ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༥ ཉིན་གྱི་བོདང་གི་སྔ་དྲོའི་དུས་ཚོད་ ༡༡།༥༠ ཙམ་ལ་རྔ་པ་རྫོང་ཆོས་རྗེ་ཞང་སོ་རུ་མའི་པདྨ་ཚང་གི་བུ་ནོར་བུ་དགྲ་འདུལ། རང་ལོ་ ༡༩ ཙམ་ཡིན་པ་ཁོང་གིས་རྔ་པའི་ཁྲོམ་གཞུང་དུ་ཐོན་ནས་རང་ལུས་མེར་སྲེག་བཏང་ཞིང་བོད་ཁ་བ་ཅན་ལ་རང་དབང་རང་བཙན་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག སྐབས་དེར་རྔ་པའི་ཁྲོམ་གཞུང་དུ་ཡོད་པའི་ཉེན་རྟོག་པ་རྣམས་ཀྱིས་ཆུ་དང་མེ་གསོད་ཡོ་ཆས་ཀྱིས་ཁོང་གི་ལུས་ཀྱི་མེ་བསད་ཅིང་། གཅར་རྡུང་བཏང་ཡོད་ལ། ཉེན་རྟོག་པའི་རླངས་འཁོར་ཆུང་ཆུང་ཞིག་གི་ནང་དུ་བཞག་ནས་ཁྱེར་ཡོད་འདུག་མོད། ས་གནས་ཡུལ་མི་རྣམས་ཀྱིས་གང་དུ་ཁྱེར་ཡོད་མེད་སོགས་ཤེས་རྟོགས་ཐུབ་མེད། གནས་ཚུལ་འགྲེལ་བརྗོད་གནང་མཁན་གྱིས་བཤད་ན་ཁོང་གི་གཟུགས་པོ་མེས་ཚིག་པ་ཚབས་ཆེན་ཡིན་ཡང་སྐབས་དེ་རང་ལ་གྲོངས་མེད་པ་གསལ་པོ་ཡིན་འདུག ཁོང་ཆུང་ཆུང་སྐབས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཤིང་། ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༦ ཡས་མས་ཤིག་ལ་གྲྭ་པ་ལོགས་ནས་དེང་སྐབས་ཕ་མའི་རྩ་ལ་བསྡད་ཡོད་འདུག
གོང་གསལ་གནས་ཚུལ་དེའི་སྐོར་དངོས་སུ་མཐོང་མཁན་ཞིག་གིས་བརྗོད་པ་ཇི་བཞིན་ཡིག་ཐོག་ལ་བཀོད་པ་གཤམ་གསལ་ལྟར་ཡིན། སྔ་དྲོའི་དུས་ཚོད་ ༡༡།༥༠ ཡས་མས་སུ་ང་ཁྲོམ་གྱི་གཞུང་ལམ་ཟུར་ཞིག་ལ་ཡོད། སྐབས་དེར་ཁྲོམ་ལ་མི་མང་པོ་འདུག དང་པོ་ངས་ཤེས་དུས་བོད་ཁ་བ་ཅན་ལ་རང་དབང་རང་བཙན་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་སྐད་ཤུགས་ཆེན་པོས་ཁ་འབོད་བྱེད་བཞིན་པའི་སྒྲ་དེ་རྒྱབ་ཕྱོགས་ནས་གོ་སོང་། སྐབས་དེར་མར་བལྟས་དུས་མི་ཞིག་གིས་རང་ལུས་མེར་སྒྲོན་ནས་ཡར་ང་ཚོའི་ཕྱོགས་སུ་རྒྱུགས་ཡོང་གི་འདུག མཐོང་མ་ཐག་ང་རང་ཧ་ཅང་སྐྲག་སྣང་སྐྱེས་སོང་། ཕར་བལྟས་ཚོད་ལ་དུས་ཚོད་གང་མཚམས་འགོར་ཡོད་པའི་སྣང་བ་བྱུང་བས་མགོ་གང་ཞིག་ནས་བཙུགས་པ་ངས་མ་ཤེས་ཐལ། ཁོང་གི་མགོའི་སྐྲ་དང་རྒྱབ་ཀྱི་སྟོད་གོས་སོགས་མེས་ཚིག་ནས་ས་ལ་འཐོར་ཡོང་གི་འདུག སྐྲ་རིང་པོ་ཅན་ཞིག་དང་། དོར་མ་ལོ་དུང་སྔོ་སྐྱ་ཞིག་གྱོན་འདུག་པ་གསལ་པོ་ཤེས་སོང་། དེ་ནས་གཡས་གཡོན་ནས་ཉེན་རྟོག་པ་རྣམས་ཀྱིས་དང་པོ་ཆུས་བརྒྱབ་ཀྱང་མེ་མ་སོད་པར་མ་ཟད། ཁོང་ས་ལའང་མ་འགྱེལ་བར་མུ་མཐུད་ཁ་འབོད་བྱེད་བཞིན་མདུན་དུ་ཡོང་གི་འདུག་པས། རྡོག་ཐོས་བརྒྱབ་ན་ཡང་ས་ལ་མ་འགྱེལ་ཐལ། དེ་ནས་མེ་གསོད་ཡོ་ཆས་ལག་ཏུ་ཡོད་པའི་ཉེན་རྟོག་པ་ཉིས་གསུམ་ཞིག་མདུན་དུ་ཐོན་སོང་ལ་ཁོང་ཚོས་མེ་གསོད་ཡོ་ཆས་ཀྱིས་བརྒྱབ་ནས་ས་ལ་འགྱེལ་བཅུག་པ་དང་། མེ་བསད་ནས་དེ་མ་ཐག་ཉེ་འཁྲིས་སུ་ཉེན་རྟོག་པའི་རླངས་འཁོར་ཆུང་ཆུང་སྒམ་ཤིང་ཅན་ཞིག་འདུག་པ་དེའི་ནང་དུ་བཞག་ནས་ཡར་ཁྱེར་སོང་མོད། ཕལ་ཆེར་རླངས་འཁོར་གྱི་ཁ་ཡར་འཁོར་འདུག་པས་ཡིན་པ་འདྲ་སྟེ། སྐོར་ར་བྱས་ནས་ཁྲོམ་ལམ་གཞན་ཞིག་ནས་མར་སྨན་ཁང་གི་ཕྱོགས་སུ་ཁྱེར་སོང་སྙམ་པ་བྱུང་ཡང་། ངས་མཐའ་མ་རིག་ས་དང་སྨན་ཁང་ལ་བར་ཐག་ཅུང་ཙམ་ཡོད་པས་སྨན་ཁང་དུ་ཁྱེར་སོང་ཟེར་ནས་བཤད་མི་ཐུབ། མི་དེ་སྐྲ་རིང་པོ་ཅན་གྱི་མི་སྐྱ་ཞིག་ཡིན་པ་ཐག་བཅད་ནས་བཤད་ཐུབ་ཀི། གཞན་ངོ་ཤེས་ཤིག་ཡིན་མིན་ཙམ་ཡང་ཤེས་རྟོགས་མ་བྱུང་། གཙོ་བོ་ང་རང་ཚ་བེ་ཚུབ་བེས་མཉམ་འཇོག་མ་ཐུབ་པ་ཡང་ཡིན་ན་ཐང་མོད། ཁོང་གི་གདོང་དབྱིབས་མེས་བཏུམ་ནས་གསལ་པོ་རིག་མ་སོང་སྙམ་པ་ད་ལྟ་འདང་བརྒྱབ་ན་དྲན་གི། ང་ཁོང་གི་ཐག་ཉེ་སར་ཡོད་མོད། མི་དེའི་གདོང་དབྱིབས་ངའི་དྲན་ཡུལ་དུ་མི་ཡོང་གི། ཁོང་ཉེན་རྟོག་པས་ས་ལ་རྫོགས་པ་དང་མཉམ་དུ་མི་མང་པོས་སྐོར་སོང་ལ་ང་ཡང་ལྟ་རུ་སོང་བ་ཡིན། འོན་ཀྱང་སྐར་མ་གསུམ་བཞི་ཞིག་གི་ནང་ལ་ཉེ་རྟོག་པས་ཁྱེར་སོང་། སྐབས་དེར་ཉེན་རྟོག་པ་དང་དམག་མི་བཅས་མང་པོ་སླེབས་འདུག བོད་མི་ཡང་མང་པོ་འདུག་མོད། ཁོང་ཚོས་གང་མགྱོགས་ལྕགས་དབྱུག་འཕྱར་ཞིང་། མེ་མདའ་ཚད་ནས་མི་མང་ཁ་གཏོར་སོང་ལ། སྐབས་དེར་ཉེན་རྟོག་པ་དང་དམག་མི་ཧ་ཅང་མང་པོ་ཁྲོམ་ཡོངས་ལ་འགྲེམས་འཇོག་བྱས་ཚར་འདུག བོད་མི་རྣམས་ཀྱིས་བཤད་དོན་རྫོང་མཁར་ཕྱི་ནང་གི་འགྲུལ་བཞུད་མཚམས་བཅད་འདུག་ཀྱང་ཟེར་ཞེས་གསུངས་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༥ ལ།
ཨོ་སྙིང་རྗེ། འདི་ནས་ཡང་མི་ལུས་གསོན་པོ་ཞིག་བོད་ཞེས་ཁ་ནག་འདིའི་དོན་ལ་བརླག་སོང་།
བསྟན་དང་དེ་འཛིན་ཆབ་སྲིད་བོད་དོན་སླད། །
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
དཀའ་བ་རྒྱ་ཕྲག་སྒྲུབ་པའི་དཔའ་བོ་རྣམས། །
གངས་ཅན་མགོན་པོས་ཐུགས་རྗེ་སྤྱན་གྱིས་གཟིགས། །
ད་ངོ་མ་༸གོང་ས་མཆོག་དང་ཀིརྟི་རིན་པོ་ཆེ་ཡིས་བཀའ་ཡིག་ཕེབས་ཏེ་རང་ལུས་མེར་བསྲེག་མི་གཏོང་བའི་འབོད་སྐུལ་བྱེད་རན་རེད། ཕྱི་ལོགས་ན་བལྟས་ན་སྤུན་ཟླ་ཚོའི་ལུས་སྲོག་གི་མཆོད་མེ་སྤར་བ་ཆུད་ཟོས་སུ་གཏོང་གིན་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་རྩོམ་བདེན་ཚིག་སྨོན་ལམ་དུ།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།
དཀའ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས།།
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།
མདོར་ན་མགོན་པོ་སྤྱན་རས་གཟིགས་དབང་་གིས།།
སྲས་བཅས་རྒྱལ་བའི་སྤྱན་སྔར་གངས་ལྗོངས་ཞིང།།
ཡོངས་བཟུང་རྒྱ་ཆེན་སྨོན་ལམ་གང་མཛད་པའི།།
འབྲས་བཟང་དེར་འདིར་མྱུར་དུ་འཆར་བར་མཛོད།།
དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག།་
ཨོོ་མཎི་པད་མེ་ཧོྂ།
ཨ་མ་མ། ཡང་ཅིག་ཕེབས་བྱུང་།
དགའ་དགོས་དང་སྡུག་དགོས་མ་ཤེས་ཡ།
ངོ་མ་ངུ་ཁ་དྲོ་གི
བསྟན་དང་དེ་འཛིན་ཆབ་སྲིད་བོད་དོན་སླད། །
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
དཀའ་བ་རྒྱ་ཕྲག་སྒྲུབ་པའི་དཔའ་བོ་རྣམས། །
གངས་ཅན་མགོན་པོས་ཐུགས་རྗེ་སྤྱན་གྱིས་གཟིགས། །
རྒྱ་ཡི་ཁྲིམ་ཁ་མུ་མཐུད་བཙན་ལུགས་དང་།
རྒྱལ་བས་ཆབ་སྲིད་རྒན་ཡོལ་བྱས་ལུགས་འདི།
རྔ་ཡུལ་བོད་མིས་རང་ལུས་བསྲེག་པའི་རྒྱུ།
ཀུརྟི་བླ་མས་གསུང་ཞིག་ཐོན་ན་རན།
ད་ནི་ནང་འཁྲུགས་དང་མདུང་རྩེ་ནང་ལ་བསྐོར་བ་ལས།་ཡུལ་དུས་གཅིག་ཏུ་ཚང་མར་བོད་ལ་ལོག་ཐབས་དང་རྒྱ་དམར་གྱི་དཔོན་དམག་བདུད་རྒན་ཚོའི་སྡུག་སེམས་འགུལ་བར་ཞིག་བྱེད་དགོས།་དེ་མིན་ཞབས་རིམ་དང་མཆོད་འབུལ་ལྟ་བུའི་ལས་འགུལ་ཉི་ཚེ་བ་ཞིག་གི་དོན་དག་ཅིག་འགྲུབ་གི་མ་རེད། མི་དོན་དངོས་གནས་རྩོད་རྩོད་ཞིག་བྱེད་དགོས།
རྒྱལ་བཅེས་དཔའ་བོ་མཆོག་ལ་སྙིང་ནས་མྱ་ངན་དང་གུས་འདུད་ཞུ།
གལ་ཏེ་མ་འོང་པར་འདི་ལྟ་བུའི་ལས་འགུལ་མུ་འཐུད་ནས་བྱུང་ཚེ།
རྒྱལ་བཅེས་དཔའ་བོ་ཚོས་ཚེ་སྲོག་སྒྲོན་མེར་ཕུལ་བ་དེ་ནུས་པ་ལྡན་པ་ཞིག་ཡོང་དགོས་རྒྱུ་ཤིན་ཏུ་གལ་ཆེ་བས།
ལས་འགུལ་སྤེལ་ཕྱོགས་ཐད་ང་རང་གི་བསམ་ཚུལ་ཁ་ཤས་ཞུས་ན།
རྔ་བ་གཅིག་པུ་མ་ཡིན་པར་བོད་ཀྱི་རྒྱལ་ས་ལྷ་ས་དང་རྒྱ་ནག་གི་རྒྱལ་ས་པེ་ཅིང་སོགས་བོད་རྒྱའི་གྲོང་ཁྱེར་ཆེ་ཁག་དང་།
ཡུལ་བསྐོར་བ་དང་གསར་འགོད་པ་མང་སར་སོང་ནས་ལས་འགུལ་སྤེལ་ན་ནུས་པ་ཧ་ཅང་གི་ཆེ་བར་སེམས།
འདི་ནི་ངས་སྲོག་བློས་གཏོང་གི་ལས་འགུལ་སྤེལ་དགོས་པའི་སྐུལ་མ་ཞུས་པ་མིན་པ་ཞུ་ཕོད་ཐབས་མེད་ཀྱང་། ལས་འགུལ་མུ་མཐུད་རྒྱུན་སྐྱོང་གནང་ཚེ།
རྒྱལ་བཅེས་དཔའ་བོ་ཚོའི་ཚེ་སྲོག་བློས་གཏོང་གི་ལས་འགུལ་ལ་ནུས་པ་ཆེ་ཙམ་ཐོན་ཆེད་དང་།
འཛམ་གླིང་མི་མང་ནས་དོ་སྣང་ཆེ་ཙམ་ཡོང་ཆད་འདི་ལྟར་མ་ཞུས་རང་ཞུས་ཆག་སོང་།
ད་ནི་ངོ་མ་བཙན་བྱོལ་ནང་ཡོད་མཁན་དབུ་ཁྲིད་དང་འབྲེལ་ཡོད་བླ་སྤྲུལ་རྣམ་པས་ཨ་མདོ་རྔ་པའི་མི་མང་ལ་འབོད་སྐུལ་གནང་ནས་བོད་མི་ཚོའི་ཚེ་སྲོག་ཆུད་ཟོས་མི་འགྲོ་བ་ཅིག་བྱེད་གལ་ཆེ་ལ།བཙན་བྱོལ་གཞུང་མང་ནས་ཀྱང་སྐྲག་མི་དགོས་ས་ནས་དཔའ་སྐད་འཐེན་ཏེ་སྡོད་བཞིན་བོད་ནང་གི་མི་བེད་སྤྱོད་དང་བློ་མེད་བྱེད་རྒྱུ་མཚམས་འཇོག་རན་རེད།
ཡང་མིན་ན་རང་ཉིད་ཚུད་པའི་ང་ཚོ་བཙན་བྱོལ་དུ་ཡོད་མཁན་དབུ་ཁྲིད་ཚོ་བཅས་ཚང་མས་རང་སྲོག་བློས་གཏོང་གིས་རྒྱ་ནག་ལ་འཆི་དང་གསོན་ཐག་ཆོད་པའི་འཚེ་མེད་ཀི་འཐབ་རྩོད་ཅིག་བྱས་ཏེ།བོད་ནང་གི་མི་ཚོར་མིང་དོན་མཚུངས་པའི་གདུངས་སེམས་མཉམ་བསྐྱེད་ཅིག་བྱེད།
དེ་མ་གཏོགས་འདིར་ང་ཚོས་གཞིས་ལུས་རྒྱ་ཆེའི་མི་མང་ཞེས་རྩ་ཆེ་མདོག་གིས་ནམ་རྒྱུན་ཅིག་བཤད་བསྡད་པ་དེ་སྐྱག་རྫུན་ཡིན་པ་ར་སྤྲོད་མང་དུ་མང་དུ་འགྲོ་བཞིན་གདའ།
ད་ཡིན་ན་བོད་ནང་གི་བོད་མི་དག་གི་སྙིང་སྟོབས་དང་ཆོད་སེམས་རང་མི་རིགས་དང་རྒྱལ་ཁབ་ཆེད་དུ་ཡོད་ཚད་བློས་བཏང་སོང་གུས་པས་རེ་བ་ལ་བོད་རིགས་དང་བོད་མི་ཡོངས་ཀྱིས་ཁོང་རྣམས་པ་ལ་མྱ་ནང་དང་གུས་འདུ་རྒྱབ་སྐྱོར་ཆ་ཚང་གནང་རོགས་ཞུ་ཞུ
རྒྱལ་གཅེས་དཔའ་བོ་དེ་དག་གི་སྙིང་སྟོབས་ལ་རྗེས་སུ་ཡི་རང་ཞུ་རྒྱུ་དང་།
ང་ཚོས་ནམ་ཡང་གདུང་སེམས་མཉམ་བསྐྱེད་བྱེད་དགོས།
དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།།
ཐུགས་རྗེ་ཆེན་པོས་བརྩེ་བའི་སྤྱན་གྱིས་གཟིགས།།
ནུབ་བྱང་མི་རིགས་སློབ་ཆེན་དུ༼གཟའ་ཉི་མའི་དཔེ་ཀློག༽གི་བྱེད་སྒོ་ཐེངས་བཞི་བ་སྤེལ་བ།
________________________________________
ཨ་དགའ།
གསེར་མདོག་གི་ལོ་ལེགས་སྨིན་པའི་དུས་ཚིགས་འདིར། ལང་ཚོའི་འོད་ཟེར་ཤེས་རིག་གི་དགའ་ཚལ་ལ་འཕྲོས་པའི་སློབ་ཆེན་འདིར། ན་གཞོན་བུ་མོ་ཚོའི་བློ་སྤོབས་དང་ལྷག་བསམ་གྱིས《གཟའ་ཉི་མའི་དཔེ་ཀློག》ཅེས་པའི་བྱེད་སྒོ་འདི་ཡང་བསྐྱར་སྤེལ་པས། སློབ་ཆེན་འདིའི་ཁོར་ཡུག་ཏུ་ཕུན་སུམ་ཚོགས་པའི་དཔེ་ཀློག་དང་འདུ་འཛི་ལྡན་པའི་མི་ཚོགས་ཀྱིས་བརྒྱན་ཏེ་སློབ་རའི་ནང་དུ་རིག་གནས་ཀྱི་མཁའ་དབུགས་ཤིག་ངང་གིས་གྲུབ་འདུག
ཁོ་མོ་ཚོས“དཔེ་ཆ་ལྟ་ཀློག བསམ་བློ་བརྗེ་རེས། དཔེ་དེབ་མངག་ཉོ”བཅས་བྱེད་སྒོའི་རྩ་དོན་གཞིར་བཟུང་ཐོག གྲོང་ཁྱེར་འདི་ན་བོད་ཡིག་གི་དཔེ་ཆ་ཉོ་རྒྱུ་མེད་སྟབས། སློབ་ཆེན་པ་ཚོའི་དཔེ་ཀློག་གི་འདུན་པ་དང་དགོས་མཁོ་བསྐོང་ཆེད། སྤྱི་ཟླ་དགུ་བའི་ཚེས་ཉེར་ལྔའི་སྔ་དྲོ་ནས་ཕྱི་དྲོ་ཆུ་ཚོད་གསུམ་གྱི་བར་ལ། བུ་མོ་ཚོས་མ་སྐུལ་དང་བླངས་ཀྱིས་སློབ་རའི་ནང་དཔེ་ཆ་སྣ་ཚོགས་བཀྲམས་ཏེ་མི་རིགས་སོ་སོར་ལྟ་ཀློག་དང་ཉོ་རུ་བཅུག་པས་དགེ་སློབ་མང་བོའི་དགའ་བསུ་ཐོབ་པ་མ་ཟད། དགེ་རྒན་རྣམ་པའི་མཛུབ་སྟོན་དང་རྒྱབ་སྐྱོར་ཐོབ་པར་བརྟེན། བུ་མོ་ཚོའི་སེམས་ཤུགས་དང་སྤོབས་པ་སྔར་ལས་རྒྱས་ཏེ། རྗེས་སུ་བྱེད་སྒོ་འདི་མུ་མཐུད་དུ་སྤེལ་རྒྱུའི་སྙིང་སྟོབས་ལྡན་ཡོད།
ཡག་པོ་རེད། གཟའ་ཉི་མའི་དཔེ་ཀློག་ཉིན་མོ་འདི་གཟའ་ཉི་མའི་དཔེ་ཀློག་དང་ཕ་སྐད་གཙང་མའི་ཉིན་མོ་ཞིག་
ཏུ་བསྒྱུར་ཐུབ་ན་ཤིན་ཏུ་ལེགས། དེ་མིན་བོད་ཀྱི་སློབ་མ་རྣམས་རྒྱ་མིན་བོད་མིན་ཞིག་ཏུ་འགྱུར་བཞིན་པའི་
མྱུར་ཚད་ལ་ཚོད་འཛིན་བྱེད་མི་ཐུབ།དེ་རིང་ནས་བཟུང་ཁ་པར་ཨང་གྲངས་བོད་མི་ཞིག་ལ་ཕ་སྐད་ཀྱིས་
མ་གཏོགས་མི་བཤད་པའི་དམ་བཅའ་ཙམ་ཡང་འཇོག་མི་ཐུབ་ན་དཔེ་ཀློག་གིས་ཅི་བྱེད།རིགས་རུས་བོད་པ་
ཡིན་མིན་ལ་དགའ་རྒྱུ་ཅི་ཞིག་འདུག ཕ་སྐད་ལ་དུངས་པ་དང་རང་རིགས་ལ་ཤ་ཞེན་ཡོད་མེད་ལག་ལེན་གྱི་
སྟེང་ནས་ཤེས་དགོས་ཀྱི་སྐད་ཆ་སྦོམ་པོ་ཁོ་ན་བཤད་པ་ནི་སྐྱུག་བྲོ་བའི་གནས་མ་ཡིན་ནམ།དོར་ཞི་ལྟར་ཁ་ནས་
བོད་དོན་ཁོ་ན་གླེང་བ་དང་།རང་ཉིད་ཀྱི་བྱིས་པ་.ང་བོད་པ་ཡིན་ཙམ་ཡང་མི་ཤོད་པའི་རྒྱ་རིགས་དངོས་མ་ཞིག་ཏུ་
གསོ་སྐྱོང་བྱས་པ་གཉིས་བསྡུར་ན་དགོད་བྲོ་བ་ཞིག་དང་སྐྱུག་མེར་ལངས་བ་ཞིག་མ་ཡིན་ནམ།།
________________________________________
རྒྱལ་གཅེས་དཔའ་བོ་ཁོང་ལ་ཡི་རངས་དང་མཉམ་དུ་ཕངས་སེམས་སྐྱེ་གི་འདུག་གང་ཞེ་ན་མི་རིགས་གྲངས་ཉུང་ས་ཡ་དྲུག་ལས་གཅིག་ཉུང་སོང་བ་རེད་འོན་ཀྱང་མི་རིགས་ཤིག་གི་ཆེད་དུ་ཚེ་སྲོག་རྒྱུ་ནོར་གང་འཚམས་ཤིག་བཏང་དགོས་པ་ཡང་དངོས་ཡོད་ཡིན་པས་འདི་ལྟར་འགྲོ་རྒྱུ་ལས་གཞན་མེད་གནས་ཚུལ་དུས་ཐོག་ཏུ་སྤེལ་བ་ལ་འབྲེལ་འཐུད་པ་ལ་བཀའ་དྲིན་སྙིང་བཅངས་ཞུ་རྒྱུ་དང་རྗེས་སུབོད་ཨ་མདོ་རྔ་བ་ཞེས་པ་ལྟ་བུ་ངེས་པར་དུ་གསུངས་ན་བོད་ཀྱི་དོན་ཡིན་པར་ཁ་གསལ་གདིང་གསལ་ཆག་གི་རེད་དོན་དག་ཆེན་པོ་ཆུང་དུ་མི་འགྲོ་བའི་ཐབས་ཤེས་གནང་རོགས།། འཕཌ་མཆོག་ཐུགས་རྗེ་ཆེན་པོས་ལམ་སྣ་དྲོངས།།
ད་ཡིན་ན་ང་ཚོས་བྱེད་དགོས་ཀྱི་རེད། ངོ་མ་སྐྱོ་གི་འདུག ཕྱི་ཕྱོགས་སུ་ཡོད་པའི་སྤུན་ཟླ་ཚོ། ང་ཚོས་གང་དགོས་སམ། གང་འགྱོགས་ལས་འགུལ་སྤེལ་རོགས། རང་ལུས་མེ་ལ་སྦྱིན་མཁན་དེ་དག་ང་ཚོའི་སྤུན་ཟླ་རེད། ཁོང་ཚོའི་ལུས་སྲོག་ང་ཚོ་དང་དངོས་སུ་འབྲེལ་ཡོད། རྒྱ་གཞུང་གིས་མི་མཐུད་དེ་དྲག་གནོན་བྱེད་པར་གཞིགས་ཏེ། ང་ཚོ་དྲག་པོའི་ལས་འགུལ་ཐོག་ཏུ་ཁ་བསྒྱུར་སམ་ཡང་ན་ལས་འགུལ་གཞན་གང་ཞིག་སྤེལ་དགོས་སམ། ཚང་མས་དོན་མེད་ཀྱི་སྐད་ཆ་མ་བཤད་པར་མ་གྲོས་གཅིག་མཐུན་གྱིས་བོད་ཕྱི་ནང་གཉིས་ཀ་དུས་གཅིག་ལ་ལོངས་ཐབས་ཀྱི་ཐབས་ལམ་འཚོལ་དགོས་ཀྱི་འདུག། སྤུན་ཟླ་ཚོ་ལོངས་ཤོག་་་་་སྤུན་ཟླ་ཚོ་ལོངས་ཤོག་ ལུས་སྲོག་ཤོར་བའི་སྤུན་ཟླ་ཚོའི་ཆེད་དུ་ལོངས་ཤོག
ད་ཡིན་ན་ང་ཚོས་གང་བྱེད་དགོས་ཀྱི་རེད། ངོ་མ་སྐྱོ་གི་འདུག ཕྱི་ཕྱོགས་སུ་ཡོད་པའི་སྤུན་ཟླ་ཚོ། ང་ཚོས་གང་དགོས་སམ། གང་འགྱོགས་ལས་འགུལ་སྤེལ་རོགས། རང་ལུས་མེ་ལ་སྦྱིན་མཁན་དེ་དག་ང་ཚོའི་སྤུན་ཟླ་རེད། ཁོང་ཚོའི་ལུས་སྲོག་ང་ཚོ་དང་དངོས་སུ་འབྲེལ་ཡོད། རྒྱ་གཞུང་གིས་མི་མཐུད་དེ་དྲག་གནོན་བྱེད་པར་གཞིགས་ཏེ། ང་ཚོ་དྲག་པོའི་ལས་འགུལ་ཐོག་ཏུ་ཁ་བསྒྱུར་སམ་ཡང་ན་ལས་འགུལ་གཞན་གང་ཞིག་སྤེལ་དགོས་སམ། ཚང་མས་དོན་མེད་ཀྱི་སྐད་ཆ་མ་བཤད་པར་མ་གྲོས་གཅིག་མཐུན་གྱིས་བོད་ཕྱི་ནང་གཉིས་ཀ་དུས་གཅིག་ལ་ལོངས་ཐབས་ཀྱི་ཐབས་ལམ་འཚོལ་དགོས་ཀྱི་འདུག། སྤུན་ཟླ་ཚོ་ལོངས་ཤོག་་་་་སྤུན་ཟླ་ཚོ་ལོངས་ཤོག་ ལུས་སྲོག་ཤོར་བའི་སྤུན་ཟླ་ཚོའི་ཆེད་དུ་ལོངས་ཤོག
གཞིས་བཞུགས་སྤུན་ཟླ་ཚོ། ངས་ཀྱང་དྲ་ཐོག་གི་མཆན་བུ་ཚོ་ནང་བཞིན་གདུང་བསྐྱེད་མཉམ་བསྐྱེད་ཞུ་རྒྱུ་ལས་ཁ་རང་དབང་ནང་གི་ཚིག་འདོད་མོ་རེ་ཞུ་སྙིང་འདོད་མ་སོང་།
ནང་ནས་གཅེས་སྲོག་དྲོན་མོས་འགྲོ་གྲོན་བཏང་། ལ་རྒྱའི་དཔའ་བོས་ཕྱི་མའི་ལྔ་ལམ་བསྙེགས། ཕྱི་ནས་ཁ་བཤད་མཁས་པས་གད་རྒྱང་བསྒྲགས། འདོད་ལྡན་བོད་མིས་ཤོག་སྒོར་རྗེས་སུ་བསྙེགས།
གྲོགས་པོ་རྣམ་པ། རླབས་ཆེན་གྱི་དཔའ་བོའི་རྗེས་སུ་བསྙེག་མི་ཐུབ་ཀྱང་། རང་རིགས་ལ་ཤ་ཞེན་དང་ལ་རྒྱ་མེད་ཀྱང་། མ་འོངས་ཕྱི་རབས་པའི་མདུན་ལམ་ལ་མི་སེམས་ཀྱང་། ཁ་ནས་སྙིང་རྗེ་ཟེར་བ་ཙམ་མ་ཡིན་པར་ལས་འགུལ་ཞིག་མ་བརྩམས་ན་ངོ་མི་ཚའམ།
ཁྲི་འཕང་མཐོན་པོར་བཞུགས་པའི་ཆེན་པོའི་མཚན་ཅན་རྣམ་པ་ལགས། བོད་མི་ས་ཡ་དྲུག་གི་ཆེད་དུ་གཅེས་སྲོག་ཕངས་མེད་དུ་བཏང་བའི་དཔའ་བོ་འདི་རྣམས་དུས་འདི་ནས་བཟུང་འཁོར་བ་མཐའ་ཅན་བྱས་ཏེ་བདེ་ནས་བདེ་བར་འདྲེན་རྒྱུ་ནི་ཁྱེད་ཚོའི་ལས་འགན་ཡིན་ལ། དེ་ཙམ་མ་ཐུབ་ན་ཁྱེད་ལ་ཆེན་པོའི་མཚན་གྱིས་བརྗིད་པ་དང་། མཐོན་པོའི་ཁྲིར་འགྱིང་བ་ལའང་དགོས་གལ་ཆེར་མེར་པར་སེམས།
བོད་ནང་གི་དཔའ་བོ་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་དོན་དུ་སྐུ་ལུས་སྒྲོན་མེར་བཏེག་ནས་དགྲ་བོ་རྒྱ་དམར་ལ་མཐའ་གཅིག་ཏུ་ངོ་རྒོལ་གནང་བར་དགུང་སྔོན་དབྱིངས་སུ་སྟོད་ལ་ཐུགས་རྗེ་ལན་རྒྱར་ཞུ་བ་དང་ཆབས་ཅིག་མྱ་ངན་དང་གུས་བཏུས་ཀྱང་ཞུ་བཞིན་ཡོད།
འོན་ཀྱང་དཔའ་བོ་ཚོའི་མངོན་འདོད་ཀྱི་འབོད་སྒྲ་དང་བཙན་བྱོལ་བ་ཚོས་མངོན་འདོད་ཀྱི་འབོད་སྒྲ་གཉིས་འགལ་ཟླར་རྟེན་དམིགས་ཡུལ་མི་གཅིག་པས་དེ་དེ་བཞིན་འགྲུབ་རྒྱུ་ཁག་པོ་རེད་ལ་བཙན་བྱོལ་བ་ཚོས་དེ་ཙམ་རྒྱབ་སྐྱོར་མི་གནང་བ་མ་ཟད་ད་དུང་བྱས་ཉེས་ཆེ་མདོག་མདོག་སྨྲ་མཁན་ཡང་མི་ཉུང་བ་ཞིག་འདུག།
དཔའ་བོ་ཚོས་སྣང་བ་སྐྱིད་དྲག་པ་དང་དང་འདོད་ལངས་པ་དེ་འདྲ་མ་རེད་ལ་གུང་ཁྲན་གྱིས་རྡུང་རྡེག་ཚ་ནན་དང་མནར་གཅོད་བཏང་བཏང་ཉིད་ཀྱིས་འུ་ཐུག་ཐབས་ཟད་ཀྱི་སྤྱོད་ཚུལ་ཁོ་ན་ལས་མ་འདས། ཁོང་རྣམ་པ་ཚོར་ཐུགས་ཁག་ཅི་ཡོད། མ་གཞི་ངས་ནམ་རྒྱུན་བཙན་བྱོལ་བ་འདི་ཚོས་རྒྱ་མི་གུང་ཁྲན་དང་རྐརྨ་གཅིག་གི་དུས་ཡུན་ཙམ་ཡང་གཤིབས་མྱོང་མེད་ཙང་རྒྱ་མི་གུང་ཁྲན་ཅི་འདྲ་ཞིག་ཡིན་མིན་ཆ་རྒྱུས་ཡ་རྒྱུས་སྤུ་ཙམ་མི་འདུག་ཞེས་བརྗོད་ཀྱིན་ཡོད། རྒྱ་མི་གུང་ཁྲན་ནི་ཟ་རྔམ་ཅན་གྱི་འཕར་བ་རང་རེད། ཡ་ང་དང་སྙིང་རྗེ་སྤུ་ཙམ་མེད་ལ་ངོ་ཚ་དང་བསམ་ཤེས་ནི་དེ་བས་ཅི། འོན་ཀྱང་བཙན་བྱོལ་བ་ཚོས་ག་དུས་ཡིན་ཡང་འཕར་ཚང་ནང་ལོག་འདོད་ཡོད་ཞེས་ཤོར་ཤོར་རེད། ང་ནི་འཕར་བས་ག་དུས་ཟས་ཡོང་བསམ་པ་ལས་འཕར་བས་བྱམས་སྐྱོང་བྱས་ཡོང་བསམ་བསམ་བློ་ཡུལ་ལ་མེད་ལ་རྨི་ལམ་ཚུན་ཆད་ལ་གཏོང་གི་མི་འདུག། བོད་ནང་གི་དཔའ་བོ་ཚོའི་འབོད་སྒྲ་ཡང་དེ་རང་རེད། ཡིད་མི་ཆེས་ན་རྣ་བ་ཀྲོང་ཀྲོང་བྱས་ནས་ཉོན།
དཔའ་རྒོད་བཟོད་པ་སྒོམ་རོགས། པཎ་ཆེན་ཚོང་པ་རྒྱག་པ་དེ་ཡོད་ན་ཁྱོད་ཚོ་ཡང་མགོ་བོ་གནམ་དུ་བཏེགས་ནས་འགྲོ་ཐུབ་པ་ཆགས་ཡོད། ད་ཆ་ཁྱོད་ཚོའི་སྲོག་སྐྱོབ་དྲིན་ཆེན་སུ་ཡང་མེད། ད་བཟོད་པ་སྒོམ་རོགས། ང་ནི་རང་དབང་གི་ལུང་པར་ཡོད་ཀྱང་ཁྱོད་ཚོའི་ཆེད་དུ་གང་ཡང་བྱ་མི་ཐུབ་པའི་ནུས་མེད་ཅིག་ཆགས་སོང་། ཚོང་པ་རྒྱག་པ་ཐུགས་རྗེ་གཟིགས།
དཔའ་རྒོད་ལགས་ཁྱེད་ཀྱི་རང་ལུས་མེ་བསྒྲོན་ནས་བོད་མི་རིགས་ཀྱི་བདེ་སྡུག་འཛམ་གླིང་མི་མང་ལ་བསྒྲགས་པ་འདི་ནི་བོད་མི་སུ་ཞིག་ཡིན་རུང་བཟོད་མི་ཐུབ་པའི་སེམས་ཚོར་སྐྱི་མོ་ཞིག་རེད། བྱས་འབྲས་ལ་ཡི་རངས་དང་གུས་བཀུར་ཡོད།
འཇིག་རྟེན་འདིར་ཆེ་བས་ཆུང་ཟ་བ་སྔོན་མ་ནས་ཡོད་ཀྱང་། ད་ཆ་ཡང་ཀློ་ཀློའི་ལུང་པ་དག་ལ་ཕན་ཚུན་གསོད་རེས་དང་། ལོག་པའི་ཆོས་བསྟན་ནས་ཀློ་ཀློ་པ་གཞོན་པ་མང་པོས་རང་སྲོག་འཕངས་མེད་དུ་བཏང་ནས་ཨ་རི་སོགས་ནུབ་ཕྱོགས་པ་ཞི་བ་གཞན་ལ་གནོད་འཚེ་མི་བྱེད་པའི་བྱམས་སེམས་ལྡན་པའི་སྐྱེ་བོ་སྟོང་ཕྲག་མང་པོ་བསད་པ་དང་། ད་དུང་དུས་སྐབས་འཐོབ་ན་དེ་བཞིན་གསོད་པ་ལ་ཐབས་གང་ཡོད་བྱེད་ཅིང་། ཀློ་ཀློ་དེ་དག་གིས་ཡུལ་གྲུ་དག་ཏུ་ཡང་དམག་འཁྲུགས་མུ་གེ་ཆད་མེད་འབྱུང་བ། དེ་བཞིན་བོད་ཆོས་ལྡན་གྱི་ཞིང་དུ་ཡང་རྒྱ་དམར་གུང་ཁྲང་གི་འོག་ཏུ་བོད་མི་ཁྲི་ཁྲག་མང་པོ་དམག་དང་མུ་གེས་འདས་གྲོངས་སུ་གྱུར་པ་སོགས་་སྡུག་བསྔལ་བཟོད་གླགས་མེད་པ་བྱུང་བ་དང་། ད་ལྟ་དེ་བཞིན་བོད་རྔ་པ་སོགས་སུ་དེ་འདྲའི་བཙན་གནོན་གྱི་སྡུག་བསྔལ་བྱུང་འབྱུང་བཞིན་པ་གཞོན་པ་མང་པོས་བཟོད་མ་ཐུབ་པར་རང་གི་གཅེས་པའི་སྐུ་ལུས་མེ་ལྷ་ལ་སྒྲོན་སྟེ། འཇིག་རྟེན་ཕྱི་རྒྱལ་ཁབ་དག་གིས་རྒྱ་གཞུང་ལ་གནོན་ཞུགས་རྒྱབ་པའི་རེ་འདུན་ཡོད་ཤས་ཆེ་ཡང་། འཇིག་རྟེན་རྒྱལ་ཁབ་དག་གིས་གང་ཡང་བྱེད་ཐུབ་པ་མེད་ཚོད་དུ་སྣང་། དེར་མ་ཟད་རྒྱ་དམར་གུང་ཁྲན་ལས་བྱེད་པ་དག་གིས་ཀིརྟིའི་རིན་པོ་ཆེ་དང་། ཛམ་གླིང་ཞི་བདེའི་སྡེ་དཔོན་རྒྱལ་བ་རིན་པོ་ཆེ་ཞབས་དང་། ཕྱི་རྒྱལ་ན་་ཡོད་པ་བོད་མི་དག་གིས་བསྐུལ་ནས་དེ་ལྟར་བྱེད་དུ་འཇུག་པའི་ཁུངས་མེད་ཀྱི་སྐྱོན་འཛུགས་བྱེད་པ་ལ་གྲོགས་སུ་འགྱུར་བ་འདུག་ན། རྔ་པ་སོགས་བོད་ཀྱི་གཞོན་པ་རྣམས་ཀྱིས་དེ་ལྟར་དོན་མེད་དུ་རང་གི་གཅེས་པའི་སྐུ་ལུས་འཕངས་མེད་དུ་མ་གཏང་བར་དེའི་ཚབ་ལ་བོད་ཡོངས་རྫོགས་གཅིག་ཏུ་སྒྲིལ་བའི་སྐད་ཡིགདང་རིག་གཞུང་་ལ་བརྩོན་པ་གལ་ཆེ་ཞེས་སྙིང་ནས་གདུང་སེམས་མཉམ་བསྐྱེད་བཅས་མར་ཡུལ་པ་འཇམ་དཔལ་ནས་བྲིས།
གལ་ཏེ་དགྲ་ལས་རྒྱལ་འདོད་ན།
རང་ཉིད་ཡོན་ཏན་ལྡན་པར་བྱ།
དེ་ཡིས་དགྲ་ཡང་སེམས་བསྲེགས་ཤིང་།
རང་ཡང་བསོད་ནམས་འཕེལ་བར་འགྱུར།། ལེ་ ༨ ཚིགས་ ༣༣ ས་པཎ་ལེགས་བཤད།
དཔའ་བོ་མཆོག་ལ་སྙིང་ཐག་པ་ནས་མྱ་ངན་གུས་འདུད་ཞུ་པ་དང་ཆབ་ཅིག་སྡུག་སྔལ་གྱི་ཀློངས་ན་གནས་པའི་དཔའ་བོ་མཆོག་གི་ནང་མི་ཡོངས་ལ་སེམས་གསོའི་འཚམས་འདྲི་བཅས་མིན་སྙིང་ནས་ཞུ། དབའ་བོ་འདི་རྣམས་ཀྱིས་རྒྱ་ནག་དམར་པོ་རེ་རེའི་ཡིད་ལ་སྔ་མ་ལོག་སོང་ཡང་རྗེས་མ་ལང་ནས་ཡོང་ཞེས་པའི་གཏན་ཚིག་འདི་ཁ་དང་མིག་ལ་བཙན་གྱིས་བཅུག་སོང་པས་སྐྱུག་འདོད་ཀྱང་གཡུག་འདོད་ཀྱང་བཅས་ཐབས་མེད་པའི་ནད་གཞི་འདི་རྭ་ཅན་བཞིན་དུ་འཛམས་གླིང་མི་དམངས་འདུན་དུ་ནག་ཉེས་ཆེན་པོ་ཁུར་ནས་མི་འགྲོ་རང་འགྲོ་བཟོས་ཡོད་པས་ཞིང་བཞུད་དཔའ་བོ་རྣམས་ཀྱི་མཛད་རྗེས་སྐལ་བའི་བར་དུ་གནས་ཐབས་ཡོང་བར་གོ་ཐོབ་ཤེས་འཇོན་པ་དག་གིས་ངེས་པར་དུ་གནང་རོགས་ཞུ།
ཨོ་རྒནལདྭགས་པ་ལགས།
ཁྱེད་ཉིད་ངས་རྣམ་པ་ཀུན་ཏུ་ཁ་བརྡའི་དྲ་རྒྱའི་ནང་དུ་སྐད་ཡིག་དག་ཆའི་སྐོར་ལ་ཞུས་དགགནང་མ
ཁན་ཞིག་ཏུ་མཐོང་མོད།
དེ་རིང་ཁྱེད་ཀྱིས་རྣམ་ཀུན་ཀླ་ཀློ་ཞེས་བྲིས་པར་ཀློ་ཀློ་ཞེས་གོ་མ་མྱོངས་པའི་འབྲི་སྟངས་ཞིག་བྲིས་འདུག་པས་དེ་ཡིག་ནོར་ཡིན་ནམ་ཡང་ན་རྒན་ཁྱེད་ལ་རྒྱུ་མཚན་ཁུངས་ལུང་ཡོད་ན་བྲིས་མིན་དྲི་བ་ཞིག་འབུལ་དགོས་བྱུང་སོང་ཐུགས་དགོངས་མི་འཚམས་པར་ཞུ།
བཤད་སྟངས་མ་འགྲིག་པར་ཡོད་ན།
གསན་སྟངས་མི་ནོར་བར་ཞུ།
དྲ་གྲོགས་རྣམ་པ་ཚོ་་་་་་་་ངའི་བསམ་ཚུལ་ཞིག་བརྗོདེ་འདོད་པ་ནི་འབོད་སྐུལ་བྱས་པ་ཙམ་གྱི་ཕན་ཐོགས་ཡོང་མི་སྲིད་གང་ཞེ་ན་༡རྒྱལ་ཁྲིམས་དང་མ་འགལ་བའི་རང་དབང་ལ་ཐོབ་ཐང་མེད་པ།༢ཡུལ་ཕྱོགས་གང་ལའང་མ་བསྟུན་པའི་ཉེས་འགེལ་གྱིས་བཙོན་འཇུག་བྱེད་པ།༣ལྟ་བ་གཅིག་གྱུར་གྱི་ལང་ཕྱོགས་ལག་བསྟར་བྱེད་རྒྱུར་འཕྲོག་རྡུང་གསོད་གསུམ་གྱི་ལས་འགུལ་སྤེལ་བ།༤རང་དབང་གི་སྒོ་མོ་དྲ་ལམ་སྐུད་ལམ་དར་ལམ་ཚང་མ་བཀག་སྡོམ་དང་འགྲུལ་བཞུད་ལའང་ཐེ་ཇུས་བྱས་པ་བཅས་བོད་པ་ཚང་ལ་སྤེལ་བཞིན་པའི་སྲིད་བྱུས་ལྕི་གཡའ་བ་འདི་བསྲན་ནས་སྡོད་མུ་ཚུགས་པ་དང་བཟོད་ནས་ཁུར་མི་ཐུབ་པའི་རང་བཞིན་འདི་འཛམ་གླིང་མི་མང་ལ་བདེན་དཔང་ཞིག་གི་ཆེད་ཚད་མེད་ཞི་བའི་ཐབས་ལམ་གཅེས་པའི་ལུས་སྲོག་གི་སྒྲོན་མེ་འདི་མི་སྤར་ཐབས་མེད་ཆགས་སོང་སྙམ།དེའི་ཕྱིར་རང་འགུལ་གྱི་ནུས་པ་དང་སྟོབས་ཤུགས་འདི་མི་གཅིག་གིས་ཀྱང་སྔོན་འགོག་ག་ལ་ཐུབ་སྙམ།
༡༡༽ ཀརྡོ་རབ་འབྱམས་པ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༦ གི་ཆུ་ཚོད་ ༡༤ སྐར་མ་ ༠༤
རྒྱ་གཞུང་མ་རབས་བཙན་ཤེད་གཉའ་གནོན་གྱི་མེ་ཡིས། །
བོད་མིའི་བཟོད་བསྲན་ལྗང་མྱུག་མང་དག་ཅིག་བསྲེགས་སོང། །
བན་དེ་བ་ལེགས། ཀླ་ཀློ་ཞེས་པར་ཀློ་ཀློ་ཞེས་ཁག་གཅིག་མིན་དུ་བྱུང་བ་དེ་ཁྱེད་ཀྱིས་གཟིགས་ནས། སྐྱོན་སེལ་མཛད་པར་བཀའ་དྲིན་ཆེ། ངས་ཡི་གེ་འབྲི་དུས་ནོར་འཁྲུལ་མང་དུ་བྱེད། ལྷག་པར་དུ་གློག་ཀླད་དུ་འཇུག་སྐབས་སུ་ཡི་གེའི་དག་ཆ་ནོར་བ་མང་བས། དེ་དག་ལ་ཁྱེད་གཟུ་བོར་གནས་པ་དག་གིས་བདག་གི་དག་ནོར་དང་། གཞན་དག་གི་ཡང་ཡིག་ནོར་དག་ལ་ཞུས་དག་མཛད་པ་དེ་དག་རང་རེ་བོད་ཀྱི་རིག་གཞུང་སྐད་ཡར་རྒྱས་གོང་འཕེལ་ལ་གལ་ཆེ་བར་སྣང་ངོ་།
ལ་དྭགས་རྒན་འཇམ་དཔལ་ལགས་ཀྱི་བན་དེའི་དྲི་ལན་དེས་ངའི་དོགས་གནད་སེལ་སོང་།
ངས་ཀྱང་རྒན་ཁྱེད་ཀྱི་མཆན་བུ་བཀླགས་རྗེས། ཀླ་ཀློའི་ཚབ་ཏུ་ཀློ་ཀློ་བྲིས་གནང་བར་དོགས་དགོས་བྱུང་།
གང་ལགས་ཟེར་ན། སྐུ་ཉིད་ནམ་རྒྱུན་ནས་བོད་ཀྱི་སྐད་ཡིག་དག་ཆར་གཙིགས་ཆེར་མཛད་མཁན་ཞིག་ཡིན་པས།
ཕལ་ཆེར་ཀློ་ཀློ་འབྲི་གནང་བར་ཡང་རྒྱུ་མཚན་ངེས་ཅན་ཞིག་ཡོད་ངེས་བསམས།
གང་ལྟར་ཐུགས་གཟབ་མ་གནང་ན་ཉེན་ཁ་འདུག
བོད་ཀྱི་ཡིག་འབྲིའི་ནང་མ་དག་རྒྱུན་འཇགས་མང་པོ་ཞིག་མཐོང་རྒྱུ་ཡོད་པ་དེ་དག་ཕལ་ཆེར་མཁས་པ་དག་གིས་ཐུགས་གཟབ་མ་མཛད་པའི་ནོར་འཁྲུལ་དུ་བསམས།
མཁས་པས་ནོར་ན་བརྒྱ་དང་།
བླུན་པོས་ནོར་ན་གཅིག
http://neytramo.blogspot.com/2011/10/blog-post_17.html
ངས་འདིར་དཔའ་བོ་ཚང་མའི་ལོ་རྒྱུས་དང་པར་རིས་ཕྱོགས་སྒྲིག་ཞུས་ཡོད་ཀྱང་
ཁག་གཅིག་གིའི་སྐུ་པར་རག་མ་བྱུང་ལ་སྤྱིར་ན་པར་ཡག་པོ་ཁྱོན་ནས་རག་མ་སོང་བས་
རྣམ་པ་ཚོར་ཡོད་ན་འདི་གར་ཞལ་འདེབས་གནང་རོགས།
muluyogo@yahoo.co.in