Why You Should Stand Up For Tibet from International Tibet Network on Vimeo.
རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས་(ITN)ནས། སྤྱི་ཟླ་༡༡གི་ཚེས་༢ཉིན། འཛམ་གླིང་ཁྱོན་ཡོངས་ལ་གནས་བའི་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་། ཡུལ་ལུང་སོ་སོའི་རྒྱ་ནག་གཞུང་ཚབ་ཀྱི་མདུན་དུ་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་བའི་རེ་སྐུལ་ཞུ་བཞིན་ཡོད་། ལྷག་པར་དུ། ད་ལྟའི་བོད་ཤར་ཕྱོགས་རྔ་བ་ཁུལ་གྱི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཡོང་ཐབས་དང་། རྒྱ་ནག་གཞུང་གི་ཆེས་ཡ་ང་བའི་དྲག་གནོན་མཚམས་འཇོག་ཡོང་ཐབས་། རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་རྒྱབ་སྐྱོར་དང་འབོད་སྐུལ་ལ་བརྟེན་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ཐབས་བཅས་ཀྱི་ཆེད་དུ། སྤྱི་ཟླ་༡༡གི་ཚེས་༢་ཉིན། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོ་འཛམ་གླིང་གང་ས་ནས་ངོ་རྒོལ་ལས་འགུལ་ལ་ཞུགས་རོགས་ཞེས་འབོད་སྐུལ་རྒྱ་ཆེར་ཞུ་གི་ཡོད་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་དང་མཉམ་དུ། ལས་འགུལ་བཀོད་སྒྲིག་གནང་མཁན་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་རྡོར་ལགས་ཀྱིས་གསུངས་དོན། “བོད་རིགས་ལོ་གཞོན་དེ་ཚོས། མི་ཚེའི་སྡུག་བསྔལ་ལས་ཐར་ཐབས་སུ་རང་སྲོག་མེ་ལ་སྦར་བ་མ་ཡིན་པར་། རང་དབང་རང་བཙན་གྱི་ཆེད་དུ་རང་སྲོག་མེ་ལ་སྒྲོན་པ་རེད་། དེ་ཡང་སོ་སོའི་ཆེད་དུ་མ་ཡིན་པར་། རང་གི་ལུང་པའི་ཆེད་དུ་རེད་།” སྤྱི་ཟླ་༡༡གྱི་ཚེས་༣ནས་༤བར་། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཧྤ་རན་སིར་འཚོགས་འཆར་ཡོད་པའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་ཡི་ལྷན་ཚོགས་དེར་ཞུགས་ཀྱི་ཡོད་པར་བརྟེན། ཚེས་༢སྟེ་རེས་གཟའ་ལྷག་པ་ཉིན། ཧྤ་རིན་སི་གཙོས་བའི་འཛམ་གླིང་ཁྱོན་ཡོངས་ནས། བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་ལས་འགུལ་རྒྱ་ཆེར་སྤེལ་བར་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས་ཀྱིས་འབོད་སྐུལ་ཤུགས་ཆེར་ཞུ་བཞིན་ཡོད་།
དབྱིན་ཡིག་ཐོག་གནས་ཚུལ་འདི་ནས་གཟིགས།
ལས་འགུལ་ལ་མཚན་རྟགས་འདི་ནས་བསྐྱོན།
ལས་འགུལ་འདི་རིགས་ལ་རྒྱབ་སྐྱོར་ཡོད།
ང་རང་ལས་འགུལ་ནང་ཞུགས་ཀྱང་ཡིན།
ཁྱོད་ཚོས་ལས་འགུལ་མུ་མཐུད་སྤེལ་དང་། ང་ཚོས་མཉམ་རུབ་ལོས་བྱེད།
དེ་ནི་ང་ཚོ་ཚང་མའི་འགན་འཁྲི་རེད།
བོད་ནང་གི་མི་ཚོས་ང་ཚོར་མིག་འབུར་ལྟ་བཞིན་ཡོད།
ཁོང་ཚོས་བདེན་པའི་ཆེད་དུ་རང་སྲོག་དོར་བ། འཛམ་གླིང་མི་དམངས་ཀྱི་ཤེས་སུ་བཅུག་དགོས།
རྒྱ་དམར་གུང་ཁྲན་གྱི་རྫུན་གྱི་མཐིལ་རྟོལ་ཐུབ་པ་དགོས།
དེ་ནི་ང་ཚོ་ཚང་མའི་འགན་འཁྲི་རེད།
རེད། དཀོན་མཆོག་གསུམ། ད་རྒྱུག་པའི་དུས་ལ་བབ་ནི་རེད། ཁྱེད་རྣམས་ཀྱིས་འདི་ལྟར་ལས་འགུལ་གྱི་མགོ་བཙུག་དུས་ང་ཚོ་མཉམ་རུབ་ལོས་བྱེད། ད་ཚང་མ་རྒྱུག་ཡ།
གོ་ཐོས་ཉན་གསུམ་གང་ལ་སྐྱིད་པོ་ཞིག་མེད་པའི་ཁ་སང་དེ་རིང་གི་གནས་ཚུལ་འདི་དག་ནི། རང་ཉིད་བོད་མི་ཞིག་གི་ངོས་ནས་བཤད་ན་བྱ་བ་ཅི་བྱས་ཀྱང་བདེ་མོ་སྐྱིད་པོ་ཞིག་གཏན་ནས་མེད་པ་མ་ཟད། རང་ཉིད་བོད་དུ་སྐྱེ་བའི་ལས་འགན་ཙམ་ཡང་སྒྲུབ་ཐུབ་ཀྱི་མེད་པ་དེར་བསམ་དུས། ཡིད་སྐྱོ་བའི་སྒང་ལ་སེམས་སྡུག སེམས་སྡུག་པའི་སྒང་ལ་རང་གི་སྟེང་ལ་ཚུགས་པ་རེ་ཟོས་ནས་འདུག་དགོས་པའི་དུས་ཚོད་འདི་དག་ནི། རང་ཉིད་མི་སྡར་མ་ཞིག་ཡིན་པས་རེད་དམ་སྙམ་ཞོར། ཞིང་གཤེགས་རྒྱལ་གཅེས་པ་དེ་དག་གི་ཆེད་དུ་མྱ་ངན་གུས་མདུད་དང་བཅས་བོད་མི་ཡོངས་ལ། ད་ལྟའི་འཆར་བོད་མི་ཞིག་གི་ངོས་ནས་བྱེད་དགོས་པའི་དོན་དག་ཁ་ཚ་དགོས་གཏུགས་དེ་ནི་གང་ཞིག་ཆགས་ཡོད་ཅེས་འདྲི་ན་ཡང་འདོད་སོང་། ང་ཚོས་ལས་འགུལ་དེ་དག་ནི་ཉིན་གཅིག་གི་འགྲིག་གི་ཡོད་དམ། ཉིན་གཉིས་ཀྱི་འདང་གི་རེད་དམ། ཉིན་གསུམ་གྱིས་ཐག་གཅོད་ཀི་རེད་དམ། ཟས་བཅད། མ་ཎི་བཏོན། བྱང་ཆུབ་སེམས་མཆོག་སྐྱོར་བ་དེ་ཙམ་གྱིས་བོད་མིའི་འཆི་གསོན་གྱི་སྐྱིད་སྡུག་ལ་རྒྱ་ནག་སྲིད་གཞུང་གིས་ཁ་ཡ་བྱེད་སྲིད་དམ།
ང་ཚོ་ཚང་མ་ཤི་བོའི་ཤུལ་གྱི་གསོན་པོ་རེད། ཁོང་རྣམས་པས་གཅེས་སྲོགས་ཀྱི་འབར་པའི་མེ་དཔུང་དེ་། འཛམས་གླིང་གི་ཡུལ་གྲུ་ལགས་ཐུལ་ཙམ་ཞིག་ཀྱང་མ་ལྷགས་པར་སྤེལ་རྒྱུ་དེ་གསོན་པོའི་ལས་འགན་རང་རེད་། ང་རང་་ཚོ་ཤི་པོ་རླབས་ཆེན་ཞིག་བྱེད་མ་ཐུབ་ཀྱང་། གསོན་པོ་ཞབས་འདྲེན་ཞིག་བྱས་ནས་མི་འདུག་ཁག་ཐག་ཡིན། བོད་སློབ་ཕྲུག་ཚོར་པར་མགོ་ཁྲིད་པས་རེ་བ་ཆེན་པོ་ཡོད་། མགོ་རྩོམས་དང་དེས་ནང་དུ་རང་ནུས་གང་ཡོད་འབུལ་རྒྱུ་གྲལ་བསྒྲིགས་ཨང་སར་ཡིན། བསམ་ཚུལ་གཅིག་ལ་། གོང་གི་དུས་ཚེ་དེས་སྔོན་དུ་ཕྱི་སྡོད་རྒྱ་ནག་ལོགས་སྤྱོད་གཞུང་ཚབས་ཁག་ཡོང་གི་དར་ཆ་དེ་ཞི་བའི་ངང་ཐེང་གཅིག་མར་ཕབ་ཐུབ་བྱེད་རྒྱུ་དེ་། ས་གནས་དེར་གནས་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་དག་གི་ལས་འགུལ་ངེས་བར་དུ་སྒྲུབས་རྒྱུའི་ཆ་ཤེས་ཞིག་དུ་བཞག་ན་ག་འདྲ་འདུག། བསམ་ཚུལ་ཙམ་ཡིན། ཡིག་ནོར་མང་པོ་ཤོར་ཡོད་དགོང་དག་། དེ་སང་སེམས་པ་སང་སང་དུ་གྱུར་ནས་ན་ནིང་༢༠༠༨ལོ་ནང་བཞིན་རང་སེམས་རང་དབང་ན་མེད་ཀི་། ཞོག་པ་རེར་བཞིན་ཤར་དུས་་གསར་ལམ་ཁག་གི་ཁ་ཕྱེ་རྒྱུར་ལུས་སེམས་གཉིས་ལ་འདར་ཤ་ལང་གི་།་་་ ཨ་ཤུ་རེ་ཀོ་་ ངས་གཅེས་ཕྲུག་ཆུང་ཆུང་། ལང་ཚོ་ཡི་མེ་ཏོག་གསར་དུ་བཞད་མ་དག་། ཨ་ཤུ་རེ་ཀོ་་
རྒྱ་གཞུང་མ་རབས་བཙན་ཤེད་གཉའ་གནོན་གྱི་མེ་ཡིས། །
བོད་མིའི་བཟོད་བསྲན་ལྗང་མྱུག་མང་དག་ཅིག་བསྲེགས་སོང། །
གང་ཕྱོགས་ལ་རྒྱུག།
གང་བྱེད་དུ་རྒྱུག།
རྒྱུག་ནས་ཕན་ཨེ་ཐོག
རྒྱུག་ན་གནོད་གང་ཡོད།
༡༩༥༩། ༡༩༦༩། ༡༩༨༩། ༢༠༠༨ སོགས་ལ་བལྟས་ན་ག་རེ་ཕན་འདུག
ང་དང་ཁྱེད་ནི་གཞན་ཡུལ་ན་བདེ་བར་འཚོནལ་རྒྱ་ཁྲིམ་ལ་སྐྲག་མི་དགོད་མོད། ཁོང་ཚོ་་་་་་་་་
༡༩༥༩། ༡༩༦༩། ༡༩༨༩། ༢༠༠༨ སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས་བོད་འདི་ལུང་པ་ཤོར་བའི་རང་བཙན་ཞིག་ཡིན་པ་མཛམ་གླིང་མི་མང་རྣམས་ཀྱིས་ངོས་ཟིན་ནས། རྒྱ་གར་གཙོ་བོའི་གྱུར་བའི་ནུབ་ཕྱོགས་ཡུལ་གྲུ་ཁག་གིས་བོད་མི་རྣམས་སྐྱབས་བཅོལ་བ་ངོས་ལེན་བྱེད་པ་མིག་མཐོང་ལག་ཟིན་རེད། གྲུབ་འབྲས་མེད་འདོད་པ་ནི་བདེན་པ་ཉིད་དུ་འདོད་མཁན་ཤུན་ཏུ་དཀོན།
ཇོ་རིན་པོ་ད་དུས་ལ་བབས་འདུག དེང་སྐབས་ང་ཚོས་བོད་ནང་གི་གནས་ཚུལ་ཐོས་པ་དང་མཐོང་བ་རྣམས་ནི་ཡིད་སྐྱོ་དགོས་པ་ཁོ་ན་རེད། ད་ང་ཚོ་གཅིག་ཏུ་འགྲིལ་ནས་ཤི་གསོན་ཐག་གཅོད་པའི་དུས་ལ་སླེབས་འདུག བཀྲས་མཐོང་ལགས་དང་། བསྟན་རྡོར་ལགས་་ལས་འགུལ་འགོ་ཁྲིད་པ་ཐུགས་རྗེ།
མི་རིགས་ཤིག་གི་བདེ་སྡུག་གླེང་། མི་རིགས་ཤིག་འཐབ་རྩོད་གླེང་། མི་རིགས་ཤིག་གི་རྩ་དོན་གླེང་འདི་གསུམ་གླེང་ན་གླེང་རིན་ཡོད། སྤུན་ཟློ་ཚོ་ང་ཚོ་ཚང་མ་ཉལ་ནས་མ་སྡོད་ཡར་ལ་ལོངས། ང་ཚོའི་མི་རིགས་ཚར་ལ་ཉེ་རྒྱ་ནག་དམར་གཞུང་གི་སྤུན་ཟླ་མང་པོ་ཞིག་གི་ཚེ་སྲོག་ལ་རིན་ཐང་མི་སྤྲོད་པར་མེ་མདའ་སོ་བར་ན་འཇོག་བཞིན་པ་འདི་ནི་མི་རིགས་ཤིག་གི་སྐྱོ་གར་ཡིན་ཕྱིའི་ཡུལ་གྲུ་ཁག་ན་ཡོད་པའི་སྤུན་ཟླ་གང་མང་ཞིག་གི་ལས་འགུལ་འདི་འདྲ་གནང་པ་ཧ་ཀྱང་དགའ་འོས་པ་ཞིག་རེད། ང་ཚོ་ཕྱི་ཡུལ་ན་ཡོད་པས་དགོས་དོན་ནི་ང་ཚོའི་སྤུན་ཟླ་མང་པོ་ཞིག་རྒྱ་ནག་དམར་གཞུང་གིས་དྲག་གནོད་འོག་ཏུ་ཡོད་པ་དེ་ཚོའི་གནས་སྟངས་རྣམ་འཛམ་གླིང་མི་མང་གི་མདུན་དུ་བརྗོད་རྒྱུ་ང་ཚོས་འོས་འགན་ཡིན་རེམས་ཤིག་རེམས་ཤིགས་སྤུན་ཟླ་ཚོ།
གུང་ཁྲན་ཏང་གིས་བོད་དང་བོད་འདྲ་བའི་ཉམ་ཆུང་མི་རིགས་ཁག་ལ་ཐུབ་ཚོད་འདི་འདྲ་ལོ་ནས་ལོར་བཏང་། བོད་ནང་གི་བོད་མི་ཚོ་འུ་ཐུག ཐབས་ཟད། མཐའ་མར་རང་སྲོག་རང་གིས་བཅད། གཅིག་གི་རྗེས་སུ་གཉིས་མཐུད་དེ་མཚམས་མ་བཞག་པར་གཅོད་དུས། ང་ཚོ་ཕྱི་སྡོད་བོད་མི་ཚོར་ཡང་སྙིང་མེད་རུང་གློ་བ་འཕར་རྒྱག་ཞིག་དྭ་ལོས་ཡོད།
རང་དབང་སློབ་ཚོགས་ནས་བརྒྱུད་སྐུལ་དང་ལྷན་གོ་རིམ་ལྡན་པའི་འཆར་གཞི་དང་། སྐབས་བསྟུན་འབོད་ཚིག་དང་ཇུས་ལེགས་འཐུས་ཚང་བཅས་དགོས་ངེས་ཡིན།
བཀྲས་མཐོང་ལྷག་སྒྲོན་ལགས་དང་བསྟན་རྡོར་ལགས་གཉིས་ཀྱིས་༢༠༠༨ལོར་བོད་དོན་ཆེད་ལས་འགུལ་ཚགས་ཚུད་སྤེལ་གནང་བར་སླར་ཡང་གུས་པས་སྙིང་དབུས་ནས་ཐུགས་རྗེ་ཆེ་ལན་མང་ཞུ་རྒྱུ་དང། ཁྱེད་གཉིས་ནས་འགོ་ཁྲིད་པའི་ལས་འགུལ་ལ་རྒྱབ་སྐྱོར་ལོས་ཞུ། གང་ཡིན་ཞེ་ན་དེ་ལྟ་བུའི་ལས་འགུལ་ནི་བོད་མིའི་རང་དབང་ཆེད་སྤེལ་རྒྱུ་ཡིན་པས་སོ།
གངས་རིའི་ལྗོངས་ཀྱི་རང་དབང་བདེན་དོན་རྣམས།།
སྒྲུབ་པའི་གང་ཟག་གང་ན་སུ་མཆིས་པ།།
ཚེ་བསོད་རབ་འཕེལ་བསམ་དོན་མ་ལུས་པ།
གེགས་མེད་མཐུན་སྒྲིལ་ངང་ནས་བསྒྲུབ་པར་སྨོན།། །།
ཆོལ་གསུམ་གཅིག་ཏུ་བསྒྲིས་ནས།།
བོད་མི་ཚང་མ་ལོངས་ཤོག།།
འཛམ་གླིང་མི་མང་མདུན་དུ།།
གུང་ཁྲན་རྫུན་རྐུབ་གདོན་དགོས།།
ལོངས་ཤོག་གཅིག་བསྒྲིལ་ངང་ནས།།
འཛམ་གླིང་མི་མང་ལོངས་ཤོག།
བོད་མིའི་ཆོས་དང་རིག་གཞུང།།
སྐྱོབ་པའི་ཆེད་དུ་ལོངས་ཤོག།
ཆོལ་གསུམ་བོད་མི་ཚང་མ།།
རང་དབང་ཆེད་དུ་ལོངས་ཤོག།
རྒྱལ་གཅེས་རང་རིགས་རྣམས་ཀྱི།།
ཚེ་སྲོག་སྐྱོབ་པར་ཕེབས་ཤོག། །།
ལས་འགུལ་སྤེལ་རྒྱུ་དེ་ཁ་ཚ་དགོས་གཏུགས་ཤིག་རེད། ཡིན་ཡང་བོད་ནང་ནས་སྐོམ་པ་ཆུ་འདོད་ལྟར་དུས་འཁོར་དབང་ཆེན་ལ་ཡོང་མཁན་ཚོར་ཚུར་འོང་ཕར་འགྲོའི་སྐབས་དཀའ་ངལ་འཕྲད་སྲིད་པ་ཞིག་རེད། འདིར་ཡང་བསམ་བློ་གཏོང་དགོས་པ་ཞིག་ཆགས་འདུག་བསམ། མ་གཞི་འདིར་དཀའ་ངལ་དེ་འདྲ་མེད་སྟབས་བོད་ནང་གི་བོད་མི་ཚོས་ལུས་སེམས་ཀྱིས་དངོས་སུ་མྱོང་བཞིན་པའི་དཀའ་ངལ་ལ་སུས་ཀྱང་བསམ་བློ་གཏོང་མི་ཤེས་པར། འདི་ནས་ཁྱབ་བསྒྲགས་ལྟ་བུའི་ལས་འགུལ་རེ་སྤེལ་བ་དེས་ཁོ་ཚོ་ལ་དཀའ་ངལ་ལྷག་མ་ཞིག་སྤྲོད་ཀྱིན་ཡོད་པར་བསམ། སྔོན་མ་གུང་ཁྲན་ཏང་གི་འགོ་བ་ཚོ་སྐྱིད་ཉལ་བརྒྱབ་ནས་བསྡད་དེ་མི་སེར་མང་པོ་ཞིག་སྦྲང་རྩི་ལྟ་བུའི་ཁ་ཡག་ངོ་བསྟོད་ཀྱི་སློབ་གསོའི་འོག་བཀོལ་སྤྱོད་ཀྱིས་ཁོ་ཚོར་ཏང་གི་ཆེད་རང་སྲོག་ཕུལ་དུ་བཅུག་པ་ནང་བཞིན་དེང་སྐབས་ང་ཚོས་བྱེད་མི་རུང་བ་ཞིག་རེད་བསམ། བོད་ནང་ནས་རང་ལུས་མེ་རུ་སྒྲོན་མཁན་ཚོ་དངོས་གནང་རྒྱལ་གཅེས་དཔའ་བོ་རྐྱང་རེད། ཡིན་ཡང་ང་ཚོས་ཁོ་ཚོར་རྒྱལ་གཅེས་དཔའ་བོ་རེད་ཟེར་ནས་བསྟོད་བསྔགས་སྙན་མོ་ཕུལ་ཏེ་ཉན་ནས་བལྟས་ནས་འདུག་རན་མ་རེད། གང་ལྟར་ང་ཚོའི་གོང་ནས་རྫིག་ཉམས་ཀྱི་ལངས་ཏེ་འཇོན་མདོག་ནུས་མདོག་གི་སྐད་ཆ་བཤད་མཁན་ཚོས་བསྒྲགས་གཏམ་ལྟ་བུ་རེ་སྤེལ་ནས་འདུག་རན་མ་རེད། བོད་ནང་གི་བོད་མི་ཚོའི་ཆེད་དུ་ངེས་པར་ཐབས་ཤེས་ཤིག་འཐེན་རན་རེད། ཐབས་ཤེས་དེ་བོད་ནང་གི་བོད་མི་ཚོར་དཀའ་ངལ་འཕྲད་དུ་མ་བཅུག་པའི་སྒོ་ནས་འཐེན་རན་རེད། འདི་ནི་ཁོ་བོ་སྒེར་གྱི་བསམ་ཚུལ་ཙམ་ཡིན། ནོར་ཉེས་བྱུང་ཡོད་ན་དགོངས་དག
ལས་འགུལ་ཞིག་སྤེལ་བར་དགོས་པ་དང་། དམིགས་ཡུལ། གཏོང་ཕོད་བཅས་ངེས་པར་ཚང་དགོས། དེ་མེད་པའི་ལས་འགུལ་ཞིག་ཡིན་ཕྱིན་མི་ཞུགས་ཐག་ཆོད་ཡིན།
ད་བར་ང་ཚོས་ལས་འགུལ་གྱི་དགོས་དམིགས་ངག་གི་བསྒྲགས་གཏམ་ཙམ་རེད། གཏོང་ཕོད་ནི་དེ་བས་བཤད་ཅི་དགོས། མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་གྱིས་མི་གཅིག་ཀྱང་འཆི་མྱོང་མེད་ལ། བོད་བར་གོམ་བགྲོད་ཀྱིས་བོད་ནང་རྩ་བ་ནས་སླེབས་མྱོང་མེད།
ས་འདིའི་སྟོང་གཏམ་གྱིས་བོད་ནང་གི་མིའི་ཚེ་སྲོག་ལ་ལག་རྩེད་མ་རྩེས། དེ་བས་ལས་འགུལ་ཞིག་སྤེལ་དགོས་པ་དང་གོ་སྒྲིག་དགོས་ན། གོ་སྒྲིག་པ་རྣམས་ངེས་པར་རང་ཉིད་བློས་གཏོང་ཐུབ་པ་ཞིག་དགོས། མི་མང་ནང་བློས་གཏོང་ཐུབ་པའི་དཔའ་བོ་ཡོད་ཀྱང་། གོ་སྒྲིག་པ་རྣམས་རྒྱ་གར་བཙོན་ཁང་དུ་ཉིན་རེ་གཉིས་སྡོད་དགོས་བྱུང་ན། སྡུག་སྐད་འཆོར་གྱི་ཡོད།
དེ་ལྟ་བུའི་མིས་ལས་འགུལ་གྱི་འགོ་ཁྲིད་མི་ཐུབ། ང་ཚོས་ནུས་པ་ལྡན་པའི་ལས་འགུལ་ཞིག་སྤེལ་དགོས་ན། ཚོགས་པ་ཁག་གི་ཚོགས་གཙོས་དབུས་རྒྱུན་ལས་རྣམས་དོན་ངོ་མའི་ཐོག་ནས་བློས་གཏོང་ཐུབ་པའི་མི་ཞིག་ཏུ་བསྒྱུར་ན། ལས་འགུལ་གང་ཞིག་སྤེལ་ཡང་འཛམ་གླིང་ནང་ཡོ་འཁྱོམ་ཐེབས་ངེས།
གསལ་པོར་བཤད་ན། ད་བར་ཚོགས་གཙོ་དང་རྒྱུན་ལས་ལག་ལེན་ལས་ཁ་བདེ་ཞིང་སྡིངས་ཆར་ཐོན་རྒྱུ་དགའ་བའི་མི་ཤ་སྟག་རེད།
ད་བར་ང་ཚོ་ལས་འགུལ་་ཕན་ཐོགས་ཡོད་པ་གང་་ཡང་སྤེལ་ཐུབ་མ་སོང་། བོད་ནང་གི་བོད་མི་ཚེ་སྲོག་དེ་ཕྱི་བསྡོད་བོད་མི་སྲིད་དོན་ཁེ་ཕན་ལེན་ཡག་ཁ་ཙམ་ལས་འགུལ་བྱས་ན་་རྩ་བ་ནས་ཡག་པོ་མི་འདུག ལས་འགུལ་སྤེལ་ན་སྤེལ་མཁན་རང་་ཉིད་བློས་གཏང་ཐོབ་པ་ཞིག་དགོས་འདུག བྱང་ཆུབ་སེམས་མཆོག་དང་མཆོད་མེ་ཁྲོམ་བསྐོར་དེ་ཚོ་མཐོང་དུས་གྲུབ་འབྲས་ནས་་གང་ཡང་མཐོང་ཡག་མེད་བསམས་སེམས་སྡུག་ཆེར་རུ་འགྲོ་གིའདུག བོད་ནང་ཁ་ཡོད་ལག་ཡོད་དངོས་སུ་མཐོང་ཐུབ་པའི་ཕན་ཐོགས་ཡོད་པའི་ལས་་འགུལ་ཞིག་སྤེལ་ཡག་གལ་ཆེན་པོ་རེད་འདུག དེ་ང་ཚོ་ཚང་མ་ལས་འགན་་ཡོད་པ་ཞིག་རེད།
རིག་འབྱུང་རྒྱ་མཚོ་ལགས།
རྒྱལ་ཁབ་འགའ་རེས་ང་དང་ཁྱོད་སོགས་ལ་སྐྱབས་བཅོལ་སྤྲོད་ཆེད་བོད་ནང་བོད་མིེར་རང་སྲོག་འབེན་ལ་འཇོག་བཅུག་ན་བཟོད་དམ།
བོད་རང་དབང་སློབ་ཕྲུག་ཚོགས་པའི་ནམ་ཡང་རྒྱལ་སྤྱིའི་ལྡིངས་ཆ་གལ་ཆེན་དག་འཕྲོ་བརླག་ལ་གཏོང་གི་མི་འདུག སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་སྐབས་ཡུ་རོབ་གནས་སྡོད་བོད་རིགས་ཚོའི་ལས་འགུལ་ནུས་ཤུགས་གཅིག་ཏུ་སྤུངས་ན་དགེ་མཚན་ཆེ། ལས་འགུལ་སྤེལ་སྐབས་སྔ་གཞུག་གཉིས་ལ་བསམ་བློ་གཏོང་བསྡད་ན་ཅི་ཡང་ཡོང་གི་མ་རེད། དེ་ལས་དམིགས་འདུན་གཅིག་གི་ཆེད་དུ་མཆོངས་དགོས་བ་རེད། མ་རེད་དམ།
ལྷན་རྒྱས་ཚོ། གོང་དུ་བཀོད་པའི་དྲ་ངོས་་་་ལས་འགུལ་ལ་མཚན་རྟགས་འདི་ནས་བསྐྱོན།་་ཞེས་པར་ཕེབས་ཏེ་མཚན་རྟགས་འགོད་རྒྱུ་གལ་ཆེན་དུ་མཐོང་། ད་ལྟའི་བར་བོད་དོན་རྒྱབ་སྐྱོར་བ་དྲུག་སྟོང་མ་ཟིན་ཙམ་གྱིས་མཚན་བཀོད་འདུག མཚན་རྟགས་གང་མང་མང་བཀོད་པ་ནི་རྒྱལ་སྤྱིའི་ཐོག་བོད་དོན་ཆབ་སྲིད་པ་རྣམས་ལ་རྒྱབ་སྐྱོར་མཚོན་པའི་རྩ་འཛིན་ཡིག་ཆ་ལྟ་བུར་འགྱུར་བཞིན་ཡོད། །བོད་རྒྱལ་ལོ།
ངས་གོང་དུ་བཙན་བྱོལ་ནང་གི་ལས་འགུལ་སྤེལ་ཚུལ་ལ་སྐྱོན་བརྗོད་བྱས་ཡོད་པ་སློབ་ཕྲུག་རང་བཙན་ཚོགས་པར་དམིགས་ཏེ་བརྗོད་པ་མིན། ཚོགས་པ་འདྲ་འདྲའི་ནང་ནས་སློབ་ཕྲུག་རང་བཙན་ཚོགས་པ་ལས་འགུལ་སྤེལ་སྟངས་ཐོག་ཐབས་རྩལ་དང་ཆོད་སེམས། གཏོང་ཕོད་བཅས་གཟེངས་སུ་ཐོན་ཡོད། དེ་ངས་ནམ་ཡང་ཁས་ལེན་དང་རྗེས་སུ་ཡི་རངས་ཡོད།
འོན་ཀྱང་ང་ཚོས་བོད་ནང་གི་བོད་མིར་འགན་འཁུར་བའི་ཐོག་ནས་དོན་ངོ་མའི་སྐྱིད་སྡུག་མཉམ་མྱོང་དགོས་པ་ལས། རྔོན་པ་དང་ཤ་ཁྱིའི་དཔེ་ལྟར་བྱ་ན་ལས་འབྲས་ལ་འགྲོ་གི་མ་རེད།
བཙན་བྱོལ་ནང་གི་ལས་འགུལ་ཚགས་ཚུད་འོང་བར་ཐོག་མའི་ཆ་རྐྱེན་ཞིག་ནི། ཚོགས་པ་ཁག་གི་རྒྱུན་ལས་སམ་ལས་འགུལ་འགོ་ཁྲིད་པ་རྣམས་ཞུམ་པ་མེད་པའི་རང་ཉིད་བློས་གཏོང་ཐུབ་པ་དགོས། རང་ཉིད་བློས་གཏོང་མི་ཐུབ་ན། ཚོགས་པའི་རྒྱུན་ལས་ནས་མར་ཐོན་དགོས། དེ་མ་མཐའི་ཆ་རྐྱེན་ཞིག་དང་དེ་གཞི་རྩར་བཟུང་ན་ལས་འགུལ་གྱི་ལམ་ལྷོང་འོང་རྒྱུ་རེད།