་བ་ཞིག་མིན། དེའི་ཐད་ཉམས་མྱོང་མེད་པའང་མིན་ཏེ། གལ་སྲིད་སྔར་རྒྱལ་བ་རིན་པོ་ཆེ་ཨ་མདོ་ནས་རྒྱལ་བའི་ཡང་སྲིད་ཡིན་པར་བསྒྲགས་པ་ཡིན་ན། སྐབས་དེ་ཤེད་དུ་ལམ་འགྲོ་ཡག་པོ་ཞིག་བྱུང་བར་གེགས་རྐྱེན་ཡོད་པ་ལོ་རྒྱུས་ལས་ར་འཕྲོད་ཡོད། གང་ལྟར་པཎ་ཆེན་རིན་པོ་ཆེ་ཡི་ཡང་སྲིད་ཐད་ཀྱི་དྲི་བ་འདི་གསལ་བོ་དག་པོ་ཞིག་བཟོ་མ་ཐུབ་པ་ཡིན་ན། རྒྱ་མི་ཤེས་ཡོན་པའི་ཁྲོད་དུ་བོད་ཀྱི་བླ་མ་རྣམས་ཀྱི་ཆེ་མཐོང་ལའང་གནོད་པ་འབྱུང་མི་སྲིད་པ་ཞིག་མ་རེད།
ལྷ་སྡེ་ལགས།
པཎ་ཆེན་རིན་པོ་ཆེའི་ཡང་སྲིད་སྐོར་དེ། ཁྱེད་ཀྱིས་གསུངས་པ་བཞིན་བཀྲ་ཤིས་ལྷུན་པོའི་བྱ་བྲལ་བླ་མས་ཚུར་རྒྱལ་བ་རིན་པོ་ཆེར་གསང་བའི་ཐོག་ནས་འབྲེལ་བ་རྒྱུན་འཁྱོངས་བྱས་ནས། འོས་སྤྲུལ་ཉི་ཤུ་རྩ་གྲངས་ཀྱི་ལོ་རྒྱུས་ཟིན་ཐོ་ཕུལ། མཐར་དགེ་འདུན་ཆོས་ཀྱི་ཉི་མ་དེ་རྟགས་མཚན་གསལ་ཤོས་བྱུང་བས་རྒྱ་ནག་གཞུང་ལ་ཡང་སྲིད་དེ་ལ་ཆོག་མཆན་ཐོབ་ཐབས་ཞུ་བར་སོང་། རྒྱ་གཞུང་གིས་ནང་མོལ་ཆོག་མཆན་ཡོངས་རྫོགས་ཐོབ་ཟིན་ནས་དྲིལ་བསྒྲགས་ཀྱི་དུས་ཚེས་གཏན་འཁེལ་མ་བཟོས་གོང་ཙམ་ལ། གློ་བུར་དུ་རྡ་རམ་ས་ལར་ཧོང་ཀོང་བརྒྱུད་ནས་གསང་བའི་གནས་ཚུལ་དེ་འབྱོར། གནས་ཚུལ་དེས་རྡ་སར་སྲིད་དོན་གྱི་དངངས་འཚབ་ཞིག་བསླངས་ཏེ། རྒྱལ་བ་རིན་པོ་ཆེས་གློ་བུར་དུ་ཕྱིར་བསྒྲགས་གནང་དགོས་བྱུང་བ་རེད། དེ་རྗེས་རྒྱ་ནག་གཞུང་དྲག་ཏུ་ཁྲོས་ནས་དེ་སྔའི་གནས་ཚུལ་ཚང་མ་རྩིས་མེད་བཏང་སྟེ་ཆབ་སྲིད་ཀྱི་རྒོལ་ལན་ཆེ་ཤོས་ཤིག་བསློག་ནས་བྱ་བྲལ་ཚང་ཡང་བྱེད་ཐབས་བྲལ།
བྱ་བྲལ་རིན་པོ་ཆེའི་འཆར་གཞི་ཡོངས་རྫོགས་ཕྱོགས་གཉིས་ནས་ཕམ་ཉེས་སུ་བཏང་བས་ཁོང་དང་ཡང་སྲིད་གཉིས་ཀ་ད་ལྟའང་མུན་བཙོན་ནང་དུ་ལྷུང་། འདི་ནི་བྱ་བྲལ་ཚང་གི་སྐུ་ཚེའི་ནང་གི་ལས་དོན་ཆེ་ཤོས་ཤིག་དང་། ཕམ་ཉེས་ཆེ་ཤོས་ཤིག་ཡིན།
དེའི་མཇུག་ཏུ་ཞུ་རྒྱུར། བོད་ཀྱི་ཆབ་སྲིད་བཙོན་པ་མང་པོ་ཞིག་བོད་གཞུང་དང་ཚོགས་པ་ཁག་གིས་ཡིག་ངག་གཉིས་ནས་ཛ་དྲག་རྒྱུད་བསྐུལ་གྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་སྐུལ་ངོར། རྒྱ་ནག་གཞུང་གིས་གློད་བཀྲོལ་དང་ཕྱི་ལོག་བཏང་བའི་ལུགས་སྲོལ་ཞིག་ཡོད།
འོན་ཀྱང་། བྱ་བྲལ་བླ་མ་བཙོན་དོང་དུ་ལྷུང་བ་ནས་ད་བར་བོད་གཞུང་དང་ཚོགས་པ་ཁག་གིས་ཁོང་གི་ཆེད་དུ་དམིགས་བསལ་སྐད་འབོད་གཅིག་ཀྱང་བྱེད་མྱོང་མེད་པས། ཁོང་གི་མིང་ཟུར་ཡང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་སོགས་ཀྱི་ཐོ་གཞུང་ནང་ཚུད་མེད་ལ། བཙུན་ཟུར་ངག་དབང་གསང་གྲོལ་དང་། རྟག་སྣ་འཇིགས་བཟང་། གཞས་པ་ངག་ཆོས་སོགས་ཀྱི་གྲལ་དུ་ག་ལ་ཚུར།
པཎ་ཆེན་རིན་པོ་ཆེའི་སྐོར་མཚམས་རེ་སྐད་འབོད་བྱེད་བཞིན་པ་དེ་ནི། ཁོང་བོད་ཀྱི་བླ་ཆེན་ཞིག་ཡིན་པས་རྒྱ་མི་ཤེས་ཡོན་ཅན་དང་འཛམ་གླིང་སྲིད་དོན་པས་ཉམས་ཞིབ་བྱེད་ཡུལ་དུ་གྱུར་ནས། ཁོ་ཚོས་ཚུར་དྲན་གསོས་བྱེད་བཞིན་པས་རྐྱེན་གྱིས་རེད་ལ། ཕྱོགས་གཅིག་གཞན་ཞིག་ནས་རྒྱ་གཞུང་ལ་སྐྱོན་འཛུགས་བྱེད་རྒྱུའི་ལག་ཆ་མངོན་གསལ་དོད་ཤོས་ཤིག་ཀྱང་ཡིན་པས་སོ།
གང་ལྟར་གོང་དུ་ཞུས་པ་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་སྐོར་ཕྱོགས་གཉིས་ཀའི་སྲིད་དོན་རྩེད་ཆས་ཤིག་ཏུ་གྱུར་ཟིན་པས། ཇི་སྲིད་བོད་རྒྱའི་དཀའ་རྙོག་གི་འཆིང་ཐག་ངོ་མ་དེ་མ་གྲོལ་བར་དེ་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་འཚོལ་ཐབས་ཁ་ཡོད་ལག་ཡོད་མི་བྱེད་ལ། རྩིས་སྤྲོད་ཀྱང་བྱེད་མི་སྲིད།
འདས་པའི་པཎ་ཆེན་བླ་མའི་ཡང་སྲིད་ཀྱི་རྩེད་འགྲན་འཁྲུག་ཆ་དོད་པོ་དེས།
པེ་ཅིང་དང་རྡ་ས་གཉིས་ཀར་མདུན་དུ་ལྷག་པའི་མ་འོངས་རྒྱལ་བའི་ཡང་སྲིད་སྐོར་ལ་གྲ་སྒྲིག་ཨང་གསར་མི་བྱེད་ཐབས་མེད་ཆགས་ཡོད།
བོད་དང་ཧི་མ་ལ་ཡའི་རི་རྒྱུད་མི་རྣམས་ཀྱི་ཆེད་རྒྱ་དཀར་ནག་གཉིས་ཀས་བླ་མའི་ཡང་སྲིད་སྐོར་ལ་མི་འདོད་བཞིན་དུ་ཇུས་ཏོག་བྱེད་བཞིན་ཡོད། འོན་ཀྱང་། དུས་རབས་ཉེར་གཅིག་ནང་བོད་མིའི་བསམ་སྤྱོད་ལ་འགྱུར་བ་ཤུགས་ཆེན་འགྲོ་བཞིན་པས། ལོ་ལྔ་བཅུའི་རྗེས་གནད་དོན་དེ་ཆབ་སྲིད་ཀྱི་སྟེགས་བུ་ནས་ག་ལེར་ཡལ་འགྲོ་ངེས་རེད།
རྒྱ་མོ་དེས་ཡག་པོ་བྲིས་འདུག ཐུགས་རྗེ་ཆེ།
ཞོལ་ཕྲུག་ལགས། ཁྱེད་རང་གིས་གསལ་བོ་དག་པོ་ཞེ་དྲག་གསུངས་སོང་། ཐུགས་རྗེ་ཆེ། གཞན་ང་རང་གིས་ཁ་པར་བརྒྱུད་ནས་སྐབས་དེར་རྒྱུས་ཡོད་པའི་མི་སྣ་ཁ་ཤས་སྐད་ཆ་འདྲི་རྒྱུ་བྱུང་། གལ་སྲིད་ཁྱེད་ཀྱིས་གསུངས་པའི་ངྷ་རམ་སཱ་ལར་དངས་འཚབ་བྱུང་བ་དེའང་དོན་ལ་སྐུ་སྒེར་ཡིག་ཚང་ཁོ་ན་ལས་སྐབས་དེའི་བཀའ་ཤག་གིས་ཤེས་མི་འདུག ཧ་ལམ་ཕྱི་ལོ ༡༩༩༥ལོའི་ཟླ ༥ཚེས ༡༤ཉིན་གྱི་ཞོགས་པར་གློ་བུར་དུ་སྐུ་སྒེར་ཡིག་ཚང་གིས་བཀའ་སྤྱི་གཉིས་ཀྱིས་མཚོན་པའི་གནད་ཡོད་མི་སྣ་བཞི་བཅུ་ལྷག་འབོད་འགུགས་ཀྱིས་རྒྱལ་བ་རིན་པོ་ཆེ་ཡིས་པཎ་ཆེན་ཡང་སྲིད་སྐོར་ཕྱི་བསྒྲགས་གནང་ཡོད་པ་དང་། དེ་མཚུངས་སུ་རྒྱལ་བ་རིན་པོ་ཆེ་ཡིས་འཕྲོས་ཀྱིས་གནད་དོན་ཁྱེད་རང་ཚོས་ཐག་གཅོད་གནང་རོགས་ཞེས་གསུངས་རྗེས་ཕེབས་ཡོད་འདུག དེ་ནས་གྲ་སྒྲིག་ཅི་ཡང་མེད་པའི་བཀའ་ཤག་གིས་དོན་དག་འདི་ཛ་དྲག་ཡིན་པས། གནས་སྐབས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་མ་བསྒྲགས་ན་ཡག་ཚུལ་གྱི་གྲོས་འགོ་བཏོན་ནའང་། སྐབས་དེའི་སྤྱི་འཐུས་ཚོགས་གཙོ་ཟམ་གདོང་རིན་པོ་ཆེ་ཡིས་ཁོང་དགོད་ཅིག་བྱས་ནས་གསུངས་པ་ནི། ཁྱེད་རང་ཚོས་ཚོགས་ཐོག་ཏུ BBCཡི་གསར་འགོད་པའི་མཚོན་པའི་གསར་འགོད་པ་མང་བོ་སླེབས་འདུག་པ་མ་མཐོང་ངམ། དེ་ནས་ཚང་མ་ཅི་བྱ་གཏོལ་བྲལ་དུ་གྱུར་ནས་ཚོགས་འདུ་གྲོལ་ཡོད་འདུག དེ་བས། གནད་དོན་འདིར་རྒྱ་མི་ཤེས་ལྡན་པས་དོ་སྣང་བྱེད་འགོ་ཚུགས་ཟིན་ལ། ང་ཚོས་ཀྱང་ངེས་པར་དུ་ས་ཕྱར་ཤུལ་གྱི་རྡོ་བའི་དཔེ་བཞིན་ཞིབ་འཇུག་བྱེད་པའི་དུས་སུ་བབས་ཟིན་པ་མ་ཡིན་ནམ།
ང་བོད་དུ་སྡོད་དུས་ཡང་སྲིད་རིན་པོ་ཆེ་༧གོང་ས་མཆོག་གིས་ངོས་འཛིན་གནང་དགོས་པའི་སྐོར་ལ་བསམ་ཚུལ་མང་པོ་དངོས་ཤུགས་རྒྱུད་གསུམ་ནས་བཏོན་མྱོང་ཡོད། མཐའ་མ་གནས་ཚུལ་ཐབས་སྡུག་པོ་དེ་འདྲ་ཡོང་གི་རེད་བསམ་པ་མ་བྱུང་། བྱ་བྲལ་རིན་པོ་ཆེས་བརྒྱ་ཆ་བརྒྱ་བཙན་བྱོལ་གཞུང་ལ་བློས་བཀལ་ནས་གསང་བ་ཚང་མ་ཚུར་ཕུལ་བ་རེད། བཙན་བྱོལ་གཞུང་ནས་ཀྱང་རྒྱ་དམར་གྱི་གདུག་རྩུབ་དང་། བྱ་ངན་ཚང་མ་ཤེས་བཞིན་པ་ཡིན། གང་ལྟར་ཡང་དགེ་འདུན་ཆོས་ཀྱི་ཉི་མའི་འདུན་ལམ་མེད་པ་བཟོས་སོང་། ཁོང་རྡ་ས་དང་། པད་ཅིང་རྐལ་འབོལ་དུ་གྱུར་བ་རེད། སྐབས་དེའི་རྡ་སའི་བཀའ་ཁྲི་དང་། སྤྱི་འཐུས་ཚོགས་གཙོ་དང་། སྐུ་སྒེར་དྲུང་ཆེ་སོགས་་ནི་བོད་ཕྲུག་ཉེས་མེད་གཅིག་རྒྱ་དམར་གྱི་ལག་པར་སྤྲོད་མཁན་གྱི་ཉེས་ཅན་ཞིག་ཡིན། དེ་ནི་གཞིས་ལུས་བོད་མི་ས་ཡ་དྲུག་གི་དུས་ནམ་ཡང་རྗེད་ཐབས་མེད། ནག་ཉེས་མེད་ན་བཀའ་ལན་ཡོད་པ་ཞུ།
འདོད་བློ་མ་ཁེངས་བའི་དོན་དེར་འབྱུང་འགྱུར་ཕན་ངེས་ཀྱི་ཐབས་བཀོད་རེ་མི་འཐེན་པར། ཚར་ཚར་བའི་ལས་ཀ་དེར་ལེ་ལན་ཚར་རྒྱུ་མེད་པ་དེ་ག་རེ་ཡིན་ནམ། ཕལ་ཆེར་བོད་མིའི་རང་གཤིས་ཡིན་པ་འདྲ།
ལྷན་རྒྱས་ཕེབས་ནས་དགོངས་ཚུལ་ཞིབ་རྒྱས་གསུངས་པར་ཐུགས་རྗེ་ཆེ། མུ་མཐུད་དུ་བགྲོ་གླེང་ཡོང་བའི་རེ་བ་ཤིན་ཏུ་ཆེ། བགྲོ་གླེང་བྱེད་དོན་ཡང་འདས་ཟིན་པར་སྤྱི་བསྡོམས་ཀྱིས་མ་འོངས་པའི་ལམ་ཁ་འཚོལ་རྒྱུ་དེ་ཡིན་པས། གལ་སྲིད་འདས་པའི་ལས་དོན་ཁྲོད་ནོར་འཁྲུལ་བྱུང་ཡོད་ན་ཡོ་བསྲང་གིས་འབྱུང་འགྱུར་གཟབ་གཟབ་དང་། བོད་མི་ཡོད་དོ་ཅོག་གིས་ངེས་པར་དུ་ལོ་རྒྱུས་ངོ་མ་དེ་ཤེས་རྒྱུ་ནི་མི་རེ་ངོ་རེ་ཡིས་བོད་དོན་ཐད་ནུས་པ་སྤུངས་ཐུབ་མིན་ལའང་ཐུག་ཡོད།
ལྷན་རྒྱས་ཕེབས་ནས་དགོངས་ཚུལ་ཞིབ་རྒྱས་གསུངས་པར་ཐུགས་རྗེ་ཆེ། མུ་མཐུད་དུ་བགྲོ་གླེང་ཡོང་བའི་རེ་བ་ཤིན་ཏུ་ཆེ། བགྲོ་གླེང་བྱེད་དོན་ཡང་འདས་ཟིན་པར་སྤྱི་བསྡོམས་ཀྱིས་མ་འོངས་པའི་ལམ་ཁ་འཚོལ་རྒྱུ་དེ་ཡིན་པས། གལ་སྲིད་འདས་པའི་ལས་དོན་ཁྲོད་ནོར་འཁྲུལ་བྱུང་ཡོད་ན་ཡོ་བསྲང་གིས་འབྱུང་འགྱུར་གཟབ་གཟབ་དང་། བོད་མི་ཡོད་དོ་ཅོག་གིས་ངེས་པར་དུ་ལོ་རྒྱུས་ངོ་མ་དེ་ཤེས་རྒྱུ་ནི་མི་རེ་ངོ་རེ་ཡིས་བོད་དོན་ཐད་ནུས་པ་སྤུངས་ཐུབ་མིན་ལའང་ཐུག་ཡོད།
གུ་རུའི་སྲས་ལགས། ཁྱོད་ཀྱི་དྲི་བ་དེ་གཉིས་གལ་གནད་ཅན་གཉིས་རེད། ཕྲན་གྱིས་གོ་བ་ལེན་སྟངས་ལྟར་བཤད་ན་གཤམ་གསལ།
༡ རྒྱལ་བ་པཎ་ཆེན་གྱི་གནས་བབ་དེ་བཞིན་ཆོས་ཕྱོགས་ནས་རྗེ་ཙོང་ཁ་བ་ཆེན་པོའི་ཁྲི་ཚབ་ལས་མཐོ་མི་སྲིད་ནའང་། རྒྱལ་དབང་ལྔ་བ་ཆེན་མོས་བོད་ཀྱི་ཆོས་སྲིད་གཉིས་ལ་དབང་བསྒྱུར་བ་ནས་དེ་ལྟར་འགྱུར་བ་བྱུང་བ་ཞིག་ཏུ་འདོད།
༢ པཎ་ཆེན་སྐུ་ཕྲེང་དགུ་བའི་ཡང་སྲིད་ཐད་བཀའ་ཤག་གིས་རྙོག་དྲ་བཟོས་ཡོད་ནའང་། ཕྱི་ལོ ༡༩༥༢ལོའི་ཟླ ༤ཚེས ༢༨ཉིན་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དང་རྒྱལ་བ་སྐུ་ཕྲེང་བཅུ་བཞི་བ་རྣམ་གཉིས་ཀྱི་ཐོག་མའི་མཇལ་འཛོམས་ནི་ཕན་ཚུན་ཡང་སྲིད་འཁྲུལ་མེད་ཡིན་པའི་ངོས་ལེན་ཞིག་ཡིན་པས། ད་ལྟ་དོགས་པ་ཆེར་གནང་མི་དགོས་པར་སྙམ།
དེང་སྐབས་སྐད་ཆ་ཤོད་དུས་མི་མཛའ་བ་རྣམ་གཉིས་ལ་དོ་སྣང་བྱེད་དགོས་པར་སེམས།
མི་མཛའ་བ་དང་པོ། ཆོས་ལུགས་མི་སྣས་ཆབ་སྲིད་ལ་ཇུས་གཏོགས་མེད་ན་མཛའ།
མི་མཛའ་བ་གཉིས་པ། ཆབ་སྲིད་མི་སྣས་ཆོས་ཕྱོགས་སུ་ཇུས་གཏོགས་མེད་ན་མཛའ།
ཤོད་ཚེ་ཕན་ངེས་ཡིན་མིན་བརྟག་རྗེས་ཕན་ལས་གནོད་ཆེ་ན་སེམས་ཁུངས་སུ་བསམ་ཤེས་བྱས་པའི་འགྲིག
དེར་ཡ་འདྲི་ཡང་འདྲིས་མི་སེམས་ལ་དོགས་སློང་ཆེ་རུ་མི་བཏང་ནས་ཕན་ཐོགས་ཅིག་འདུག་གས།
འདོད་ལྷ་ཁམས་པ་ལགས།
མ་གཞི་ཆོས་ཀྱིས་སྲིད་ལ་ཐེ་གཏོགས་མི་བྱེད་པ་དང་སྲིད་ཀྱིས་ཆོས་ལ་ཐེ་གཏོགས་མི་འོས་པ་ལོས་ཤེས། ཡིན་ནའང་། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་བཙོན་དུ་ཇི་ལྟར་ཚུད་པ་རེད་དམ། ཆོས་པས་སྲིད་མ་ཤེས་པའི་ཉེར་ལེན་ལས་བྱུང་བ་རེད་དམ། ཡང་ན། གཞན་གྱི་མགོ་བསྐོར་འོག་ཚུད་པ་རེད། འདི་ཕྱོགས་གཅིག་རེད།
ཕྱོགས་གཞན་ཞིག་ནས་ང་ཚོ་ཚང་མ་ཁ་རོག་གེར་སྐྱབས་སུ་མཆི་ཞེས་བསྡད་ཆོག་གི་རེད་མོད། གཞན་གྱི་དྲི་བ་འཛམ་གླིང་བརྒྱུད་ནས་སྒོ་ཁར་སླེབས་ཟིན་པའི་སྐབས་སུའང་དེ་ལྟར་སྡོད་དགོས་པ་མཐོང་མ་སོང་ལ། ལོ་རྒྱུས་ངོ་མ་ཤེས་རྒྱུའི་ཐོབ་ཐང་བོད་མི་རྣམས་ལའང་ཡོད་ཆོག་པ་ཞིག་རེད། ལོ་རྒྱུས་ངོ་མ་ཤེས་རྒྱུའི་གནད་དོན་འདིར་ཆོག་གམ་མི་ཆོག་གི་རྒྱ་ཞིག་གཏན་ནས་མེད། ཨམ་སྐད་ལྟར་བཤད་ན་མཛའ་མི་མཛའ་ཞིག་ལྷག་མེད། གལ་སྲིད་དེ་འདྲ་ཞིག་ལྷག་ཡོད་ཚེ་བླུན་པོ་ཆུ་སྣ་གར་ཁྲིད་ཀྱི་དཔེ་ལས་འདའ་མེད་པས། དུས་རབས་ཀྱི་གད་སྙིགས་ནང་དུ་ཟེགས་ནས་རྨེག་མེད་དུ་འགྲོ་རྒྱུ་ལས་ལམ་ཁ་གཞན་མེད།
ལྷ་ཡག་ལགས། དགོངས་པ་མ་འཚོམ་རོགས། མི་ང་ནི་འདི་མོ་འདི་ཤོད་རྒྱུ་དགའ་བས་དེ་འདྲ་ཞིག་ཐལ་སོང་བ་རེད། སྤྱིར་ཁྱེད་ཀྱིས་བཤད་པ་ལྟར་རེད། ང་ཚོས་འདས་པའི་ལོ་རྒྱུས་རྣམས་ཤེས་དགོས་པ་མ་ཟད། ཚིབ་ཚགས་པོས་ཤེས་དགོས།། གཅིག་གཅིག་གཉིས་གཉིས་བྱས་ནས་ཤེས་དགོས། དཔེར་ན་་་ས་རཱ་རྒྱལ་རབས་རྒན་བསོད་ནམས་རྒྱལ་མཚན་ལགས་ནང་བཞིན། བོད་ཀྱི་ལོ་རྒྱུས་ཤོད་དུས་བལ་སེལ་སེལ་ནང་བཞིན་ཐོགས་པ་མེད་པར་ཤོད་ཐུབ་པ་ཞིག་བྱེད་དགོས་པ་རེད། དེ་བཞིན་དུ་མི་རང་རང་ལ་མཚོན་ནའང་སྐབས་གང་དུ་མི་སུ་ཞིག་ལ་ཤོད་དགོས་ཀྱང་ཤོད་ཆོག་ཆོག་ཅིག་བཟོ་དགོས་པ་རེད།
ལྷག་པར་དུ་རྒྱ་རིགས་ཤིག་ལ་ཐུག་དུས་ཨ་ཅངཅང་། ཡིན་ནའང་། ཤོད་ཀྱང་་དགེ་མཚན་མེད་པའི་་སྐོར་ཞིག་ཡོད་པ་རེད། དེ་ཚོའི་རིགས་རང་སེམས་ནས་ཉར་བས་ཆོག དཔེར་ན། ༧རྒྱལ་དབང་སྐུ་ཕྲེང་བརྒྱད་པ་ནས་བཅུ་གཉིས་བར་དུ་ལོ་ཤས་དང་ཟླ་ཤས་ནས་སྐུ་རིམ་པར་གྲོངས་པའི་རྒྱུ་དང་རྐྱེན་སོགས་རེད།
དེ་འདྲ་བའི་ཆག་སྒོ་བསམ་ཡུལ་ལས་འདས་པའི་རིགས་གང་མང་མང་་ཡོད་པ་རེད། ཡིན་ཡང་། ཤོད་དགོས་བསམ་ཡང་ཤོད་པ་ལས་མ་ཤོད་ན་དགེ་མཚན་ཆེ་གི་རེད། ༧པན་ཆེན་རིན་པོ་ཆེ་ཡི་ཡང་སྲིད་སྐོར་ཡང་དཔེ་དེ་བཞིན་རེད།
ད་དུང་༧རྒྱལ་དབང་ལྔ་པའི་སྐབས་སོགས་ན་དེ་ལས་རྙོག་དྲ་ཚ་བ་ཡོད་པ་རེད། དེ་ཚོ་ཚང་མ་རང་སེམས་ནས་ཉར་བས་འཐུས། མང་ཚོགས་སུ་བསྒྲགས་ན་ཕན་ཐོགས་ཡོད་པ་ཞིག་ཀྱང་མིན།
ལྷ་ཡག་ལགས། གསོལ་ཇ་མངར་མོ་བཞེས་རོགས། ཨ་ལ་རྩེད་མོ་ཡིན། ཉིད་ཀྱི་ཐུགས་སེམས་ངས་ཤེས་ཡོད།
གནམ་སྡེ་ལགས་སྐད་ཆ་དྲང་པོ་བཤད་པར་ཐུགས་རྗེ་ཁྱོད་རང་གི་ཡིག་འབྲེལ་ཁ་བྱང་གནང་རོགས།
འདོད་ལྷ་ཁམས་པ་ལགས།
པཎ་ཆེན་རིན་པོ་ཆེའི་སྐོར་དེ་ང་ཚོས་སྦས་དགོས་ཡས་རྩ་བ་ནས་ཡོད་པ་མ་རེད་བསམ་གྱི་འདུག
ཁྱེད་རང་ལ་དེ་འདྲའི་སེམས་ནང་དོགས་གནད་ག་རེ་ཉར་ཡོད་དམ།
འདོད་ལྷ་ཁམས་པ་ལགས། ཁྱེད་ལ་བདེན་ཁ་གཅིག་ཀྱང་མེད་པ་ག་ལ་ཡིན། ངས་ཀྱང་དེའི་ཐད་ལ་བསམ་བློ་བཏང་ནས་ཡུན་རིང་བསྡད་པ་ཡིན། ཡིན་ནའང་། དྲི་བས་དེད་ཡོང་དུས་དྲིས་ལན་དགོས་ཀྱི་ཡོད་པ་རེད། གལ་སྲིད་དྲིས་ལན་མེད་དུས། དྲི་བ་འདྲི་མཁན་གྱི་བསམ་བློ་གཏོང་ཕྱོགས་ལྟར་ལོ་རྒྱུས་བཟོས་འགྲོ་གི་རེད། སྒོས་སུ་དེང་སྐབས་ཐའེ་ཝན་དུ་ཡིག་ཚགས་མང་བོ་ཕྱི་ལ་སྒོ་འབྱེད་ཡོད་པས། རྒྱ་ནག་ཤེས་ཡོན་པ་སྐོར་ཞིག་ལ་དེ་གར་བོད་མི་དང་འབྲེལ་བའི་ཡིག་ཆ་མང་བོ་རེག་ཡོད་པ་རེད་ལ། དེང་སྐབས་འཚོ་བཞུགས་ཡོད་མེད་ཀྱི་གནད་ཡོད་མི་སྣ་མང་བོར་འབྲེལ་བ་ཆགས་ཀྱི་ཡོད་པས། དྲི་བ་མང་བོ་ག་ལེར་ཡོང་རྒྱུ་རེད།
གཞན་དེང་སྐབས་མི་རིགས་མང་བོ་ཞིག་གིས་རང་མཚང་བརྟོལ་ནས་མི་འདང་ས་དང་ནོར་འཁྲུལ་ཡོད་ས་གསལ་འདོན་གྱིས་མ་འོངས་པར་དེ་འདྲའི་དབང་དུ་མི་འགྲོ་བར་སྔོན་འགོག་རང་བཞིན་གནང་གིན་པས། བོད་མིའི་ངོས་ནས་ཀྱང་ངེས་པར་དུ་སྐྱོན་བཟོ་ཐུབ་ཀྱི་ཡོད་པ་ལྟར་ངོས་ལེན་ཡང་བྱེད་ཕོད་པའི་ཕྱོགས་སུ་ཤུགས་རྒྱག་འོས་པར་སྣང་།
རྒན་སྐྱུ་རྩི་ལགས། ཐུགས་རྗེ་ཆེ། ངའི་སྦྲག་བྱང་གཤམ་གྱི་འདི་ཡིན། dongsai@gmail.com
གུ་རུ་སྲས་དང་ཞོལ་ཕྲུག་རྣམ་པ་གཉིས། །
པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཐད་ལ་ནག་ཉེས་དང་ཤོད་མ་ནུས་པའི་གསང་བ་ག་རེ་ཡོད་རེད། ཤོད་ཤོག་ཟེ་མདོག་མདོག་རེད། རེད་ངས་ཤོད་ཆོག རེད་དེའི། ངས་ཤོད་ཡག་དེ་ཡང་སྲིད་ཀྱི་ནག་ཉེས་དང་ནོར་འཁྲུལ་གས་མ་རེད། མི་མང་གི་ལྟ་ཚུལ་དང་ནག་ཉེས་ཅིག་རེད། ངས་ཤོད་ཡག་དེ་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་སྐོར་མ་རེད། ངས་ཤོད་ཡས་དེ་སྐུ་ཕྲེང་དགུ་བའི་ཡང་སྲིད་སྐོར་རེད།
ཡང་སྲིད་རང་ལ་སྦས་དགོས་པའི་ནག་ཉེས་དང་ནོར་བ་གང་མེད་ན་ཡང་ང་ཚོའི་མི་མང་གི་རང་ཁ་རྒྱ་ཡན་དུ་བཏང་ནས་ནག་ཉེས་མང་པོ་བཙུགས་པ་རེད། ཡང་སྲིད་རང་སྟེང་ནས་སྐུ་ཚེ་གང་བོར་བོད་དོན་ཐོག་འབད་བརྩོན་གནང་པ་རེད། བོད་མི་མང་པོ་ཅིག་གིས་མི་ཚེ་གང་བོར་ཁ་བཏང་བ་རེད།
སྤྱིར་ཡང་སྲིད་ཟེར་བ་དེ་ཧ་ཅང་མི་མངོན་པའི་དབྱིངས་ནས་དག་སྣང་ཁོ་ནས་ཐག་གཅོད་པ་ཞིག་མ་གཏོགས། མི་ཕྲུག་དང་ཁྱི་ཕྲུག་གཉིས་ནང་བཞིན་གསལ་གསལ་ཐིང་ཐིང་ངང་ལོག་གར་དབྱེར་ཐུབ་པ་ཞིག་ཀྱང་མ་རེད། སོང་ཙང་སྤྲུལ་སྐུ་ཟེར་བ་དང་། ཡང་སྲིད་ཟེར་བའི་དོན་དག་དེ་ཚོར་ཆོས་མི་ཤེས་མཁན་ཚོས་རང་སྣང་གར་དུ་གང་བྱུང་མང་བྱུང་ཤོད་ན་ཕན་གི་མ་རེད།
ལྷག་པར་དུ་ཆོས་ཁས་མི་ལེན་མཁན་དེ་ཚོ་དེ་བས་ཀྱང་དེ་འདྲ་རེད།
ལྷ་ཡག་ལགས།
ཁྱེད་ཀྱི་མངོན་འདོད་དེར་མ་རེད་ཟེར་ཡག་མེད། དེ་ལྟར་རེད། མི་རིགས་མང་མང་པོ་ཞིག་དང་རྒྱལ་ཁབ་མང་པོ་ཞིག་གིས་ལས་ཀ་ག་རེ་ཡིན་ན་ཡང་ཕྱི་བལྟས་ནང་གསལ་དང་། ནང་བལྟས་ཕྱི་གསལ་ཡོང་བར་འབད་བརྩོན་གནང་བཞིན་པ་རེད། དེ་འདྲ་བ་བྱེད་དགོས་པ་རེད། ང་ཚོས་ཀྱང་དེར་དཔེར་བལྟ་འོས་པ་ཅིག་རེད། དེ་འདྲ་བྱེད་པ་ལ། ཡུལ་དེའི་ཤེས་ཡོན་དང་དཔལ་འབྱོར་སོགས་ཚད་ངེས་ཅན་ཅིག་ལ་བསླེབས་ན་མ་གཏོགས་དེ་འདྲ་བྱེད་ཐབས་བྲལ་བ་རེད། མི་མང་ཕལ་ཆེ་བས་དེ་འདྲ་བྱུང་ན་བསམ་ནས་བསྡད་ཡོད་པ་རེད། དེ་འདྲ་བའི་ཡུལ་ལུང་ལ་ཡིད་སྨོན་མི་ཤོར་མཁན་མེད། ཡུལ་དེ་དག་གིས་ཡུལ་མི་ཚོས་རང་གཞུང་ལ་ཡིད་ཆེས་དང་ཤ་ཞེན་ནི་ཧ་ལས་པ་རེད། རང་གི་ཁྱིང་ཚང་ནང་བཞིན་ལྷག་བསམ་རྣམ་དག་རེད།
ཁོང་ཚོས་བློ་རྒྱ་ཆེན་པོས་མདུན་ཕྱོགས་སུ་བསྐྱོད་གང་ཐུབ་བྱེད་པ་མ་གཏོགས་ཡལ་ཟིན་པའི་སྔོན་ཆད་ཀྱི་རྙོག་དྲའི་མགོ་འཁོར་ནས་བསྡད་མི་འདུག སྔོན་ཆད་ཁྱོད་ཤི་ང་གསོན་གི་དམར་འཛིང་ཐེངས་བྱེད་མྱོང་མཁན་ཞིག་ཡིན་ན་ཡང་དེ་རིང་དོན་དག་དེར་བསྐྱར་ལོག་རྒྱག་འདོད་བྱེད་གི་མི་འདུག
ཡར་རྒྱས་ཟེརབ་དེར་འགྲོ་འདོད་ཡོད་ན། བྱེད་སྟངས་དེར་ངེས་པར་དུ་མིག་དཔེ་བལྟ་དགོས་པར་འདུག
འདོད་ལྷ་ཁམས་པ་ལགས།
ད་ལྟ་བགྲོ་གླེང་འགྲོ་བཞིན་པ་འདི་གཞན་གྱིས་དྲི་བ་བཏང་ནས་དེད་ཡོང་བཞིན་པ་ཞིག་ཡིན་པ་ལས་བོད་མི་སུ་དང་གང་གིས་རྙོག་དྲ་སློང་བཞིན་པ་ཞིག་མ་རེད། ང་ཚོས་ད་དུང་ཡར་རྒྱས་ཕྱིན་མེད་པས་དྲིས་ལན་རྒྱག་གི་མིན་ཞེས་ལབ་ཀྱི་ཡིན་ནམ། གལ་སྲིད་ལན་མེད་པ་ཡིན་ན། དྲི་བ་འདྲི་མཁན་གྱིས་རང་ཉིད་ཀྱི་བསམ་བློ་གཏོང་ཕྱོགས་ལྟར་རྩོམ་ཡིག་ཏུ་འགོད་ཀྱི་རེད་ལ། དེ་དུས་ཁྱེད་རང་གི་ཡར་སེམས་དེའང་དོན་ལ་རྐང་བར་འཇུས་ནས་འདྲུད་བྱེད་དུ་གྱུར་ཡོད། རྒྱུ་མཚན་ནི་དྲི་བ་གཏོང་དོན་ཡང་མི་མང་པོ་ཞིག་ལ་ཤེས་འདོད་ཡོད་པའི་དོན་དག་ཅིག་ཡིན་པར་མ་ཟད། དེའི་རྒྱབ་ལོགས་སུ་བོད་ཀྱི་སེར་མོ་བའི་རྫུན་བཤད་མིན་ལའང་བརྩད་གཅོད་བྱེད་ཀྱིན་པས། དྲི་བ་ཛ་དྲག་རེད་ལ་བགྲོ་གླེང་བྱས་ནས་དྲིས་ལན་འདེབས་རྒྱུ་དེ་བས་ཀྱང་གལ་ཆེན་རེད་སྙམ།
དེ་མིན་ད་དུང་དྲི་བ་ཡོད་ན། ངས་འབུམ་རམས་པར་ཕུལ་ཆོག གཙོ་བོ་རྒྱ་ཕྱོགས་ནས་བོད་མིས་ཤེས་དགོས་པ་གང་དག་ཅིག་འདུག་གཞིར་བཞག་ན་ཕན་ཚུན་གཉིས་ཀར་ཕན་ཐོགས་ཡོད་སྲིད་པ་ཞིག་རེད།
ལྷ་ཡག་ལགས།
ངས་ཁྱོད་དང་། འབུམ་རམས་པ་ཞོ་ཕེ་གཉིས་ནས་མ་འོངས་པའི་བོད་རྒྱ་གཉིས་ཀྱི་མདུན་ལམ་ཐད་ཐུགས་འཁུར་བཞེས་བཞིན་པ་དེར་གུས་བརྩི་ཞུ། ཁྱེད་ནི་མི་མི་འདྲ་བའི་བསམ་ཚུལ་མི་འདྲ་བར་བསམ་ཤེས་བྱེད་ཐུབ་མཁན་ཞིག་ཡིན་པ་དེའང་བཟང་ཆ་གཅིག་རེད།
ང་ལ་ཡང་བསྐྱར་འབུམ་རམས་པ་ལགསུ་བཀའ་འདྲི་ཁག་ཅིག་ཡོད། འདི་ཁོང་མོར་འབུལ་རོགས།
ཞོ་ཕའེ་ལགས། ཁྱེད་ནི་བོད་ནས་སྐྱེས་པའི་རྒྱ་མོ་ཞིག་དང་ལྷག་པར་དུ་ཡོ་རོབ་ནས་སློབ་སྦྱོང་མཐར་ཕྱིན་པའི་ཤེས་ཡོན་ཅན་ཞིག་ཡིན་པས། སྐད་ཆ་ག་རེ་ཡིན་ན་ཡང་གནས་ལུགས་མེད་པ་དང་རྒྱུ་མཚན་མི་ལྡན་པ། དྲང་མོ་དང་ཐད་ཀར་མ་ཡིན་པའི་སྐད་ཆ་མི་ཤོད་པའི་ཡིད་ཆེས་ཡོད།
དྲི་བ།
༡༽ གུང་ཁྲན་ཏང་གི་རྒྱལ་ཁབ་རྒྱ་ནག་ལ་བཙུགས་རྗེས་ནས་རྒྱ་མི་རིགས་ལ་ཁེ་ཕན་ག་ཚད་ག་ཚད་ཅིག་བྱུང་ཡོད་པ་རེད་དམ།
༢༽ མའོ་ཙེ་ཏུང་གི་སྲིད་ཇུས་དང་ད་ལྟའི་རྒྱ་གཞུང་གི་སྲིད་ཇུས་དབར་ལ་ཁྱད་པར་ག་རེ་ག་རེ་ཡོད་པ་རེད།
༣༽ ད་ལྟའི་རྒྱ་ནག་གཞུང་གི་ཚོགས་པ་འདི་མགྱོགས་པོར་མཇུག་སྒྲིལ་རྗེས་ཚོད་དཔག་བྱེད་ན་རྒྱ་ནག་ལ་འགྱུར་བ་ག་རེ་ག་རེ་ཡོང་གི་རེད།
ལྷ་སྡེ་གནམ་ལོ་ཡག་ལགས། ཁྱོད་ཀྱིས་རྒྱ་མི་རིགས་ཀྱི་བསམ་ཚུལ་བོད་པའི་དཀྱིལ་འཁོར་ནང་དྲངས་པར་དགའ་བསུ་དང་བསྔགས་བརྗོད་ཡོད། ང་ཚོར་རྒྱ་མི་རིགས་ཀྱིས་བསམ་བློ་ཇི་ལྟར་གཏོང་གི་ཡོད་མེད་ཤེས་དགོས་རྒྱུ་ནི། བོད་དོན་ཐོག་ཧ་ཅང་གལ་ཆེ་རེད། ཕྱོགས་གཞན་ཞིག་ནས་བཤད་རྒྱུར། འདོད་ལྷ་ཁམས་པས་༸པཎ་ཆེན་རིན་པོ་ཆེའི་གནས་ཚུལ་དེ་ཡང་བསྐྱར་བཤད་ན། དོན་སྙིང་མེད་པ་ཞིག་ལ་ངོས་འཛིན་བྱས་འདུག ཁྱོད་ཀྱིས་བཤད་པ་བཞིན་ལོ་རྒྱུས་ཤེས་ནས་སྤང་བླང་བྱེད་པའི་དགོས་པ་ཡོད་མོད་ཀྱང་། གནས་ཚུལ་ཚང་མར་དེ་ལྟར་མིན། འདོད་ལྷ་ཁམས་པ་བཞིན་༸པཎ་ཆེན་རིན་པོ་ཆེའི་སྐོར་དེ་ངས་ཀྱང་དེ་ལྟར་འཐད། གལ་ཏེ་ཁྱོད་ཀྱིས་མུ་མཐུད་སྤང་བླང་གི་ཆེད་གནས་ཚུལ་དེ་རིགས་བསྐྱར་གླེང་ཡང་གླེང་བྱ་ན། ངས་ཁྱོད་ལ་དྲི་རྒྱུར། འདས་པའི་དགེ་འདུན་ཆོས་ཀྱི་ཉི་མའི་གནས་སྟངས་དེ་ནས་ང་ཚོས་ཕྱིན་ཆད་དགེ་འདུན་ཆོས་ཀྱི་ཉི་མའི་ཐོག་བླང་བྱ་གང་ཞིག་དང་སྤང་བྱ་གང་ཞིག་བྱེད་རྒྱུ་ཡིན་ནམ། དྲི་བ་དེར་ལན་ཏག་ཏག་ཅིག་ཤོད་དང་།
ལྷག་པ་ལགས་ཕེབས་ནས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ།
གཅིག་ནས་ང་རང་ལའང་པཎ་ཆེན་རིན་པོ་ཆེ་ཡི་ཡང་སྲིད་སྐོར་གླེང་འདོད་ཆེར་མེད། ཡིན་ནའང་། རྒྱ་མིའི་དྲི་བས་དེད་ཡོང་ན་ལན་རྒྱག་སྟངས་ཤིག་ངེས་པར་བརྙེད་དགོས་ཀྱི་འདུག གཉིས་དྲི་བའང་ཚ་བོ་རྐྱང་རྐྱང་རེད། དཔེར་ན། སྐབས་དེར་རྒྱལ་བ་རིན་པོ་ཆེ་ཡིས་ཁྱབ་བསྒྲགས་གནང་སྐབས། སྐུ་མདུན་རང་གི་ཐག་གཅོད་རེད་དམ། ཡང་ན། གཞན་དབང་སྟབས་བསྟུན་དུ་བྱེད་དགོས་ཐུག་པ་རེད། ཅིའི་ཕྱིར་ཆུང་སྲིད་རིན་པོ་ཆེ་དང་བྱ་བྲལ་རིན་པོ་ཆེ་རྣམ་གཉིས་ཀྱི་བདེ་འཇགས་ལ་བསམ་བློ་མ་བཏང་བ་རེད། རྒྱ་གཞུང་གི་གདུག་རྩུབ་མཁྱེན་བཞིན་དུ་དེ་ལྟར་གནང་བ་ཡིན་ན་ནང་ཆོས་དང་མཐུན་མིན་སོགས་ད་ལྟ་ངའི་སྔུན་དུ་ལྷགས་ཀྱིན་པ་དག་རེད་ལ། མི་འགྱངས་པར་རྒྱལ་བ་རིན་པོ་ཆེ་ལའང་འདྲི་སྲིད་པའི་དྲི་བ་རྐྱང་རྐྱང་རེད།
གནས་སྐབས་ཁྱོད་ཀྱི་དྲི་བར་བགྲོ་གླེང་བྱེད་པའི་དུས་སླེབས་མི་འདུག གོང་གསལ་གྱི་རྒྱ་མིའི་ཕྱོགས་ཀྱི་དྲི་བ་འདི་དག་གསལ་བོ་ཆགས་རྗེས། གཞི་ནས་བགྲོ་གླེང་བྱེད་ཆོག
ལྷ་སྡེ་གནམ་ལོ་ཡག་ལགས།
ཁྱོད་རང་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་སྐོར་གླེང་འདོད་ཆེར་མེད། ཅེས་གསུངས་པ་ལ་རྒྱུ་མཚན་ཞིག་མཐོང་ནས་ཡིན་པར་ཡིད་ཆེས་ཡོད། ང་ཚོ་བོད་པའི་སྤྱི་ཚོགས་ནང་། ན་ཚ་ཆེན་པོ་ཁ་ཤས་ཡོད། མདོ་སྟོད་མི་མང་པོ་ཞིག་གིས་བོད་གཞུང་གིས་ཆུ་བཞི་སྒང་དྲུག་ལ་མ་དྲང་མ་འོས་པའི་བྱས་ཚུལ་དང་། མདོ་སྨད་པ་མང་པོ་ཞིག་གིས་མདོ་སྨད་ཀྱི་མི་ཆེ་གེ་མོས་འཇོན་རབས་དང་མ་འོངས་སྔོན་བསུས་བྱས་ཀྱང་། བོད་གཞུང་དང་སྐུ་དྲག་གིས་མ་འཇོན་མ་ནུས་ཚུལ། གཙང་པ་འགའ་ཞིག་གིས་༸པཎ་ཆེན་རིན་པོ་ཆེ་དང་གཙང་པར་བོད་གཞུང་དང་སྐུ་དྲག་གིས་མ་འོས་མ་འཚམས་པ་བྱས་ཚུལ་བཅས་གླེང་གི་འདུག དེ་ལྟར་གླེང་རྗེས་འདས་པའི་ལོ་རྒྱུས་ཀྱི་བསླབ་བྱ་སེམས་བཅངས་ཀྱིས་མ་འོངས་མདུན་བསྐྱོད་བྱེད་དགོས་པ་ཡིན་རུང་། དེ་མིན་པར་ང་ཚོའི་གོང་བུའི་ནུས་པ་གཏོར་བཤིག་གཏོང་བའི་རྫས་ངན་དུ་བེད་སྤྱོད་བྱེད་བཞིན་འདུག ངས་དེ་ལྟར་མཐོང་ནས་གནས་ཚུལ་དེ་རིགས་བསྐྱར་གླེང་ཡང་གླེང་མ་བྱེད། ཅེས་གདམས་པ་ཡིན། གོང་གི་གཞོལ་ཕྲུག་ཅེས་པ་དང་སྐྱུར་རྩི་ཞེས་པའི་མཆན་འདེབས་ལ་གཟིགས་དང་། དགག་པའི་ཁ་ཕྱོགས་གང་ཞིག་ཏུ་འཁོར་འདུག འོན་ཀྱང་གནད་དོན་དེའི་ཐོག་ཁྱོད་རང་ཚོ་ཕན་ཚུན་བསྟོད་རེས་གནང་འདུག ང་ཚོས་འདས་པ་ལས་མ་འོངས་པ་གལ་ཆེ་བའི་བསམ་ཚུལ་རྒྱུན་བཅངས་ཏེ། དཀའ་ངལ་ལ་གདོང་ལེན་གནང་གལ།
ཁྱོད་རང་གིས་དྲི་བའི་ཐད། ཡང་སྲིད་ངོས་འཛིན་ཞུ་བ་དེ་ཡང་ཆོས་ལུགས་ཀྱི་གནད་དོན་ཡིན་དུས། ཆོས་ཁས་ལེན་དང་མི་ལེན་གྱི་འདུ་ཤེས་འཛིན་སྟངས་ཀྱི་ཐོག་རེད། སེམས་ནང་ཆོས་དད་མེད་པའི་མི་འགའ་དང་འགའ་ཞིག་གིས་ནང་ཆོས་ལ་ཁྱད་གསོད་ཀྱིས། ཏ་ལའི་བླ་མར་མངོན་ཤེས་ཡོད་བཞིན་དུ་པཎ་ཆེན་རིན་པོ་ཆེ་རྒྱ་མིས་གཟུང་གི་ཡོད་པ་མ་ཤེས་པ་ཡིན་ནམ། ད་ལྟ་པཎ་ཆེན་རིན་པོ་ཆེ་ག་པར་ཡོད་མེད་ཏ་ལའི་བླ་མར་བཀའ་འདྲི་ཞུ་ན། ཁོང་གིས་མངོན་ཤེས་ཀྱིས་མཁྱེན་གྱི་རེད། ཟེར་བ་དང་། པཎ་ཆེན་རིན་པོ་ཆེའི་དོན་དུ་ང་ཚོས་ལས་འགུལ་སྤེལ་དགོས་མ་རེད། ཁོང་འོད་དཔག་མེད་ཡིན་དུས་རྫུ་འཕྲུལ་གྱིས་བཙོན་ཁང་ནས་ག་པར་ཕེབས་ཕེབས་རེད་ཟེར་བཞིན་འདུག
ངས་བལྟས་ན་ཁྱོད་ཀྱིས་དྲངས་ཀྱིན་པའི་དྲི་བ་འདི་དག་རྒྱ་མིའི་སྐྱོན་མ་རེད། བོད་མི་ཚོས་འུར་བསྟོད་བྱེད་དྲག་པར་བརྟེན་ནས་བྱུང་གི་ཡོད་པ་རེད། དེ་བས། བོད་ནང་གི་ཤེས་ཡོན་པ་ཚོས་ནང་ཆོས་དག་ཐེར་བྱེད་དགོས་ཀྱི་འདུག་ཅེས་སྐད་རྒྱག་གིན་པ་མ་ཡིན་ནམ།
ལྷ་སྡེ་གནམ་ལོ་ཡག་ལགས།
ངས་རྒྱ་མིའི་སྐྱོན་རེད་བཤད་མེད། ཆོས་དད་ཡོད་དང་མེད་ཀྱི་ལྟ་ཚུལ་ཐོག་ནས་གནས་ཚུལ་དེ་དག་འོང་བཞིན་པ་རེད། ཅེས་དང་། འགའ་ཞིག་གིས་ཤེས་བཞིན་ཁྱད་གསོད་ཀྱིས་དྲི་བ་དེ་དག་བཀོད་ཀྱི་འདུག་ཅེས་པ་དེ་ཡིན།
ང་གཉིས་ཀྱི་གཞི་རྩའི་ལྟ་བ་མི་མཐུན་ས་དེ་ཡང་ཁྱོད་ཀྱིས་གསུངས་པའི་བོད་མི་ཚོ་འུར་བསྟོད་ཆེ་དྲགས་པས་རེད། གསུངས་པ་དེའི་ནང་ནས་ཐོན་སོང་།
སྲིད་ལུགས་རྐྱང་པའི་ངོས་ནས་བལྟས་ན། ཆོས་དང་ཆོས་བྱེད་ལུགས་པ་སྐྱོན་དུ་མ་མཐོང་བ་དང་། ཆོས་ལུགས་རྐྱང་པའི་ངོས་ནས་བལྟས་ན། སྲིད་ལུགས་ལ་སྐྱོན་དུ་མ་མཐོང་གི་རེད། དེར་བརྟེན་དེ་གཉིས་མཉམ་བསྲེས་དང་མཉམ་སྐྱོང་གིས་ཆོས་སྤུས་གཙང་ཕར་ཞོགས། སྲིད་ལུགས་ཀྱང་རྩབ་སྲལ་བཟོས་ནས་རང་ཉིད་གནས་སའི་རྒྱལ་ཁམས་ཕུང་ལ་སྦྱོར་རྒྱུ་རེད། དེ་འདྲའི་ཆོས་སྲིད་ཟུང་འབྲེལ་ལ་ཆོས་དང་མི་ཆོས་ཀྱི་ལྟ་བ་སོ་སོར་བཀར་བའི་སྤུས་གཙང་འོང་ཐབས་མེད། ང་ཚོ་ཡང་དེས་ཕུངས་པ་རེད། ད་དུང་ཡང་མི་མང་གི་སེམས་ལ་སྲིད་ཤོད་སྐབས་ཆོས་དང་འབྲེལ་ནས་ཤོད་པ། ཡང་ཆོས་ཤོད་སྐབས་སྲིད་དང་འབྲེལ་ནས་ཤོད་པ་བཅས། ཚང་མ་སྨུག་པའི་དཀྱིལ་འཐིམས་ནས་འདུག ཤེས་ཡོན་ཅན་པས་ནང་ཆོས་ལ་དག་འཐེར་ཟེར་པའི་ཁ་གཡང་སྒྲོག་པ་འདི་དངོས་ཡོད་གནས་ཚུལ་ལ་འབོད་སྒྲ་ཙམ་རེད། དེ་ལས་ང་ཚོའི་སྤྱི་འཐུས་སོགས་ཆབ་སྲིད་དཀྱིལ་འཁོར་ནང་གི་གྲྭ་པ་དེ་དག་དང་། ཆོས་ལུགས་དཀྱིལ་འཁོར་ནང་འཛུལ་དེ་ཆབ་སྲིད་སྒྲུབ་མི་དེ་དག་ལ་སྒྱུར་བཅོས་ཤིག་དགོས།