༼བོད་ཀྱི་དུས་བབ་དྲ་ཚིགས་ནས་འདྲེན་བཀོད་ཞུས།༽
དེ་རིང་དཀར་མཛེས་དགོན་པའི་དུས་གཏོར་འདུ་ཚོགས་ཐོག དགེ་འདུན་པ་ཞིག་གིས་བོད་དོན་སྐད་འབོད་སྒྲོག་བཞིན་རང་ལུས་མེར་བསྲེགས་བཏང་ཡོད་འདུག
ད་ལྟ་རང་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་ཉིན་གུང་བོད་ནང་གི་ཆུ་ཚོད་ ༡༢ ཙམ་ལ། དཀར་མཛེས་དགོན་པའི་འཆར་ཅན་གྱི་དུས་གཏོར་ཚོགས་བཞིན་པའི་སྐབས། གློ་བུར་དུ་དགེ་འདུན་པ་ཞིག་གིས་རང་ལུས་ལ་ས་སྣུམ་བཤོས་ཏེ་མེ་སྦར་ཡོད་འདུག་ལ། སྐབས་དེར་དམར་ལྷབ་ལྷུབ་ཀྱི་མེ་ལྕེའི་ཁྲོད་དུ་ “ རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ། བོད་ལ་རང་དབང་དགོས། མི་རིགས་འདྲ་མཉམ་དགོས” སོགས་ཀྱི་སྐད་འབོད་བརྒྱབ་ཡོད་ཅིང་། སྐབས་དེར་གྲྭ་བ་དང་ཡུལ་མི་ཚོས་མེ་གསོད་ཐབས་བྱས་ཀྱང་མེ་ཤུགས་ཆེན་འབར་ཏེ་ས་ལ་འགྱེལ་ཡོད་པ་དང་། དེ་མ་ཐག་གྲྭ་བ་སྐོར་ཞིག་གིས་སྨན་ཁང་དུ་བསྐྱལ་ཡོད་འདུག
སྤྱི་ཟུར་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་རྗེས་སུ་སླར་ཡང་གནས་ཚུལ་བཏང་འབྱོར་བྱུང་བའི་ནང་། དགེ་འདུན་པ་ཁོང་གི་མཚན་ལ་ཟླ་བ་ཚེ་རིང་ཞུ་བ་དང་། མིང་འདོགས་ལ་༼ ཅིང་ཀོང་ ༽ ཡང་ཟེར་བཞིན་ཡོད་འདུག ཁོང་གི་སྐྱེས་ཡུལ་ཊེ་ཧོར་དཀར་མཛེས་རྫོང་། དཀར་མཛེས་གྲོང་བརྡལ་ཁྲོན་པེ་ཞང་། རི་ཁག་གཉིས་པ་དཀར་མཛེས་དགོན་ཞབས་པ། ཕ་བདེ་ལེགས་དང་མ་སྒྲོན་མཚོ་གཉིས་ཀྱི་བུ་རུ་སྐྱེས་ཤིང་། དཀར་མཛེས་དགོན་དུ་ཆོས་ཞུགས་གནང་རྗེས། དཀར་མཛེས་དགོན་པ་ར་ཁམས་ཚན་བཅུ་ཡོད་པ་ལས་ཁྲོན་པེ་ཁམས་ཚན་གྱི་གྲྭ་བ་ཡིན་འདུག
ཁོང་སྨན་ཁང་དུ་བསྐྱལ་རྗེས་ཀྱི་གནས་ཚུལ་ད་དུང་ཤེས་རྟོགས་ཀྱི་མི་འདུག་ཅེས་བཀོད་འདུག
རྒྱལ་བཅེས་དཔའ་བོ་དཔའ་མོ་རྣམས་ལ་སྙིང་ནས་གུས་འདུད་ཞུ། རྗེས་ཕྱོགས་ལས་འགུལ་འདི་རིགས་མུ་འཐུད་ནས་སྤེལ་ཚེ་ནུས་པ་ལྡན་པ་ཞིག་ཡོང་ཆེད་བོད་ཀྱི་རྒྱལ་ས་ལྷ་ས་དང་། རྒྱ་ནག་གི་རྒྱལ་ས་པེ་ཅིང་སོགས་རྒྱ་བོད་ཀྱི་གྲོང་ཁྱེར་ཆེ་ཁག་དང་། མི་མང་དང་གསར་འགོད་པ་མང་ས་ལ་སོང་ནས་ལས་འགུལ་སྤེལ་ཐུབ་ན་ཧ་ཅང་གི་ནུས་པ་ཆེན་པོ་ཐོན་ཐུབ་པར་སེམས།
བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་གི་སྲོག་ལ་ཡང་མི་འཚེ་བའི་འཚེ་བ་མེད་པའི་ཐབས་ལམ་གྱི་ལས་འགུལ་ཞིག་མྱུར་དུ་སྤེལ་རན་མི་འདུག་གམ།
རྒྱལ་གཅེས་དཔའ་བོ་ཟླ་བ་ཚེ་རིང་མཆོག་གི་ཐུགས་བསྐྱེད་དང་ལྷག་བསམ་ལ་གུས་འདུད་ཞུ། སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་མཉེས་བཞིན་རྗེས་སུ་འཛིན་པར་སྨོན།།
འདས་པོ་རྣམས་ཀྱི་ཐུགས་རེ་བཞིན་བོད་རང་དབང་གི་བདེན་མཐའ་མྱུར་དུ་གསལ་བར་ཤོག
གནས་ཚུལ་དེ་སྦི་སྦི་སི་ནང་འཐོན་མ་སོང་་་་ག་རེ་བྱས་པ་ཡིན་ནམ།
གྲྭ་ཟླ་བ་ཚེ་རིང་གི་གནས་སྟངས་ནི་ངོ་མ་དང་དྲང་མོར་བསྒྲགས་པ་ཐུགས་རྗེ་ཆེ།
བདག་བོད་མི་ཞིག་ཡིན་པས་གདུང་སེམས་མཉམ་བསྐྱེད་ལོས་ཡོད། ཕྱོགས་ཡོངས་ནས་འདི་འདྲ་བྱས་ན་
ཕན་ཐོགས་འབྱུང་སྲིད།