ངས་རྙིང་མའི་ཆོས་ཚིག་གཅིག་ཉམས་ལེན་བྱེད་དགོས་བསམ་གྱང་རྩ་ཚིག་དེ་ཆ་ཚང་མི་དྲན་པས་ཤེས་མཁན་ཞིག་གིས་ཁ་བསྐོང་གནང་རོགས།
གྲོང་དང་དགོན་པ་རི་ཁྲོད་ལ་སོགས་པ།།
གང་དུ་སོང་ཡང་་་་་་་་་་་་་་་་་་་་་་་་་་་་་་་་
སུ་དང་འགྲོགས་ཀྱང་མི་མཛའ་མི་འཁོན་པ།།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཉམས་ལེན་ཡིན།། ཟེར་བའི་ཆོས་ཚིག་དེ་རྡོ་རྗེ་གདན་གྱི་སྨོན་ལམ་ཆེན་མོའི་སྐབས་ཀྱི་དུས་དེབ་ཅིག་ཏུ་མཐོང་མྱོང་། ཚིག་འདི་ནི་བྲེལ་ཟིང་དང་འཚང་ཁ་ཆེ་བའི་ད་ལྟའི་སྐབས་སུ་ལན་རེ་ཁྲོ་ཆགས་ཀྱི་རྟ་ཁ་འཐེན་བྱེད་ལ་ཕན་ས་འདུག་པས་ཤེས་མཁན་ཞིག་གིས་ཁ་བསྐོང་ནས་གནང་རོགས།
ཁྱོད་ཀྱི་འདི་ནི་རྒྱལ་སྲས་ལག་ལེན་སོ་བདུན་མའི་ཚིག་དང་ཐག་ཉེ་སེ་ཞིག་འདུག གལ་སྲིད་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་བློ་སྦྱོང་དེའི་མིང་ལ་རྒྱལ་སྲས་ལག་ལེན་ཟེར་ཡང་དོན་ལ་རང་རེ་ནང་པ་ཀུན་གྱིས་སློབ་སྦྱོང་བྱེད་འོས་པའི་སློབ་དེབ་འགྲན་ཟླ་བྲལ་བ་ཞིག་འདུག གལ་སྲིད་ཉིད་ཀྱིས་གཟིགས་མ་མྱོང་ན་དྲ་གྲོགས་ཤིག་གིས་འདིར་དགོད་ཐུབ་ཀྱི་རེད་བསམས།
གལ་སྲིད་དང་པོ་དེ་ཚིག་ལྷག་ཏུ་གྱུར་འདུག་པས་དགོངས་འཇག་འཚལ།
གོང་གི་ལུང་དེ་ངས་ཁྱོད་ལ་ཕུལ་ཆོག དེ་ནི་རྙིང་མའི་བླ་མ་ཀློང་ཆེན་རབ་འབྱམས་ཀྱི་གསུང་སྙིང་གཏམ་སུམ་ཅུ་པའི་ནང་གི་གཅིག་རེད།
གྲོང་དང་དགོན་པ་རི་ཁྲོད་ལ་སོགས་པ། །
གང་དུ་སོང་ཡང་དགོས་མཛའ་མི་འཚོལ་ཞིང་། །
སུ་དང་འགྲོགས་ཀྱང་མི་མཛའ་མི་འཁོན་པ། །
རང་ཚུགས་འཛིན་པ་ཁོ་བོའི་སྙིང་གཏམ་ཡིན། །
ཞེས་པ་དེ་རེད།
ངོ་མ་ གདོང་དམར་བུ་ཟེར་བ་འདི་མྱི་སྐྱག་གཡོ་རྒྱུ་ཅན་ཞིག་ཡིན་ནོ་བལྟོས་ར། ཁ་ཙང་རྙིང་མའི་དབུ་ཁྲིད་པད་ནོར་ཆེ་ལ་ངན་སྨྲས་མང་པོ་བྱས་ནས་དེ་རིང་ཁོ་རྙིང་མ་ལ་དད་པ་ཡོད་མདོག་མདོག་བྱས་ནས་་་་་་ངས་རྙིང་མའི་ཆོས་ཚིག་གཅིག་ཉམས་ལེན་བྱེད་དགོས་བསམ་གྱང་རྩ་ཚིག་དེ་ཆ་ཚང་མི་དྲན་པས་ཤེས་མཁན་ཞིག་གིས་ཁ་བསྐོང་གནང་རོགས། ཟེར་ཁུལ་བྱས་འདུག། མ་གཞི་ཁོ་གུང་ཁྲན་ཏང་གི་དུག་ཕོག་མཁན་ཞིག་ཡིན་ལས་ཆོས་ལ་དད་པ་ཡོད་མཁན་ཞིག་མ་རེད་ལ། བོད་ལ་ཤ་ཚ་ཡོད་མཁན་ཞིག་ཡང་མ་རེད།
གཞིས་ལུས་བོད་པ་ལ་ཐུགས་རྗེ་ཆེ། ཚིག་འདི་ནི་དྲ་ཁང་འདིའི་ནང་མཆན་འདེབས་དུས་བསམ་བློ་གཏོང་རྒྱུར་ཕན་ཐོགས་ས་རེད།
དོན་གནད་ཅན་གྱི་བླ་མའི་གསུང་ཚིག་དེ་འདྲ་བཀོད་ན་སེམས་ལ་འཛིན་རྒྱུ་དང་བསམ་བློ་གཏོང་རྒྱུ་འདུག དེ་མ་གཏོགས་དོན་མེད་ཉོག་གཏམ་དང་དཀྲུགས་ཤིང་གི་སྐད་ཆ་བཤད་ན་མི་ཚང་མའི་སེམས་ཁམས་ལ་བརྡབ་གསིག་ཐེབས་པ་རང་རེད་འདུག་