ཆབ་བྲག་ཕོ་ཉ།
ཁ་སང། དཔའ་བོ་ཞིག་གིས་རང་ལུས་མཆེད་མེར་བསྒྲོན་དུས།
སྨྲེ་ངག་དང་ཁ་གཡང་གིས་རྡོ་ལ་རྡར་ལ་གཡོ་འགུལ་དང་པོ་བསླངས།
རྡ་རམ་ས་ལའི་ངོས་ན་དྲན་པ་འཐོར་མཁན་ཅི་འདྲ་མང།
སེར་སྐྱ་སྟོང་ཕྲག་དུ་མའི་མྱ་ངན་དང་གསོལ་འདེབས་ཁྲོད་དུ།
ཁ་བཏགས་དཀར་པོའི་ཁ་བའི་མེ་ཏོག་ནང་དུ།
གངས་སེང་གི་རྒྱལ་དར་སྐུ་ཕུང་ལ་བཀླུབས་ནས།
དག་ཞིང་གང་ཞིག་ཏུ་ཕེབས་མཁན་དེ་སུ་ཡིན་ནམ།
ཁོང་ནི་བདག་ཅག་སྐྱ་བོ་རྣམས་ཀྱི་ཞི་རྒོལ་གྱི་དཔའ་རྒོད་གཅིག་པུ་སྟེ།
དཔའ་བོ་ཐུབ་བསྟན་དངོས་གྲུབ་མཆོག་གོ
དེ་རིང། སེར་མོ་བའི་གཞོན་སྐྱེས་དཔའ་རྒོད་དུ་མ་ཞིག་གིས
ལུ་གུ་རྒྱུད་དུ་རང་ལུས་མཆོད་མེར་སྒྲོན་དུས།
སྨྲེ་ངག་དང་ཁ་གཡང་གིས་རི་ལུང་གང་ན་ཡང
དོན་ངོ་མར་དྲན་པ་འཐོར་མཁན་ཅི་ཙམ་ཡོད་དམ།
གངས་སེང་གི་རྒྱལ་དར་གཡོག་མཁན་སུ་ཞིག་ཡོད།
དེ་ལས་ལྡོག་སྟེ། དྲག་དམག་གི་རྡུང་རྡེག་འོག
གཉེན་ཉེ་ཡི་འབྲེལ་ཐག་ཆད་ནས
གཅིག་པུར་གང་ཞིག་ཏུ་གཤེགས་པའམ།
གང་ཞིག་ཏུ་ལུས་ཡོད་ཨང།
ཁོང་ཚོ་ནི། སེམས་དཔའ་ཁྱུ་གཅིག་སྟེ།
ཚེ་དབང་ནོར་བུ། བློ་བཟང་ཕུན་ཚོགས། བཀྲ་བྷེ། བློ་བཟང་སྐལ་བཟང། བློ་བཟང་དཀོན་མཆོག མཁའ་དབྱིངས། ཆོས་འཕེལ། ནོར་བུ་དགྲ་འདུལ། བསྟན་འཛིན་དབང་མོ་་་ ་་་ད་ངོ་མ་མང་སོང།
ཀྱེ་ཀྱེ། ཁྱེད་ཚོ་ནི་ནམ་ཡང་འགྲན་ཟླ་མེད་པའི་མི་རིགས་ཀྱི་དཔའ་རྒོད་དམ་པ།
དེ་བས་ལག་ཟུང་གི་མཚོན་ཆ་དོར་ནས་ཁྱེད་ཅག་ལ་མཐེ་བོང་སྒྲེང།
ཀྱེ་ཀྱེ། ཁྱེད་ཚོ་ནི་ངོ་གནོང་མི་དགོས་པའི་བསྟན་འགྲོའི་སྲུང་མ་གསར་བ།
དེ་བས་སེམས་ཁོང་གི་ཁ བཏགས་རེ་རེས་ཁྱེད་ཅག་ལ་མཇལ་ཕྱག་འབུལ།
ཁྱེད་ཚོ་ནི་དོན་དམ་བདེན་པའི་ཨུ་ཚུགས་པ་དང། དོན་དམ་ཞི་བདེའི་ཕོ་ཉ་བ།
དོན་དམ་རྒྱལ་གཅེས་དཔའ་བོ་ལགས་ཏེ། ད་ནི་ངོ་མ་ཁས་བླངས་པ་ཡིན།
ང་ཚོས་གངས་སེང་གི་རྒྱལ་དར་ཕབ་སྟེ། ཁྱེད་ཅག་ལ་མྱ་ངན་དང་གུས་འདུད་ཞུ།
ང་ཚོས་མགོ་འཕང་གནམ་ལ་བཏེགས་ཏེ་ནམ་ཡང་མགོ་བོ་མི་སྒུར་བའི་དམ་ཞིག་བཅའ།
ང་ཚོས་ལག་གདང་གཅིག་ཏུ་སྦྲེལ་ཏེ་གཏན་དུ་མི་འཐོར་བའི་མནའ་ཞིག་སྐྱེལ།
ང་ཚོས་རེ་བའི་འཆར་འགོད་བཞེངས་ཏེ་རྒྱལ་ཁའི་ཕྱོགས་ལ་མདུན་སྐྱོད་བྱེད།
བདེན་པའི་ཞི་རྒོལ་འདི་རྒྱལ་བར་ཤོག
བདེན་པའི་འཐབ་རྩོད་འདི་རྒྱལ་བར་ཤོག
བདེན་པའི་མི་རིགས་འདི་རྒྱལ་བར་ཤོག
བདེན་པའི་ཕུགས་འདུན་འདི་རྒྱལ་བར་ཤོག
“བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག”། །།
༢༠༡༡།༡༠།༡༨
ང་ཚོས་ད་དུང་མུ་མཐུད་དུ་ཁྱེད་ཚོ་མེ་ནང་ལ་ལྕེབ་པར་འཕྲེང་།
ང་ཚོས་དེ་ལས་ཀྱང་ལྷག་པར་ཁྱེད་ཚོར་སྐུལ་མ་ཡོད།
བུ་རྒོད་ཚོ། ལྕེབ་རོགས་ཞུ། ཁ་བ་བོད་པའི་དོན་ལ་ལྕེབ་ཤོག
དཔའ་རྒོད་ཚོ། ལྕེབ་ཤོག བོད་ཡུལ་བསྟན་སྲིད་དོན་ལ་ལྕེབ་རོགས།
ལྟོས་དང་། ཁྱེད་ཚོའི་དགེ་རྩ་ལ་བོད་ལུགས་ནང་བསྟན་གྲ་བཙུན་མང་བོས་མཎི་དབྱངས་འདོན་བྱེད་བཞིན་ཡོད།
ཨ་བུ་རྒོད་ཚོ། ང་ཚོ་ཡང་རྒྱ་གར་དང་ཕྱི་རྒྱལ་གཞན་ཞིག་ན་མེད་ན།
ཨ་ཤི་རེ་ཁོ། ཁྱེད་ཚོ་མཉམ་དུ་མེ་ནང་ལ་ལྕེབ་པར་ལུས་འགྲོ།
མེ་ལྕེ་འདིས་རྒྱལ་བ་རིན་པོ་ཆེ་བོད་ལ་འདྲེན་ལ།
མེ་ལྕེ་འདིའི་བོད་ཡུལ་དགུན་གྱི་གྲང་ངར་ལས་སྐྱོབས་ཡོང་
བུ་རྒོད་ཚཽ། ལྕེབ་ཤོག།།།།།
ཁས་བླངས་རྗེས་རང་ཉིད་ཀྱི་ཐོད་པའི་ཐོག་ལ་མཛུབ་མོ་བཙུགས་ནས་ཚ་འདེད་འགའ་བྱས་བ་ན་རང་བཞིན་གྱིས་མགོ་བོ་ནང་དུ་སྒུར་སོང་། མ་འགྲིག་ས་དེའང་འདི་རེད།