བོད། ལྷ་ཀླུ་གཉན་གསུམ།
་་་་་་་་་་་་་་་་་་་་་་མྱ་ངན་གྱི་ལོ།
བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་དུ། རང་གི་ཕ་མ་དང་ནང་མི་ཞིག་གྲོངས་ཚེ། ལོ་དེར་ལོ་སར་མི་གཏོང་བ་དང་གོས་གསར་བ་མི་གྱོན་པ། དགའ་སྤྲོའི་གླུ་མི་ལེན་པ། སྐྱིད་པའི་བྲོ་མི་འཁྲབ་པ། སྡིག་སྤངས་དགེ་སྒྲུབ་ལ་འབད་འབུངས་བྱེད་སྲོལ་ཡོད་པ་རེད། དེ་ཡིན་དུས་བོད་མི་སྐྱེ་བོ་ཡོངས་ཀྱིས་རང་ཉིད་བོད་མི་ཞིག་ཡིན་པ་དང་བོད་མི་ཞིག་གིས་བོད་མིའི་འགན་ལེན་པར་འདོད་མོས་ཡོད་མཁན་དག་གིས། ད་ལོའི་ལོ་འདི་ཡང་ལོ་ནག་གམ་མྱ་ངན་གྱི་ལོ་ཞེས་ལོ་སར་མི་བྱེད་པར། སྤྱིན་གཏོང་དང་དགེ་བའི་ལས་ལ་འབད་འབུངས་བྱས་ནས། དཀར་པོའི་ཟས་ཟ་བ་དང་། དམར་པོ་ཤ་ཁྲག་གི་རིགས་སྤངས་པ། བོད་མི་རིགས་ཀྱི་མཆེད་དུ་རང་ལུས་མཆོད་མེར་སྒྲོན་པའི་རྒྱལ་གཅེས་པ་དབའ་བོ་དེ་དག་གི་ཆེད་དུ་མྱ་ངན་འཁུར་ན་ཡག་པོ་འདུག
ངའི་རེ་བ་ལ། གཞུང་སྒེར་གཉིས་ནས་ལོ་འདི་ནི་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་སྐད་ཤུགས་དུས་རྒྱུན་བསྒྲགས་པ་ལྟར། ལོ་འདི་མྱ་ངན་གི་ལོ། རྗེས་དྲན་གྱི་ལོ། ཤི་བོ་འདས་མཆོད་ཀྱི་ལོ། མཛད་རྗེས་ཡི་རུང་གི་ལོ། ཁྲེལ་གཞུང་ཕྱི་ཐག་སྲུང་བའི་ལོ་ཞིག་བྱེད་ཐུབ་ན་དངོས་ནས་ཡག་པོ་འདུག་ལ། རྒྱ་ནག་སྲིད་གཞུང་གི་དཔོན་ངན་དེ་དག་ལ་ཡང་བོད་ཕྱི་བསྡོད་པ་དག་གིས་དུས་རྒྱུན་དུ་བོད་ནང་གི་བོད་མི་སྐྱེ་བོ་ཡོངས་ཀྱི་མགྲིན་ཚབ་དང་སྐྱིད་སྡུག་མཉམ་གནས་བྱེད་མཁན་ཡིན་པར་བརྡ་ལན་གསལ་བོ་ཞིག་སྟེར་ཐུབ་ངེས་ཡིན་ལ། ཕྱི་བསྡོད་བོད་མིའི་སྒྲིག་འཛུགས་སམ་བོད་བཙན་བྱོལ་བ་དག་གིས་དུས་དང་རྣམ་པ་ཀུན་དུ་བོད་སྤྱི་བའི་ལས་ལ་འབད་འབུང་ལྷོད་མེད་བྱེད་ཀྱི་ཡོད་པ་དེ། བོད་ནང་གི་སྐྱེ་བོ་དག་ལ་ཡང་བརྡ་ལན་ཞིག་འཕྲོད་ངེས་ཡིན།
མཐའ་མཇུག་བདག་གིས་འདི་ནས་མྱ་ངན་གྱི་ལོ་ཞེས། ལོ་འདི་ལ་དགའ་བའི་གླུ་མི་ལེན། སྐྱིད་པའི་བྲོ་མི་འཁྲབ། ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཟེར་ནས་ཤོག་བྱང་མི་སྐུར་བ་དང་། ནང་མི་ཉེ་འབྲེལ་དག་ལ་འཚམ་འདྲི་ཡང་མི་བྱེད། མྱ་ངན་གྱི་ལོ་ཞིག་ལ་ངེས་འཛིན་གྱིས་ཐུབ་ན་སྤྱིན་པ་ཕྲན་པུ་རེ་དང་། མ་བྱུང་ན་མ་ཎི་འདོན་པ་དང་བྱང་ཆུབ་ཀྱི་སེམས་ཤིག་བསྐྱེད་པར་འབད་འབུངས་བྱེད་པར་བརྩོན་པ་དང་། རང་རེའི་གངས་ཅན་པའི་ཆེད་དུ་རང་སྲོག་བློས་གཏོང་བྱས་པའི་རྒྱལ་གཅེས་པ་དེ་དག་གི་རྣམ་ཤེས་བསྐལ་བ་ཇི་སྲིད་བར་དུ་བསྟན་པ་དང་འགྲོ་བའི་དོན་དུ་བྱོན་པར་སྨོན་ལམ་ཤུགས་དྲགས་དུ་འདེབས་རྒྱུ་ཡིན། དེ་དང་འབྲེལ་བོད་མི་སྐྱེ་བོ་ཡོངས་ལ་མྱ་ངན་གྱི་ལོ་ཞེས་ལོ་སར་མི་གཏོང་བར་རེ་སྐུལ་ཡོད།
ངོ་མ་ལྷ་ཀླུ་གཉན་གསུམ་ལགས་གསུང་པ་ལྟར་སྤྱིར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་ཡ་རབས་གོམ་གཤིས་ཞིག་ཡོད་པ་དེ་ལ་གུས་བཀུར་གནང་ཐུབ་པ་ཡིན་ན་དགེ་མཚན་ཆེ། སྤྱིར་བོད་མི་སུ་ཞིག་ཡིན་ན་བོད་མི་རིགས་ཀྱི་ཆེད་དུ་རང་ལུས་མཆོད་མེ་ཕུལ་བའི་དཔའ་བོ་དཔའ་མོ་འདི་འདྲ་མང་པོ་ཞིག་གི་སྐུ་སྲོག་ཤོར་བ་རེད། འུ་ཚོད་བོད་མི་རིགས་ལ་དུང་བ་ཡོད་མཁན་ཞིག་ཡིན་ཕྱིར་དེ་ལ་རྗེས་དྲན་མྱན་མི་བྱེད་པར་དགའ་སྤྲོས་ལོ་གསར་བྱེད་མཁན་ཞིག་མི་སྲིད་པ་ལྟ་བུ་རེད། དེ་འདྲ་ཡིན་དུས་དགེ་སྒྲུབ་སྡུག་སྤངས་ལ་འབད་ཀྱི་གལ་ཆེན་རེད། དེ་འདྲ་བསམ་ཚུལ་གནང་པ་ཡི་རངས་ཡོད།
ལོ་སར་ལ་ངུ་མི་ཉན།
ལོ་སར་ལ་ངུས་ན་ལོ་གསར་བའི་ནང་ལས་མི་བཟང་།
ལོ་སར་ལ་དགའ་མི་ཉན།
ལོ་སར་ལ་དགའ་ན་ཁོང་དཔའ་བོ་ཚོ་བརྗེད་པ་རེད།
ད་དེ་ན་ལོ་སར་ལ་ཅི་བྱེད།
ལོ་སར་ཟེར་བ་དེ་མེད་པ་བྱས་ན་གང་འདྲ།
བདེན་གི ལོ་གསར་སྐབས་ས་གནས་སོ་སོའི་བོད་མི་ཚང་མ་ལྷན་འཛོམས་ཀྱིས་དཔའ་བོར་མྱ་ངན་གུས་འདུད་དང་གསོལ་བ་སྨོན་ལམ་འདེབས་པ། དར་ལྕོག་གསར་འཛུགས་དང་ལྷ་བསང་གཏོང་བ་སོགས་བྱས་ན་བཟང་གི
ནང་གི་ལོ་གསར་ཕྱག་འཚལ་མཆོད་འབུལ་གྱིས། །
ཕྱི་ཡི་ལོ་གསར་རྒྱས་སྤྲོས་བསོད་ཟད་སྤོངས། །
ནང་གི་བོད་རིགས་གྲོང་བར་གསོལ་བ་སྨོན་ལམ་ཐོབ། །
ཕྱི་མིའི་བདུག་རྩུབ་ཞི་ཕྱིར་སྡིག་སྦྱང་ཚོགས་བསག་འབད། །