ཆབ་བྲག་ལྷ་མོ་སྐྱབས།
༢༠༡༡།༡༠།༡༢ཉིན་བཀའ་ཤག་ལན་འདེབས་ཚོགས་ཆུང་གི་ཚོགས་གཙོའི་མཚན་ཐོག་ནས། ཤར་ཕྱོགས་ཁུག་རྟ་ལགས་ཀྱི<སེང་གེ་བཀའ་ཤག་གི་མདུན་ལམ>ཞེས་པའི་དཔྱད་རྩོམ་དེ་གཞུང་ཞབས་ལས་བྱེད་ཀྱི་སྒྲིག་གཞི་དང་འགལ་འཛོལ་བྱུང་བས་ཁོང་ཉིད་ལས་བྱེད་ཁོངས་ཉིན་གླའི་ངོ་བོར་ཕྱག་ལས་གནང་བཞིན་པ་དེ་ཡང་མི་ཆོག་པའི་བཀོད་ཁྱབ་ཅིག་གསལ་བཤད་དམ་ཉེན་བརྡའི་སྔོན་འགྲོ་གང་ཡང་མེད་པར་གློ་བུར་འབྱོར་འདུག
དེ་ལ་རྩོམ་པ་པོའི་ངོས་ནས་དགོངས་པ་ཆེ་བཞེས་ཀྱིས་དགོངས་སེལ་དང་གསལ་བཤད་སྙན་ཞུ་ཞིག་ཕུལ་བར་མ་ཟད། བཀའ་བློན་ཁག་ཅིག་གི་མདུན་སར་བཅར་ནས་ཀྱང་གསལ་བཤད་གནང་འདུག ལྷག་པར་བཀའ་ཁྲིའི་སྒེར་དྲུང་བརྒྱུད་ཐེངས་གསུམ་ལ་བཀའ་ཁྲི་དངོས་ལ་དེ་དོན་གསལ་བཤད་ཀྱི་གོ་སྐབས་ཞུས་ཀྱང་བཀའ་ཁྲིས་ཐག་བཅད་ཟིན་པས་འགྱུར་བ་མེད་ཅེས་མཇལ་འཕྲད་གནང་མི་འདུག
རྩོམ་པ་པོ་ཁོང་གིས། བཀའ་ཤག་སྔོན་མའི་སྐབས་ཀྱང། <སྤྱི་འཐུས་ལྷན་ཚོགས་ལ་དེའི་དབང་ཚད་ཡོད་དམ>ཞེས་པ་་སོགས་རང་སྒེར་གྱི་ལྟ་ཚུལ་གྱི་དཔྱད་བརྗོད་རིགས་སྤེལ་ཡོད་མོད། གཞུང་ཁོངས་ལས་བྱེད་ཀྱི་སྒྲིག་གཞི་དང་འགལ་ཚུལ་གྱི་བརྡ་ལན་གང་ཡང་བྱུང་མེད། འབྱུར་ཡང་མི་འོས་ཏེ། ཉིན་གླའི་ངོ་བོར་ཡོད་པ་ཞིག་ལ་ལས་བྱེད་དངོས་ཀྱི་སྒྲིག་གཞིས་སྟངས་འཛིན་ཇི་ལྟར་བྱེད།
རྩོམ་པ་པོས་རྒྱ་ནག་གཞུང་དང་འབྲེལ་ཡོད་ཀྱི་གནད་དོན་རིགས་ལ་དཔྱད་གཏམ་སྤེལ་བས་མཚོན་རྩོམ་ཡིག་རིན་ཐང་ཅན་མི་ཉུང་བ་ཞིག་སྤེལ་ཡོད། ཁོང་ལ་ཉེས་ཆད་ཕོག་རྐྱེན་གྱི<སེང་གེ་བཀའ་ཤག་གི་མདུན་ལམ>ནང་དུ་ཡང་བོད་ཀྱི་བླ་སྲོག་བོད་ཡིག་དང་བོད་ཀྱི་རིག་གཞུང་ལ་ཐུག་པར་དགོངས་པའི་ངོས་འཛིན་ཐོག་ནས་བཀའ་ཁྲི་དང་བཀའ་བློན་རེ་གཉིས་ལ་བླ་སྲོག་དེ་སྲུང་སྐྱོབ་ཀྱི་ནུས་པ་མེད་པར་འཁང་ར་དང་བཅས་ཏེ་བློ་ཕམ་ཆེན་པོས་བཀའ་ཤག་གསར་བའི་མདུན་ལམ་ལ་སེམས་ཁྲལ་གནང་ཡོད་པ་ལས་གཞུང་ལ་ངོ་རྒོལ་ལམ་གཞུང་གི་ལྟ་བ་དང་འགལ་བའི་གླེང་སློང་གང་ཡང་མེད།
ཁོང་ནི་རང་དབང་གི་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་རང་གི་འོས་འགན་ཞིག་ཕྲག་ལ་ཁུར་ནས་ནམ་རྒྱུན་ནས་ཡིག་ངག་གཉིས་ཐོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གཙང་མ་ཡོད་ཐོག་མདུང་ཁ་ཕྱི་ལ་གཏད་དེ་མཚང་འབྱིན་དང་གསལ་བཤད་ཀྱི་ཆེད་རྩོམ་གང་མང་སྤེལ་གྱིན་པའི་སྙུག་ཐོགས་པ་འདྲ་འདྲའི་ནང་གི་མི་འདྲ་བ་ཞིག་ཡིན་པ་ཞིག་ཡིན་པ་ཀློག་པ་པོ་མང་པོའི་སེམས་ན་གསལ་ཐག་ཆོད་ཡིན་ངེས། ལྷག་པར་ཁོང་བཀའ་ཤག་གི་ལན་འདེབས་ཚོགས་ཆུང་ནང་གི་རྒྱུན་ལས་སུ་ཞུགས་ཏེ་རྩོམ་ཡིག་སྤེལ་གྱིན་པས་རྒྱ་ནག་གཞུང་གི་མིག་ནང་གི་གྲ་མར་ཡང་འགྱུར་བཞིན་ཡོད་ཐོག་ད་ནི་ང་ཚོའི་བཀའ་ཁྲི་མཆོག་གི་སྤྱན་གྱི་ཚེར་མར་ཡང་གྱུར་བ་ནི་ཅི་འདྲའི་སྐྱོ་གནས་ཤིག་རེད་ཨང། གནས་སྟངས་འདིའི་ཆ་ནས་དང་རྩོམ་པ་པོ་ཞིག་གི་རྩོམ་འབྲིའི་རང་དབང་ལ་སྲུང་སྐྱོབ་དང་རྒྱབ་སྐྱོར་བཅས་མཚོན་སླད་དུ། བདག་གིས་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོའི་མིང་ཐོག་ནས་རྩོམ་པ་པོ་ཁོང་ལ་གདུང་སེམས་མཉམ་སྐྱེད་དང་ལྷན་དུ་ང་ཚོའི་ཚོགས་པར་ཞུགས་རོགས་ཀྱི་རེ་སྐུལ་ཞུ་རྒྱུ་ཡིན་ལ། དབུ་མའི་ལམ་མི་མང་ལས་འགུལ་ལས་ཁང་གིས་ཀྱང་ཁོང་ཉིད་རྩོམ་སྒྲིག་པར་གདན་ཞུ་གནང་རོགས་ཀྱི་རེ་བ་ཡང་ཞུ་གིན་ཡོད།
ང་ཚོ་ནི་རང་དབང་གི་རྩོམ་པ་པོ་ཡིན། མི་རིགས་ཀྱི་མགྲིན་ཚབ་པ་ཡིན། དྲང་བདེན་སྐྱོང་བའི་སྙུག་ཐོགས་དཔའ་བོ་ཡིན། དེ་བས་ང་ཚོས་དགྲ་བོའི་རྫུན་མཚང་འབྱིན་དགོས་ལ་ང་ཚོས་རང་ཉིད་ཀྱི་སྐྱོན་མཚང་ཡང་འབྱིན་དགོས། ང་ཚོ་འདི་ལྟར་མདུན་དུ་སྐྱོད་དགོས། མུ་མཐུད་དུ་འཕུར་དང།་ཤར་ཕྱོགས་ཀྱི་ཁུག་རྟ་རྒོད་པོ། ཁྱོད་ཀྱི་འཕུར་ལམ་སྔར་ལས་ཡངས།
པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་ཀྱིས།༢༠༡༡།༡༡།༢༥ལ་སྤེལ།
ད་དངོས་གནས་ཁག་སེ་འདུག་ག བཀའ་ཁྲི་བློ་བཟང་སེང་གེ་ལགས་ཀྱིས་བོད་ཡིག་ཡག་པོ་མཁྱེན་གྱི་མེད་པ་དེ་དངོས་ཡོད་གནས་ཚུལ་རེད་ལ། དེ་བཞིན་བོད་ཡིག་མི་མཁྱེན་བཞིན་དུ་དེ་ལ་སྦྱང་བ་བྱེད་བཞིན་མེད་པ་དེ་ཡང་དངོས་ཡོད་རེད། དེ་མ་ཟད་བཀའ་སྐབས་སྔོན་པའི་ཤེས་ཡོན་སྲིད་བཅོས་ལའང་འགྱུར་བ་བཏང་ནས་སློབ་ཚན་ཡོངས་རྫོགས་ཕར་དབྱིན་ཡིག་ནང་དུ་བཟོ་དགོས་གསུངས་བཞིན་པའང་དངོས་གནས་རེད།
གང་ལྟར། གནད་ལ་ཁེལ་ན་མཚངས་ལ་ཕོག་ཟེར་བ་དེ་ད་དངོས་གནས་རེད་འདུག་ག དཀོན་མཆོག་མཁྱེན་བཀའ་ཤག་འདིས་དབང་འོག་ནས་བོད་ཡིག་འདིས་ཡང་ཅིག་མྱངས་དགོས་འདུག་་་་་་་་
སྤྱིར་བཏང་གིས་ཤར་ཕྱོགས་ཁུག་རྟའི་སྤྱོད་ལམ་གཞན་གྱི་སྒང་ནས་གནས་དབྱུང་བཏང་ཡོད་སྲིད། གལ་སྲིད་དེ་ལྟ་མ་ཡིན་པར་རྒན་ཆབ་བྲག་པས་གསུང་བ་ནང་བཞིན་ཡིན་ན་ཤིན་ཏུ་བློ་ཕམ་གྱི་གནས་རེད།སྨྲ་བརྗོད་རང་དབང་ཟེར་བ་འདི་རེད། བཀའ་ཁྲི་གསར་བ་ཁོང་གི་བློ་ཡུལ་ལ་དེ་ཙམ་ཡང་ཤོང་གི་མེད་ན། དགྱ་ནག་གི་ཁ་གཏད་ཇི་ལྟར་གཅོག
ཤར་ཕྱོགས་ཁུ་རྟའི་དཔྱད་བརྗོད་དེ་མ་མཐོང་ཡང་། རྒན་ཆབ་བྲག་གིས་ངོ་སྤྲོད་གནང་བ་དེ་ལྟར་ཡིན་ན། ཤར་ཁུག་གི་ཕུགས་བསམ་ལ་རྒྱབ་སྐྱོར་ཡོད། དེ་བས་ཀྱང་ཁོང་གི་ཉིན་གླའི་ལས་བྱེད་ཀྱི་ངོ་བོ་ཆུང་ཆུང་དེ་ཧམ་འཕྲོག་བྱས་པར་ངོ་རྒོལ་ཡོད། གནད་དོན་འདི་མུ་མཐུད་ནས་གླེང་སློང་བྱས་ཏེ། ཁ་གསལ་གཏིང་གསལ་ཡིན་ཁུལ་གྱི་བཀའ་ཤག་སྲིད་གཞུང་ལ་འགྲེལ་བཤད་ཅིག་ངེས་པར་དུ་ཡོང་བ་བྱ་འོས།
བོད་ཡིག་དང་བོད་མི་རིགས་ཀྱི་ཆེད་དུ་ཉིན་འདུར་མཚན་འདུར་བྱེད་མཁན་གྱི་གསར་འབྱོར་བདག་མེད་ཁོང་ལ་བརྙས་བཅོས་རེད་ཅེས་བརྗོད་རྒྱུ་དང་། རང་དབང་གི་རྩོམ་པ་པོ་ཡོངས་ལ་ཁོང་གི་གནད་དོན་འདི་དྲང་བདེན་ཡིན་མིན་གྱི་དྲི་བ་ཞིག་ཀྱང་ཡོད།
བཀའ་ཁྲིའི་བོད་ཡིག་ཡག་པོ་མེད་པའི་ཁར་བཀའ་ཁྲིའི་འོག་ཏུ་བོད་ཡིག་ཡག་པོ་ཡོད་མཁན་ཅིག་ལས་ཁུངས་ལས་ཕྱིར་འབུད་བྱེད་མགོ་བརྩམས་པ་འདི་ཡག་རྟགས་ཤིག་ད་ཨེ་ཡིན་ནམ། བཀའ་ཁྲིས་ཐུགས་དམ་བཅས་པའི་རིགས་གཅིག་རྐང་འཛིན་གཅིག་སྟོང་གསོ་སྐྱོང་མ་བྱས་གོང་དུ་རིགས་གཅིག་རྐང་འཛིན་བྱེད་མཁན་ཞིག་ལས་ཁུངས་ལས་སྤྱུགས་སོང་། ཡ་ད་ལྟད་མོ་ངོ་མཚར་མང་པོ་ཞིག་རྗེས་སུ་ཡོད་ཐག་ཆོད་རེད།
རྩོམ་པ་པོ་ཞིག་ལ་མཚོན་ན་ཁོང་གིས་སྤྱི་ཚོགས་ཀྱི་གནས་བབས་ཡོད་ཚད་བཟང་ངན་གྱི་ཆ་གཉིས་ནས་རང་ཉིད་ཀྱི་ལྟ་ཚུལ་དང་དགོངས་ཚུལ་སྤེལ་པ་ནི་ཁོང་གི་ཕྲག་སྟེང་དུ་བབས་བའི་ཆེས་ལྕི་བའི་འོས་འགན་ཡིན་ལ། ལྷག་པར་ཏུ་ང་ཚོའི་ཆབ་སྲིད་ཀྱི་འཕོངས་བའི་སྤྱི་ཚོགས་ཤིག་ལ་མཚོན་ན། འོས་འགན་འདི་ནི་སྙུག་ཐོག་པ་ཚང་མས་ཁུར་དགོས་པ་ཞིག་ཡིན། ད་དེང་རྩོམ་པ་པོ་ཁོང་གི་སྨྲ་བརྗོད་ཀྱི་རང་དབང་དེ་ཉིད་ནམ་ཀུན་རང་དབང་དང་ཐོབ་ཐང་སྨྲ་བའི་རང་ཅག་གི་འགོ་ཁྲིད་ཚོས་འཕྲོག་པ་ནི་ཆེས་ངོ་གནོངས་དགོས་པ་དང་། སྐྱུག་བྲོ་བ་ཞིག་མ་རེད་དམ། སྟོད་ན་དགའ་པ་དང་དམད་ན་མི་དགའ་བའི་འདི་ལྟར་འཇིག་རྟེན་ཆོས་བརྒྱད་ཀྱི་ལམ་དུ་བཞུགས་བའི་མི་ཞིག་གིས་ང་ཚོའི་སྤྱི་ཚོགས་འདི་ཇི་ལྟར་སྐྱོབ་ཐུབ་ལ། ང་ཚོས་བདེན་ཐར་དེ་ཡང་ཇི་ལྟར་སལ་ཐུབ། འདི་ནི་ང་ཚོའི་ཕངས་ཉེན་ཞིག་ཀྱང་རེད་ལ། ཡིད་ཆེས་དང་འདུན་ལམ་དབེན་བའི་སྔོན་རྟགས་ཤིག་ཀྱང་ལོས་ཡིན། ངས་རྒན་ལྷ་མོ་སྐྱབས་ཀྱིས་གསུངས་པ་ལྟར་རྩོམ་པ་པོ་གང་ཉིད་ལ་ཞུ་རྒྱུ་ནི།” ང་ཚོ་འདི་ལྟར་མདུན་དུ་སྐྱོད་དགོས། མུ་མཐུད་དུ་འཕུར་དང།་ཤར་ཕྱོགས་ཀྱི་ཁུག་རྟ་རྒོད་པོ། ཁྱོད་ཀྱི་འཕུར་ལམ་སྔར་ལས་ཡངས།”དེ་ཡིན
རྒན་ལྷ་མོ་ལ་རྗེས་སུ་ཡིད་རངས་ཡོད།བཙན་བྱོལ་གཞུང་དང་བཀའ་ཁྲི་གསར་པ་ལ་འཇོན་ཐང་ཅིག་ཡོད་པ་ནི་སྙིང་རྗེ་རྒྱབ་རྩ་དཔུང་གཉེན་མེད་པ་ཚོར་ཐུབ་ཚོད་གཏོང་རྒྱུ་མ་གཏོགས་གང་ཡང་མི་འཇོན།རྒྱ་ནག་གཞུང་ཕར་བཞག་རྒྱ་མི་ཅིག་ཡིན་ཟེར་ཚད་ལ་རྔ་མ་ཅིག་མེད་རེད་མ་གཏོགས་གཡུག་གིས་ལ་ཡོད།
༑ ཐུགས་རྗེ་ཆེ་ཤར་ཕྱོགས་ཁུག་རྟ་འཕུར་ས་གཞན་ཞིག་རགས་འདུག་ག
ངས་རྩོམ་ཡིག་འདི་ཐོག་མར་དུས་བབ་ལ་བཏང་ཡོད་མོད། སྔོན་ལ་ཁ་བརྡ་ནང་ལ་བཀོད་འདུག དྲ་བདག་ལགས་ལ་བཀའ་དྲིན་ཆེ་ཞུ།
རྩོམ་པ་པོ་རང་ཉིད་ཀྱི་གསལ་བཤད་ཡི་གེ་དང། བཀའ་ཁྲིར་ཕུལ་བའི་སྙན་ཞུ། ད་དུང་སེམས་ཚོར་ཁག་བདུན་ཞེས་པ་དག་ཀྱང་ཡོད་པས། ཀློག་མཁན་ཚོར་དགོས་གལ་བྱུང་ན་འདིར་འཁོད་འོས།
འདི་ནི་དབང་བསྒྱུར་ལམ་ལུགས་ཀྱི་ལུགས་སྲོལ་ཞིག་མ་ཡིན་ནམ། མཁས་དབང་བསམ་གདོང་བླ་མས་ང་ཚོར་སྐྱོན་སུན་འབྱིན་མཁན་རྣམས་ནི་ང་ཚོའི་ལམ་སྟོན་ཡིན་པ་ལྟ་བུ་ཞིག་གསུངས་ཡོད་པ་མ་རེད་དམ།
བཀའ་ཁྲི་བློ་སེང་ལ་རང་ཉིད་ཀྱིས་བོད་ཡིག་མི་ཤེས་པས་བོད་ཡིག་ཤེས་མཁན་དང་བོད་ཀྱི་རིག་གཞུང་གི་རིན་ཐང་གླེང་མཁན་ཚོར་སྡང་ཟུག་ཆེན་པོ་ཡོད།
ཡག་པོ་འདུག
རྒན་ལྷ་མོ་ལགས་ཀྱིས་ང་ཚོར་དཔྱད་གཞིར་དམིགས་ཏེ་གོང་གི་ཡིག་ཆ་དེ་དག་དང་ཁོང་གི་བསམ་ཚོར་དྲ་ཐོག་ལ་བཀོད་ན་ལེགས། ཁུག་རྟ་ཁོང་གི་གཤོག་པ་ཆད་པ་ལྟར་མཁོ་ཐོག་ལ་གྲག་འགུལ་གང་ཡང་མི་འདུག ནམ་རྒྱུན་ཁ་འབུར་འབུར་བྱེད་མཁན་ཞིག་ཡིན་མོད་དེ། ད་བརྗོད་རྒྱུ་ལག་ལ་བཞག་དུས་ཁུ་སིམ་མེར་སྡོད་པ་ཅི་ཡིན་ནམ།
ཁྱེད་ཀྱིས་གནས་ལུགས་དང་རྒྱུ་མཚན་སྔུན་ལ་དྲོངས་དང་ང་ཚོས་བསྲེག་བཅད་བརྡར་བའི་གསེར་བཞིན་གྱི་དཔྱད་པ་དང་རྒྱབ་སྐྱོར་རྗེས་ནས་བྱ་ཆོག
མགོ་ལ་གཞུས་ཚར་རྗེས་ཁ་རོག་གེར་འདུག་དོན་མེད་པའི་གནས་ལུགས་དེ་ཧ་ཅང་གསལ་བོ་ཡིན་ངེས། དེའི་ཕྱིར་ད་རེའི་དྲང་བདེན་མིན་པའི་ཐག་གཅོད་འདིའི་མཚང་རྩ་བ་ནས་ཕྱུངས་ན་མི་དགའ་འམ་སྙིང་ཉེ་བའི་ཁུག་རྟ་ལགས།
དུས་བབ་ཀྱི་གསར་འགྱུར་དེའི་འོག་ན་མང་པོ་གླེང་འདུག ཡིན་ནའང་། དེ་ནས་ང་ལ་གནས་ཚུལ་འདི་བདེན་པ་ཡིན་ས་རེད་སྙམ་པ་བྱུང་མ་སོང་། ད་འདི་ལྟར་བཤད་ཡོང་དུས། བདེན་པ་ཡིན་ས་རེད།
འོ་ད་མ་བཟང་ཐལ་སྤྱི་མཁན་དཔལ་ལྡན་དོན་གྲུབ་གཉིས་པ་ཞིག་བྱུང་འདུག་།
དྲ་གྲོགས་ཚོ་མང་པོ་མ་གསུང་ལགས། ཤར་ཕྱོགས་ཁུག་རྟ་འདི་ག་རེ་ཡིན་མིན་དཔྱད་པ་བྱེད་དགོས་ཀྱི་ཡོད། ཁོང་གི་རྒྱབ་ལ་སུ་ཡོད་མེད་ཡག་པོ་དཔྱད་ཞིབ་གནང་དགོས་ཀྱི་ཡོད། དེ་སང་ང་ཚོའི་སྤྱི་ཚོགས་ནང་དུ་རྒྱ་དམར་པོའི་བེད་སྤྱོད་འོག་ཏུ་འགྲོ་མཁན་ཇེ་མང་དུ་འགྲོ་ཡི་འདུག་ག མི་ལོ་དྲུག་ཅུ་ལ་དགའ་སྟོན་དུ་ཕེབས་མཁན་མང་དུ་འགྲོ་ཡི། ང་ཚོའི་གནས་ཚུལ་མང་པོ་ཞིག་ལ་བསམས་བློ་གཏང་སྟེ་སྐད་ཆ་བཤད་དགོས་ཀྱི་ཡོད། རྒྱ་མི་ཕོགས་ལེན་སྐྱབས་བཅོལ་གཞུང་གི་ནང་ཡར་དཀྲུགས་མར་དཀྲུགས་བྱེད་ན་དངོས་གནས་མི་འདི་ཚོས་ག་རེ་བྱས་བསམས་ཀྱི་ཡོད་ན་ངས་ཤེས་མ་སོང་། ཁུག་རྟ་་ད་ལྟ་བར་དུ་སུ་གསོ་ཡི་ཡོད་རེད། ལྷ་མོ་སྐྱབས་ལགས་ཀྱི་ག་རེ་བྱས་ཀྱི་ཡོད་རེད་ག་རེ་གསུང་གི་ཡོད་རེད། དངོས་གནས་ཤེས་མ་སོང་མི་འདི་རིགས་ལ་རྒྱབ་སྐྱོར་བྱེད་དགོས་དོན་མང་ཡིན་ནམ་ངས་མ་ཤེས། དེ་རིང་ལས་བྲེལ་གྱི་དབང་གི་དེ་ཙམ་ཡིན་རྗེས་སུ་ཁུག་རྟའི་གནས་ཚུལ་དགོས་ན་མང་པོ་ཡོད་དོ།
སྤྱིར་བཏང་རྩོམ་པ་པོ་ཞིག་ལ་མཚོན་ན་དང་ལྷག་པར་རང་དབང་ཅན་གྱི་རྩོམ་པ་པོ་ཞིག་ལ་མཚོན་ན་རང་ཉིད་གནས་སའི་ཁོར་ཡུག་དང་སྤྱི་ཚོགས། གཞུང་དང་སྒེར་གྱི་བསམ་ཚུལ་ལྟ་ཚུལ་ལ་བསྟུན་དགོས་པའི་ངེས་པ་མེད་ཁར། དེ་དང་མཐུན་དགོས་པའི་ངེས་པ་ཡང་མེད་པར། རང་ཉིད་ཀྱི་བསམ་བློའི་འཁོར་བསྐྱོད་གཙིགས་ཆེར་འཛིན་པ་ཡིན། རང་རེའི་སྤྱི་ཚོགས་དང་ལྷག་པར་མཐོ་རིམ་མི་སྣའི་ཁ་རྒྱུན་ལ་༧གོང་ས་མཆོག་གིས་ཡང་དག་པའི་དམངས་གཙོ་གསོལ་རས་བསྩལ་ལུགས་ཀྱི་གཏམ་སྙན་རེ་ཡོད་ཀྱང་། འགངས་ལ་ཐུག་ཚེ་མཐོ་རིམ་མི་སྣའི་ཁྲོད་ཀྱི་ཧ་ཝ་ཊི་ནས་འབུམ་རམས་པའི་གོ་གནས་ཐོབ་པ་ཞིག་གིས་ཀྱང་རང་དང་རང་གི་ལས་རོགས་རེ་ཟུང་གི་མཚང་ལ་ཕོག་པའི་རྩོམ་ཡིག་ཅིག་ལ་ཁ་གཡར་ནས་རང་དབང་ཅན་གྱི་རྩོམ་པ་པོ་ཞིག་རྒྱངས་འབུད་བཏང་བ་འདི་ཁ་ནས་བཤད་པ་དང་ལག་ལེན་དུ་བསྟར་བ་གཉིས་རྦད་དེ་རྒྱབ་འགལ་རེད་ལ། འགྲོ་བ་མའི་ཐོབ་ཐང་ལས་སྨྲ་བརྗོད་རང་དབང་གི་སྒྲིག་གཞི་ལ་བརྩི་བཀུར་མ་ཞུས་པའང་ཧ་ཅང་གསལ་པོ་རེད། དབུགས་སྒང་རླུང་གིས་བརྒྱངས་པ་ལྟར་ཆེ་ཉམས་ཀྱིས་འགྱིངས་པའི་བཙན་བྱོལ་སྒྲིག་འཛུགས་ཀྱི་སྐུ་ངོ་ཚོ། ཁྱོད་ཚོས་རྒྱ་གར་སྤྱི་ཚོགས་ནང་གི་རང་དབང་ཅན་གྱི་རྩོམ་པ་པོ་དང་བརྙན་འཕྲིན་ལས་རིགས། དུས་དེབ་སྣ་ཚོགས་ལ་ལྟོས་དང་། འགོ་དཔོན་པོ་ནས་འོག་སྤྲང་པོའི་བར་ལ་བསྟོད་སྨད་ཀྱི་མཚང་འབྲུའི་རྩོམ་ཡིག་ཅི་འདྲའི་མང་པོ་ཐོན་གྱི་འདུག ཡིན་ན་ཡང་རྩོམ་པ་པོ་དེ་དག་ལ་རྒྱ་གར་གཞུང་གིས་ཅི་ཡང་མི་བྱེད་པར་འཇོག་པའི་རླབས་ཆེན་གྱི་དམངས་གཙོའི་གོམས་གཤིས་ལ་ལྟོས་དང་། གལ་སྲིད་ཤ་སྐྱིའི་བར་ན་ཁྲག་དྲོན་གྱི་རྒྱུ་བ་ཅུང་ཟད་ཡོད་ན་ངེས་པར་དུ་ངོ་ཚ་ངེས། རང་ཉིད་ཤེས་རྨོངས་པ་ཞིག་ཡིན་ཀྱང་རྩོམ་རིགས་ལ་དུངས་དབང་གིས་ཤར་ཕྱོགས་ཁུག་རྟས་མཚོན་པའི་ལས་དབང་དེ་འདྲ་མྱངས་དང་མྱོང་བཞིན་པའི་རྩོམ་པ་པོ་རྣམས་ལ་རྒྱབ་སྐྱོར་མཚོན་ཆེད་དུ་འཇམ་དབྱངས་ཀྱིས།
དགྲ་བོ་རྒྱ་དམར་ལ་ཁ་གཏད་གཅོག་མ་ཐུབ་པར། གཉོམ་ཆུང་གི་བོད་རིགས་རྩོམ་པ་པོ་ཞིག་ལ་ཉེས་ཆད་གཅོད་ལུགས་འདིས། རྒྱ་དམར་ལ་དགོས་པའི་ལས་ཀ་གཅིག་བསྒྲུབས་པ་རེད་དོ།།
ཤར་ཕྱོགས་ཁུག་རྟ་གནས་འབྱུང་གཏོང་དགོས་པ་དོན་དག་གཞན་ཡོད་པ་ཡང་ཡང་གོ་ཐོས་བྱུང་། དེ་བཞིན་སྔོན་ཀླུ་མཁར་བྱམས་གནས་འབྱུང་བཏང་བ་དང་གཅིག་མཚུངས་རེད། ཀླུ་མཁར་གནས་འབྱུང་གཏོང་སྐབས་སུ་ཞིག་གིས་འདི་ལྟ་བུའི་རྒྱབ་མདུན་ལ་ལངས་ནས་སྐད་ཆ་བཤད་མྱོང་ངམ། དེ་དུས་ལྷ་མོ་སྐྱབས་ཀྱིས་རྩོམ་པ་པོའི་འགན་ཁུར་མ་མཁྱེན་པ་རེད་དམ།
ཆབ་བྲག་ལྷ་མོ་སྐྱབས་ཁྱེད་རང་ཤར་ཕྱོགས་ཁུག་རྟའི་གྲོགས་པོ་ནང་ནང་མི་ཡིན་པ་དཔུང་ལ་བཟུང་ནས་རང་རེའི་བཀའ་ཤག་ལ་འདི་ལྟ་བུའི་ཁ་གཏད་བྱེད་པ་དེར་ཁྱེད་ཀྱི་བྱ་སྤྱོད་ཀོར་ཐུག་ལ་གྱུར་སོང་། མ་གཞི་ཁྱེད་རང་བོད་པ་མིན་ཞུ་གིན་ཡོད་པ་མ་རེད་དམ།
སྒྲིག་གཞི་ཞིག་གི་ནང་དུ་འདུག་ན་སྒྲིག་གཞི་དེ་ཡི་ཁྲིམས་སྲུང་དགོས་པ་རེད། སྒྲིག་གཞིའི་དེའི་ཁྲིམས་ནི་རང་གཞུང་གི་གཞུང་ཞབས་པས་རང་གཞུང་གི་སྒྲིག་འཛུགས་སྲུང་དགོས་པ་རེད། རང་གི་གཞུང་ལ་མཐོང་ཆུང་བྱེད་བཞིན་རྒྱ་ནག་གཞུང་གི་ལན་འདེབས་དྲ་བ་ནས་རྩོམ་འབྲི་བ་ལ་དོགས་པ་ཟ་དགོས་པ་ཞིག་ཡིན་པ་མ་ཟད། ཡང་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་རྒྱ་ནག་གི་མིག་ནང་གི་ཚེར་མར་གྱུར་བཞིན་པ་རེད་ཞུ་བ་དེར་རྒོད་བྲོ་ཞིང་ཁུངས་ལུངས་མེད་པ་ཞིག་ཡིན་པ་མ་ཟད། དུས་ད་ལྟ་བར་དུ་ཤར་ཕྱོགས་ཁུག་རྟ་གཙོས་པའི་ལན་འདེབས་ཚོགས་ཆུང་དེ་ཡིས་གནད་ལ་ཕོག་ཅིང་བོད་མིའི་གནས་བབ་ངོ་འཕྲོད་པའི་རྩོམ་ཡིག་གཅིག་ཀྱང་སྟོན་ཐུབ་མེད་ལ། རྒྱ་ནག་གཞུང་ཕར་ཞོག ལན་འདེབས་ཚོགས་ཆུང་དེའི་ཚིག་འབྲུ་ཞིག་ཀྱང་ཆེད་དུ་བོད་གཞུང་ལ་ཉན་ཞིབ་བྱེད་མཁན་གྱི་རྒྱ་ནག་གི་ཚོགས་པ་དེ་ཡིས་ཀྱང་ཅི་ཡང་གོ་མེད་ལ། ཐ་ན་གླེང་གཞི་གཅིག་ཀྱང་བྱུང་མེད་ན། གང་བྱུང་གིས་འུར་སྟོད་མ་བྱོས་རོགས།
ཆབ་བྲག་ལྷ་མོ་སྐྱབས་ཁྱེད་མདོ་སྨད་ཀྱི་སྤྱི་འཐུས་གནང་མྱོང་བ་ལྟར་མི་ཚོས་ཀྱང་ཁྱེད་ཀྱི་རྩོམ་ཡིག་དང་དགེ་རྒན་གྱི་ཕྱག་ལས་གནང་བ་དེར་བརྩི་བཀུར་དང་མ་མཐར་ཡང་མི་དྲང་མོ་ཞིག་རེད་བསམ་པའི་ལྟ་ཚུལ་ཡོད་པ་དེ་བེད་སྤྱོད་བཏང་ནས། ཁྱི་ངན་མཉའ་འབྲེལ་བྱེད་དེ་རང་གཞུང་ལ་མཐོང་ཆུང་དང་རང་གཞུང་གི་སྒྲིག་འཛུགས་ཕར་བཞག་ནས་རྩོམ་པ་པོའི་འགན་བབ་གླེང་བ་ནི་རྒོད་བྲོ་ཞིང་། ཁྱེད་ཀྱིས་དམིགས་ཡུལ་ཅི་ཡིན་མིན་ལ་ཡང་དོགས་པ་རྣམ་རྟོགས་སྐྱེས་དགོས་པ་ཞིག་རེད།
ལོ་རབས་དྲུག་ཅུ་དང་བདུན་ཅུ་པའི་ནང་རྩོམ་པ་པོ་ཟླ་བ་ནོར་བུ་དང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་སོགས་གྲགས་ཅན་སྐོར་ཞིག་བོད་ཀྱི་སྤྱི་ཚོགས་ལས་རིང་དུ་བསྐྲད། ལོ་རབས་དགུ་བཅུ་དང་སྟོང་ལོ་གསར་པའི་ནང་ཀླུ་མཁར་བྱམས་དང་སྐྱེས་སར་ཀླུ་སྒྲུབ། ཤར་ཕྱོགས་ཁུག་རྟ་སོགས་རང་དབང་ཅན་གྱི་དཔྱད་བརྗོད་པ་ཁག་ཅིག་རང་ཉིད་གནས་སའི་ཁོར་ཡུག་ལས་བསྐྲད། རྗེས་སུ་ཁ་ལག་གཉིས་ལ་སྡོད་ཚུགས་མེད་པའི་དྲྭ་ངོས་ཀྱི་རྩོམ་པ་པོ་རྣམས་ལ་ཡང་བར་ཆད་དེ་ཡོང་བར་ངེས།
ངས་མགོ་འཇུག་བར་གསུམ་དུ་༼སེང་གེ་བཀའ་ཤག་གི་མདུན་ལམ༽་ཀློག་ཀྱང་གཞུང་ཞབས་ནས་གནས་དབྱུངས་བཏང་དགོས་བའི་གནད་དོན་ཁྱད་པ་གང་ཡང་མི་འདུག་ལ། ལྷག་པར་ཁོང་གི་རྩོམ་ཡིག་ཀློག་སྐབས་བཀའ་ཤག་རྙིང་བའི་རྙིང་དྲི་དང་བག་ཁུམས་ཀྱི་དྲི་མ་འགོ་འཇུག་བར་གསུམ་དུ་ཁ་བས་དགེ་མཚན་དེ་ཙམ་མཐོང་མ་སོང་། ཁོང་འདྲ་བའི་མི་ཞིག་གཞུང་ཞབས་སུ་མང་ན་བཀའ་ཤག་གསར་བའི་མདུན་ལམ་ལ་གནོད་པ་བསམ་ནས་ཕུད་པ་འདོད། ངས་ལྟས་ན་བཙན་བྱོལ་སྲིད་གཞུང་ལ་ཆབ་སྲིད་ཚོགས་པ་གཉིས་གསུམ་ཞིག་དགོས་བ་སེམས་ལ། ད་ལྟའི་གནས་སྟངས་འདིའམ་དབུ་མ་དང་རང་བཙན་གྱི་ལྟ་གྲུབ་ནི་མ་འོངས་བར་ཡར་རྒྱས་ཕྱིན་ཚེ་ཆབ་སྲིད་ཚོགས་པ་གཉིས་སུ་གྱེར་བ་ཐེ་ཚོམ་མེད་ཅིང་། དེ་གཉིས་ཀྱིས་འཛིན་སྐྱོང་བཀའ་ཤག་འཕྲོག་རྩོད་བྱེད་ངེས་རེད།
གནད་དོན་འདི་ནི་ཆོས་འབྱོར་རང་གིས་མི་བྱེད་དགུ་བྱས་ལ་ལྟོས་ནས་བྱུང་བ་ལས།བློ་སེང་བཀའ་ཤག་གི་བྱས་ཉེས་ཤིག་ཨེ་ཡིན་བསམ། ཆབ་བྲག་ལགས་ཀྱིས་རྩོམ་པ་བོའི་མཐུན་ཚོགས་ཀྱི་མིང་འཁྱེར་ནས་ཁོང་ལ་རྒྱབ་དཔུང་བྱས་སྟངས་དེ་སྒེར་གཅོད་ལྟ་བ་རང་རེད། གནས་ཚུལ་འདི་འདྲ་སྔོན་ཆད་མང་བོ་བྱུང་མྱོང་།ལྷག་པར་དྲང་བདེན་ཚུགས་ཐུབ་ཀྱི་རྩོམ་པ་པོ་ཀླུ་མཁར་བྱམས་ལ་གནས་བྱུང་དུས་ཆབ་བྲག་འདི་གོ་རྒྱུ་མེད་ཐལ།་ད་རེས་དམིགས་ཡུལ་ཅི་ཞིག་བཟུང་ནས་ཡོང་ཡིན།
སྲོག་དང་དབུགས་ཀྱི་ནུས་པ་ཁོག་ན་ལྡན་ཚེ་ཅི་ཙམ་ས་ལ་བརྡབས་ན་དེ་ཙམ་གནམ་ལ་འཕགས་ངེས་ཡིན།
གལ་སྲིད་མི་བདེན་ན་ཚོད་ལྟ་ཅིག་བྱོས་དང་།
རྒན་ལྷ་མོས་ཀྱང་དོན་འདིའི་གནས་ལུགས་དེ་དེ་བཞིན་དུ་བསྟན་པར་ཐུགས་རྗེ་ཆེ།
ཆོས་འབྱོར་གྱི་ཁ་སྡོད་མ་ཚུགས་པར་ཁོའི་འཕྲལ་སེལ་ལས་ཀ་ཤོར་བ་དེ་འདྲས་ཡ་མཚར་ཞིག་གི་སྒོ་གླེང་ན་དོན་སྙིང་ཨེ་འདུག་གི། ལྷ་མོ་སྐྱབས་ཀྱིས་ཀྱང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་རྩོམ་པ་པོར་རྒྱབ་སྐྱོར་བྱ་བསམ་ན། ཁ་སང་བོད་ནང་རྩོམ་པ་པོ་མེ་ལྕེ་ལགས་རྒྱ་མིས་བཟུང་ཚར་སོང་བ། དེ་སྤྱི་ཚོགས་ཐོག་དྲིལ་བསྒྲགས་དང་རྒྱབ་སྐྱོར་རེ་འཚོལ་ཨེ་ཐུབ་ལྟོས་ན་ལོས་དགའ། ཆོས་འབྱོར་བཅའ་རྒྱུ་མང་ནི་རེད། དེ་ལྟ་བུ་ཞིག་ལ་གཞུང་ཁོངས་ནས་ལས་མ་སྤྲད་པའང་དོན་དག་གཞན་མང་རྒྱུར་བསམ་སོང་། འདི་ལྷ་མོ་སྐྱབས་དང་རྨོག་རུ་བསྟན་པ་གཉིས་ཀྱིས་ཆེན་པོ་ཞིག་བཟོ་འདོད་ཀྱང་དཀའ་རྒྱུ་རེད། ཆོས་འབྱོར་གྱིས་སྣེ་ལེན་ཁང་ནས་བཟུང་སྐུ་སྒེར་ཡིག་ཚང་བར་དུ་མགོ་སྐོར་བཏང་བ་དང་། བཀའ་ཁྲི་སྔོན་མའི་སྐབས་གཞུང་གི་ལས་ཁུངས་ག་གེ་མོའི་ནང་འཕྲལ་སེལ་གྱི་ལས་ཀར་ཞུགས་ཏེ། དབུ་མའི་ལམ་ལ་དགའ་ཚུལ་གྱི་འུར་གཏམ་བརྗོད་པ་དང་། རང་གི་སྤུན་ཟླའི་ནང་ཁུལ་ལ་དཀྲིག་སློང་ཚབས་ཆེན་བཟོས་པ་སོགས་ཀྱང་ག་ལེར་གླེང་ཡོང་གི་རེད། མི་འདིའི་སྤུས་ཀ་དེང་སང་སྤྱི་ཚོགས་ནང་ཚང་མས་བཤད་བཞིན་འདུག རྒྱུ་མཚན་དེ་དག་གི་དབང་གིས་ངས་ཁོ་རང་གཞུང་གིས་ལས་ཀ་མ་སྤྲད་པའང་རྒྱུ་མཚན་དང་འོས་པ་ཞིག་རེད་བསམ་སོང་།
བཙན་བྱོལ་བོད་གཞུང་གི་དཀྱིལ་འཁོར་ནང་ཤར་ཁུག་ཙམ་མིན་པར་བུ་ཆུང་D བསོད་ནམས་ལྟ་བུ་སོགས་དབྱིན་ཡིག་ནང་དུའང་གཞུང་གི་སྲིད་ཇུས་དངོས་སུ་སྐྱོན་བརྗོད་དང་།རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་སོགས་བཀའ་ཤག་གསར་རྙིང་གཉིས་ཀི་སྐབས་མང་པོ་བྱུང་ཡོད་རུང་།དོན་ཐོག་ཏུ་རྩ་དགོངས་གཏོང་རྒྱུ་ཀླུ་མཁར་དང་ཤར་ཁུག་ལྟ་བུ་བོད་ཡིག་ཐོག་རྩོམ་སྤེལ་མཁན་མ་གཏོགས་དབྱིན་རྩོམ་པ་ཚོ་མིན་པ་དེ་ཁྱད་མཚར་འདྲ་པོ་ཅིག་རེད།
བཙན་བྱོལ་གཞུང་གི་འགོ་ཁྲིད་ཚོས་ཁ་ནས་གང་བཤད་ལ་མ་ལྟོས་པར་དོན་ཐོག་ཏུ་རྒྱ་མི་གུང་བྲན་གྱིས་གསོ་སྐྱོང་བྱས་པ་ཚོ་བོད་པ་དངོས་གནས་དང་བོད་ལ་ཞེན་ཁོག་ཡོད་མཁན།བོད་ཀི་སྐད་ཡིག་རིག་གཞུང་ཡག་པོ་ཤེས་མཁན་རྐྱང་རེད་འདུག་ལ།བཙན་བྱོལ་ནང་འཚར་པ་ཚོ་མང་ཆེ་ཤོས་བོད་མི་འདྲེས་མ་དང་བོད་སྐད་ཡིག་ཡག་པོ་མི་ཤེས་མཁན།མཐའ་ན་ཆོས་ཙམ་མ་གཏོགས་བོད་མིའི་རིག་གཞུང་དང་གཤིས་སྤྱོད་ལ་མི་དགའ་བ་སོགས་རང་གིས་དངོས་སུ་མཐོང་ཐོས་མྱོང་གསུམ་ཡོང་དུས།
ད་ལྟ་བར་བོད་ནང་གི་མི་ཚོ་དང་༧གོང་ས་མཆོག་བར་གྱི་དད་དམ་དེ་བཙན་བྱོལ་སྲིད་དོན་པ་ཚོས་བེད་སྤྱོད་བྱས་ཏེ་བོད་ནང་གི་མི་ཚོའི་མགོ་ཡག་ཐག་ཆོད་རྡུང་གི་ཡོད་མོད།
མངོན་ལྐོག་དང་རྒྱབ་མདུན་མི་མཚུངས་པའི་ལས་ཀ་འདི་ཚོས་ད་མུ་མཐུད་ཁུངས་འཁྱོལ་རྒྱུ་དཀའ་མོ་རེད།
བཙན་བྱོལ་འགོ་ཁྲིད་ཚོས་གཟབ་གཟབ་གནང་ཚད་རེད་སྙམ།གང་བྱུང་མང་བྱུང་དང་སྣང་བ་གང་དྲན།རྒྱབ་དཔུང་མང་ཉུང་དང་རྒྱབ་རྩ་ཡོད་མེད་སོགས་ལ་ལྟོས་ཏེ་ཐལ་ཆ་ཅན་གི་ཐག་གཅོད་གནང་རྒྱུ་མང་དྲགས་ན།འབུ་གྲོག་མ་ཙམ་ཡིན་རུང་འུ་ཐུག་དུས་འཕག་འཚག་བརྒྱག་གི་རེད་ལ་དེ་དུས་དེ་དུས་རང་གཞན་གཉིས་ཀའི་དོན་དག་རླུང་ལ་བསྐུར་ཡོང་།
ངས་གོ་ཐོས་ལ་ཤར་ཕྱོགས་ཁུག་རྟའི་ལོ་ངོ་གཉིས་ཀྱི་ཆོ་གན་བཞག་ནས་དུས་ཡུན་རྫོགས་སོང་བ་ལས།སེང་གེ་བཀའ་ཤག་གི་གནས་དབྱུང་གཏོང་བ་རེད་མི་འདུག ལྷག་པར་ཆབ་བྲག་གིས་རྩོམ་པ་པོའི་མཐུན་ཚོགས་ཀྱི་མིང་སྒེར་གཅོད་བྱས་ནས་ཁོའི་རྒྱབ་དཔུང་བྱས་པ་དེར་ངོ་རྒོལ་ཡོད།བོད་ནང་དུ་རྩོམ་པ་པོ་གྲགས་ཅན་མེ་ལྕེ་འཛིན་བཟུང་བྱས་ཡོད་པ་དེར་དཔའ་ངོམ་དཔུང་བསྒྲིགས་བྱེད་རྒྱུ་མེད་པར་ཤར་ཕྱོགས་ཁུག་རྟ་ལྟ་བུའི་ཆེད་དུ་རྩོམ་པ་པོའི་མཐུན་ཚོགས་མིང་སྤྱད་པ་དེར་ཅི་ཡིན་ནམ་ཤེས་རྒྱུ་འགའ་འདུག
གོང་དུ་དྲ་གྲོགས་གངས་ཅན་པ་ཞེས་འབོད་པ་ཞིག་གི་རྩོམ་པ་པོ་ཁུག་རྟ་ལགས་ཧ་ལམ་རྒྱ་མའི་སོ་མྱུལ་མེད་འགྲོ་སྙམ་པའི་སྐད་ཆ་འགན་ཁུར་དགོས་པ་ཞིག་བཤད་འདུག འཁྲིམས་ཐོག་ནས་བཤད་ན་འདི་ནི་འཁྲིམས་འགལ་གྱི་སྐད་ཆ་ཞིག་ཡིན་པ་དང་། ཀུན་སྤྱོད་ཀྱི་ཐད་ནས་བཤད་ན་འདི་ནི་མ་རབ་ཐ་ཤལ་གྱི་སྐད་ཆ་ཞིག་རེད། རང་རིགས་བོད་རིགས་རྣམས་ལ་སྐྱོན་ཆེ་ཤོས་ཤིག་ཡོད་པ་ནི། རང་ཉིད་ཀྱི་མི་དགའ་སའི་མི་ཞིག་འཇོན་ཐང་ཅན་ཏུ་འགྱུར་ཡོང་དུས། དེ་ལ་སྐྱོན་འཛུགས་གང་ཐུབ་བྱེད་པ་དང་། བཙན་བྱོལ་གཞུང་ལ་མཚོན་ན། རང་གཞུང་གི་མཚང་འབྲི་པ་དང་སྐྱོན་འཛུགས་བྱེད་ན་དེ་ཉིད་ཡང་ན་རྒྱ་མའི་སོ་མྱོལ་ཡིན་ལུགས་དང་དེ་མིན་དོལ་རྒྱལ་བརྟེན་མཁན་གྱི་མི་ཁུངས་སུ་འཇོག་གང་ཐུབ་བྱས་པ་མ་ཟད། དེ་ཉིད་བཙན་བྱོལ་སྤྱི་ཚོགས་སུ་སྡོད་ཐབས་མེད་པར་གནས་འབྱུང་གཏོང་གང་ཐུབ་བྱེད་ཀྱི་ཡོད། ཤར་ཕྱོགས་ཁུག་རྟ་ཡིས་ད་དབར་རྩོམ་ཡིག་སྤེལ་པ་ཚང་མ་ཁྱེད་རྣམ་པས་རིག་མྱོང་ཡོད་རྒྱུ་རེད། ཁོང་གི་རང་རིགས་ཀྱི་བདེ་སྡུག་དང་ཆབ་སྲིད་ལ་གོ་རྟོགས་ཡོད་པའི་རྩོམ་ཡིག་འབའ་ཞིག་སྤེལ་པ་ལས། ད་དབར་དཀྲུགས་ཤིང་བརྒྱབ་པའི་རྩོམ་ཡིག་ག་རེ་སྤེལ་འདུག་གམ། འདི་ནི་ངས་གངས་ཅན་པ་ཞེས་འབོད་པའི་དྲ་གྲོགས་དེ་ལ་འདྲི་འདོད་བྱུང་བའི་སྐད་ཆ་ཞིག་ཡིན།
དྲང་པོ་བཤད་ན། མཚམས་རེར་ངས་བསམ་པར་ང་ཚོས་རང་གཞུང་དང་རང་གཞུང་གི་ལས་བྱེད་ག་གེ་མོའི་ཁ་ལ་ཉོན་དྲགས་པས་རྐྱེན་གྱི་ཕོང་གི་འདུག ང་ཚོ་བོད་པ་ཚོ་ལ་རང་ཉིད་ཀྱི་ལྟ་ཚུལ་མེད་པ་དང་། རང་ཉིད་ལ་ལྟ་ཚུལ་ཡོད་ཀྱང་བཤད་མ་ཕོད་པ་དང་། རི་བོང་ཅལ་འདྲོག་གི་གནས་ལུགས་ཁོ་ན་རྗེས་སུ་དྲངས་པ་སོགས་རང་མཚང་མང་པོ་ཞིག་འདུག འདི་ནི་ང་ཚོར་ད་བར་ཆིག་སྒྲིལ་གྱི་གོམ་སྟབས་མེད་པ་དང་། འཐབ་རྕོད་ཀྱི་ངོ་བོ་མེད་པ། མ་འོངས་ལ་ཕུགས་འདུན་མེད་པ། ཆབ་སྲིད་ལ་གོ་རྟོགས་མེད་པ། དཔྱད་ཞིབ་ཀྱི་རིག་རྩལ་མེད་པའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན།
གྲོགས་ཤར་ཕྱོགས་ཁུག་རྟ་ལ་དོན་རྐྱེན་དེ་བྱུང་བ་བདེན་པ་རེད། བཀུར་འོས་རྒན་ལྷ་མོ་སྐྱབས་ལགས་ཀྱིས་དེའི་སྐོར་ལ་སྔ་བ་གསུམ་གྱི་སྔུན་མ་བྱས་ནས་རྩོམ་ཡིག་སྤེལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་མ་ཟད། བཀུར་འོས་དྲ་གྲོགས་རྣམས་ལའང་གྲོགས་པོ་ཁོང་གི་ཚབ་བྱས་ནས་དགག་སྒྲུབ་ཀྱི་གླེང་མོལ་ཅི་བྱུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཡིན་ནའང་། འདིའི་གླེང་ཕྱོགས་ཆོལ་ཁ་སོགས་ཕྱོགས་གང་སར་ཡར་བསྒྱུར་མར་བསྒྱུར་མི་བྱེད་པར་རེ་བ་ཞུ་རྒྱུ་ཡིན།
ཡིན་ནའང་། དོན་རྐྱེན་འདིར་ང་ཚོས་དཔྱད་ཞིབ་ངེས་པར་བྱ་དགོས་ཤིང་ཡལ་བར་གཏན་ནས་འདོར་མི་རུང་བ་ཞིག་རེད། ཁུག་རྟ་ནི་སྤྱིར་བཏང་གི་རྩོམ་པ་པོ་ཆུང་ཆུང་ཞིག་རེད། ཡིན་ནའང་། གཞུང་འབྲེལ་ལན་འདེབས་ཚོགས་ཆུང་གི་རྒྱུན་ལས་དང་ཁོང་གི་མིང་ཐོག་ནས་རྩོམ་ཡིག་སྔ་ཕྱིར་འཐོན་དང་ཐོན་བཞིན་ཡོད་ལ། ཉེ་བའི་ཆར་ནས་བཟུང་ང་དང་ཁོང་གི་གྲོགས་པོ་ཚོས་ཁོ་ལ་ཁུག་རྟ་ལས་ཀྱང་ཡེ་རྡོར་ཞེས་འབོད་ཀྱིན་ཡོད་ལ། ལན་འདེབས་ཚོགས་ཆུང་བྱུང་བ་ནས་བཟུང་ཁུག་རྟ་ཡེ་རྡོར་རང་བྱས་ཡོད་པ་མ་ཟད། ཁོང་གི་རྩོམ་ཡིག་རེ་རེ་བཞིན་གངས་ཅན་སྐྱིད་གཤོངས་ཀི་ཆབ་སྲིད་ཀྱི་ལངས་ཕྱོགས་ཀྱི་རྒྱ་ལས་གཏན་ནས་འགལ་གྱིན་མེད།
《སེང་གེ་བཀའ་ཤག་གི་མདུན་ལམ》་ནི་ཁོང་གི་རྩོམ་ཡིག་དེ་རིགས་མིན་མོད་། དེ་ལྟར་ཡིན་སྟངས་ཀྱང་མེད་དེ་རྩོམ་ཡིག་དེའི་མགོ་ནས་མཇུག་བར་དུ་ཁོང་གི་སྒེར་བུའི་བསམ་བློ་ཙམ་མིན་པ་རྩོམ་ཡིག་དེ་རུ་”ཨ་རི་དང་ཡུ་རོབ། ཐའེ་ཝན་ན་ཡོད་པའི་གྲོགས་པོ་སྐོར་ཞིག་གི་མཉམ་དུ་གླེང་མོལ་གྱིས་སེང་གེའི་བཀའ་ཤག་གི་མདུན་ལམ་ལ་རོབ་ཙམ་བལྟས་པ་ཡིན། ངའི་གྲོགས་པོ་ཚོས་སོ་སོའི་གནས་ཡུལ་གྱི་སྲིད་དོན་གནམ་ངོ་དང་འབྲེལ་ནས་སེང་གེའི་བཀའ་ཤག་གི་མདུན་ལམ་ལ་བསམ་ཚུལ་རེ་རེ་གསུང་གི་འདུག ང་ཚོས་སེང་གེའི་བཀའ་ཤག་གི་མདུན་ལམ་ལ་ལྟ་དགོས་ན། གཙོ་བོ་བཀའ་ཁྲི་དང་བཀའ་བློན་གཞན་གྱི་ནུས་པ་དང་རྣམ་དཔྱོད་ལའང་ལྟ་དགོས། ” ཞེས་པ་བཞིན་ཁོང་གི་གྲོགས་པོ་དག་གི་བསམ་བློ་ཡིན་པས། ཉེས་པ་འདི་ཁུག་རྟའི་མགོ་ལ་བཙན་གྱིས་བཞག་ན་དེ་ནི་དངོས་གནས་ཐུབ་ཚོད་རང་རེད། ཡིན་ནའང་། ཐུབ་ཚོད་གཏོང་མཁན་དེ་ཁོང་གི་སྡེ་ཚན་གྱི་ཚོགས་གཙོ་བསམ་འཕེལ་ཡིན་དང་། བཀའ་དྲུང་མི་འགྱུར་རྡོ་རྗེ་ཡིན། ཡང་ན་བཀའ་བློན་ག་གེ་མོ་ཞིག་ཡིན། ཡང་ན་བཀའ་ཁྲི་ཁོང་ཡིན་ཞིབ་འཇུག་བྱ་དགོས་ཀྱི་འདུག རྩོམ་ཡིག་འདིའི་མིང་ནས་བཟུང་སྟེ་ཉེས་པ་གཏོང་སྟངས་ལ་དཔག་ན་འདིར་ཁུག་རྟར་ཐུབ་ཚོད་བཏང་བའི་ངོས་ཤིག་དང་། བཀའ་ཁྲིར་བསམ་ནག་བྱས་པའི་ཕྱོགས་ངོས་ཤིག་ཀྱང་མཐོང་གི་འདུག་པས། རྩོམ་ཡིག་འདིར་མཛུབ་མོ་འཛུགས་མཁན་དངོས་དེ་གསལ་བོ་མ་བྱུང་བར་དུ་དཔྱད་བརྗོད་བྱེད་དཀའ་བ་ཞིག་རེད། རྩོམ་ཡིག་དེ་མིང་བཟུང་བྱེད་མཁན་དེ་ནི་དངོས་གནས་འོལ་ཚོད་ཀྱི་སྙིང་ཁམས་ཆེན་པོ་ཅན་ཞིག་རེད།
རྩོམ་ཡིག་དེ་རུ་ཅི་ཞིག་གླེང་འདུག ཁ་གསལ་མདོར་བསྡུས་ཀྱིས་བཤད་ན་རྩོམ་ཡིག་འདིར་དོན་ཚན་གསུམ་ཡོད་པ་ལས་”༣ རང་ངོས་ནས་རང་ལུགས་བཞག་སྟེ་བོད་ཀྱི་མདུན་ལམ་ལ་ལྟ་བ།”ཞེས་པ་འདིའི་ཡན་ཡོངས་རྫོགས་ཁུག་རྟའི་བསམ་བློ་མིན་ཞེས་བཤད་ཀྱང་འཐུས། ཕྱི་མ་འདི་གཞུང་ཞབས་ཀྱི་སྒྲིག་གཞི་གང་དང་འགལ་འདུག་ཅེས་སྨྲས་ན་མཛུབ་སྟོན་གནང་ཐུབ་བམ།
ཡང་ན་ཁུག་རྟ་སྤྱི་འཐུས་ཀྱི་ཀུན་སྤྱོད་སྒྲིག་གཞི་མི་འདུག་ཅེས་ལན་འདེབས་ཚོགས་ཆུང་གི་རྒྱུན་ལས་ནས་གཡུག་ཆོག་གམ། མི་ཆོག་ན་ཁུག་རྟ་གཞུང་ཞབས་ཀྱི་ཀུན་སྤྱོད་སྒྲིག་གཞི་དང་འགལ་འདུག་ཅེས་ག་ལ་གཡུག་ཆོག ཁོ་གཞུང་ཞབས་མིན་ལ་སྤྱི་འཐུས་ཀྱང་མིན་པས་ཁྲིམས་དེ་གཉིས་ཀྱིས་ཁོ་མགོ་རྡོ་བར་ལ་བརྡུངས་ན་དམིགས་ཡུལ་གཞན་ཞིག་ཡོད་པ་ཏན་ཏན་ཡིན། དམིགས་ཡུལ་དེར་ང་ཚོས་ངེས་པར་རྩད་གཅོད་དང་བྱ་དགོས།
འདི་འདྲ་ཡིན་ན། ནམ་ཞིག་ལས་བྱེད་ག་ག་མོ་དགེ་སློང་གི་ཀུན་སྤྱོད་མི་འདུག་པས་མུ་མཐུད་ལས་ཀ་གནང་ཐབས་མེད་ཅེས་ཀྱང་བཀའ་ཡིག་བསྒྲགས་སྲིད་པ་རེད། དངོས་གནས་ཡ་མཚན་རེད། ཨ་ཡ་མཚན།
ཨ་ཁ་མ་བཟང་། རང་གི་མཚང་བརྗོད་ཙམ་གྱིས་ལས་གནས་ནས་ཕུད་དགོས་ན། ད་སྡེ་ཆེན་པོའི་དཔོན་པོ་ཇི་ལྟར་བྱེད། རྒྱ་དམར་པོ་ཚང་གི་བྱེད་སྲོལ་རེད། དགྲ་དགའ་གཉེན་སྡུག་གི་བྱ་བ་དེ།
སེང་གེའི་བཀའ་ཤག་གི་མདུན་ལམ་ཞེས་པའི་རྩོམ་ཡིག་དེ་མ་འགྲིག་པས་ཡིན་པ་ངའི་གྲོགས་པོས་མཐོང་འདུག ཁོང་གཞུང་ཞབས་ཞིག་ཡིན། རྩོམ་ཡིག་དེ་བཀླགས་པ་ཡིན། དེ་ལ་སྐྱོན་ཆ་གང་ཡང་མི་འདུག་བསམས་སོང་། ཡིན་ངོ་མ་དེ་སེང་གེའི་ཁས་ལེན་དམ་བཅའ་ཚང་མ་དཔྱད་གཏམ་སྤེལ་ནས་ས་ས་དང་རྡོ་རྡོ་སར་བཞག་འདུག་པས་ཡིན་རྒྱུ་རེད། དེ་མང་གཙོའི་རང་དབང་རེད། རྒྱལ་ཁབ་ཀྱི་དོན་དུ་རེད། དེ་བཤད་མ་ཆོག་ན་བཙན་བྱོལ་གཞུང་སྒོ་རྒྱབ་ནས་རྒྱ་ནག་ལ་མགོ་བཏགས་པ་ཡིན་ན་གཅིག་མཚུངས་རེད། འོན་ཀྱང་སྔོན་མ་འོས་བསྡུའི་སྐབས་ཤར་ཁུག་བཀྲས་མཐོང་ལ་རྒྱབ་སྐྱོར་བྱེད་མཁན་ཐོག་མ་རེད། དེས་རྐྱེན་སེང་གེར་དོགས་གཞི་ཡོད་པས་ཁ་རྩོམ་ཡིག་འདི་ལ་ཕངས་བ་མིན་ན་གནས་ཚུལ་གཞན་ཅང་མི་འདུག
ཁ་ཤས་ཀྱིས་བསམ་བཞིན་ཕུང་དཀྲུག་རྒྱག་གི་འདུག དེ་དག་ལ་གཟབ་གཟབ་དང་དེ་ཚོའི་སྐད་ཆ་ཡ་མ་བྱས་ན་དགའ་ནི་རེད། ཤར་ཁུག་ལ་དེ་འདྲའི་དགྲ་མེད་ན་དེ་རིང་སེང་གེས་ཁོ་འདི་ལྟར་ཕུད་ཐུབ་ཀྱི་མ་རེད། སེང་གེར་རྣ་བར་དཀྲུག་ཤིང་པ་ཁ་ཤས་འཚིང་སྡོད་པ་རྡ་རམ་ས་ལའི་སྐད་ཆ་རེད། གང་ལྟར་ང་ཚོས་ཞིབ་འཇུག་བྱེད་དགོས་ཀྱི་འདུག
གནད་དོན་འདི་བདེན་པ་ཡིན་མིན་མི་ཤེས། ངེས་ཤེས་ནི་པ་ ད་ལྟའི་བཀའ་ཤག་འདི་བོད་ཡིག་གི་ཐད་ནས་ཡིག་རྨོངས་ཡིན་པ་དེའོ།
རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོའི་མིང་ཁྱེར་ནས་རྫིག་རྫིག་གཏོང་དགོས་པ་མ་རེད། དང་ཐོག་ཁུག་རྟ་འབོད་པ་དེར་རྒྱུས་ལོན་པ་གནང་། ལོ་འདི་ཚོར་ཁུག་རྟ་ཡར་འཁྲབ་མར་འཁྲབ་མང་པོ་བྱས་པས་མི་ཚང་མས་ཁོ་མི་ག་འདྲ་ཡིན་ཤེས།
རྩོམ་པ་པོའི་མཐུན་ཚོགས་ཀྱི་མིང་ཐོག་ནས་གནང་ཡ་རྒྱག་ཚད་ཅིག་འདུག དེ་ཚོ་གནང་རོགས།
བསོད་ནམས་ཀྱི་སྐད་ཆར་རྒྱབ་སྐྱོར་བྱ་རྒྱུ་ཡིན། སྒེར་དོན་གྱི་བྱ་བ་ཆུང་ཆུང་འདི་ལྟ་བུར་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་མིང་སྒེར་གཅོད་ཀྱིས་རྒྱབ་སྐྱོར་བྱས་པ་དང་། དོན་ཆུང་ཆུང་ཆེན་པོར་བཟོས་ཏེ་སྤྱི་ཚོགས་མི་བདེ་བར་བཟོ་བ་འདི་ཡག་པོ་ཞིག་ཁྱོན་ནས་མ་རེད། ལྷ་མོ་སྐྱབས་ཀྱི་བྱེད་སྟངས་འདིས་ལྷ་མོ་སྐྱབས་ཁོ་རང་གི་མི་གཤིས་རྒྱ་ཐོག་བཞག་ལས་མི་འདུག ཧ་ཅང་ཐབས་སྐྱོ་བོ་རེད། ཁོས་ཚོགས་མི་ཡོད་ཚད་སྣང་མེད་བཞག་ཏེ་སྒེར་ངོས་ནས་མཐུན་ཚོགས་ཀྱི་མིང་སྤྱད་ནས་སྤྱི་ཚོགས་ནང་ཁུལ་འཁོན་སེམས་སློང་སྟངས་འདི་ལ་ཡག་རྟགས་ཤིག་མཐོང་མ་སོང་། རྩོམ་པ་པོ་མཐུན་ཚོགས་ལ་ཤ་ཚ་མཁན་གྱི་ཚོགས་མི་ཞིག་ཡོད་ན་མཐུན་ཚོགས་ཀྱི་མིང་ལ་གུས་ཞབས་གནང་དགོས་པ་ཞིག་དང་། གང་བྱུང་བེད་སྤྱོད་མི་གནང་མི་ཆོག་པ་ཞིག་བཟོས་ན་ཡག་པོ་འདུག ཆོས་འབྱོར་གྱི་སྒེར་དོན་དེ་གླེང་རིན་ཨེ་ཡོད་ལ་བསམ་པས་རེ་ཞིག་འཇོག་གི་ཡིན། ག་ལེར་བལྟ་ཆོག
སྟག་ལྷ་གཙོས་མི་ཁ་ཤས་ཤིག་གིས་མི་གཞི་ལ་སྨད་འབོད་དང་མཚང་འབྱིན་བྱེད་པ་ནི་ཆེས་མི་འོས་པ་ཞིག་ཡིན་པས་མཉམ་འཇོག་བྱས་ན་བཟང་སྙམ། མི་གཞི་དང་མི་གཤིས་ལ་མཚང་འབྱིན་བྱེད་པ་ནི་ཤེས་རིག་གི་སྨྱུ་གུ་མ་འབུས་པའི་བླུན་པོ་ཞིག་གི་སྤྱོད་ཚུལ་ལས་མ་འདས་པ་ཤེས་པར་གྱིས། རང་ལྟར་བདེན་པ་བདར་ཞིང་གནས་ལུགས་ལ་དགའ་བའི་རྩོམ་པ་པོ་དང་ཀློག་པོ་དག་ལ་སྙིང་ནས་གུས་འདུད་ཞུ།
དུས་བབ་ན་འདུག
དཔའ་ཆེན་དོན་གྲུབ།
༢༠༡༡/༡༠/༢༦ ཉིན་འདོན་སྤེལ་བྱས། བློ་སེང་གིས་འདི་ལྟར་གནང་བ་དངོས་ནས་ཡག་པོ་མ་རེད། ལྷག་པར་དུ་བོད་ཡིག་ལ་མཐོང་ཆུང་འདྲ་ཞིག་བྱེད་པ་དེ་དོན་དག་ཆུང་ཆུང་མ་རེད
ཆབ་བྲག་ལྷ་མོ་སྐྱབས།
༢༠༡༡/༡༠/༢༦ ཉིན་འདོན་སྤེལ་བྱས། ཁ་བརྡ་དྲ་བར་གཟིགས་རོགས།
ངའི་ངོ་དེབ་ནང་ན་ཡང་ཤར་ཕྱོགས་ཁུག་རྟའི་གསལ་བཤད་མིང་རྟགས་ཅན་དེ་རང་བཞག་ཡོད།
འདྲེ་མགོ་རྡོ།
༢༠༡༡/༡༠/༢༥ ཉིན་འདོན་སྤེལ་བྱས། གལ་སྲིད་གནས་ཚུལ་འདི་བདེན་པ་ཡིན་ཚེ། རང་གཞུང་གི་ཁྱབ་བསྒྱུར་བྱེད་པོར་སྐུ་ཞབས་བློ་སེང་དབང་ལྡན་འགན་འཛིན་དུ་ངོས་ལེན་བྱ་ཐབས་མི་འདུག
འདྲེ་མགོ་རྡོ།
༢༠༡༡/༡༠/༢༥ ཉིན་འདོན་སྤེལ་བྱས། གསར་འགྱུར་འདི་བདེན་པ་ཡིན་མིན་དུས་བབ་གསར་ཁང་གིས་གསལ་བཤད་ཅིག་གནང་རོགས། གལ་སྲིད་སྐུ་ཞབས་བློ་སེང་ལ་བློ་ཁོག་འདི་ལས་མེད་ཚེ། ད་ནི་བསམ་བློ་དངོས་གནས་ཞིག་མི་གཏོང་རང་གཏོང་ཆགས་ཀྱི་རེད། དེ་བས་ངས་འདི་བདེན་པ་མིན་པར་སྨོན་ལམ་འདེབས་ཀྱི་ཡིན།
ཚ་ཤོད་ཤེས་རབ།
༢༠༡༡/༡༠/༢༥ ཉིན་འདོན་སྤེལ་བྱས། རེད།གནད་དོན་འདི་ལ་མི་མང་པོ་ཞིག་སྐད་ཤོར་གྱི་འདུགསྐད་ཤོར་མཁན་ཚང་མ་ཤེས་ལྡན་པ་ཅན་ཞེ་གཅིག་རེད།ཤེས་ལྡན་པ་རྣམས་ནི་མི་རིགས་ཤིག་ལ་མཚོན་དེའི་ཚབ་མཚོན་ལྟ་བུ་ཡིན་ཆོགམཆན་འདི་དག་གི་ཁྲོད་གླེང་གཞི་གཙོ་བོ་གསུམ་འདུགབློ་སེང་གིས་གཞུང་འབྲེལ་ཡིག་ཆ་ཚང་མ་ཕྱི་སྐད་ཐོག་གཏན་འབེབས་བྱས་ཚུལ་ཞེས་པ་དེ་རེད།གཉིས།ཤར་ཕྱོགས་ཁུག་རྟའི་སྨྲ་བརྗོད་རང་དབང་ལ་ཚོད་འཛིན་བྱས་ཏེ་ལས་སྣེ་ནས་གནས་དབྱུང་བ་དེ་རེད།གསུམ།རྒྱ་མི་མགྲོན་བརྡ་འབྱོར་ཡོད་ཚུལ་ཞེས་པ་འདི་དག་བདེེན་ཚེ་གཞིས་ལུས་བོད་རྒྱ་ཆེས་མི་དམངས་ཚང་མ་བློ་ཕམ་རྒྱུ་ཉག་གཅིག་རེད་ལ།ཆེ་ས་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་གྱོང་རྒུད་ཞིག་ཀྱང་རེད།གནས་ཚུལ་འདི་དང་ཐག་ཉེ་ས་ན་ང་ཚོ་བཙན་བྱོལ་བོད་མི་ཚོ་ཡོད།གནས་ཚུལ་ཚ་ཐོག་ལ་ང་ཚོས་མིག་མདུན་ནས་ཡལ་བཅུག་ན།ང་ཚོ་ལའང་གཞི་ལུས་བོད་མིས་བདའ་འདེད་བྱེད་ངེས།འདི་ཐད་ནས་ས་ས་ཡིན་དང་རྡོ་རྡོ་ཡིན་གསལ་བོ་བཟོ་དགོས་པ་དེ།བོད་མི་དམངས་གྲོས་ཚོགས་དང་རྒྱ་ཆེ་ཤེས་ལྡན་པ་རྣམས་ལ་འགན་ཆེ་བ་
ཡོད།
རྒྱང་ལྟ།
༢༠༡༡/༡༠/༢༥ ཉིན་འདོན་སྤེལ་བྱས། རྒན་ལྷ་མོའི་ངོ་དེབ་ནས་ས་ཉུལ་རི་ཉུལ་བྱས་ཀྱང་ངས་ཅང་མཐོང་མ་སོང་། གང་ལྟར་ཚད་འདིར་སླེབས་དུས་ད་དུང་ཤར་ཁུག་མིང་ཅན་འཇམ་ཆག་གེ་སྡོད་པ་ཡང་ཡག་རྟགས་ཤིག་མ་རེད།རང་ཉིད་དྲང་བདེན་ལ་གཞོལ་མཁན་གྱི་གནས་ལུགས་སྨྲ་མཁན་ཞིག་ཡིན་པར་ཁས་འཆེས་ཀྱི་ཡོད་ན།འདི་ཐད་ནས་གང་མགྱོགས་ཁ་ཞིག་གྲག་དགོས་པ་རེད།
ཤེས་རབ།
༢༠༡༡/༡༠/༢༥ ཉིན་འདོན་སྤེལ་བྱས། ད་དུང་ཤར་ཁུག་ལགས་ཀྱི་རྩོམ་ཡིག་ཏུ་ཁོང་ལ་རྒྱ་ནག་གིས་སྐད་བཏང་འདུག་ཅེས་བཀོད་འདུག དེ་དངོས་གནས་ཡིན་ན། སྔོན་མ་བཀའ་ཁྲི་བློ་སེང་གིས་ཕྱི་སྡོད་རྒྱ་མི་ཡིན་པ་ཁས་བླངས་ནས་པེ་ཅིང་དུ་སོང་བ་རེད། ད་དངོས་གནས་ཁོང་ཕྱི་སྡོད་རྒྱ་མི་རེད་འདུག རྒྱ་མི་སྒེར་གཅོད་པ་རང་རེད་འདུག དངོས་གནས་བློ་ཕམ་བྱུང་།
ཤེས་རབ།
༢༠༡༡/༡༠/༢༥ ཉིན་འདོན་སྤེལ་བྱས། ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱི་ངོ་དེབ་དེ་ནས་གང་ཡང་མཐོང་མ་སོང་། མ་གཞི་ནས་གནད་དོན་འདི་བདེན་པ་ཡིན་ཚེ། འདི་འདྲའི་གལ་ཆེན་རང་བཞིན་གྱི་གནད་དོན་ཞིག་བོད་ཀྱི་དུས་བབ་གསར་འགོད་པ་ཚོ་འཚོལ་དུ་མི་འགྲོ་བ་ཅི་ཞིག་ཡིན་ནམ། ཧུའུ་ཅིན་ཐོ་དམར་ཤོག་སྒེར་གཅོད་པ་ཡིན་ཡང་ཀུ་ཞབས་ལུས་ཞོ་པོ་ཕའི་འདས་འཆོད་དུ་གློད་གྲོལ་བྱས་ཡོད་པ་རེད། ང་ཚོའི་འབུམ་རམས་པ་ཡིན་ཟེར་མཁན་དང་། ཁྲིམས་ལུགས་ཆེད་མཁས་པ་ཡིན་ཟེར་མཁན་བློ་སེང་གིས་འདི་ལྟར། རང་ལ་དངོས་སུ་ཡོད་པའི་སྐྱོན་བརྗོད་ལ་མི་ཉན་པར། མཐའ་གཅིག་ཏུ་དེ་འདྲ་གནང་ཡོད་ན་དངོས་གནས་ངོ་ཚ་བ་རང་རེད། དེ་ལྟར་གནང་ན་སུ་ཡིན་ཡང་ཁོང་གི་ཤེས་ཚད་ལ་དོགས་པ་ཐེ་ཚོམ་ཟ་ངེས་རེད། ཁྲིམས་ཟེར་བ་དེ་མང་གཙོའི་ནང་སྙིང་ལྟ་བུ་རེད། ག་རེ་བྱས་ནས་ཁོས་ཁྲིམས་ལུགས་ཤེས་བཞིན་དུ་བོད་ཀྱི་རྩ་དོན་གླེང་མི་ཆོག་པ་བཟོས་པ་རེད་དམ། རྩོམ་ཡིག་དེ་གཉིས་ཞིབ་ཏུ་བཀླགས་པ་ཡིན། དངོས་ཡོད་གནས་ཚུལ་དང་ཤིན་ཏུ་མཐུན་ཆ་འདུག ང་ཚོས་ད་ཐེངས་རྩོམ་ཡིག་དེ་གཉིས་ཀློག་རྒྱུ་དང་ཞིབ་འཇུག་བྱས་ན་དགའ་ས་རེད།
ཆབ་བྲག་ལྷ་མོ་སྐྱབས།
༢༠༡༡/༡༠/༢༤ ཉིན་འདོན་སྤེལ་བྱས། http://www.facebook.com/profile.php?id=100001484395374
ཤར་ཕྱོགས་ཁུག་རྟ་ལགས་ཀྱི་གནས་ཚུལ་ཤེས་འདོད་ཡོད་པ་ཚོས་གོང་གསལ་ངོ་གདོང་ལ་གཟིགས་རོགས།
རྒྱང་ལྟ།
༢༠༡༡/༡༠/༢༤ ཉིན་འདོན་སྤེལ་བྱས། དྲ་གྲོགས་འོས་ལངས་ལགས། ཡག་བྱུང་།
ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ།
དང་བོ་ཤར་ཕྱོགས་ཁུག་རྟ་མིང་ཅན་གྱིས་གནད་དོན་འདིར་གསལ་ཐིང་ཐིང་གི་གསལ་བཤད་ཅིག་ཡོད་དགོས། གང་མགྱོགས་བྱས་ན་བཟང་། གནད་དོན་འདི་ཐད་ནས་ཤེས་ལྡན་པ་མང་པོ་ཞིག་ཧ་ཅང་གི་བློ་ཕམ་གྱི་
གནས་སུ་གཏུགས་ཡོད། སྐབས་འདིའི་ནས་ཤར་ཕྱོགས་ཁུག་རྟས་
རང་ཉིད་ལ་ཅི་ཞིག་གི་འགན་ཡོད་པ་དེ་མཁྱེན་དགོས།
རོ་ལངས།
༢༠༡༡/༡༠/༢༤ ཉིན་འདོན་སྤེལ་བྱས། སྤྱི་མི་སུམ་ཅུ་སྣང་བ་སུམ་ཅུ་ཞེས་པ་ལྟར་བསམ་ཚུལ་མི་གཅིག་པ་དུ་མ་ཡང་ཆོག་གི་རེད། ག་རེ་བྱས་ནས་ངའི་མཆན་དག་བསུབ་ཀྱི་ཡོད། དེ་སྔ་དཀའ་ལས་རྒྱབ་པ་དུ་མ་འཕྲོ་བརླགས་བྱས་སོང་། ད་སྐུ་མཁྱེན་བསུབ་ཚོད་བྱེད་རོགས།
རོ་ལངས།
༢༠༡༡/༡༠/༢༤ ཉིན་འདོན་སྤེལ་བྱས། སྤྱིར་བཏང་གནས་ཚུལ་འདི་བདེན་མིན་ཡང་བལྟ་ཡ་རེད། གལ་སྲིད་བདེན་ཀྱང་ཤར་ཕྱོགས་ཁུག་རྟ་ཟེར་བ་དེ་མི་ཁེངས་དྲེག་ཅན་དེ་འདྲ་ཞིག་དང་གཞན་ལ་ཆེད་གསོད་བྱེད་རྒྱུར་དགའ་བ། ལན་རེ་དེ་འདྲ་ཞིག་མངོན་གྱི་འདུག་པས་ཁོང་ཕྱིར་འབུད་བཏང་ཡོད་ན་དེ་ནི་སྐུན་སྤྱོད་ཐོག་གི་གནད་དོན་ཞིག་ལས། སྐད་ཡིག་སྐོར་གླེང་བས་མིན་ཐགས་ཆོད་རེད། ཡིན་རབས་བཤད་མཁན་ཚོས་ཡིན་པའི་སྒྲུབ་བྱེད་ཅི་ཡང་བཤད་མི་འདུག སྔོན་མ་ཁོས་དེ་སྐོར་རྩོམ་ཡིག་ཆལ་ཆོལ་རེ་བྲིས། རྗེས་སུ་གནས་དབྱུང་བཏང་བ་ཙམ་གྱིས་དེས་ཐོགས་ནས་གནས་དབྱུང་བཏང་བ་ག་ལ་སྒྲུབ་ཐུབ། དེས་ན་རྒན་ལྷ་མོ་སྐྱབ་སོགས་ཀྱིས་དོན་མེད་རྫིག་གཏམ་བཤད་རྒྱུ་ཞོག་ལ། སྐད་ཆ་སོམས་ནས་ཤོད་དང་དགའ་རྒྱུ་རེད་སྙམ་མོ།།
ཐོག་སྒྲ།
༢༠༡༡/༡༠/༢༤ ཉིན་འདོན་སྤེལ་བྱས། རྟ་ནག་པ་སྐལ་བཟང་ལུང་རིག་ཁྱེད་རྒྱུ་མཚན་གང་གིས་ཕྱིར་ད་ལྟ་ཁྱེད་ཀྱི་ཁ་སྒྲོག་མེད་པར་ལུས་སམ།
དེ་སྔོན་ཁྱེད་ཀྱིས་བློ་སེང་ཕམ་ན་བོད་ཀྱི་མི་རབས་གསར་བ་ཚོ་ཕམ་སོང་བ་རེད་ཞེས་འུར་གཏམ་དེ་འདྲ་སྤེལ་སོང། བློ་སེང་མི་ཕམ་པར་རྣམ་པར་རྒྱལ་སོང་ཡང་ད་ཆ་བོད་མི་རིགས་ཀྱི་བླ་སྲོག་སྐད་ཡིག་དེ་བཀའ་ཤག་གསར་བས་བཙོན་དུ་བཅུག་ཏེ་གཞུང་འབྲེལ་གྱི་ཡིག་ཆ་ཐ་དག་དབྱིན་ཡིག་གིས་དབང་བསྒྱུར་བྱས་འཚར་འདུག
ཁྱེད་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་རྒྱུན་ལས་ཞིག་གིས་ངོས་ནས་བསམ་ཚུལ་ཞིག་བརྗོད་མི་ཐུབ་པའི་རྒྱུ་མཚན་ཅི།
མྱི་ནག་ཚང་།
༢༠༡༡/༡༠/༢༤ ཉིན་འདོན་སྤེལ་བྱས། གཞན་པ་མི་ཤེས། གནས་ཚུལ་འདི་བདེན་པ་ཡིན་ན། ཡེ་རྡོར་དགའ་ནས་བསྡད་ཡོད་ཀྱི་རེད། རྗེས་མ་ཡེ་རྡོར་ལ་ཁ་གཏད་གཅོག་མཁན་དཀོན་པོ་ཡིན་གྱི་རེད།
བོན་རྒྱ་བསྟན་འཛིན་རབ་རྒྱས།
༢༠༡༡/༡༠/༢༤ ཉིན་འདོན་སྤེལ་བྱས། དེ་རིང་ཤར་ཕྱོགས་ཁུག་རྟས་ལས་ཀ་རྒྱུན་མཐུད་ནས་ལས་མ་ཐུབ་པ་རེད་ཅེས་གྲོགས་པོ་ཞིག་གིས་བཤད་སོང་། ག་རེ་བྱས་ནས་འདྲི་དུས་གསལ་བོར་ཧ་མ་གོ། རྡོར་གླིང་སློབ་གྲྭའི་འཁྲུངས་སྐར་འོག་གི་མཆན་ནང་ན་གླེང་སློང་བྱེད་ཀྱིན་འདུག་ཟེར། ཡིན་ནའང་། དེར་ལྟ་དུས་འོས་ལངས་ཟེར་བ་ཞིག་གིས་ཁུངས་མེད་ལུངས་མེད་ལ་དེ་འདྲ་ཞིག་བསྒྲགས་ཤིང་མཇུག་ཚང་མས་མུ་མཐུད་པ་ཙམ་རེད།
ཡིན་ནའང་། སྐུ་ཞབས་ལུངས་རིགས་དང་རྒན་ལྷ་མོ་སྐྱབས་གཉིས་ཀྱིས་ཀྱང་གླེང་སློང་བྱེད་སྲོལ་ལ་བརྟག་ན་བདེན་པ་ཨེ་ཡིན་སྙམ་ཡང་། ཁྱབ་བ་མེད་དེ་རྒན་ལྷ་མོས་ཁ་སྔོན་རྔ་བ་ནས་བུད་མེད་ཅིག་གིས་སྐུ་ལུས་མེ་ལ་བསྲེག་པར་བསྒྲགས་ནས་ཚང་མར་ཞེད་སྣང་སྤྲད་པ་ལྟ་བུ་རེད།
གང་ལྟར་གྲོགས་ཁུག་རྟས་ལས་ཀ་མུ་མཐུད་མ་ཐུབ་པ་དེ་མི་བདེན་པར་སྨོན་ལམ་ཞུ་གྱིན་ཡོད། གལ་སྲིད་བདེན་ན་ཧ་ཅང་གི་ཐབས་སྐྱོ་བོ་རེད། ཡིན་ནའང་། ལས་བྱེད་ཀྱི་ཀུན་སྤྱོད་དང་འགལ་བ་རེད་ཟེར་ན་ལས་བྱེད་མིན་པར་ཆོད་གན་ཡིན་པས་དེ་ལ་ཁྲིམས་དེ་སྦྱོར་ས་ཨེ་ཡོད། གལ་ཏེ་ཡོད་ན་དེ་ཡང་དགེ་བསྐོས་ཡག་པོ་ཚོས་གྲྭ་པ་ཕྱིར་འབུད་གཏོང་བ་བཞིན་དང་པོར་བརྡ་བཏང་། བར་དུ་ལན་བསྐྱལ། ཐ་མར་ལག་བསྟར་ར་འདེབས་ལོས་དགོས། དེ་མོ་དེའི་སྐོར་ངའི་བཀའ་ཁྲི་སེང་གེ་ལ་ཁྲིག་ཁྲིག་ཡིན་པས་ངས་བར་འདི་ནས་ཅང་བཤད་ག་ལ་དགོས།
ལྷག་པར་ཁ་སང་ཚེས་༡༩ཉིན་ཁུག་རྟས་ཕྲག་ལ་དཔར་ཆས་ཁུར་ནས་གསར་འགྱུར་བསྡུ་ལེན་བྱེད་པར་འགྲོ་གིན་འདུག་པས་བར་འདི་ནས་ནག་འཚུབ་སེ་འགྲོ་ས་ཞིག་མེད་པ། གལ་སྲིད་བདེན་ན་བཙན་བྱོལ་བོད་གཞུང་གི་ཡེ་རྡོར་ལ་འཆི་སྐྱོན་བྱུང་བ་ཡིན་པས་རྒྱ་གཞུང་གི་ཡེ་རྡོར་ཡང་འཆི་ལ་ལོས་ཡོད།
སྨྲ་བརྗོད་རང་དབང་། རྒྱ་ནག་གུང་ཁྲན། སྨྲ་བརྗོད་རང་དབང་། བཀའ་ཁྲི་བློ་སེང་།
བོད་ཀྱི་སྐད་ཡིག རྒྱ་ནག་དམར་གཞུང་། བོད་ཀྱི་སྐད་ཡིག བཀའ་ཁྲི་བློ་སེང་།
ད་གང་ལྟར་རུང་བོད་ལ་ཐར་ལམ་ཞིག་ཡོད་ས་མ་རེད།
ཀླུ་མཁར་བྱམས་ལགས་ཀྱིས་དེ་སྔའི་བོད་གཞུང་གི་དབུ་མའི་སྲིད་བྱུས་ལ་ངོ་རྒོལ་དང་བོད་རང་བཙན་བྱེད་རྒྱུའི་ལྟ་བ་ཤུགས་ཆེར་བཏོན་པ་དེ་གཞུད་ཞབས་སྒྲིག་གཞི་དང་འགལ་བས་ཉེན་བརྡ་དང་གདམ་ག་སྤྲད་ནས་རྩོམ་པ་པོ་རང་གིས་རང་གི་ལྟ་བ་མཆོག་འཛིན་གྱིས་གཞུང་ཁོངས་ནས་བུད་པ་རེད། དེ་རང་དབང་རེད། ཀླུ་མཁར་བྱམས་ལགས་མ་གཞི་ནས་ང་ཚོའི་ཚོགས་མི་རེད། གལ་ཏེ་སྐབས་དེར་གཞུང་གིས་མ་དྲང་བའི་སྒོ་ནས་ཁྲིམས་སྒྲིག་དང་མི་མཐུན་པའི་ཐག་གཅོད་གནང་ཡོད་ན་ང་ཚོས་འདི་ལས་ལྷག་པའི་རྒྱབ་སྐྱོར་བྱས་ཡོད་ངེས་ཡིན། ཁུག་རྟ་ལགས་དེ་དང་མི་འདྲ་བར་ད་དུང་བཀའ་ཁྲི་དང་བཀའ་བློན་རྣམ་པའི་མདུན་ལ་ཕར་བཅར་ནས་གང་ཞིག་མ་འགྲིགས་པར་དགོངས་སེལ་དང་གསལ་བཤད་ཀྱིས་ཟླ་དྲུག་གི་དུས་ཡུན་སྤྲད་ན་རང་བཞིན་གྱིས་དགོངས་པ་ཞུས་ཆོག་ཚུལ་ཡིག་ངག་གཉིས་ཐོག་ནས་ཞུས་ཀྱང་དགོངས་བཞེས་གནང་མི་འདུག དེ་ཁོ་གཉིས་ཀྱི་ཁྱད་པར་རེད།
བོད་ནང་ལ་ཡོད་པའི་ཆབ་སྲིད་བཙོན་པར་གྱུར་དང་འགྱུར་བཞིན་པའི་རྩོམ་པ་པོ་རྣམ་པར་དུས་ཐོག་ལ་གདུང་སེམས་མཉམ་སྐྱེད་དང་པེན་ཨ་མ་སོགས་ལ་གནས་ཚུལ་མཁོ་འདོན། ཐེངས་འདིའི་ཚོགས་ཆེན་སྐབས་ཀྱང་གྲོས་ཆོད་བཞག་པས་མཚོན་གང་བྱེད་རྒྱུ་ཡོད་པ་དང་བྱེད་ཐུབ་པ་དེ་དག་བྱས་དང་བྱེད་ཀྱིན་ཡོད། བཙན་བྱོལ་ལ་ཡོད་པའི་རྩོམ་པ་པོ་དག་ལ་འདི་ལྟར་མི་འོས་པའམ་མ་དྲང་བའི་སྒོ་ནས་དཀའ་ངལ་རིགས་འཕྲད་ན་ང་ཚོས་ཐད་ཀར་རོགས་ཕན་གང་ནུས་རེ་བྱེད་དགོས་ངེས་རེད། ངས་ཁུག་རྟ་ལགས་ང་ཚོའི་བོད་མིའི་སྒྲིག་འཛུགས་ལ་ད་ལྟ་མི་མཁོ་ན་ཡང་ང་ཚོའི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ལ་མཁོ་གི་ཟེར་བ་ཡིན། དེ་བས་ཚོགས་པར་ཞུགས་རོགས་ཀྱི་འབོད་སྐུལ་ཞུས་པ་ཡིན། གཞན་ཁོང་གི་ཆབ་སྲིད་ལྟ་བ་དབུ་མའི་ལམ་རང་ཡིན་པས་ང་ཚོའོ་དབུ་མའི་ལམ་མི་མང་ལས་འགུལ་ཁང་ལ་རྩོམ་སྒྲིག་པ་ཞིག་ཀྱང་མཁོ་གིན་ཡོད་པས་ཁོང་བཞག་ན་ཁོང་དང་ང་ཚོ་གཉིས་ཕན་རེད་བསམ་པ་ཡིན། རྒྱ་སྐྱོར་འདི་ཙམ་ཞིག་བྱེད་དགོས་པའམ་འོས་པར་མཐོང་ཡོད།
༄༅། ། དཔལ་ལྡན་བཀའ་བློན་ཁྲི་པ་འབུམ་རམས་པ་སྐུ་ཞབས་བློ་བཟང་སེང་གེ་མཆོག་གི་དྲུང་དུ།
ཕྲན་ནས་ཉེ་སྔོན་དུས་བབ་དྲ་ངོས་སུ་༼ སེང་གེའི་བཀའ་ཤག་གི་མདུན་ལམ ༽་ཞེས་པའི་རྩོམ་ཡིག་ཅིག་སྤེལ་བ། རང་ངོས་ནས་ལྷག་བསམ་རྣམ་དག་གིས་ཆབ་སྲིད་དཔྱད་གཏམ་དུ་བྲིས་པ་ཉག་ཅིག་ཡིན་ཡང་། ལས་བྱེད་པའི་བླང་དོར་སྒྲིག་གཞི་དང་འགལ་འཛོལ་བྱུང་བའི་བཀའ་ཡིག་འབྱོར་སོང་བས། ཕྲན་རང་ལས་བྱེད་བླང་དོར་སྒྲིག་གཞིའི་ཐད་ཤེས་རྟོགས་གང་ཡང་མེད་པས་དེ་འགལ་རིགས་ལ་སྙིང་ནས་དགོངས་སེལ་ཞུ་རྒྱུ་ཡིན། དེ་བཞིན་རྩོམ་ཡིག་དེར་རང་གི་བློ་མིག་ཉམས་ཆུང་གིས་མ་མཐོང་མ་རྟོགས་པའི་ཆ་ཤིན་ཏུ་མང་བ་ཆོས་ཉིད་དུ་གྲུབ་ཀྱང་། ཀུན་སློང་དང་དམིགས་ཡུལ་གཙང་མ་གཙང་རྐྱང་ཡིན་པའང་དོ་གལ་ཆེན་པོས་ཞུ་བཞིན་ཡོད།
ཕྲན་ནས་བྲིས་པའི་དཔྱད་གཏམ་རིགས་ལ་བཙན་བྱོལ་བོད་མིའི་ནང་དོ་སྣང་དམིགས་བསལ་འདུག་པས། ཕྲན་ནས་རྩོམ་ཡིག་དེ་འབྲེལ་གྱི་དགོངས་སེལ་ཡང་རྒྱ་ཁྱབ་ཡོངས་གྲགས་ཀྱིས་ཞུ་དགོས་ཀྱང་བརྒྱུད་ལམ་ཁག་སྤྱད་ནས་ཞུ་ངེས་ཡིན། མདོ་དོན་ཕ་ཡུལ་ཕ་མ་རྒྱབ་ཏུ་བསྐྱུར་བ་དང་། ༧གོང་ས་མཆོག་དང་རང་གཞུང་བཀའ་དྲིན་གསབ་ཐབས་མེད་པ་ཡིན་པས། རང་གིས་ཀྱང་གང་ཡོང་རྒྱ་ནག་གཞུང་གི་བསྙོན་འཛུགས་ལ་དུས་ལྟར་ལན་འདེབས་དང་། རྒྱ་ནག་དང་ཨེ་ཤ་ཡའི་མ་འོངས་པ་དང་བོད་ཀྱི་གནས་བབ་སྐོར་གང་ཐུབ་ཀྱིས་ཉམས་ཞིབ་བྱེད་ཁུལ་སོགས། སྒོ་གང་ས་ནས་དུས་ཚོད་དབྱེར་མེད་ཀྱིས་ལས་དོན་ཧུར་ཐག་བྱེད་བཞིན་ཡོད་པ་དང་། རྒྱ་ཕྱོགས་ནས་ཀྱང་བོད་དུ་གཉེན་འཕྲད་བསྐྱོད་པའི་ཆོས་འཕེལ་ལགས་སུ་རེབ་གོང་གི་གདུགས་དཀར་ཚེ་རིང་དང་། ཕྲན་གྱི་པར་དང་ལོ་རྒྱུས་བཅས་བརྗོད་ནས་རྗེས་མར་ལན་འདེབས་ཚོགས་ཚུང་གི་ལས་ཀ་བྱས་ཚེ་ཕ་ཡུལ་དུ་ཡོང་བའི་རེ་བ་མ་བཅངས་ཞེས་འཇིགས་སྐུལ་ཀྱང་སླེབས་འདུག་པས། ཕྲན་གྱི་གནས་སྟངས་ངོ་མ་དང་དམིགས་ཡུལ་དངོས་གནས་བ་དེའང་ལས་གནས་འདི་བརྒྱུད་རང་གི་རྒྱལ་ཁབ་ཀྱི་བདག་དབང་ཤོར་བའི་ཉག་ཕྲ་བའི་སྐབས་འདིར་སྲི་ཞུ་སྒྲུབ་རྒྱུ་ལས་གཞན་མེད། བོད་ནང་དུའང་ལན་འདེབས་ཚོགས་ཆུང་གི་དྲ་བ་གསང་སྟབས་ཀྱིས་ཟི་ལིང་དང་རེབ་གོང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་སུ་གཟིགས་ཐུབ་ཀྱི་ཡོད་པ་ཞིབ་འཇུག་བྱས་ན་ཤེས་ཐུབ། གནད་དོན་དེ་དག་ལ་དགོངས་བཞེས་ཀྱིས་གུས་བ་མུ་མཐུད་ལས་གནས་འདི་བརྒྱུད་བོད་ཀྱི་བསྟན་སྲིད་ལ་སྲི་ཞུ་སྒྲུབ་རྒྱུའི་གོ་སྐབས་གནང་སྐྱོང་ཡོང་བ་དང་། གལ་སྲིད་དགོངས་བཞེས་གནང་ཐབས་མེད་པར་གྱུར་ན། དུས་ཡུན་ཟླ་དྲུག་གི་དུས་ཚོད་བསྩོལ་གནང་ཡོང་བ་དང་། དེའི་བར་ཕྲན་ནས་བཀྲ་ཤིས་ལོ་ལེགས་ངང་སྦྱོར་དངོས་རྗེས་གསུམ་གཙང་བའི་ཐོག་དགོངས་ཞུ་ཕུལ་ངེས་ཡིན། རྩོམ་ཡིག་དེ་དང་འབྲེལ་བའི་རྙོག་འགལ་གང་བྱུང་ལ་བསྐྱར་དུ་སྙིང་དབུས་ནས་དགོངས་སེལ་ཞུ་རྒྱུ་ཡིན་ན་ཅི་ནས་ཀྱང་དགོངས་བཞེས་གནང་རྒྱུ་མཁྱེན་མཁྱེན་མཁྱེན་ཞུ།། །།
རྩོམ་པ་པོ་བློ་བཟང་ཆོས་འབྱོར་གྱིས།
༢༠༡༡། ༡༠། ༡༣།
ངོ་བཤུས། ཆོས་རིག་བཀའ་བློན། ནང་སྲིད་བཀའ་བློན། དཔལ་འབྱོར་བཀའ་བློན། བདེ་སྲུང་བཀའ་བློན། ཕྱི་དྲིལ་བཀའ་བློན། འཕྲོད་བསྟེན་བཀའ་བློན། ལན་འདེབས་ཚོགས་ཆུང་གི་ཚོགས་གཙོ།
འདི་ཁུག་རྟ་ལགས་ནས་བདག་ལ་བསྐུར་བའི་མ་ཡིག་དངོས་ཡིན།
གལ་ཏེ་བཀའ་ཁྱབ་ངོ་མ་ཡང་དགོས་ན། དོ་བདག་རང་ཉིད་ཀྱིས་འདིར་འཇོག་རོགས།
ད་ངོ་མ་སྐྲག་ནི་ཞིག་རེད། ཉིན་ཞིག་ལ་ཟ་ཟུར་གང་རུང་ཞིག་གི་མགོ་ཐོག་ལ་ཅིག་བུད་ལོས་ཡོང་འདོད། ད་ནས་རང་མིང་གསང་ན་དགའ་ས་རེད།
ད་རང་མདོག་གསལ་བོ་བསྟན་འདུག ང་ཚོས་ཐོག་མར་བློ་སེང་ཁོང་གངས་ཀྱི་སེངྒེ་ཞིག་ཏུ་རེ་མོད། ད་ཡིན་ན་ཁྱི་ལི་ཞིག་ཡིན་པ་ངེས་པ་གཏིང་ནས་རྙེད་སོང་། ད་ལྟ་ང་ཚོའི་མིག་མདུན་དུ་རྒྱུས་བཞིན་པ་ནི་བོད་ནང་གི་ཚ་ཚ་འུར་འུར་གྱི་གནས་སྟངས་འདི་རེད། འདིའི་ཚ་རླབས་མ་ཡལ་གོང་དགྲ་ཕྱི་ལ་ཐབས་ཇུས་འདིང་རྒྱུ་ལས། སྐེ་ནང་ནས་གཅོད་པའི་བྱེད་སྟངས་འདི་ཅི་འདྲའི་དགྲ་དགའ་གཉེན་སྡུག་ཅིག་ཨང་། བློ་གཟུར་བོར་གནས་པའི་བོད་ཕྱི་ནང་གི་ཤེས་ལྡན་པ་ཇི་འདྲའི་མང་པོ་ཞིག་ཞེ་མི་ཁྲལ་ལམ། བྱེད་སྟངས་འདིས་བོད་ཀྱི་ལོ་རྒྱུས་ཁྲོད་མི་ལོ་ཉིས་སྟོང་ལྷག་གི་སྲིད་དབང་ལམ་ལུགས་ཤིག་དུས་རབས་ཉེར་གཅིག་པའི་དུས་མགོར་འདི་ལ། དམངས་
གཙོའི་ལམ་དུ་ཕྱོགས་ཏེ་གོམ་པ་གཉིས་པར་མི་དམངས་ཀྱིས་ཐད་ཀར་དམངས་གཙོའི་འོས་འདེམས་ནས་རྙེད་པའི་གཞོན་སྐྱེས་མགོ་ཁྲིད་ཅིག་གིས་སྨྲ་བརྗོད་རང་དབང་བཀག་པའི་ལོ་རྒྱུས་ཐོག་མ་དེ་ཆགས་ཡོད་ལ། ཧ་ཝ་ཌེ་གཙུག་ལག་སློབ་གྲྭ་ནས་སློབ་དཔོན་གོ་མིང་ཐོག་རྒྱལ་སྤྱིའི་ཁྲིམས་ལུགས་དང་། རྒྱ་ནག་ཁྲིམས་ལུགས། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་སྐོར་ལ་ཁྲིམས་ལུགས་ཆེད་མཁས་ཀྱི་མཚན་གནས་ཡོད་པའི་བོད་མི་ཞིག་གིས་ཁྲིམས་
ལུགས་རིག་པ་དང་། འགྲོ་བ་མིའི་རྩ་དོན་རང་བཞིན་ལ་སློབ་སྦྱོང་བྱས་པའི་གྲུབ་འབྲས་མངོན་སྟངས་ཐོག་མ་
དེ་ཡང་རེད། འདི་ནི་ཉམས་མྱོང་མེད་པའི་གཞོན་སྐྱེས་མགོ་གཙོ་ཞིག་གི་གླེན་རྟགས་ཡིན་པ་མ་ཟད། རང་གི་ནང་སྙིང་ཚང་མ་གཞན་གྱི་ཟེར་སྒྲོས་ལ་བརྟེན་ཅིང་། ཟེར་སྒྲོས་དེས་རང་སྐེ་གཅོད་པའི་ཞགས་པ་ཞིག་ཏུ་གྱུར་པའང་ཤེས་ཀྱིན་མེད་པའི་གཞོན་སྐྱེས་མགོ་ཁྲིད་ཅིག་གི་རྫོབ་རྟགས་དེ་ཡང་ཡིན་པས། བོད་ནང་གི་ཛ་དྲག་གི་གྲིབ་གཟུགས་འདི་རྗེས་ནས། ཆོལ་ཁ་དང་ཆོས་ལུགས་འཐེན་འཁྱེར་གྱི་དྲི་མས་མ་གོས་པའི་བོད་མི་ཤེས་ལྡན་པ་རྣམས་ཀྱིས་གནད་དོན་འདིའི་ཐད་ངེས་པར་འགན་འཁྱེར་བའི་ཁ་ཞིག་གྲག་དགོས་ལ། དེ་ཡང་དོན་གྱིས་བོད་མིའི་རྩ་དོན་གྱི་འགག་ས་ཞིག་ཡིན་པ་ཡང་མཁྱེན་ཆུབ་དགོས། གཉེན་ཟུར་ཕུད་དང་དགྲ་པང་ལེན་གྱི་བྱེད་ཐབས་འདི་རྒྱ་གཞུང་སྒེར་གཅོད་པ་ལས་ཀྱང་ཆེས་ཆེར་མི་སྡུག་གམ།
རྒན་ལྷ་མོ་སྐྱབས་ཀྱིས་གནས་ཚུལ་ཞིབ་ཕྲ་བཤད་པར་ཐུགས་རྗེ་ཞུ་བ་དང་ཆབས་ཅིག རྩོམ་པ་པོ་མཐུན་
ཚོགས་ཀྱི་ཚོགས་གཙོ་ཞིག་གིས་རང་ཉིད་ལ་རང་བཞིན་གྱིས་འཁྲི་བའི་འགན་ ཞིག་ཡོད་པ་དེ་ཡང་འཁྱེར་
ཐུབ་འདུག ཡག་བྱུང་ཞེས་ཞུ་རྒྱུ་ཡིན།
ཡར་སྐོར་མར་སྐོར་མེད་པར་ཐད་ཀ་ཐད་སོ་ནས་བཤད་པ་ཡིན་ན། ཤར་ཕྱོགས་ཁུག་རྟ་ནི་གཞུང་ཞབས་སྲི་ཞུ་ལས་བྱེད་མ་རེད། རང་ཁོངས་ལས་བྱེད་ཀྱང་མ་རེད། ཆོད་གན་ལས་བྱེད་ཀྱང་མ་རེད། ཡིན་ངོ་མ་ཉིན་རེར་གླ་ཕོགས་སྤྲོད་པའི་ཉིན་གླའི་གླ་བ་ཞིག་རེད། གླ་བ་ཞིག་ལ་དེ་རིང་ནས་གླ་ལས་བྱེད་མི་དགོས་ལབ་པ་ཡིན་ན།་དེ་ག་རང་གིས་ཐག་ཆོད་འགྲོ་གི་ཡོད་པ་རེད། ཡིན་ནའང་། ཤར་ཁུག་གིས་བཀའ་ཁྲི་དང་བཀའ་ཤག་ལ་ལྟ་ཚུལ་གང་ཡོད་གསལ་འདོན་བྱས་པ་དེ་ཕོག་ཐུག་གི་གཞིར་གྱུར་པ་ཡིན་སྟབས། འབྲེལ་བ་ཡོད་མེད་ལ་མ་ལྟོས་པར་ལས་བྱེད་ཀྱི་བླང་དོར་སྒྲིག་གཞི་འཁྱེར་ཡོང་ནས་མགོ་གནོན་ཐབས་བྱས་པ་གསལ་པོ་རེད།
ལས་བྱེད་བླང་དོར་སྒྲིག་གཞི་འཁྱེར་ཡོང་ནས་ཐག་གཅོད་བྱེད་སྟངས་ལ་བལྟས་ན། ཤར་ཁུག་ལ་ལས་བྱེད་སྤྱི་མཚུངས་ཀྱི་ཐོབ་ཐང་དང་ཕོགས་ཐོབ་སོགས་དམིགས་བསལ་སྤྲད་ཡོད་པ་འདྲ་ཞིག་རེད། དེ་མེད་པ་ཞིག་ལ་བཀའ་ཁྲི་དང་བཀའ་ཤག་གིས་ཐག་གཅོད་འདི་གནང་ཤེས་ཐབས་མེད་པ་ཞིག་རེད། ཡིན་ནའང་། ཤར་ཁུག་གིས་སྙན་ཞུ་ཕུལ་བའི་ནང་། ལས་བྱེད་སྒྲིག་གཞིའི་སྐོར་ཤེས་རྟོགས་གང་ཡང་མེད་ཅེས་བཀོད་པར་བལྟས་ན། ལས་བྱེད་ཀྱི་ཁོངས་གཏོགས་ཡིན་པའི་ཚོར་སྣང་ཙམ་ཡང་མེད་ཐག་ཆོད་རེད། གནད་འགག་འདི་ན་འདུག འདི་ན་མདུད་པ་གང་ཡོད་པ་དེ་བཤིག་བཀྲོལ་བྱས་པ་ཡིན་ན། གནད་དོན་འདི་གསལ་པོ་ཆགས་ཀྱི་རེད།
ལ་ལ་ཞིག་གིས། གོ་ཚོད་ལ་ཟེར་བ་དང་་་བསམ་ཚོད་ལ་་་སོགས་ཚོད་དཔག་ཙམ་གྱིས་ཐག་གཅོད་རང་བཞིན་གྱི་སྐད་ཆ་ཤོད་ཀྱིན་པ་དང། དཀྲུག་ཤོིང་པ་དང་སོ་མྱུལ་བ་ཟེར་བའི་ཐལ་ཆ་ཅན་གྱི་ཐ སྙད་ཙམ་རེ་བཀོལ་ནས་གཤེ་བ་འདི་དག་ངོ་མ་སྙིང་རྗེ་བ་ཞིག་རེད། དོན་རྡོག་རྡོག་དེ་་་སེང་གེ་བཀའ་ཤག་གི་མདུན་ལམ་ཞེས་པའི་རྩོམ་ཡིག་དེ་རང་ལ་སྐྱོན་ཡོན་གང་འདུག་ལེགས་པར་དཔྱད་དགོས་པ་དང་་་ཁུག་རྟ་ལས་དབྱུང་བཏང་བ་འདི་འོས་དང་མི་འོས་ཚུལ་ལ་གནས་ལུགས་རེ་བཤད་རྒྱུ་ཡོད་ན་འདི་ན་མིག་ཅེར་ནས་བསྡད་ཡོད།
རྒན་ལྷ་མོ་སྐྱབས་ལགས་ནས་རང་འགན་ངོ་ལྐོག་རྒྱབ་མདུན་མེད་པར་སྒྲུབ་པ་དང་། བཤད་ཕོད་པ་དང་སྒྲུབ་ཕོད་པ། བོད་ཀྱི་སྐད་ཡིག་རིག་གནས་ལ་འགན་ཁུར་བླ་ལྷག་ཏུ་ཁྱེར་ནས་འདི་ལྟར་རང་དོན་རང་ཁེ་སྤངས་ནས་སླེབས་པ་འདི་ནི་མཆོག་ཏུ་གྱུར་བའི་མི་བུ་ལྒལ་ཚུགས་ཅན་གྱི་གཤིས་སྤྱོད་རེད་འདུག་པས། ཁྱེད་སྙིང་སྟོབས་དང་གསལ་བཤད། འགན་ཁུར་འདིས་བོད་མི་རྣམས་ལ་མིག་དཔེ་བླ་ན་མེད་པ་བཞག་འདུག་པས། ངས་རྒན་ལགས་ཁོང་ལ་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ཤར་ཕྱོགས་ཁུག་རྟ་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན།
ཤར་ཕྱོགས་ཁུག་རྟའི་འཕུར་ལམ་བཀག་པ་འདི་ལ་གནས་ལུགས་དང་རྒྱུ་མཚན་ཡོད་མེད་ཀྱི་སྐད་ཆ་ཡོད་པ་མ་རེད། ཁྱོད་ཀྱིས་ང་ལ་ཕོག་ཐུག་གཏོང་ན། ངས་འདི་ལྟར་བྱེད་པ་ཡིན་ཞེས་པའི་དོན་རེད། དབང་ཆ་ཡོད་མེད་ཀྱི་སྐད་ཆ་རེད། དེའི་ཕན་ན་གནས་ལུགས་ཟེར་ནས་འདེད་ས་ཞིག་ཡོད་པར་མཐོང་མ་སོང་། ཤར་ཕྱོགས་ཁུག་རྟ་ལགས་ནི་རྩོམ་པ་པོ་ཞིག་ཡིན་པ་དེའི་ཕན་ནས་གང་ཡང་མ་རེད། ཤེས་ཡོན་པ་གསོ་སྐྱོང་བྱེད་ཀྱི་ཡིན་ཟེར་གྱིན་ཟེར་གྱིན་ལ། རྒྱད་ཕུད་གཏོང་ཐབས་བྱེད་ཀྱི་འདུག ད་རེས་ཀྱི་བཀའ་ཤག་འདིས་གོམ་པ་དང་པོ་སྤོ་སྟངས་འདི་འཇིགས་ཡེ་རེ་བ་ཞིག་འདུག
ཡིན་ན་ཡང་ཆབ་བྲག་ཁྱེད་ཀྱིས་ཅི་ཞིག་བྱ་བཞིན་པ་ཤེས་སམ། བོད་ནང་དུ་མེ་ལྕེ་གཙོས་པའི་རྩོམ་པ་པོ་ཚོ་རེ་རེ་བཞིན་གར་སོང་ཆ་མེད་དང་ཉེས་མེད་བཙོན་དུ་བཅུག་སྐབས། ཁྱེད་ཚོས་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་སོགས་ལ་རྩོམ་པ་པོའི་འགན་འཁྲི་དང་རྩོམ་པ་པོའི་རང་དབང་ཐད་ལ་འབོད་སྐུལ་དང་གསལ་འགོད་གསལ་བསྒྲགས་ཀྱི་སྐད་གཅིག་ཀྱང་བཤད་མྱོང་ངམ། རྩོམ་པ་པོའི་མཐུན་ཚོགས་ཀྱིས་མིང་ཁྱེར་ཡོང་ནས་ནང་མིའི་གནད་དོན་ཐད་ལ་གེར་ལངས་ལངས་བྱེད་ན་དེ་ལ་ང་ཚོས་དོགས་པ་རྣམ་རྟོག་ཟ་མི་ཆོག་གང་ཡོད་ན།
ཡང་ཤར་ཕྱོགས་ཁུག་རྟ་ཞེས་པ་དེ་ཐེངས་འདིར་ལས་ཀའི་དུན་ཡུན་ལོ་གཉིས་ཀྱི་གན་རྒྱ་ཡིག་ཆ་རྫོགས་པ་རེད་དམ། ཡང་ན་བཀའ་འཁྲི་ལག་ཏུ་བླངས་པའི་རྩོམ་ཡིག་དེའི་ཆེད་དུ་ཡིན་མིན་ང་ཚོས་ཡུན་གྱིས་གསལ་བོ་བཟོ་ཆོག་ལ། ལྷག་པར་དུ་ཆབ་བྲག་ལྷ་མོ་སྐྱབས་ཁྱེད་རང་ལ་སྤྱི་ཚོགས་ཁྲོད་དུ་མི་དྲང་པོ་ཞིག་ཡིན་པའི་གུས་བརྩི་ཡོད་པ་དེ་བེད་སྤྱོད་བཏང་ནས་རྩོམ་པ་པོ་ལྷན་ཚོགས་ཀྱི་མིང་ཁུར་ནས་ལ་བཤད་ལུང་བཤད་བྱེད་ན་དེ་རན་པོ་རེད་དམ། ཁྱེད་མི་སྒེར་བའི་ངོས་ནས་ཅི་ཞིག་བཤད་ཀྱང་འགྲིག ཡིན་ཡང་མི་མང་གིས་བརྩི་བཀུར་བེད་སྤྱོད་བཏང་ནས་ཤར་ཕྱོགས་ཁུག་རྟའི་རྒྱབ་ལངས་མ་བྱེད་རོགས། དེ་ལས་ཀྱང་གལ་ཆེ་བ་ནི་ཁྱེད་ཀྱིས་ཤར་པྱོགས་ཁུག་རྟའི་སྐད་ཆ་ལས་གཞན་གནས་ཚུལ་གྱི་མགོ་ཁུངས་ལ་དཔྱད་པ་བྱེད་ཡོད་དམ། དེ་ལ་བསམ་བློ་ནན་ཏན་གྱིས་གཏོང་རོགས།
འདི་ནི་རྒན་ལྷ་མོས་རྫིག་རྫིག་བཏང་བ་ཞིག་མ་རེད། འདི་ནི་བོད་མི་ཤེས་ཡོན་པ་ཞིག་དང་། ལྷག་བསམ་ཅན་ཞིག དགེ་རྒན་རྙིང་བ་ཞིག བོད་མི་དམངས་སྤྱི་ཟུར་ཞིག་གིས་ངོས་ནས་དྲང་ཚུགས་ཀྱིས་
གནས་ཚུལ་སྤེལ་བ་ཙམ་རེད། སྒེར་གཅོད་པ་དང་སྨྲ་བརྗོད་རང་དབང་འགོག་མཁན་གང་དུ་ཡོད་ན། གཅིག་མཚུངས་ཡིན། ད་ལྟ་ང་ཚོས་ཤར་ཁུག་གླེང་ན་འདྲ། མེ་ལྕེ་གླེང་ན་འདྲ། གཉིས་ཀ་གླེང་གཞི་གཅིག་ཡིན་པ་ལས་གཅིག་བོར་ནས་གཅིག་སྒྲུག་ས་ཞིག་མེད། མེ་ལྕེ་དང་ཤར་ཁུག་གཉིས་ཀ་བོད་མིའི་རྩ་དོན་གླེང་མཁན་
རེད། ཁོང་གཉིས་ཀྱི་གླེང་གཞི་ནང་རིས་སུ་མ་བོར་བའི་ཁྱོད་དང་ང་སྟེ་བོད་མི་རིགས་ཚང་མའི་ལས་དབང་ཚུད་ཡོད། སྨྲ་བརྗོད་རང་དབང་ལ་ཚོད་འཛིན་ཐེབས་པའི་དཔྱད་བརྗོད་པ་འདི་གཉིས་ལས་སྒེར་གཅོད་སྔ་བ་དེ་ཤར་ཁུག་ལ་བྱུང་། དེ་གླེང་གཞི་མགོ་འཛུགས་བཞིན་པའི་མུར་ལ་དུམ་སེ་བཅད་དེ་མེ་ལྕེ་གླེང་གཞི་སྟེང་མཆོང་རྒྱག་བྱེད་ས་མི་འགྲོ། རྩོམ་པ་པོ་ཚད་ལྡན་ཞིག་ཡིན་ཚེ་རང་གི་ཐོག་མར་གང་ཞིག་གླེང་ཡོད་ན། དེའི་མཇུག་
མཐའ་འཁྱོལ་པ་སྐྱེལ་རྒྱུ་ཡང་གཟུར་གནས་ཀྱི་ཤེས་ཡོན་པ་མཚན་ཉིད་པ་དག་གི་དམ་ཚིག་ཅིག་རེད།
རྒན་ལྷ་མོ་སྐྱབས་ལགས་ནི་དངོས་གནས་མི་ཚེ་གང་བོར་རྩོམ་རིག་རིགས་གཞུང་གི་དོན་དུ་བསྔོས་པའི་བཙན་བྱོལ་ནང་གི་ཤེས་མྱོང་རྒན་རབས་པ་ཡིན་པས། ཁོང་གིས་རང་གི་མི་ཚེ་འདི་ལྟར་བོད་ཀྱི་རིག་གནས་འབྲེལ་བའི་ལས་དོན་ཐོག་ཕངས་མེད་གཏོང་བ་ནི་བསམ་བློ་གཏོང་ཤེས་མཁན་ཞིག་དང་། མིག་ཡོད་མཁན་ཞིག ཡང་ན་བོད་མི་ཚད་ལྡན་ཞིག་གིས་གསལ་མཁྱེན་ཡིན་པས། བསམ་བཞིན་དཀྲུག་ཤིང་རྒྱག་པ་རེ་ཟུང་གི་མིག་ཚ་ནས་སྐུར་བ་འདེབས་པ་ནི་དངོས་གནས་སྙིང་རྗེ་བ་རང་རེད་འདུག་པས། ཁོང་ཚོར་ཡ་ལན་གང་ཡང་མ་བྱས་ན་དགའ་ནི། གཙོ་བོ་ང་ཚོས སེང་གེའི་བཀའ་ཤག་གི་མདུན་ལམ་ཟེར་བའི་རྩོམ་ཡིག་དེ་དང་འབྲེལ་ནས་གླེང་དགོས་པ་རེད།
ཚང་མ་ཐང་ཆད་ཡོད་རྒྱུ་རེད། འདི་ན་ལྟ་རྒྱུ་ཞིག་འདུག http://www.tibettimes.net/news.php?cat=34&&id=2949
ཆབ་བྲག་ལྷ་མོ་སྐྱབས་མཆོག་གི་བྱས་པ་ལ་རྗེས་སུ་ཡི་རངས་ཞུ། དུས་ཐོག་ཆར་བ་རེད། རང་གི་ཡུམ་སྐད་ཀྱིས་རྩོམ་ཡིག་འབྲི་མཁན་ཞིག་ལ་དཀའ་ངལ་འཕྲད་ཚེ། དེ་ལ་གདུང་སེམས་མཉམ་བསྐྱེད་དང་རོགས་འདེགས་གང་ཐུབ་གནང་རྒྱུ་ནི་རྩོམ་རིག་ཚོགས་པའི་འགན་འཛིན་ཞིག་གི་ཕྲག་ཏུ་བབས་པའི་ལས་འགན་རེད། ལས་འགན་འདི་སྐུ་ཉིད་ཀྱིས་ཁ་ཞེ་གཉིས་མེད་ཀྱིས་བསྣབས་འདུག་པས། ཡིད་ཆེས་གཙང་མའི་ངང་རྒྱབ་སྐྱོར་ཞུ།
གུས་པས་སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་ནི་དམངས་གཙོ་ལ་ཁ་ཕྱོགས་པའི་མི་རིགས་སམ་རྒྱལ་ཁྱབ་ཅིག་ཡིན་པའི་ཆ་ནས་མང་གཙོའི་ལམ་ལུགས་ལ་འབྲེལ་བ་ཡོད་པ་ཞིག་དང་། ང་ཚོ་རྩོམ་པ་པོ་ཞིག་ཡིན་པའི་ངོས་ནས་རྩོམ་འབྲིའི་རང་དབང་ལ་འབྲེལ་བ་ཡོད་པའི་གནད་དོན་འགངས་ཆེན་ཞིག་ཡིན་པས་ཅི་ནས་ཀྱང་བདེན་པ་དང་གནས་ལུགས་བདར་ནས་ཐག་གཅོད་དགོས་པ་ཞིག་ཅི་ལ་མིན། མི་སྒེར་གྱི་གནད་དོན་དང་འཁོན་འཛིན་སེམས་ལ་བཅངས་ཏེ་མ་བརྟག་མ་དཔྱད་པར་བྱུང་རྒྱལ་དུ་སྨྲ་བ་ནི་ཁྱོན་ནས་ཡག་པོ་མཐོང་མ་སོང་། སྐབས་འདིར་ཤར་ཕྱོགས་ཁུག་རྟ་མི་ཇི་འདྲ་ཞིག་ཡིན་མིན་གཙོ་བོ་མིན་ལ། གཙོ་བོ་ནང་གི་གཙོ་བོ་ནི་ང་ཚོས་ནམ་རྒྱུན་དམངས་གཙོ་དང་རང་དབང་ཞེས་པའི་མིང་ཚིག་འདི་ཁ་ནས་མ་ཎི་བཞིན་ཟློ་བ་ལས། དོན་དམ་དུ་ལག་སྙོབ་ཐེངས་གཅིག་བྱས་ན་ཤེས་ཡོན་པ་ཞིག་གིས་རང་ཉིད་ཀྱི་ཕྲག་སྟེང་དུ་བབ་པའི་འགན་འཁྲི་དང་དུ་བླངས་པའི་དྲི་རྟགས་གསལ་བོ་ཞིག་མ་ཡིན་ནམ། ཚད་ལྡན་གྱི་དམངས་གཙོ་ཞིག་ཡིན་ན”སྲིད་ཚོགས་འཛུགས་རྒྱུ། འོས་འདེམས་བྱེད་པ། འོས་ཤོག་གི་འགྲན་རྩོད་བྱེད་པ། སྲིད་དོན་དཔྱད་བརྗོད་སྤེལ་བ། འདུ་འཛོམས་ལ་ཞུགས་པ་དང་ངོ་རྒོལ་རྔམ་སྟོན་བྱེད་པ་སོགས་དུ་མ་ཡོད། གལ་ཏེ་སྤྱི་དམངས་རྣམས་རང་དབང་གི་སྲིད་དོན་ལ་ཞུགས་མི་ཆོག་ན། དམངས་གཙོའི་སྲིད་ལུགས་ཞེས་སྨྲས་ཀྱང་སྟོང་ལབ་ཁོ་ན་ལས་ཅི་ཡང་མ་ཡིན་ནོ”ཞེས་གསུངས་པ་དེ་བདེན་པ་མ་ཡིན་ནམ། རང་ཉིད་ཀྱི་ངོས་ནས་དངོས་ཤུགས་བརྒྱུད་གསུམ་ནས་ཚོར་བ་དྲག་པོའི་སྒོ་ནས་རྒྱབ་སྐྱོར་ཞུ་རྒྱུ་ཡིན།
དགེན་ལྷ་མོ་ལགས། ཤར་ཕྱོགས་ཁུག་རྟ་ཟེར་བ་འདི་སུ་འདྲ་ཞིག་ཡིན་ནམ། ཁོང་ངོ་མ་རྩོམ་པ་པོ་ཞིག་རེད་དམ། ང་དང་ང་འདྲ་བའི་དགེ་ཕྲུག་ཐ་ཤལ་རིགས་ཤིག་གི་མཐོང་ཐོས་འདོད་པ་ནི་ཤར་ཕྱོགས་ཁུག་རྟ་ཟེར་བ་འདི་སུ་རེད་ཅེས་པའི་དྲི་བ་འདི་ཡིན། གལ་ཏེ་བྱུང་ན་ཁོང་གི་བརྩམས་ཆོས་ཤིག་དང་ཡང་རྩོམ་པོ་གང་དེ་མཚམས་སྦྱོར་ཙམ་གནང་ཐུབ་ན་ཨེ་འགྲིགས།
སེངྒེ་བཀའ་ཤག་གིས་ཤར་ཕྱོགས་ཁུག་རྟའི་རྩོམ་ཡིག་དེ་དེ་འདྲའི་ཉེན་ཁ་ཆེན་པོ་ཞིག་ཏུ་ཇི་ལྟར་མཐོང་སོང་། ཕྱིར་འབུད་བྱེད་དགོས་པའི་དོན་ཚན་ཚབས་ཆེན་ཅི་ཞིག་འདུག འདི་ནི་སེངྒེ་བཀའ་ཤག་ལ་དྲིས་པའི་དྲི་བ་སྟབས་བདེ་ཞིག་ཡིན། གལ་སྲིད་དྲང་བདེན་གྱི་ཐག་གཅོད་བྱེད་ན་མཐོ་རིམ་མི་སྣའི་གྲས་ཀྱི་ཁ་རྒོད་ཅན་གྱི་མི་སྣ་དེ་དག་དང་དབྱིན་ཇིའི་ནང་རྩོམ་འབྲི་བྱེད་པའི་བོད་རིགས་དེ་དག་ལ་ཉེས་པ་ཅི་ཞིག་གཏོང་རྩིས་ཡོད། དེའི་སྐོར་ང་ཚོར་ཅིས་ཀྱང་ཁ་གསལ་དགོས། དེ་མིན་རྒྱབ་རྩ་མེད་པའི་གཉོམ་ཆུང་རང་དབང་ཅན་གྱི་རྩོམ་པ་པོ་རྣམས་ལ་འདི་ལྟ་བུའི་མནར་གཅོད་མི་གཏོང་བར་ཞུ། ང་ཚོ་ཉམ་ཆུང་རྩོམ་པ་པོ་ཚོས་རྒྱ་དམར་གྱི་མནར་གཅོད་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་མནར་གཅོད་མྱོང་དགོས་པ་སོགས་ས་ཆ་གང་དུ་བསྡད་ཀྱང་སྨྲ་བརྗོད་ཀྱི་རང་དབང་མེད་དགོས་དོན་ཅི།
དྲང་པོར་བཤད་ན། ངོས་རང་ཤར་ཕྱོགས་ཁུག་ལྟ་སྐོར་ལ་རྒྱུས་མངའ་དེ་ཙམ་མེད། སྤྱིར་ངོས་ནས་ཁོང་གི་རྩོམ་འགའ་ཞིག་སྔོན་མ་བཀླགས་མྱོང་། ཡིན་ན་ཡང་ཁོང་གི་རྒྱབ་ལྗོངས་ཀྱི་གནས་ཚུལ་མང་པོ་ཞིག་གསང་བ་རེད། སྦི་ར་སལ་སྐུ་ཚབ་གནས་དབྱུང་བ་ཐུབ་བསྟན་རྒྱ་མཚོ་དང་གཅིག་མཚུངས་རེད། བྱས་ཙང་། ད་ལྟའི་ཆར་གནས་དབྱུང་བཏང་བའི་རྒྱུ་མཚན་ནི་གཞུང་གི་སྒྲིག་གཞི་དང་འགལ་བ་ལ་ཐུག་ཡོད་པས་སྒྲིག་གཞི་ལྟར་ལག་ལེན་བསྟར་རྒྱུ་ལས་དེ་མིན་ཐབས་ཤེས་གཞན་མེད། གཞུང་གི་ལས་ཀ་དང་སྒྲིག་འགལ་གྱི་རིགས་གནས་དབྱུང་གཏང་ཆོག་པའི་དབང་ཚད་གཅིག་ཀྱང་བཀའ་ཁྲི་ལ་མེད་ན་ད་འོ་ན་བཀའ་ཁྲི་ཟེར་བ་དེ་མིང་ཙམ་ལས་གཞན་དུ་མེད་པར་གྱུར། སྤྱིར་ངོས་རང་སྔར་ཡིན་ན་ཆབ་བྲག་ལགས་ཀྱི་རྩོམ་ལ་དང་དོད་དང་དོ་སྣང་ཆེན་པོས་བཀླགས་དང་ཀློག་གིན་ཡོད། འོན་ཀྱང་། བར་སྐབས་ཤིག་ནས་ཁོང་གི་རྩོམ་རྣམས་ཀྱི་ནང་དོན་ལ་གསར་རྙིང་དབར་གྱི་ཕྱོགས་ལྷུང་དང་རང་ཕྱོགས་ལ་ཁུངས་མེད་ཀྱི་རྒྱབ་ལངས་བྱེད་པ་སོགས་ཀྱི་རྩོམ་མང་དག་གཅིག་ཐོན་པའི་རྐྱེན་གྱིས་ཁོང་གི་རྩོམ་གྱི་རིན་ཐང་ཇེ་ཆུང་ཇེ་ཆུང་དུ་འགྲོ་གིན་འདུག འདི་ནི་ང་ཙམ་མ་ཡིན་པར་མི་མང་པོ་ཞིག་ལ་ཡང་ཚོར་བ་དེ་ལྟར་ཡོང་གིན་ཡོད་པ་གསལ་པོ་རེད།
གནས་སྟངས་འདི་དངོས་གནས་སེམས་སྐྱོ་བོ་རེད། རྩོམ་པ་པོས་བོད་ནང་གི་རང་ལུས་མེར་སྲེག་ལ་བློས་མ་བཟོད་པར། སེང་གེའི་བཀའ་ཤག་ལ་ནག་འདེད་ཅིག་བྱས་འདུག་པར། སེང་གེའི་བཀའ་ཤག་གི་ཁ་རྒྱ་ནག་ལ་མི་གཏོད་པར། རང་གི་ལས་བྱེད་རྒྱང་ཕུད་གཏོང་བ་ནི་ཤིན་ཏུ་ནས་ངོ་ཚ་བོ་རེད། འདི་རྒྱ་ནག་གིས་གོ་ན་ངོ་རེ་ཚ། མ་གཞི་ནས་བྱ་སྤྱོད་འདི་འདྲ་སྟོན་རྒྱུའི་བློ་ཁོག་རྙེད་པ་ནི་ཡ་མཚན་རེད། ཡ་མཚན། ད་བོད་མི་མང་འདི་གང་དུ་འགྲོའམ།
ཆོས་འབྱོར་གྱི་སྙན་ཞུ་བཀླགས་རྗེས་སྙིང་རྗེ་བ་འདྲ་ཞིག་བྱུང་སོང་། རྩོམ་པ་པོ་ཞིག་ཡིན་ན་ཀླུ་མཁར་བྱམས་ལྟ་བུའི་སྙིང་སྟོབས་དགོས་པ་རེད། སོ་སོའི་སྐད་ཆར་བརྩི་བཀུར་དང་བཤད་ཚར་དེ་དག་གི་ཆེད་དུ་ལྐོག་སྐོམ་ཡིན་ནའང་མྱང་ཐུབ་དགོས་པ་རེད། ཁོང་གཉའ་སྒུར་སྒུར་ངང་ཞུས་པའི་སྙན་ཞུ་འདིའི་ཟུར་ནས་ཁོའི་སྒྱིད་པ་འདར་བཞིན་པའང་མཐོང་ཐུབ། གལ་སྲིད་ཆོས་འབྱོར་ལ་བདེན་པ་ཡོད་ན་མང་པོ་མང་པོ་ཞུ་དགོས་དོན་ག་རེ་འདུག འདིས་དོགས་པ་གཞན་པ་ཞིག་ཀྱང་སྐྱེས་སོང་།
རྒྱབ་སྐྱོར་བྱེད་འདོད་ཚེ་གནས་ལུགས་དང་རྒྱུ་མཚན་གྱི་ཐོག་ནས་བྱེད་དགོས་པ་རེད། ཚོར་བ་ལ་བརྟེན་ནས་རྒྱབ་སྐྱོར་བྱས་ཚེ་ཚོར་བ་བརླག་པ་དང་མཉམ་དུ་རྒྱབ་སྐྱོར་བརླག་པ་རེད། འོན་ཀྱང་ངས་བལྟས་མི་མང་པོ་ཞིག་གིས་རྒྱབ་སྐྱོར་བྱེད་ཀྱིན་པའི་རྣམ་འགྱུར་བསྟན་པ་འདི་ནི། རྒྱབ་སྐྱོར་མ་རེད། མདུན་ཁྲིད་རེད། དོ་བདག་གིས་ཅི་ཡང་བཤད་ཀི་མི་འདུག རྒྱབ་སྐྱོར་ལབ་ན་དོ་བདག་གི་རྗེས་སུ་བསྡད་ནས་བྱ་རྒྱུ་ཞིག་རེད། དོ་བདག་གི་སྔོན་ལ་འབུད་རྒྱུ་ཞིག་མ་རེད། གལ་སྲིད་ཡིན་ན་དེ་ལ་རྒྱབ་སྐྱོར་ཟེར་བ་མ་རེད།
སྟག་ལྷ་དང་བསྟན་འཛིན་བསམ་གཏན་སོགས་མཆན་འདེབས་པ་གསུམ་བཞི་ཞིག་གིས་ཤར་ཕྱོགས་ཁུག་རྟ་ལགས་ལ་ཉེས་སྐྱོན་ཆེན་པོ་གཞན་ཞིག་ཡོད་མདོག་མདོག་གི་རྣམ་འགྱུར་ཙམ་རེ་བསྟན་པ་འདིས་གོ་ཅི་ཡང་མི་ཆོད། སྤྱིར་ན་མི་སྐྱོན་མེད་འཛམ་བུ་གླིང་ན་མེད་ཟེར་བ་བཞིན་ཁོང་ལ་ཡང་ཞན་ཆ་དང་མ་འདང་ས་མི་འོས་ས་ཅི་རིགས་ཡོད་རྒྱུ་རེད་དེ། ཁྱེད་ཅག་ལ་དེ་ཙམ་ལས་ལྷག་པའི་ཉེས་སྐྱོན་ཆེན་པོ་རེ་གླེང་རྒྱུ་ཡོད་ན་ཚང་མས་མཐོང་ས་འདིར་འབྲི་རོགས། གལ་ཏེ་འབྲི་རྒྱུ་མེད་ཚེ་མ་དགའ་ཕྱོགས་ལྷུང་གི་རྣམ་འགྱུར་ཙམ་དུ་ངོས་མི་འཛིན་ཀ་མེད་རེད།
གོང་དུ་དྲ་གྲོགས་མང་པོ་ཞིག་གིས་ཡང་དང་བསྐྱར་དུ་བསམ་འཆར་གསལ་འདོན་གནང་བར་དགའ་བོ་བྱུང། འདིར་གསལ་བཤད་ཅུང་བྱེད་འདོད་པ་ཞིག་ལ། གནད་དོན་འདི་ཉིད་ཀྱིས་རྐྱེན་བྱས་ཏེ་བཀའ་ཁྲིའི་ཡོད་ཚད་ལ་སྐྱོན་འཛུགས་སམ་དམའ་འབེབས་བྱེད་པར་མི་རིགས་ལ། སེམས་ཤུགས་དེ་བས་ཀྱང་ཆག་ན་མི་འོས། ཁོང་གིས་དགོངས་བཞེས་མ་ཐུབ་པའམ་ཉམས་མྱོང་གིས་མ་འདང་བའི་ནོར་འཁྲུལ་རིགས་ཤིག་ལ་བརྩི་འོས། ཁུག་རྟ་ལགས་ཀྱིས་ཀྱང་ད་དུང་བཀའ་ཁྲིར་གུས་བརྩི་མི་ཉམས་པའི་སྒོ་ནས་བློ་སྟོབས་ཆེར་བསྐྱེད་ཀྱིས་སྔར་བཞིན་རྩོམ་འབྲིའི་ལས་ལ་འབད་རྒྱུར་རེ་བ་ཡོད།
གོང་དུ་དྲ་གྲོགས་ཁ་ཤས་ཀྱིས་ཞུས་པ་ནང་བཞིན་ཤར་ཁུག་ཁོ་རང་གཙོ་བྱས་ན་རང་ཉིད་ཀྱི་མྱོང་བྱང་ཡོད་ཚད་དང་ཇི་ལྟར་གནས་དབྱུང་བཏང་པའི་སྐོར་སོགས་གསལ་ཁ་ཐོན་ན་ནི་སྐད་ཆ་ཞིག་བཤད་ན་བཤད་བདེ་བོ་འདྲ་ཞིག་འདུག དེ་མིན་མཆན་འགོད་པ་དག་མདུན་དུ་མཆོངས་ཡོད་པའི་བཟོ་ཞིག་འདུག་ག
དོན་ངོ་མར་ད་ལྟ་ཉིན་གཉིས་ལྷག་ཞིག་འདས་པ་ཡིན་པས་སྐད་ཆ་ཅི་ཡོད་དོ་བདག་རང་ངོས་ནས་ཞུ་ཚད་རེད།སྤྱིར་སྟག་གི་མལུག་མར་མི་འཇུ་གལ འཇུས་བའི་ཉིན་མོར་མི་གཏོང་གལ་ཞེས་ཀྱང་ཐལ་ལོ།
དགོངས་དག སྟག་གི་མཇུག་མར་ཞེས་བཅོས་རོགས་འཚལ།
མི་ཉག་སྐལ་བཟང་ལགས། ཤར་ཕྱོགས་ཁུག་རྟས་སྙན་ངག་དེབ་གཅིག་དང་དཔྱད་བརྗོད་མང་ཙམ་སྤེལ་ཡོད། དེ་མིན་ཨ་མའི་བུ། ཁྲག་གི་རྡོ་རིང་ཟེར་བའི་རྩོམ་སྒྲིག་པ་བྱས་མྱོང། དེ་སྔ་སྐུ་སྒེར་ཡིག་ཚང་གིས་གཟིགས་སྐྱོང་གནང་མྱོང་ལ། དེ་རྗེས་བཀའ་ཤག་སྔོན་མས་ཀྱང་གཟིགས་སྐྱོང་གནང་བ་རེད། འོན་ཀྱང་ད་ལྟ་་་་་བོད་ཀྱི་དུས་བབ་དང་ཁ་བརྡ་དྲ་བའི་ནང་ལ་བཙལ་ན་ཁུག་རྟའི་རྩོམ་ཡིག་མང། འདིར་སྐབས་དོན་གླེང་གཞིའི་མ་རྩོམ་དེ་དུས་བབ་ནས་བཤུས་ཏེ་བཀོད་ཡོད་པས་གཟིགས་རོགས་ཞུ།
སེང་གེའི་བཀའ་ཤག་གི་མདུན་ལམ།
འདོན་སྤེལ། ༢༠༡༡/༡༠/༠༤
ཤར་ཕྱོགས་ཁུག་རྟ།
༡ སེང་གེའི་བཀའ་ཤག་ངོ་སྤྲོད་སྔོན་མེད་མ།
སྐབས་ ༡༥ པའི་ཚོགས་དུས་གཉིས་པ་མཇུག་སྒྲིལ་བ་དང་། བཀའ་ཤག་གསར་བས་གྲོས་ཚོགས་ལ་འགན་ཁུར་སྟངས་ཐད་སྲིད་དོན་པ་དག་གིས་དཔྱད་བརྗོད་སྤེལ་བཞིན་པའི་སྐབས་འདིར། ཨ་རི་དང་ཡུ་རོབ། ཐའེ་ཝན་ན་ཡོད་པའི་གྲོགས་པོ་སྐོར་ཞིག་གི་མཉམ་དུ་གླེང་མོལ་གྱིས་སེང་གེའི་བཀའ་ཤག་གི་མདུན་ལམ་ལ་རོབ་ཙམ་བལྟས་པ་ཡིན། ངའི་གྲོགས་པོ་ཚོས་སོ་སོའི་གནས་ཡུལ་གྱི་སྲིད་དོན་གནམ་ངོ་དང་འབྲེལ་ནས་སེང་གེའི་བཀའ་ཤག་གི་མདུན་ལམ་ལ་བསམ་ཚུལ་རེ་རེ་གསུང་གི་འདུག ང་ཚོས་སེང་གེའི་བཀའ་ཤག་གི་མདུན་ལམ་ལ་ལྟ་དགོས་ན། གཙོ་བོ་བཀའ་ཁྲི་དང་བཀའ་བློན་གཞན་གྱི་ནུས་པ་དང་རྣམ་དཔྱོད་ལའང་ལྟ་དགོས།
བཀའ་ཁྲི་འདི་ཉིད་རང་གི་བློ་ཡུལ་ལས་འགོངས་པའི་སྲིད་ཁྲིར་བསླེབས་པ་ལ། སྲིད་དོན་པ་མང་པོས་ཁོང་གི་རྨི་ལམ་མངོན་གྱུར་བྱས་པར་གླེང་གི་མེད་ལ། ཁོང་ལ་འདི་འདྲའི་རྨི་ལམ་ཞིག་ཡོད་པར་ཉེ་བོ་དང་འདྲིས་བོ་ཚོས་ངོས་འཛིན་གནང་མེད། དེ་ལས་ལྡོག་སྟེ་འོལ་ཚོད་དོན་དངོས་གྱུར་བ་དང་། རླུང་རྟ་ཡག་རབས་ཀྱི་གཏམ་གྱིས་སྡོམ་ཚིག་བཀོད་ཡོད། ཡིན་ནའང་། ཁོས་འོས་འགྲན་སྐབས་ནས། ” རྩ་དོན་གསུམ་”ཟེར་བའི་དམ་བཅའ་ཁྲི་བརྩེགས་སུ་ཟློས་ཤིང་། བཀའ་བློན་འབྲོང་ཆུང་དངོས་གྲུབ་ཀྱི་ཤུགས་རྐྱེན་ཡོངས་གྲགས་ཀྱིས་ཉོས་ཤིང་། བུད་མེད་དང་ཆོལ་ཁ་རིས་མེད་ཟེར་བའི་བཀའ་བློན་ཡོང་ཁུངས་ཀྱིས་ཁོང་ལ་རོགས་འདེགས་རླབས་ཆེན་ཐུབ་ཡོད། ཡིན་ནའང་། དོན་དངོས་ལག་བསྟར་ཁྲོད། ཁོང་གིས་བཀའ་བློན་འདེམས་ཕྱོགས་ཀྱིས་མི་རྣམས་ཧ་ལས་ཤིང་ཧང་སང་དུ་བཅུག་ཡོད། གསལ་བོར་བཤད་ན། བཀའ་བློན་འབྲོང་ཆུང་དངོས་གྲུབ་དང་ཚེ་རིང་དོན་གྲུབ་རྣམ་གཉིས་ཞལ་རས་ནག་ཅིང་བཞུགས་སྟངས་བརྗིད་པོའི་རྣམ་པ་དེས། སྲིད་དོན་པ་མང་པོར་སེང་གེའི་བཀའ་ཤག་གི་ལྗིད་ཁོག་ཚོད་བགམ་ཐུབ་པ་བྱུང་ཡོད།
བོད་ནས་འབྱོར་བ་སེར་སྐྱ་རྒན་གཞོན་མེད་པར་འབྲོང་ཆུང་དངོས་གྲུབ་ཚང་གི་རྣ་མིག་མ་འགྲིམས་པ་ཞིག་མེད་ལ། བོད་ནང་ནས་རྩ་དོན་ཐད་ལས་ཀ་མ་འདྲ་བ་གནང་མཁན་གཅིག་ཀྱང་མ་ལུས་པར་ཁོང་ལ་ཐུག་འཕྲད་གནང་ཡོད། ཁོང་གིས་དེ་དག་གི་སེམས་ཁམས་དང་ལྟ་ཚུལ་བཅས་ལ་མཐུན་པའི་བཀའ་མོལ་གནང་ཕྱོགས་ནས་ཐག་གཅོད་ཅི་ཞིག་བྱེད་དགོས་མིན་བར་གྱི་ལས་དོན་ཡོངས་རྫོགས་ཀྱིས། ཆོལ་གསུམ་རིས་མེད་སྐྱེས་བོ་ཀུན་ལ་འབྲོང་ཆུང་དངོས་གྲུབ་ཚང་སྤྱི་མི་ཚད་དང་ལྡན་པ་ཞིག་ཆགས་ཡོད། དེ་བཞིན་ཁོང་ཉིད་འཛིན་སྐྱོང་ནང་ལོ་མང་བཞུགས་པས་ལས་བྱེད་རྣམས་ཀྱི་བརྩི་བཀུར་ཀྱང་ད་ལྟའི་ཆ་ལ་བློ་སེང་ལས་བརྒལ་བ་ཡིན་པ་མིག་མཐོང་རང་རེད། དེ་ལས་ཀྱང་འུ་ཚོའི་ཆེ་དྲགས་དབང་ལྡན་རྣམ་པ་ཚོས་ཀྱང་འབྲོང་ཆུང་ཚང་གི་བབ་བརླིང་ལ་ཞེ་འདར་ཤོར་བའི་བརྩི་བཀུར་བྱེད་ཀྱི་ཡོད། རྒྱུ་མཚན་དེས་ན་སེང་གེའི་བཀའ་ཤག་གི་ཕྱི་ནང་གསང་གསུམ་གྱི་ཤུགས་རྐྱེན་ཆེ་ཤོས་དེ་བདེ་སྲུང་བཀའ་བློན་འདི་བ་ཚང་ལས་གཞན་ཞིག་འཇོག་རྒྱུ་མི་འདུག
དེ་བཞིན་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་ཀྱང་བཙན་བྱོལ་བོད་གཞུང་གི་ལས་དོན་ཐམས་ཅད་ལ་གཞན་དྲིང་མི་དགོས་པའི་རྣམ་དཔྱོད་ཡོད་ཅིང་། སྒམ་ཚུགས་ཀྱི་ཆ་ནས་ཞུས་ན་བདེ་དཔལ་བཀའ་བློན་གཉིས་ལ་དམིགས་བསལ་གྱི་མཚུངས་ཆོས་མང་པོ་འདུག མ་ཟད་རྣམ་པ་གཉིས་སྐུ་སྒེར་ནས་ཀྱང་བློས་ཐུབ་ལྟ་བུའི་སྣང་ཚུལ་མངོན་བཞིན་ཡོད། འདི་ནི་ཕལ་ཆེར་སེང་གེའི་བཀའ་ཤག་གི་མ་གདན་དང་ཕྱོགས་དང་མཚམས་གང་དུའང་ཟགས་ནས་དྲུད་མི་འགྲོ་བའི་ཡིད་ཆེས་བྱེད་ས་ཉག་ཅིག་ཏུའང་བཙན་བྱོལ་བོད་མིའི་དཀྱིལ་འཁོར་དུ་ངོས་འཛིན་བྱེད་བཞིན་ཡོད།
གཞན་པད་མ་ཆོས་འབྱོར་གྱི་ན་རྒ་རྫི་ལྡིབ་དང་། རྒྱ་རི་སྒྲོལ་མའི་ལྷག་བསམ་མིག་ཆུ། གསར་བུ་གསར་མོ་གཞན་བཅས་དུས་ཚོད་ལ་ལྟོས་ཏེ་ཅི་ཆགས་ལྟ་རྒྱུ་ལས་དཔྱད་གླེང་བྱེད་རིན་མ་མཐོང་།
༢ སེང་གེའི་ཤག་གི་ལས་ཀ་རབ་རིབ་མར་དཔྱད་པ།
འོ་ན། ད་བཀའ་ཤག་འདི་ཉིད་ལས་དོན་ཐོག་ཅི་ལྟར་མདུན་བསྐྱོད་བྱ་རྒྱུ་ཡིན་ནམ་ཟེར་ན། དེ་ནི། བློ་སེང་གིས་སྔོན་ནས་གཡར་དམ་ཅི་ལྟར་བཅས་པ་བཞིན། བོད་མི་རྒན་གཞོན་ཚོར་སྐྱོར་རྒྱུ་ཡོད་པའི་ ” ཆིག་སྒྲིལ། གསར་གཏོད། རང་མགོ་རང་ཐོན། ” གསུམ་ཡིན་ཞིང་། ཚིག་འདི་དག་ཐོན་མ་ཐག་བློ་སེང་གཞན་གྱི་ཆབ་སྲིད་ལ་དབྱིངས་ཡོད་པ་རྟོགས་ཤིང་། བསམ་ཚུལ་དེས་མི་རབས་གསར་བར་ལས་འཆར་གསར་བ་འདྲ་སྟོན་རྒྱུ་ཨེ་ཡོད་བསམས་ནས། དམ་འབུལ་གཏམ་བཤད་ནས་ཁ་སང་ཚོགས་དུས་གཉིས་པའི་བཀའ་ཤག་གི་གསལ་བཤད་བར་བོད་མི་འགན་ཁུར་ཅན་རྣམས་ཀྱིས་ས་ཆའི་ཁ་ཐག་ལ་མ་ལྟོས་པར། མིག་གོར་གོར་དང་རྣ་ཅོར་ཅོར་བྱས་ཏེ་བསྡད་པ་རེད། ཡིན་ནའང་། བློ་སེང་གིས་ཚོར་སྣང་ཤུགས་ཆེན་གྱི་ཐ་ཀ་ཐད་ཀར་གང་དྲན་རྣམས་ཡིག་ཐོག་ཏུ་ཕབས་བཅུགས་ནས་བཤད་རྐྱང་བྱས། གཏམ་བཤད་གང་དེ་དང་འབྲེལ་བའི་སྔར་གནས་ལ་མིག་བཤེར་ཙམ་ཡང་མི་འཕེན་པར། དམ་འབུལ་གཏམ་བཤད་དང་། མང་གཙོའི་གཏམ་བཤད། གྲོས་ཚོགས་གསལ་བཤད། ཆོས་ཚོགས་གཏམ་བཤད་བཅས་རིམ་པར་སྤེལ་ཡང་། གྲོས་ཚོགས་འཐུས་མི་ཚོའི་འདོད་བློ་ཁེངས་པ་ཞིག་གཏན་ནས་མ་བྱུང་། དཔལ་ལྡན་ཚོགས་གཙོ་མཆོག་གིས་མཇུག་སྡོམ་གསུང་བཤད་དུ་མ་འོངས་པར་བཀའ་ཤག་གི་གཏམ་བཤད་ཡར་རྒྱས་འགྲོ་རྒྱུའི་རེ་སྐུལ་གནང་། གཏམ་གང་བཤད་དང་ལས་གང་བྱེད་ལ་གཟབ་ནན་དང་གཞུང་ལུགས་དགོས་ཚུལ་གྱི་ཚིག་མདའ་ཅིག་ཀྱང་མཉམ་དུ་འཛིན་སྐྱོང་བཀའ་ཤག་ལ་བསྩལ།
ད་ཐེངས་བློ་སེང་གི་མཉམ་སྡེབས། མགོ་སྦྲེལ། ཆིག་ཁྲི་ཆིག་འབུམ། གདན་ཞུ། ཤེས་ཡོན་སྲིད་བྱུས་བཅས་ཀྱི་ཐད་གྲོས་ཚོགས་འཐུས་མི་ཚོར་གསལ་ཁ་དེ་ཙམ་མ་བྱུང་བ་དེ། བཙན་བྱོལ་བོད་མིའི་དཀྱིལ་འཁོར་དུ་རེ་དོགས་གང་ཡོད་མ་ཐོས་མོད། ཁོ་བོས་བསམས་ན་དེ་ནི་ཁོང་གི་ཤེས་བྱའི་ནང་ཁོག་དང་འབྲེལ་བ་ངེས་ཅན་ཞིག་ལོས་ཡོད་དེ། འཆར་གཞི་རེ་རེར་ཚུལ་མཐུན་སྒྲུབ་ལུགས་ཀྱི་གཞུང་ལུགས་གསར་གཏོད་བྱ་རྒྱུ་མ་རྙེད་པ་དེས་ངེད་ལ་ཁོང་གི་འབུམ་རམས་པའི་ཤེས་ཚད་ལ་དོགས་གཞི་ནམ་མཁའ་འདྲ་ཞིག་བྱུང་།
ཁོང་གི་མགོ་སྦྲེལ་ལ་མཚོན་ན། ད་ལྟ་ཁ་ཎ་སྒྲ་དཔེ་མཚོན་ཞིག་ཏུ་གྱུར་ཟིན་པ་ལྟར་ཁོང་གི་རེ་བ་དེ་མ་མཐའ་སློབ་མ་གཅིག་གི་སློབ་ཡུན་གྱི་སྟེང་དུ་བབས། དེ་བཞིན། མཉམ་སྡེབས་ཀྱང་མཐར་གཏུག་ན་སྒོར་འབུམ་ཁ་ཤས་ཀྱི་མཐུན་རྐྱེན་ལ་ཐུག་ཡོད་པ་ཙམ་ལས། ཞིབ་འཇུག་པ་འདེམས་སྒྲུག་བྱེད་སྟངས་ཚིག་ཟུར་ཙམ་ཡང་ཐོན་མེད། དེ་ནི་གཅིག་བྱས་ན་ཚད་ལྡན་ཞིག་གིས་ཁོང་ལ་ཁས་ལེན་མ་གནང་བས་ཀྱང་ཡིན་སྲིད།
ཆིག་ཁྲི་ཆིག་འབུམ་ནི་རི་བོང་གི་རྭར་གྱུར་མིན་ལ་མ་ལྟོས་པར། ༧གོང་ས་མཆོག་ནས་ཀྱང་བསྟོད་བསྔགས་གནང་ཡོད། སྤྱིར་བཏང་༧གོང་ས་མཆོག་གི་བསྟོད་བསྔགས་དེ་བེད་སྤྱོད་ལོག་པར་བཏང་ན་མི་རེ་འགའ་མགོ་འཁོར་ངེས་ཀྱང་། ཅི་ལྟར་སྤྱི་འཐུས་གནས་ཚད་མཐོ་གྲས་བོན་པོ་བ་སྨོན་ལམ་མཐར་ཕྱིན་པས་བཤད་པ་ལྟར། དང་པོ་བཙན་བྱོལ་དུ་བོད་ཡིག་ཐོག་ཁྱད་ལས་པ་ ༥༠༠ ཐོན་ཐུབ་བྱས་ན་ཟེར་བ་དེ་གནད་འགག་དང་དོན་དངོས་ཐག་ཉེ་བོ་འདུག ཅིའི་ཕྱིར་ལོ་ཉི་ཤུའི་དམིགས་ཚད་བཟུང་བ་རེད་དམ། ལོ་ཉི་ཤུར་དེ་འདྲ་ཞིག་ཐོན་ཐུབ་བམ། བོད་ནང་གནས་སྐབས་བཞག་ནས། བཙན་བྱོལ་དུ་ཁྱད་ལས་པ་དེ་དག་ས་ཆ་གང་ནས་འདེམས་སྒྲུག་བྱ་རྒྱུ་ཡིན་ནམ་ཟེར་ན། བློ་སེང་ལ་འདིའི་དྲིས་ལན་གསལ་བོ་ཞིག་མེད། དེ་བས་ལོ་ཉི་ཤུ་འདི་ནི་ལོ་ལྔ་ཚན་ཕྱི་མ་དེའི་མ་གདན་ནམ་འོས་ཤོག་དངོས་གནས་དེ་རེད།
གདན་ཞུའི་ཐད་ནས་ཉུང་ཙམ་སྤྲོས་ན། དེང་བཙན་བྱོལ་ནང་གི་ལས་བྱེད་པའི་བློ་འགུགས་བྱེད་ཐབས་སུ། བོད་ནང་གི་སྤུན་གཉེན་དག་ལ་ཞི་དྲག་གི་ཐབས་ཤེས་བསྟུད་མར་བྱེད་པ་བདེ་སྲུང་བཀའ་བློན་གྱིས་གསུངས་བ་ལྟར། རྒྱ་ནག་གི་འདོད་པར་མ་བབས་ན་བོད་མི་དཀྱུས་མ་ཞིག་ཀྱང་བོད་དུ་ལོག་རྒྱུ་མེད་པ་རེད། ཕྲན་ལྟ་བུས་ལས་བྱེད་པ་འཐབ་རྩོད་པ་ཐབས་ཆག་ཅིག་ལའང་ཕ་ཡུལ་དུ་ལོག་འདོད་ན་ལས་ཀ་དེ་འདྲ་མ་བྱས་ན་བཟང་བས་འཇིགས་སྐུལ་སླེབས་སོང་། དངོས་ཡོད་དེས་ད་བར་བློ་སེང་གིས་བོད་མིའི་དད་འདུན་སྲིད་དོན་ནང་བེད་སྤྱོད་བྱས་པ་དེ་རྦད་དེ་ནོར་འཁྲུལ་ཆེན་པོ་རེད་ལ། བྱུང་ན། ༧གོང་ས་མཆོག་གདན་ཞུ་ཟེར་བ་འདི་མང་པོ་མ་གསུངས་ན་ཡག་ཅིང་། བོད་ལ་རང་དབང་བྱུང་མཚམས་༧གོང་ས་མཆོག་གི་སྲིད་འགན་མི་བཞེས་རྒྱུ་མ་འོངས་རྩ་ཁྲིམས་སོགས་སུ་བཀོད་ནས་ཁྱབ་བསྒྲགས་གནང་བ་དང་། དེང་སྐབས་ཡོངས་སུ་སྲིད་འགན་རྩིས་སྤྲོད་ཞུས་ཟིན། དེ་དག་རྒྱ་ནག་ལ་༧ཏཱ་ལའི་བླ་མ་མི་གཅིག་གི་ཆེད་དུ་གླེང་རྒྱུ་གང་ཡང་མེད་པ་དང་། ལྷག་ཏུ་༧ཏཱ་ལའི་བླ་མས་ཞིང་བྲན་བསྐྱར་གསོ་བྱེད་ཀྱི་མེད་པས་བརྡ་ལན་མཚོན་ཆེད་ཡིན་པ་གསལ་བོ་ཡིན་སྟབས། དེང་སྐབས་༧གོང་ས་མཆོག་གདན་ཞུ་ཟེར་བའི་ཚིག་འདི་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་སྲིད་དོན་སྡིངས་ཆའི་སྟེང་དེ་ཙམ་འབྲེལ་བ་མེད་ལ། འདི་ནི་༧ཏཱ་ལའི་བླ་མར་བཅངས་བའི་དད་འདུན་བེད་སྤྱོད་བྱས་པ་ཞིག་ཀྱང་རེད་འདུག་པས། ཁོང་དངོས་གནས་གདན་འདྲེན་ཞུ་མཁན་ནི་ཆབ་སྲིད་དང་འབྲེལ་བ་མེད་པའི་དགའ་ལྡན་ཕོ་བྲང་བ་ཡིན་ལ། དེས་འབྲེལ་བ་བྱེད་ས་འང་རྒྱ་ནག་གི་ཆོས་ལུགས་སྡེ་ཚན་ཁག་ཡིན་པས། བཀའ་བློན་ཁྲི་པའི་འོས་འགན་དང་དེ་ཙམ་འབྲེལ་བ་མེད།
ཤེས་ཡོན་ཐད། བཀའ་ཁྲི་གསར་བས་དམིགས་བསལ་གནང་གི་ཡོད་པ་དེས་མི་རྣམས་ལ་བག་ཆགས་ཡག་པོ་བཞག་ཡོད་ལ། བོད་ཀྱི་རིག་གཞུང་བྱུང་རབས་སྐད་ཡིག་ཚུགས་ཐུབ་མེད་མཁན་ཞིག་ཤེས་རིག་བཀའ་བློན་དུ་བསྡད་ཀྱང་བཙན་བྱོལ་ནང་བསམ་ཚུལ་གང་བྱུང་གི་ཡོད་མེད་ངས་མ་ཐོས་མོད། ཤེས་རིག་སློབ་གསོའི་ལས་དོན་འདི་འཛིན་སྐྱོང་གི་རིགས་ལམ་གཅིག་པུས་མཐའ་འཁྱོངས་པ་ཞིག་མིན་པ་གསལ་བོ་ཡིན་ཡང་། བཀའ་ཁྲིས་གྲོས་ཚོགས་སུ་གསུངས་བ་ལྟར་ན་ཤེས་ཡོན་ཐད་སྔར་མེད་ལས་འཆར་སྒྲིག་དང་སྒྲིག་རྒྱུ་ཡོད་པའི་བསམ་ཚུལ་ཤུགས་ཆེར་བཏོན་ཡོད། འདི་ནི་གཅིག་བྱས་ན་འགལ་རྐྱེན་དུའང་འགྲོ་སྲིད་མོད། ང་ཚོས་ཡོང་རྒྱུར་ལྷགས་པའི་ནོ་བྷེལ་གཟེངས་རྟགས་དུས་དྲན་སྐབས། ཁོང་གི་བོད་ཡིག་ཀློག་སྟངས་ལ་ལྟོས་ན་ཁོང་གིས་ཅི་ཙམ་བོད་སྐད་ཡིག་གི་ཤེས་བྱར་ཅི་ཙམ་དོ་ནན་བྱེད་བཞིན་པ་རྟོགས་ཐུབ་ལ། དེས་ཁོང་ལ་བསྐྱར་གསོ་བྱེད་དགོས་པའི་རང་དང་འདྲ་བའི་བཙན་བྱོལ་བོད་མིའི་བོད་ཀྱི་ཤེས་རིག་གི་འབྱུང་འགྱུར་མཐོང་འཇུག་གི་རེད་ལ། མྱོང་འཇུག་གི་རེད།
དེས་ན་སེང་གེའི་བཀའ་ཤག་གི་ལས་འཆར་ལས་རིམ་འདི་དག་གིས་བོད་མི་ཞིག་ལ་བསམ་ཚུལ་ཅི་ཞིག་སྤྲོད་ཀྱི་རེད་དམ།
༣ རང་ངོས་ནས་རང་ལུགས་བཞག་སྟེ་བོད་ཀྱི་མདུན་ལམ་ལ་ལྟ་བ།
གོང་དུ་རོབ་བཤད་བྱས་པའི་བཀའ་ཤག་དང་དེའི་ལས་འཆར་ལས་རིམ་ཐད་དཔྱད་པ་བྱས་ནས་མཚམས་འདིར་བསླེབས་པ་ན། བོད་ནང་ནས་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མཆོད་མེར་སྒྲོན་པའི་ལས་འགུལ་བྱུང་དང་འབྱུང་བཞིན་པས། སེང་གེའི་བཀའ་ཤག་གིས་ལམ་དབུ་མ་རྒྱུན་འཁྱོངས་ཀྱིས་མཆོད་མེ་སྦར་བའི་རྒྱུ་མཚན་ཐག་གིས་གཅོད་ཀྱི་ཡིན་ན། བཀའ་ཤག་སྐབས་གོང་མའི་”དབུས་གཞུང་ལ་ཕུལ་བའི་” “བསམ་འཆར་” དང་དེའི “འགྲེལ་བརྗོད་” ཐད་གསལ་ཁ་བྱེད་དགོས་ཀྱི་འདུག་ལ། སེང་གེའི་བཀའ་ཤག་གི་སྐབས་སུ་བྱུང་བའི་རང་ལུས་མཆོད་མེར་སྒྲོན་པའི་གནས་སྟངས་ནི་ལོ་རྒྱུས་གསར་བ་ཞིག་ཡིན་པས། ” བསམ་འཆར”་དེ་ལ་བསྐྱར་ཞིབ་བྱ་དགོས་མིན་དང་དེས་དེང་བོད་ནང་བྱུང་བཞིན་པའི་མངོན་འདོད་མཚོན་གྱི་ཡོད་ན། “བསམ་འཆར་”དེའི་མཇུག་སྣོན་ཅི་ལྟར་སྐྱོང་མིན་ལ་འབྲེལ་མོལ་གྱི་སྒོ་མོ་ཕྱེས་ཡོད་ཟེར་བའི་ཚིག་ཙམ་གྱིས་འཐུས་བར་མི་འདོད།
དགའ་ལྡན་ཕོ་བྲང་པའི་སྲིད་དབང་འཕོ་འགྱུར་བྱུང་བ་དང་། ན་ནིང་ཟླ་ ༣ ཚེས་ ༡༠ ནས་འཛམ་གླིང་གི་དོ་སྣང་མ་འདྲ་བ་གནང་གི་ཡོད་ན། རྒྱ་ནག་གི་མཁས་དབང་ཁག་དང་འབྲེལ་འདྲིས་གཏིང་ཟབ་ཡོད་པ་ཡིན་ན། སེང་གེས་བཀའ་ཤག་གིས་ཕྱི་སྡོད་རྒྱ་རིགས་གང་ན་ཅི་ཡོད་རྣམས་ངྷ་སར་མགྲོན་འབོད་ཀྱིས་ཚོགས་ཆེན་དམིགས་བསལ་བ་ཞིག་བསྡུས་ཏེ་བོད་མིར་རང་དབང་ཐོབ་ཐབས་སུ་ཞུ་འབོད་བྱེད་དགོས་ཤིང་། ” བསམ་འཆར་”སྤྲད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དེས་བོད་དོན་ལ་ཕན་མིན་གྱི་གནས་སྟངས་གསལ་བོ་བཟོ་དགོས་པར་སྙམ་ལ། གལ་སྲིད་དེར་ད་དུང་རྔོ་ཐོགས་པ་ཞིག་མེད་ན། རྒྱ་ནག་རང་གིས་རང་གི་རྩ་ཁྲིམས་འབྲུ་འགྲེལ་དང་རྩ་ཁྲིམས་བརྩི་མིན་གྱི་ཡ་ལན་ལ་སྒུག་ནས་མི་སྡོད་པར། བཀའ་ཤག་གསར་བའི་ལོ་གཉིས་ཀྱི་ནང་གནས་སྟངས་དེ་ཁ་གསལ་བཟོ་མ་ཐུབ་ཚེ། སེང་གེའི་བཀའ་ཤག་གི་རྒྱ་བོད་འབྲེལ་ལམ་གྱི་གསར་གཏོད་རི་བོང་གི་རྭ་དང་། ལོ་རྒྱུས་ཀྱི་མགོ་བསྐོར་སྔ་ན་མེད་པ་ཞིག་ཆགས་ཀྱི་རེད་ལ། “རྩ་དོན་གསུམ་” “ནག་ཉེས་གསུམ་”གྱི་ངོ་བོར་འགྱུར་གྱི་རེད།
གལ་སྲིད་དེ་ལྟར་དུས་ཡུན་ངེས་ཅན་ནང་རྒྱ་བོད་ཆབ་སྲིད་ཐད་རེ་བ་མ་མཐོང་ཚེ། བཀའ་ཁྲི་གསར་བས་བརྒྱུད་ལམ་སྣ་ཚོགས་ནས་བོད་ཕྱི་ནང་གཉིས་དང་། བོད་དང་རྒྱ་ནག་བར་ལ་རིག་གཞུང་གི་བརྗེ་རེས་གསར་གཏོད་བྱེད་དགོས་པར་འདོད་ལ། བོད་ཕྱི་ནང་གཉིས་སུ་ཡོངས་སུ་འགྲོ་བསྐྱོད་རང་དབང་ལྡན་པ་ཞིག་ཆགས་རྒྱུར་འབད་བརྩོན་གནང་སྟེ། རྒྱ་བོད་བར་ལ་ཆབ་སྲིད་ཀྱི་གནད་དོན་ཕུད་གཞན་རྙོག་གླེང་གང་ཡང་མེད་པ་དོན་དངོས་ཐོག་ལག་ལེན་བསྟར་ཐུབ་པ་ཞིག་ལ་ལས་འཆར་སྒྲིག་དགོས་པར་འདོད། དེ་འདྲའི་མཐུན་ཟབ་ཞི་གནས་ཀྱི་ལྟ་ཚུལ་ལ་ཡ་ལན་བྱེད་རྒྱུའི་རེ་བ་མ་མཐོང་ཚེ། སྐབས་དེ་ནས་བཟུང་འཚེ་མེད་ཞི་བ་བེམ་པོར་གྱུར་སོང་བ་རེད་ལ། དྲང་བདེན་ཀྱང་རུལ་སོང་བ་ཡིན་པས། ཚེ་སྲོག་རྒྱུ་འབྱོར་ཕངས་མེད་ཀྱིས། གསོན་གནས་གཉིས་ཀྱི་གཅིག་བདམས་སྟེ་བློ་ཐག་ཆོད་པོས་ལམ་དུ་བསྐྱོད་དགོས་ཤིང་། ཉི་མ་དེར་ཤི་སོང་བའི་བོད་མི་རིགས་ཤིག་ཡོད་ན་དེ་ནི་སྐྱེ་བ་རླབས་ཆེ་ཞིང་ཤི་བ་གཟི་བརྗིད་ལྡན་པ་ཞེས་པ་དེ་ཡིན། སྐབས་དེ་ནས་བཙན་བྱོལ་བ་འབོར་ཆེན་བོད་དུ་ཞི་བའི་གོམ་བགྲོད་ཀྱིས་སྲོག་གཏོང་དགོས་ཤིང་། བོད་ནང་དུ་ཞི་བའི་ལས་འགུལ་སྤེལ་ཕྱོགས་ཀྱི་བཀོད་གདམ་བཙན་བྱོལ་བོད་གཞུང་གིས་བྱེད་དགོས། དེ་ལྟར་བོད་ཕྱི་ནང་གཉིས་ནས་བོད་མི་འབུམ་གཅིག་གིས་རྒྱལ་ཁབ་ཀྱི་དོན་དུ་སྲོག་དོར་བ་ཡིན་ན། ང་ཚོར་གང་མགྱོགས་རང་དབང་ཐོབ་ཀྱི་རེད།
ཆབ་བྲག་ལ་རྒྱབ་སྐྱོར་ཡོད། ཆབ་བྲག་གིས་བཀའ་གསུངས་ནི་དྲང་བདེན་རེད་ལ་ཁོང་གིས་དེ་ལྟར་བྱེད་མིན་ཁོང་སྒེར་གྱི་ཐོབ་ཐང་རེད་ལ། བོད་པ་ཡིན་ཞིང་བོད་ཡིག་ལ་དུང་བའི་དན་རྟགས་རེད་ཡིན་པ་མ་ཟད། ལྷག་བསམ་ཁོ་ན་རེད། ཁོང་གི་བྱེད་སྟངས་ནི་གུ་ཡང་ནུབ་ཕྱོགས་པའི་བྱེད་སྟངས་དང་ཧ་ཅང་མཚུངས་བའི་དགའ་བ་ཡོད། རྒྱུ་མཚན་ནི་དམར་ཕྱོགས་ཚོགས་པས་ཕུད་པའི་མི་ཞིག་ནང་ཁུལ་གྱི་ཚོགས་པ་གང་གིས་ལེན་མི་ཐུབ་ཀྱང་། བཙན་བྱོལ་དུ་དེ་ལྟར་མི་བྱེད་པ་ནི་རང་དབང་ལུང་པ་ཡིན་པའི་དཔང་རྟགས་རེད། ཆབ་བྲག་གིས་དེ་དོན་ལེགས་པ་གཟིགས་ནས་ལག་སྟར་བྱེད་པ་ཞིག་ཏུ་འདོད།
པེན་བོད་ཀྱིརྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱི་མིང་ཐོག་ནས།
༼ཤར་ཕྱོགས་ཁུག་རྟའི་འཕུར་ལམ་བཀག་པ་༽ ཞེས་པའི་དཔྱད་གཏམ་དེར།
༡ ཉིན་གླའི་ཐོག་ཕྱག་ལས་གནང་མཁན་གཞུང་ཞབས་རྣམས་ཀྱིས་གཞུང་ཞབས་ལས་བྱེད་ཀྱི་སྒྲིག་གཞི་དང་འགལ་ཡང་ཁོང་རྣམ་ཚོར་སྒྲིག་འགལ་གྱི་ཉེས་པ་མི་བབ་བས་གསུངས་བབ་ལ་ཞིབ་ན། སྒྲིག་གཞི་དེར་གཞུང་ཞབས་དངོས་དང་།
ཞབས་གཡར་རམ་ཉིན་གླའི་གཞུང་ཞབས་རྣམས་ཀྱི་ཆེད་དུ་ཟུར་གསལ་སྒྲིག་གཞི་ཡོད་དང་མེད། གལ་སྲིད་མེད་པ་ཡིན་ན། ཆུ་རྒྱ་ཟམ་གཅིག་འོག་དང་། ཡུལ་ཆུ་འཐུངས་ན་ཡུལ་ཁྲིམས་ཁུར་དགོས་ཞེས་པ་ལྟར་དེར་སྒྲིག་བསྲུངས་ལོས་དགོས།
གལ་སྲིད་ཁུག་རྟ་ལགས་ཀྱིས་སྒྲིག་འགལ་གྱི་འགའ་འཛོལ་བྱུང་ཡོད་ན། ཉེས་པར་ཞིབ་པས་ཉེས་ཁྲིམས་བཅད་པ་ལས་ཉེན་བརྡ་དང་སྔོན་འགྲོ་སོགས་གང་ཡང་དགོས་དོན་མེད། ཉེན་བརྡ་དང་སྔོན་འགྲོ། དེ་བཞིན་ངོ་ཆེན་སོགས་ཀྱི་རྒྱུད་རིམས་སུ་སྤྱོད་པ་ནི་ཁྲིམས་ཀྱིས་དབང་སྒྱུར་མིན་པས་གང་ཟག་གིས་དབང་སྒྱུར་རུ་འགྱུར་ཉེན་ཆེ་བས་ཁྲིམས་ལུགས་སུ་ཆེས་མཐང་གནང་མཁན་ཞིག་ཡིན་ན་དེར་འཁང་ར་དགོས་དོན་མི་འདུག།
༼རྩོམ་པ་པོ་ཁོང་གིས། བཀའ་ཤག་སྔོན་མའི་སྐབས་ཀྱང། ཞེས་པ་་སོགས་རང་སྒེར་གྱི་ལྟ་ཚུལ་གྱི་དཔྱད་བརྗོད་རིགས་སྤེལ་ཡོད་མོད། གཞུང་ཁོངས་ལས་བྱེད་ཀྱི་སྒྲིག་གཞི་དང་འགལ་ཚུལ་གྱི་བརྡ་ལན་གང་ཡང་བྱུང་མེད། འབྱུར་ཡང་མི་འོས་ཏེ།༽ ཞེས་པར།
དེས་ཀྱང་ཁོང་གི་ཉེས་བྱས་དག་འབུལ་དུ་མི་འགྱུར་བ་མ་ཟད། སྤྱོད་ངན་ལང་ཤོར་གྱིས་ཉེས་ཆེན་དུ་ཅི་མི་འགྱུར། སྤྱི་ཚོགས་དེའི་ཁོངས་སུ་འདུག་ནས་དེའི་སྒྲིག་སྲུང་མི་དགོས་ཚེ་སྤྱི་ཚོགས་དེའི་སྒྲིག་གཞིས་སྟངས་འཛིན་ཇི་ལྟར་བྱེད། རྩོམ་པ་པོའི་སེམས་རྙལ་དུ་མ་བབ་པས་དཔྱད་ཚུལ་ཞིག་ལས་མ་འདས་པས། རང་མཐོ་མང་བ་གླེང་ན་རང་མཚང་མང་བ་འཐོན་ཡོངས།
༼ལྷག་པར་ཁོང་བཀའ་ཤག་གི་ལན་འདེབས་ཚོགས་ཆུང་ནང་གི་རྒྱུན་ལས་སུ་ཞུགས་ཏེ་རྩོམ་ཡིག་སྤེལ་གྱིན་པས་རྒྱ་ནག་གཞུང་གི་མིག་ནང་གི་གྲ་མར་ཡང་འགྱུར་བཞིན་ཡོད་ཐོག་ད་ནི་ང་ཚོའི་བཀའ་ཁྲི་མཆོག་གི་སྤྱན་གྱི་ཚེར་མར་ཡང་གྱུར་བ་ནི་ཅི་འདྲའི་སྐྱོ་གནས་ཤིག་རེད་ཨང།༽ ཞེས་པར།
ཁོང་རྩོམ་པ་པོ་ཡིན་པ་དང་། ཁོང་གི་རྩོམ་ཡིག་གིས་རྒྱ་ནག་གཞུང་གི་མིག་ནང་གི་གྲ་མར་འགྱུར་བཞིན་ཡོད་ན་དུས་ནམ་ཡང་ཡིད་རང་ཡོད། འོན་ཀྱང་རྒྱ་ནག་གཞུང་གི་མིག་ནང་གི་གྲ་མར་འགྱུར་བའི་བོད་པའི་རྩོམ་པ་པོ་མང་པོ་མ་རེད་ཡ།
རྩོམ་པ་པོ་ཁོང་ནི་བཀའ་ཁྲི་མཆོག་གི་མིག་ནང་གི་གྲ་མར་འགྱུར་ཚུལ་གསུངས་བར་རྒྱུ་མཚན་རྣམ་དག་ཡོད་དམ། གལ་སྲིད་སྐད་ཆ་མཐོ་གཡུག་དམའ་གཡུགས་མངས་དྲག་ན་སྤྱི་ཚོགས་ཀྱི་འཆམ་མཐུན་ཐོག་གནོད་ཚབ་ཆེ་ལ། ཉིད་ཀྱི་མི་གཤིས་ཀྱི་རིན་མཐང་ལ་ཡང་ཚོད་འཛིན་ཐུབ་ངེས།
༼ང་ཚོ་ནི་རང་དབང་གི་རྩོམ་པ་པོ་ཡིན། མི་རིགས་ཀྱི་མགྲིན་ཚབ་པ་ཡིན། དྲང་བདེན་སྐྱོང་བའི་སྙུག་ཐོགས་དཔའ་བོ་ཡིན།༽ ཞེས་པའི་ཁ་དོན་ཚིག་ལ་གནས་པའི་མི་བུ་ཞིག་ཏུ་འགྱུར་བའི་རེ་བ་ཡོད། ལར་ནི། རང་གི་རིན་མཐང་དེ་གཞན་གྱིས་སྒྲོགས་པ་ལས་རང་སྟོད་རང་གིས་གནང་ན་མཁས་ཉམས་ཨ་ཡིན་མི་ཤེས།
ངས་འདིར་བརྗོད་འདོད་པ་ནི། ཁུག་རྟ་ལགས་ཀྱིས་སྒྲིག་འགལ་གྱུར་མིན་དེ་གཙོར་དཔྱད་དགོས་པ་ལས་དོན་མེད་རྙོག་གླེང་ཆེད་བཟོ་མི་གནང་བས་རེ་འདུན་ཡིན།
མི་དེ་ཚོས་གཅིག་རྒྱབ་གཉིས་ལངས་ཀྱིས་རྒྱ་ནག་ལ་ཁ་གཏད་དང་རྒྱ་གཞུང་གིས་དྲིལ་བསྒྲགས་བྱས་པ་དེར་ངོ་རྒོལ་ཙམ་རེ་མཚོན་པའི་བསམ་འཆར་རེ་འབུལ་རྒྱུ་ཡོད་ན་ཅི་མ་རུང་། དེ་རིང་དང་སང་ཉིན་གྱི་དུས་འདིར་གནས་ཚུལ་དེའི་རིགས་བཤད་དགོས་པའི་དུས་ཚོད་ཁྱོན་ནི་མ་རེད། ཨ་ཁ། རྩོད་པ་དེ་དག་རྒྱ་གཞུང་ལ་མཐུན་རྐྱེན་བསྐྲུན་བཞིན་འདུག
ཀ་ཡེ། འདྲེ་མགོ་རྡོ། ཁྱོད་གང་ན་ཡོད།
ཁྱེད་ཉིན་མཚན་དུས་དྲུག་ཏུ་སེངྒེ་བཀའ་ཤག་གི་སྔ་གཞུག་ན་མྱུལ་བཞིན་པ་མ་ཡིན་ནམ།
དེ་རིང་ཁྱོད་གང་དུ་ཡོད། ཁྱེད་ཁ་མི་གྲག་དོན་ཅི་ཡིན།
སེངྒེ་བཀའ་ཁྲིའི་དམ་འབུལ་དུས་ཉིན་ནས་ཁྱེད་ཀྱིས་ཀྱང་ཁས་ལེན་ཞིག་བྱས་པ་བརྗེད་སོང་བ་མིན་ནམ།
ཨ་ཁ་ལྷ་མོ་ལགས་ཀྱིས་བཤད་པ་ལྟར་བདེན་པ་ཡིན་ན་རྒྱབ་སྐྱོར་ཡོད།
འོན་ཀྱང་ཁུག་རྟས་རྩོམ་ཅི་ཞིག་བྲིས་མིན་ནང་དོན་སྙིང་པོ་མདོར་བསྡུས་ཤིག་འདིར་འགོད་ཐུབ་ན་ང་ཚོས་དེར་བསམ་གཞིགས་བྱེད་རྒྱུ་ཞིག་ཡོད།
དེ་མིན་ནག་ཁུང་དུ་མཛུབ་ཡུག་བྱེད་པས་ཕན་པ་མེད། ལྷག་པར་དུ་གསར་འབྱོར་ཞེས་པ་ལས་སོགས་ཀྱིས་ཚིག་གིས་ཕན་པ་མེད། གཞན་ཡང་གོང་རིམ་མི་དྲག་དང་ལས་བྱེད་བསྒྲིག་འཛུགས་སོགས་དང་འགལ་བའི་གཏམ་སྨྲས་པ་ཙམ་གྱིས་རྒྱ་མིའི་རྒྱུགས་ཁྱི་ལས་སོགས་ཀྱི་སྐད་ཆ་ཤོད་པ་ནི་སྨྲ་བརྗོད་རང་དབང་དང་འགྲོ་བ་མི་ཡི་ཐོབ་ཐང་དམངས་གཙོའི་རང་དབང་ལས་སོགས་མ་ཤེས་པའི་དན་རྟགས་རང་རེད།
དེ་ལས་དང་པོ་ང་ཚོས་ཁུག་རྟའི་རྩོམ་དེ་ཡི་སྙིང་དོན་གང་ཡིན་ཤེས་པ་བྱེད་དེ་དགག་བཞག་གི་དཔྱད་གཏམ་རེ་སྤེལ་ན་ལེགས་པར་བསམ་མོ།
བཀའ་ཤག་གིས་ཤར་ཁུག་ལ་སྤྲད་པའི་བཀའ་ཡིག་དེ་འདིར་འགོད་ཐུབ་ན་ཤིན་ཏུ་ལེགས། དེ་མིན་ཕྱོགས་གཅིག་རྐྱང་པའི་སྐད་ཆ་བཤད་བསྡད་ན་མི་མང་པོ་ཞིག་ལོག་ལམ་དུ་འཁྲིད་རྒྱུའི་ཉེན་ཁའང་ཆེན་པོ་འདུག
ངས་བཀའ་ཁྲི་འདི་ཤོག་བུའི་སེང་གེ་རེད་ཅེས་ཚར་མང་པོ་ཞུས་ཚར། ཁ་སྔོན་དུས་བབ་ནང་དུ་གནས་ཚུལ་འདི་ཐོན་དུས་བདེན་མིན་གསལ་ཁ་མ་བྱུང་བས་རང་ལ་རེ་དོགས་འདྲ་མིན་བྱུང་ནས་བསྡད་པ་ཡིན། དེ་རིང་ལྟོས་དུས་དངོས་གནས་རེད། སེང་གེའི་བཀའ་ཤག་གི་མདུན་ལམ་ནང་དུ་གཞུང་གི་སྲིད་བྱུས་དང་མཐུན་པར་བཀའ་ཁྲི་གསར་པའི་ལས་འཆར་དག་ལ་དཔྱད་པ་བྱས་འདུག དེ་ཁྲིམས་སྒྲིག་གང་དང་འགལ་ཡོད་པ་རེད། གཞུང་གི་ལས་བྱེད་ཡིན་ན་གཞུང་གི་སྲིད་བྱུས་དང་མཐུན་པའི་ལས་འགུལ་སྤེལ་དགོས་པ་རེད།
ཁོང་གི་པཎ་ཆེན་དྲན་རྩོམ་ཡང་དེ་མཚུངས་རེད། ཁོང་གིས་མ་རྩོམ་རང་དུ་གསལ་བཤད་བྱས་འདུག དབུ་མའི་ལམ་གྱི་སྲིད་བྱུས་དང་མཐུན་པར། དབུ་མའི་ལམ་ལ་ཡིད་ཆེས་བློས་འགེལ་བྱེད་མཁན་ཞིག་གིས་དང་པོ་རང་གི་དབུ་ཁྲིད་ལ་དབུ་མའི་ལམ་གྱི་ཁྱད་ཡོན་ཚང་གི་ཡོད་མེད་དཔྱད་གཏམ་བྲིས་ན། དེ་གཞུང་གི་སྲིད་བྱུས་དང་འགལ་ས་གང་དུ་འགྲོའམ། དོན་དག་ཡང་སྙིང་ག་རེ་བྱས་ནས་བློ་སེང་གིས་ཁོང་ལ་འདི་ལྟར་ཐག་གཅོད་གནང་བ་རེད། འདིའི་དོན་དག་དངོས་གནས་རྟོགས་ཀྱི་མི་འདུག གལ་སྲིད་སྒྲིག་འགལ་བྱུང་བ་ཡིན་ནའང་། ཉེས་པ་ལ་ཉེས་པར་མཐོང་ནས་བཤགས་ན་གང་དུའང་ལམ་ཁ་ཡོད་པ་རེད། ཁྲིམས་ལུགས་སློབ་དཔོན་ཡིན་ཟེར་མཁན་ཞིག་གིས་གསར་འབྱོར་ལྷག་བསམ་ཅན་ཞིག་ལ་སྤྱོད་པ་འདི་འདྲ་བསྟེན་ཚེ། ང་ཚོས་དངོས་གནས་བཀའ་ཁྲི་འདིའི་ཕྱི་ནང་གསང་གསུམ་ལ་ཉམས་འཇོག་བྱེད་དགོས་ཀྱི་འདུག
སེང་གེའི་བཀའ་ཤག་གི་མདུན་ལམ་ནང་གི་ཚན་པ་༢ དང་ ༣ རྒྱལ་སྤྱིའི་ཡོངས་གྲགས་ཀྱི་བོད་ཐོག་རྩོམ་འབྲི་བ་དཔྱད་གཏམ་མཁན་ཚོའི་འདོད་པ་དང་གཅིག་པ་རེད། དེར་ཨིན་ཇིའི་རྩོམ་འབྲི་བ་ཚོས་དཔྱད་ཞིབ་བྱེད་བཞིན་འདུག ཚན་པ་ ༡ པོར་ཁོང་ལ་ཆེ་མཐོང་དང་བརྩི་བཀུར་མེད་པའི་གནས་སྟངས་རེད། དེ་བདེན་པ་མིན་འགྲོ། བཀའ་བློན་འབྲོང་ཆུང་དངོས་གྲུབ་དང་བློ་སེང་གཉིས་ལས་སུ་ལ་བོད་མི་ཚོས་ཡིད་ཆེས་བྱེད་ཀྱི་རེད། སུ་ལ་བྱས་རྗེས་ཆེ་བ་རེད་དམ། དོན་དག་ཡང་སྙིང་བློ་སེང་གིས་ཚིག་འདི་མ་འཁྱོག་ནས་ཐག་གཅོད་གནང་བ་ཨེ་ཡིན་ནམ།
དེ་མིན་ན། ཁོང་གི་ཐག་གཅོད་གནང་དགོས་དོན་དེ་དབང་ཆ་ཡོད་པས་རེད་དམ། དངོས་གནས་དོགས་གཞི་ཆེན་པོ་འདུག
རྒན་ལགས་གཙོས་པའི་དྲ་གྲོགས་རྣམ་པས་བགྲོ་གླེང་དང་དྲང་བདེན་གསལ་འདོན་བྱས་པ་ཐུགས་རྗེ་ཆེ། ཁོ་བོས་ད་ལྟ་རང་ལས་མཚམས་འཇོག་གི་ཡོད། རྩིས་ལེན་ཅུང་ཙམ་ཡོད་པ་དེའི་མཇུག་སྐྱེལ་བཞིན་ཡོད། རྩིས་ལན་གྲུབ་མཚམས་གནད་དོན་འདིའི་སྔ་ཕྱིའི་གནས་སྟངས་ཆ་ཚང་བཀུར་འོས་རྩོམ་པ་པོ་རྣམས་གཙོས་བོད་མི་ཚོར་འགན་ཁུར་ཡོད་པའི་ཐོག་ནས་གསེར་སྙན་སྒྲོན་འབུལ་ཞུ་ངེས་ཡིན།
ཉམ་ཆུང་མི་ལ་དོན་གྱི་སེང་གེ་སྟེ།།
དཔལ་ལྡན་བཀའ་ཁྲི་འདི་ལ་ཞེ་རེ་མེར།།
དགྲ་བོའི་མདུན་ན་ཞི་མིར་ཙི་ཙི་བཞིན།།
དཔལ་ལྡན་ཤོག་བུའི་སེང་གེར་མཆིད་འདི་གསོལ།།
ཉམ་ཆུང་ཁུག་རྟའི་སྙན་ཞུ་བཀླགས་པ་ན།།
གཤོག་ཟུང་དུམ་སེར་བཅད་པའི་རྟགས་ཤིག་མངོན།།
ཁ་ལ་མ་ཎི་ཕྱག་ལ་ཕྲེང་བ་ཅན།།
དཔལ་ལྡན་བཀའ་ཁྲིའི་སྙིང་རྗེ་གང་ན་ཡོད།།
ཆུང་མའི་ཚ་བོ་བཀའ་ཡི་བློན་པོར་བསྐོས།།
སློབ་སྟོན་མཁན་པོའང་བཀའ་ཡི་བློན་པར་བཞག།
ཆུང་དུས་ཟུར་ཟ་དེ་ཡང་བློན་དུ་བསྐོས།།
སེང་གེའི་བརྗིད་རྔམས་སྟོན་སྟངས་འདི་ཡིན་ནམ།།
གངས་ཅན་སྐྱིད་གཤོངས་ཁྱེད་ཀྱི་ཁྱིམ་ཚང་བཞིན།།
རང་ལ་དགའ་མཁན་རྣམས་ཀྱིས་སྐོར་ནས་བཞག།
དངོས་ཡོད་སྐྱོན་གྱི་ཆ་ཤས་ཕྲ་མོ་རེ།།
ཟུར་ཙམ་བཏོན་པར་ཇུས་འདི་བཤམས་པ་མཚང་།།
ཁ་བཤད་གཏམ་གྱི་སྒྲ་དེ་གང་དུ་ཡོད།།
དོན་གྱི་གསར་གཏོད་ཚིག་དེ་གང་དུ་ཡལ།།
བོད་དང་བོད་ཡིག་བསམ་པའི་ཉམ་ཆུང་དག།
ཁྱེད་ཀྱི་འབངས་ལས་ཕུད་དོན་ཅི་ཡིས་ཉེས།།
ཁྱེད་ཀྱིས་དབྱིན་ཡིག་ཤེས་པའི་ང་རྒྱལ་དེས།།
བོད་ཡིག་ཕམ་པར་བཏང་བ་མ་ཡིན་ནམ།།
བོད་དང་བོད་ཡིག་དོན་ལ་སྲོག་འདོར་བའི།།
རྒྱལ་གཅེས་དཔའ་བོ་རྣམས་ལ་སྙིང་རེ་རྗེ།།
སེང་གེར་ཝ་མོའི་གཡོ་སྒྱུ་ལྡན་པ་འདིས།།
འཇིག་རྟེན་མགོ་འཇུག་ལྡོག་པའི་དེ་ཉིད་བསྟན།།
བོད་ཡིག་སྦྱོང་མི་ཆོག་པའི་བཀའ་གཅིག་གིས།།
བཙན་བྱོལ་སྐོར་སེ་བཏང་ན་མི་ཆོག་གམ།།
བོད་པ་བཙན་བྱོལ་ཡིན་པའི་སྐབས་འདི་ལ།།
བོད་ཡིག་བཙན་པོར་བྱོལ་བའི་དུས་ཤིག་སླེབས།།
བོད་དང་བོད་ཡིག་གཉིས་ཆ་བྱོལ་དགོས་པའི།།
དུས་ངན་སྙིགས་མ་འདི་ཉིད་སུ་ཡིས་བཟོས།།
ཁུག་རྟའི་ཁ་སྟབས་ཁྱེད་ལ་མི་མཁོ་ཡང་།།
ས་ཡ་དྲུག་ལ་ངེས་པར་དགོས་སོ་ལོ།།
ཁུག་རྟའི་འཕུར་ལམ་བཀག་པ་བདེན་ནའང་།།
གཤོག་ཟུང་མ་ཆད་པ་དེ་འཕུར་བའི་གཞི།།
མཆན་མང་པོའི་ནང་། ཞེན་འཁོགས་དང་ཧོལ་རྒྱུག་གི་གནས་ཚུལ་མང་པོ་མཐོང་གི་འདུག ཆབ་བྲག་ཕོ་ཉ་འདི་ཡང་ཉོན་མོངས་མངོན་འགྱུར་རེ་ལངས་སྐབས་ཞེན་འཁོགས་ཀྱི་ན་ཚས་ཟིན་པའི་མི་ཞིག་རེད། དེའི་སྐོར་ང་ལ་བཤད་རྒྱུ་ཡོད། འོན་ཀྱང་ཆབ་བྲག་གིས་བོད་ཀྱི་སྐད་ཡིག་ལ་བཅངས་པའི་དུང་སེམས་དེ་ཧ་ཅང་རིན་ཐང་ཆེན་པོ་རེད། ད་དུང་ཁོ་པ་རྩྭ་ཆུ་གང་བཟང་ལ་ཡང་བསམ་བློ་གཏོང་མཁན་ཞིག་མ་རེད། དེའི་ཆ་ནས་ངས་ཁོ་དང་ཁོ་འདྲ་བའི་མི་དེ་རིགས་ཀྱི་ཡོན་ཏན་དེ་གལ་ཆེར་བརྩིས་ཏེ། གུས་བཀུར་ཞུ་རྒྱུ་ཡིན།
ཤར་ཕྱོགས་ཁུག་རྟས་བཀའ་ཁྲི་བློ་སེང་གིས་འགོ་ཁྲིད་པའི་བཀའ་ཤག་ལ་དཔྱད་བརྗོད་བྱས་རྐྱེན། གླ་པ་ཞིག་ལ་གཞུང་ཞབས་ཀྱི་སྒྲིག་གཞི་བཙན་འགེལ་བྱས་ཏེ་གནས་དབྱུང་བཏང་ཡོད་ན། དེ་ལ་ངོ་རྒོལ་བརྒྱ་ཆ་བརྒྱ་ཡོད། དེ་ནི་དབང་བསྒྱུར་གྲལ་རིམ་གྱི་གདུག་རྩུབ་རྩེར་སོན་པ་ཞིག་རེད། དེའི་གཞུང་དེ་ཕམ་པར་རྒྱོབ་དགོས།
འོན་ཀྱང་གནས་ཚུལ་འདི་ཆབ་བྲག་ཕོ་ཉས་བསྒྲགས་པ་ཞིག་ཡིན་སྟབས། ཆབ་བྲག་ཕོ་ཉས་གསལ་པོ་བཟོ་དགོས་པ་ཁ་ཤས་འདུག
དང་པོ། ཤར་ཕྱོགས་ཁུག་རྟ་གནས་དབྱུངས་བཏང་བའི་གཞུང་གི་ཡིག་གེ་ངོ་མ་དེ་དྲྭ་རྒྱར་འགོད་དགོས།
གཉིས་པ། ཤར་ཕྱོགས་ཁུག་རྟས་བློ་སེང་གི་བཀའ་ཤག་ལ་རྩོམ་ཡིག་སྤེལ་རྐྱེན་ལས་གནས་དབྱུངས་བཏང་བ་ཡིན་དང་། ཡང་ན་དོན་གནད་གཞན་གྱི་སྐོར་ཡིན་མིན་གསལ་པོ་བཟོ་དགོས།
གསུམ་པ། གལ་ཏེ་བཀའ་ཤག་གི་སྐོར་རྩོམ་ཡིག་སྤེལ་ཏེ་ལས་གནས་དབྱུངས་ཡོད་པ་དང་། དེ་སྒྲིག་གཞི་དང་འགལ་བ་ཡིན་ན། གཞུང་ཞབས་ཀྱི་སྒྲིག་གཞི་ཡིན་དང་གླ་པའི་སྒྲིག་གཞི་ཡིན། སྒྲིག་གཞི་དོན་ཚན་གང་ཞིག་དང་འགལ་བ་ཡིན།
དེ་ནས་ང་ཚོས་དཔྱད་པ་གཏོང་དགོས། ད་ལྟ་ང་ཚོའི་མིག་མདུན་དུ་ཤར་ཕྱོགས་ཁུག་རྟས་བཀའ་ཁྲིར་ཕུལ་བའི་སྙན་ཞུ་དེ་གཅིག་པུ་རེད། ཁ་ཤས་ཀྱི་ཀླུ་མཁར་བྱམས་དང་ཤར་ཕྱོགས་ཁུག་རྟ་གཉིས་བསྡུར་ནས་གླེང་འདུག ཀླུ་བྱམས་ཀྱིས་བཤད་ཚད་ལ་མོས་མཐུན་མེད་ཀྱང་། ཀླུ་བྱམས་ཀྱི་མི་གཤིས་དེ་མི་འདྲ་བ་ཞིག་རེད། དེ་མིན་ཀླུ་སྨྱོན་ལྟ་བུ་རང་ཚུགས་མེད་པའི་མི་དེ་ལྟ་བུའི་ཤོད་སྟངས་མཐོང་དུས། རྩོམ་པ་པོར་རློམས་པ་རྣམས་ཀྱི་ཤོད་ཚུལ་ལ་སེམས་སྐབས། ང་ཚོའི་མི་རིགས་ཀྱི་མ་འོངས་པའི་ལས་དབང་ལ་སེམས་གཏིང་ནས་སྐྱོ་སྣང་སྐྱེས་བྱུང་།
ད་ལྟ་རང་འདྲེ་མགོ་རྡོ་ནས་ཆུ་ཚོད་༣དང༥༢ནང་ལན་བཏབ་བྱུང་།ཤར་ཕྱོགས་ཁུག་རྟ་ནས་ཆུ་ཚོད༣དང་སྐར་མ༥༩ནང་ལན་སླེབས་བྱུང་།དེ་ལ་ངོ་གཉིས་ཀྱི་ལས་ཀ་འདིར་ཞིབ་འཇུག་བྱེད་དགོས།
ཤར་ཕྱོགས་ཁུག་རྟ་ལགས། འདིར་དཔྱད་མཆན་པ་འགའ་ཞིག་གི་རེ་བ་ལྟར་ལས་མཚམས་འཇོག་དགོས་སྐོར་གྱི་བཀའ་ཁྱབ་མ་ཡིག་དེའི་ངོ་བཤུས་ཤིག་འདིར་འཇོག་རོགས།
རྩོམ་ཡིག་དེ་ཇི་ལྟར་ཁྲིམས་སྒྲིག་དང་འགལ་ཚུལ་སྐོར་བཀའ་ཁྱབ་གནང་མཁན་ལ་འདྲི་དགོས་པ་ཞིག་རེད། གཞུང་གི་ལྟ་བ་དང་འགལ་ཡོད་མེད་མ་རྩོམ་རང་གོང་དུ་མཆན་ནང་ལ་བཞག་ཡོད་པས་གཟིགས་རོགས།
གཅིག་ནས་རྩོམ་ཡིག་དེའི་བརྗོད་བྱ་གཞུང་ཞབས་པའི་སྒྲིག་གཞི་དང་འགལ་ཡོད་པ་དང། གཉིས་ནས་ཉིན་གླའི་ངོ་བོར་ཡོད་པ་དག་ཀྱང་སྒྲིག་གཞི་དེའི་ཁོངས་སུ་ཚུད་ཀྱིན་ཡོད་མེད་དེ་གཉིས་སྐབས་དོན་གཙོ་བོ་རེད། གལ་ཏེ་ཉིན་གླའི་ལས་ཀ་བྱེད་མཁན་དག་གིས་ཀྱང་སྒྲིག་གཞི་འཁུར་དགོས་ངེས་ཤིག་ཡིན་ན་སྒྲིག་གཞིར་དེ་དོན་ཁ་གསལ་ལོས་དགོས། དེ་མེད་ན་ཉིན་གླ་བ་དག་ལ་སྒྲིག་གཞི་དེས་མ་ཁྱབ་པ་རེད།
ལྷ་མོ་སྐྱབས་སྤྱི་ཟུར་ཞིག་གི་ངོས་ནས་གཞུང་གི་ལང་ཕྱོགས་ལ་འདི་ལྟར་སྨྲ་བ་ནི་གཅིག་ན་ཕྱོགས་ཞེན་གྱི་རྒྱབ་རྩར་ལང་བ། གཉིས་སུ་གཅིག་གི་མར་ཕུད་པ་གཅིག་གི་ཡར་བཅུགས་པ་ཚོགས་པའི་སྒྲིག་གཞི་དང་འགལ་བ། གསུམ་སུ་སྤྱི་ཚོགས་ཁ་གཏོར་གྱི་ལས་དོན་ཞིག་ཏུ་མི་འགྱུར་བའི་སྨོན་འདུན་གཙང་མ་ཡོད།
ཤར་ཕྱོགས་ཁུག་རྟ་ལགས་ལས་གནས་ནས་ཕུད་པར་རྩོམ་ཡིག་དེ་ལས་ད་དུང་གནད་དོན་གཞན་པ་ཡོད་མེད་ཀྱང་བཀའ་ཁྱབ་གནང་མཁན་དང་དོ་བདག་རང་ཉིད་ཀྱིས་གསལ་བཤད་གནང་དགོས་པ་ཞིག་རེད། དོ་བདག་གིས་ང་ལ་གསལ་བཤད་ཡི་གེ་ཞིག་བཏང་བའི་ནང་ལ་རྩོམ་ཡིག་དེས་སྒྲིག་གཞིར་འགལ་ཚུལ་གྱི་གནད་དོན་རང་ལུང་དྲངས་ཏེ་བཀོད་འདུག
སྤྱི་སྟང་ང་རང་ཆབ་བྲག་ཕོ་ཉ་ལགས་བརྩི་བུར་ཡོད་བྱེད་པའི་མི་ཞིག་ཡིན། ད་རེས་ཁོ་གནང་སྟང་དེར་ངེས་ལེན་བྱེད་རྒྱུ་ཕར་ཟད་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ག་རེ་ཡིན་ཟེར་ན་དྲང་བོ་མ་རེད་ཕྱོགས་ཞེན་ཆེ་དྲག་པོས་སོ།། ཤར་ཕྱོགས་ཁུག་རྟ་ནི་དངོས་གནས་ཁོ་རང་ཚོད་མ་ཐུག་པར་འཕུར་མ་ཤེས་བ་ཙམ་ལས་འཕུར་ལམ་འགོག་མཁན་སུ་གང་ཡང་མེད་དོ།། དེ་ནི་བཀའ་ཤག་ལ་ཐལ་ཆེ་བའི་ཟུར་ཟ་ཞིག་མ་ཡིན་ནམ། གང་ལྟར་ཤར་ཕྱོགས་ཁུག་རྟ་ཟེར་བ་འདི་གནའ་ནས་ད་བར་བཀྲ་མི་ཤིས་བའི་ལས་ཀ་རྐྱང་རྐྱང་བྱེད་པ་ལས། ཕན་ཐོག་ཡོད་པའི་ལས་ཀ་རྐང་གཅིག་ལས་མྱོང་ངམ། ཆབ་བྲག་ལགས་ཀྱིས་ད་རེ་རང་ཉིད་རྒྱབ་བསྐྱུར་གྱི་ཁོའི་རྒྱབ་རྩར་ལངས་ཏེ་གཞི་མེད་འུད་བསྟོད་བྱེད་དོན་ག་རེ་ཡིན་ནམ། སྔོན་ཆད་ཞིག་ལའང་ཁོ་དགེ་ཆོས་ཡིན་ཚུལ་གྱིས་བྱབ་ཆུང་གི་རྩོམ་ཡིག་ཞིག་ཅིང་སྤེལ་བ་རེད། དེ་ཕར་ཆེར་གྱིས་མཐོང་ཡོད་ཤག་རེད། གང་ལྟར་ཁོ་དགེ་ཆོས་ཀྱི་སྤྲུལ་སྐུ་ཡིན་ན། ཆོས་འབྱོར་རང་ཉིད་ཀྱིས་དངོས་ཤུགས་ཅི་རིགས་སྒོས་༧གོང་ས་མཆོག་ལ་སྙན་ཞུ་ཚར་༡༡ཕུར་དགོས་དོན་མེད་ལ། ཁོ་ལ་སྐྱོན་ཞིག་མེད་ན་༧གོང་ས་མཆོག་གིས་དངོས་ལེན་གནང་འདོག་ཁ་བོ་རེད། ཡིན་ཡང་ཁོ་ནི་མི་ཁ་མ་དྲོ་བའི་སྣ་ནག་ཞིག་ཡིན་པས་སྤྱི་ཐོག་ཆ་འཇོག་ཡོད་པའི་མི་ཞིག་ཡིན་ནའང་ཁོའི་ཤུགས་རྐྱེན་ངན་པས་ཡིད་ཆེ་བརླགས་སུ་ཅིག་པ་ནི་ཆེ་འཕང་ངོ།། ད་རེ་གནད་དོན་ཆུང་ཆུང་འདིར་ཡིན་མིན་ཅི་རིགས་ཀྱིས་རྩོད་གླེང་སྣ་ཚོགས་ཞིག་བྱུང་འདུག་པ་ཕར་ཆེར་ཕྱོགས་ཞེན་གྱི་གྲིབ་འོག་ནས་གནས་ལུགས་ཀྱི་སྙིང་བོ་མཐོང་དཀའ་བར་སྙམ། འདིར་དབྱེ་ཞིབ་བྱེད་མཁན་ཞིག་ཡིན་ན་བློ་གཟུ་བོར་གནས་རྒྱུ་ཆེ་གལ་ཆེ་ནའང་དེ་མི་སྣང་བས། རེ་ཞིག་བྱ་རོག་སོ་བརྟོག་གི་རྩོམ་ཉོག་འཚམས་བཞག་ན་བཟང་། དཔེར་ན། སྐྱག་པ་བསྔོག་ན་དྲི་མ་ཅེ་ཁ་ཅེ་སྡུག་ཏུ་འགྲོ་བ་ལས་ཕན་ཐོག་གང་ཡང་མེད་པར་སྙམ། ཁོས་རྩོམ་ཡག་པོ་ཞིག་དང་། མིག་དཔེ་བཟང་བོ་ཞིག ད་དུང་མི་གཞི་བཟང་བོ་ཞིག་ཡོད་པ་ཡིན་ན་འུད་བསྟོད་ཀྱིས་ཡར་འཐེན་དགོས་དོན་མེད་པར་སྙམ། དེ་བས་རྒྱ་ཆེ་སར་གཟིགས་ཏེ་ཉམ་ང་བའི་མི་རིགས་འདིའི་བདེ་སྡུག་དང་
རྩ་དོན་སྒྲུབ་ཕྱོགས་ཐད་བསམ་བློ་རེ་བཏང་ན་ཅི་མི་དགའ་སྙམ།
ངས་འདི་ནས་ཞིབ་ཏུ་ལྟ་བཞིན་ཡོད། ལྷ་མོ་སྐྱབས་གཙོསཤེས་ལྡན་པ་མང་པོ་ཞིག་གི་གནས་ལུགས་གླེང་
བཞིན་པ་ལས་ཆོལ་ཁུངས་གཙོ་བཟུང་གིས་བཀའ་མོལ་གནང་གི་མི་འདུག མིག་ལྡན་སུས་བལྟས་ཀྱང་དྲ་ཐོག་ལ་གསལ་བོར་བཤམས་འདུག འདི་ནས་ཡར་སྐྱོགས་མར་སྐྱོགས་ཤིག་བྱེད་ས་མེད། ཁྲིམས་ཐོག་ནས་ཞིབ་བཤེར་བྱས་ཀྱང་བདེན་པ་ས་རིས་ཐང་གསལ་ཡིན།ཡིན་ནའང་འདི་ན་གནས་ལུགས་བོར་ནས་ཞེན་ཁོག་ཁོ་ནས་ཁྱི་སྨྱོན་དུ་འགྱུར་ཉེན་ཡོད་པ་ཁག་ཅིག་
གིས་རྐང་བཙུགས་ནས། ཆོལ་ཁའི་མིང་དང་གང་ཟག་སྒེར་གྱི་མིང་བཟུང་བཞིན་འདུག དོན་ངོ་མ་འདི་ཚོའི་རྒྱབ་ན་སུ་ཞིག་ཡོད་མེད་ལ་དོགས་པ་ཟ་དགོས། མི་འདི་ཅན་པོ་མང་སྟབས་རྒྱ་མི་མི་ལོ་དྲུག་བཅུ་ལྷག་ལ་ལྷོད་གཡེང་བྱས་པ་རེད། འདི་ཚོའི་ཚུགས་ཀར་བལྟས་ན་ད་དུང་རྒྱ་མི་འདི་ཅི་ཙམ་ཞིག་ལ་ལྷོད་གཡེང་བྱ་རྒྱུ་ཡིན་ནམ། འདི་ན་སྤྱི་ཚོགས་དབྱེན་དཀྲུག་དང་ཆོལ་ཁའི་འཐེན་འཁྱེར་བྱེད་མཁན་ངོ་མ་དེ། གནས་ལུགས་མི་ལྟ་བར་བུད་མེད་ཁ་འཛིངས་བྱེད་པ་ལྟ་བུའི་ཅོལ་ཆུང་བ། མི་ཉག་སྐལ་བཟང་མིང་ཅན་དང་། དིང་རྡོར་མིང་ཅན་དང་། ལྷག་པ་མིང་ཅན་སྟེ་གང་ཟག་གཅིག་གི་ཆོ་འཕྲུལ་ཡ་མ་གཟུགས་སྟོན་མཁན་འདི་ཚོ་རེད། འདི་ཚོ་ནང་གི་མི་གཅིག་གིས་སྔོན་མ་ཡང་ཆོལ་ཁའི་འཐེན་འཁྱེར་མང་པོ་བྱས་མྱོང་ཡོད། ང་ཡང་ཤ་རུས་བོད་པ་འཁྲུལ་མེད་ཅིག་དང་སྐྱེས་ཁུངས་མདོ་སྟོད་ཀྱི་མི་ཞིག་ཡིན། གསལ་བོ་ཤེས་འདོད་ན་འབྲས་སྤུངས་སྒོ་མང་དུ་ཡོད། ད་ཁྱེད་ཚོས་ཕྱོགས་འཐེན་མཚམས་བཞག་ན་རེད།
ཁྱོད་ཚོ་མིས་ཐར་བ་གཏོང་སྲིད་ཀྱང་ལས་འབྲས་ནས་ཐར་ས་མེད། ལས་འབྲས་ནི་ས་ལ་མི་སྨིན། རྡོ་ལ་མི་སྨིན་ཟིན་པའི་ཕུང་པོ་འབའ་ཞིག་ལ་སྨིན་པ་དེ་ཤེས་ན་ལེགས། འདི་ལྟར་མཐའ་བརྒལ་ན་ཡེ་ཤེས་ཀྱི་སྤྱན་ལྡན་བོད་ཀྱི་བཀའ་སྡོད་ལྷ་སྲུང་རྣམས་ཀྱིས་ཀྱང་ཡན་པོར་མི་གཏོང་བ་དེ་ཤེས་པར་མཛོད། ་་་་་་་སྡོད་ཤེས་པ་གྱིས།
ད་ཡང་ལུགས་ཟུང་མངའ་ཐང་མ་རྒྱས་པའི་བཀའ་ཤག་གསར་བུ་དེས། ཨ་མདོ་ཕོ་རྒོད་། གངས་ཅན་པའི་སྨྱུག་ཐོགས་པ་ཞིག་གི་ལམ་ནག་པོར་བསྐྲུན་ནས་ཐལ། ངོ་མ་བློ་ཕམ་ཡོད་ལ་ཤར་ཕྱོགས་ཁུག་རྟར་གདུང་སེམས་མཉམ་སྐྱེད་ཞུ།
བོད་ནང་གི་སྨྱུག་ཐོགས་པའི་རང་དབང་རྒྱ་དམར་གུང་ཁྲན་གྱིས་བཅོམས་ཞིང་། བཙན་བྱོལ་བའི་སྨྱུག་ཐོགས་པའི་རང་དབང་དེ་ཡང་ཉེས་མེད་སྐྱོན་འཛུགས་ཀྱིས་འཕྲོག་ན། རྒྱ་ནང་གཞུང་གི་བོད་ནང་། རྩོམ་པ་པོ་དང་། གཞས་པ། གཞས་མ། ཚོར་འཛྀན་པའི་དྲང་བདེན་མིན་པའི་སྲིད་བྱུས་ལ་ལན་འདེབས་ཇི་ལྟར་བྱ་རྒྱུ་ཡིན། བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ལགས། ད་ངོ་མ་རང་གི་རྐང་པར་རང་གི་རྡོ་མ་ཞུས་ན་བཟང་། བོད་ཡིག་མ་ཤེས་ཤིང་། ལས་ཀའི་ཉམས་མྱོང་ཕུན་ཚོགས་མེད་པའི་མི་ཞིག་བཀའ་ཁྲིར་འཁོད་པ་དེས་མང་གཙོ་ཡང་དག་ཞིག་དང་། ད་དུང་མིང་དོན་མཚུངས་པའི་མང་གཙོ་ཟེར་བའི་མཇུག་སྒྲིལ་ཐབས་མེད། བརྙན་བཅོས་དང་ཐུབ་ཚོད་གནས་ཚུལ་ཆུང་ཙག་རིགས་ཀ་མགོ་འཁོར་ཏེ་མ་བསྡོད།
དྲ་བདག་ལགས། མཆན་འདི་གལ་ཆེ་ཤོས་ཡིན་པས་འདིར་ཡང་འཇོག་རོགས།
དོ་བདག་གིས་བཀའ་ཁྲི་ལ་དངོས་སུ་མཇལ་ནས་དགོངས་སེལ་དང་གསལ་བཤད་གནང་འདུན་ཡོད་པ་དེ་ཀུན་སྤྱོད་ཀྱི་ཆ་ནས་བཟང་པོར་མཐོང་སོང། དེ་ལ་བཀའ་ཁྲིས་ཡ་ལན་མ་གནང་བའི་རྣམ་འགྱུར་དེ་དཀྱེལ་ཡངས་ཐབས་མཁས་ཀྱི་གནང་སྟངས་ཤིག་མ་རེད་སྙམ།
བདག་གི་བསམ་ཚུལ་ལ་བཀའ་ཁྲིའི་འཁོར་ན་བོད་ཡིག་དང་བོད་ཀྱི་རིག་གཞུང་ལ་བྱང་ཆ་ཡོད་པའི་མི་འགའ་རེ་ཡོད་ན་ལས་དོན་ཐད་ལ་ཡང་ཕན་ཐོགས་ཆེ་སྙམ། གལ་ཏེ་ཐབས་ལ་མཁས་པ་ཞིག་ཡིན་ན་ཤེས་ཡོན་ཅན་གྱི་མི་གཅིག་རེ་ཡང་ཚུར་གྲོགས་སུ་འགུགས་པར་བརྩོན་པ་ལས་ཁ་ཐག་རིང་དུ་གཏོང་ཅི་ལ་འོས། རྒོད་པོ་འཁྲིད་ན་མཐུར་མདའ་རིང་དགོས་ལ། དོན་ཆེན་སྒྲུབ་ན་ཁོག་རྒྱ་ཡངས་དགོས་པའི་གཏམ་དཔེ་འདི་དཔོན་ཆེན་ཞིག་ལ་མཚོན་ན་ངེས་པར་ཉམས་ལེན་གནང་དགོས་པའི་རྩ་ཆེའི་ལེགས་བཤད་ཅིག་ཅི་ལ་མིན། ཉམས་མྱོང་འདིའི་ཐོག་ནས་བཀའ་ཁྲི་རང་ཉིད་ཀྱིས་གཙོས་པའི་མི་དམངས་ཀྱི་དཔོན་ཆེན་རྣམ་པས་ཐབས་མཁས་ཐུགས་རྗེ་དང་ལྡན་པའི་མཛད་པ་རེ་གནང་སྐྱོང་ཡོང་བར་གཞེན་སྐུལ་ཞུ་འདོད་བྱུང།
འདི་རིགས་ནི་ལས་དོན་བྱེད་ཐབས་ཀྱི་ནོར་འཁྲུལ་རིགས་ཤིག་རེད། ང་ཚོའི་འཐབ་རྩོད་ཀྱི་རྒྱབ་རྟེན་བདེན་དོན་དང་རྨང་གཞི་ཆིག་སྒྲིལ་ཡིན་པས། གོང་རིམ་ནས་ལས་དོན་ལ་ནོར་འཁྲུལ་ཡང་ཡང་ཤོར་ན་འོག་རིམ་དང་བར་ཐག་རིང་བར་འགྲོ་བའི་ཉེན་ཁ་ཆེ། དེ་བས་ཚང་མས་བསམ་ཤེས་རེ་གནང་ནས་ཆུང་ཆུང་ཆེན་པོ་མ་བཟོ་་་ཆེན་པོ་ཆུང་ཆུང་ཡང་མ་བཟོ། ནོར་འཁྲུལ་ནོར་འཁྲུལ་དུ་ངོས་འཛིན་གྱིས་ཡོ་བསྲང་གནང་ན་ཚར་བ་རེད།
དཔོན་འབངས་ཁོ་རང་གཉིས་སྒེར་ངོས་ནས་བར་ཐག་རིང་དུ་མི་གཏོང་རྒྱུ་ངའི་རེ་བ་གཙོ་བོ་ཞིག་ཡིན། ཆིག་སྒྲིལ་ནི་བཀའ་ཁྲིའི་དམ་བཅའ་ཞིག་ཀྱང་ཡིན་པས་ལས་དོན་འདི་དག་ཆིག་སྒྲིལ་དང་འབྲེལ་བ་ཆེན་པོ་ཡོད། གང་ཡིན་ཟེར་ན་འདི་མི་གཅིག་རང་མིན་པར་ཤེས་ཡོན་ཅན་གྱི་དཔུང་སྡེ་དང་འབྲེལ་བ་ཆགས་ཀྱིན་ཡོད། དེ་བས་ལྷ་རབ་བྱུང་ན་ཁུག་རྟ་དང་ཕྱག་འཇུ་ཐེངས་གཅིག་བཏང་ན་ཅིས་མི་དགའ། འདི་ནི་སྐུ་ཞབས་མེ་ལྕེ་ལགས་ཀྱིཅེས་པའི་དཔྱད་བརྗོད་ཀྱི་སྙིང་དོན་དང་ཡང་འབྲེལ་བ་ཡོད
གནས་ཚུལ་གྱི་ཡོང་ཁུངས་དོ་བདག་རང་ལ་གཏུགས་ལོས་དགོས། ངས་བཀའ་ཁྱབ་ཀྱི་སྙིང་དོན་ལས་གནས་ནས་ཕུད་དོན་དེ་གསལ་བོར་བཀོད་ཡོད། དེ་མིན་ན་ད་བཀའ་ཤག་གིས་ལན་བསྐྱོན་གནང་ན་འགྲིག་གི་རེད། གསལ་བཤད་གནང་ན་ཆོག་ག
དིེ་རྡོར་ལགས། རང་གིས་ང་ལ་སྐྱོན་ཇི་ལྟར་བརྗོད་ཀྱང་བརྗོད་དམའ་འབེབས་འདྲ་བོ་ག་རེ་ཡོད་ན་བྱོས། ཚིག་ངན་པ་ཡང་ག་རེ་སྤྱོད་རྒྱུ་ཡོད་ན་སྤྱོད། དེས་དུས་བབ་དང་ཁ་བརྡའི་དྲ་བདག་རྣམ་པར་མཆན་འགོད་པ་སུ་ཞིག་ཡིན་ཡང་ངའི་ཐོག་ལ་ཅི་ཞིག་བཤད་ཀྱང་ཁོ་ཚོར་ཐོབ་ཐང་ཡོད། མ་འགོག་རོགས་ཞུས་ཡོད། ད་དུང་ཞུ་གི་ཡིན། ངའི་ཚོད་ཀྱིས་ང་ལ་བསྟོད་མཁན་བྱེད་མཁན་མང་མེད་ན་ཉུང་མེད། ད་ངོ་མ་ང་ལ་སྐྱོན་འཛུགས་མཁན་དེ་ཚོར་དོན་ངོ་མ་ཅི་ཞིག་བཤད་རྒྱུ་ཡོད་ན་ངས་གསལ་བོ་ཤེས་འདོད་འདུག གལ་ཏེ་ངོ་ཐུག་ཐུབ་པ་ཞིག་ཡིན་ང་རང་ཚོ་དང་གདོང་ཐུག་ནས་ཁ་བརྡ་ལྷོད་ལྷོད་བྱེད་འདོད་ཡོད། ཅིག་བཤད་རྒྱུ་ཡོད་མདོག་མདོག་གིས་གོ་མི་ཆོད། ཡོད་ན་གསལ་བོར་བྲིས་དང་་་་་འདི་ན་ཚང་མས་ཅེར་བསྡད་འདུག་ག་་་ངས་ངོ་མ་ཕྱོགས་ལྷུང་དང་སྒེར་གཅོད་ཅི་བྱས་མི་ཤེས་པས་་་སྐྱོན་ཆ་འདི་གསལ་བོ་ཞིག་བཤད་རོགས། མ་དགའ་བ་སྤུ་ཙམ་མེད།
འདིའི་སྐོར་ཞིབ་ཕྲའི་གནས་ཚུལ་མ་ཤེས་ཙ་ན། བསམ་ཚུལ་ཞུ་གི་མིན། གནས་ཚུལ་མ་ཤེས་པ་གཞན་ཚོས་ཀྱང་གནས་སྐབས་གང་བྱུང་མ་བཤད་ན་བཟང་། དྲི་བ་ཁ་ཤས་ཡོད།
༡ ཉིན་གླའི་ལས་བྱེད་ཟེར་བ་དེ་ཅི་རེད། དེ་ལ་བསྐོ་བཞག་བྱེད་དུས་ཡི་གེ་འདྲ་བོ་སྤྲད་ཡོད་དམ་མེད། ཡོད་ན། དེའི་ནང་ག་རེ་བྲིས་ཡོད་རེད།
༢ ཤར་ཕྱོགས་ཁུག་རྟའི་དྲ་རྩོམ་ཡོངས་རྫོགས་དང་། ལྷག་པར་རྒྱ་ནག་ལ་ལན་འདེབས་བྱས་ཡོད་ཟེར་བ་དེ་ཚོའི་དྲ་ཐག་ཡོངས་ཤོག་ངོས་གཅིག་ནང་བྲིས་ཏེ་འདིར་འཇོག་ཐུབ་བམ།
༣ བཀའ་བློན་གཞན་རྣམས་མཇལ་དུས་ཕར་ག་རེ་ཞུས་པ་དང་། ཚུར་ག་རེ་གསུངས་སམ།
༤ ཤར་ཕྱོགས་ཁུག་རྟར། ད་ནས་བཟུང་ལས་ཀ་མེད་ཅེས་ངག་ཐོག་ནས་བཤད་པ་རེད། ཡིག་ཐོག་ནས་སྤྲད་པ་རེད། ཡི་གེ་དེའི་ནང་ག་རེ་བྲིས་ཡོད་རེད། ཡི་གེ་སྤྲོད་མཁན་སུ་རེད། སུས་མིང་རྟགས་བཀོད་ཡོད་རེད།
ད་བཙན་བྱོལ་བོད་གཞུང་གི་ཁ་གཏད་དུ་པན་རྩོམ་པ་པོའི་ཐུན་ཚོགས་ལངས་པ་འེ་རེད། བོད་ཀྱི་ལས་དབང་འདི་འདྲ་རེད། ལྷ་མོ་སྐྱབས་བསམ་བློ་རྒྱ་་ཆེ་ས་ནས་གཏོང་ཐུབ་པ་བྱས་ན་འེ་མི་དགའ། ལྷ་མོ་སྐྱབས་ཀྱི་མིང་བེད་སྤྱད་ནས་ཁ་གཏད་དུ་ལངས་ན་མི་སྐྱོན། བོད་ཀྱི་རྩོམ་པ་པོའི་ཐུན་ཚོགས་ཟེར་ནས་ཁ་གཏད་དུ་ལངས་ན་ཅི་མི་སྐྱོན། རྒྱལ་སྤྱིའི་པན་རྩོམ་པ་པོའི་ཐུན་ཚོགས་ཀྱི་མིང་བེད་སྤྱད་ནས་བོད་གཞུང་གི་ཁ་གཏད་དུ་ལངས་པ་འདི་ལ་ངོ་རྒོལ་ཡོད། བོད་སྤྱི་བ་ལ་ཕན་མི་ཐོག་པ་ཞིག་ཡིན་ཕྱིན་ཚོགས་པ་འདི་ལྟ་བ་གཏན་ནས་མི་དགོས།
བཀའ་ཁྲིས་ཆོས་འབྱོར་ལས་གནས་ནས་གནས་དབྱུངས་བཏང་བ་ནི་བདེན་པ་རེད་ལ་ཁོང་གི་ཐོབ་ཐང་རེད། སྒྲིག་ཁྲིམས་ལ་བརྩི་འཁུར་མེད་པ་གང་བྱུང་གིས་ལས་དོན་སྒྲུབ་མཁན་ནི་ཚོགས་གཙོའི་འདོད་པ་དང་མ་མཐུན་ན་གཙོན་བཅུག་མེད་པ་༼ སྲིད་དབང་གཅིག་བསྡུ་ཚོགས་པའམ་དམར་ཕྱོགས་ཚོགས་པ་ཡིན་ཚེ་སྨྲ་བརྗོད་བཀག་ཅིང་ཁྲིམས་སུ་བཅུག་ཀྱང་མང་གཙོའི་ལུང་པ་དེ་ལྟར་མེད་ཀྱང་ལས་གནས་ནས་བབ་རྒྱུ་ཁྲིམས་ཀྱི་ཐོབ་ཐང་རེད༽ ལས་གནས་ནས་ཕབ་རྒྱུ་དྲང་བདེན་རེད་ལ། དེ་ནི་ནུབ་ཕྱོགས་སོགས་དམངས་གཙོའི་རྒྱབ་ཀུན་ཏུ་ཡོང་ཡོངས་དྲག་རེད།
ལས་གནས་ནས་ཕབ་ཚེ་ཆོས་འབྱོར་གྱིས་རང་གི་ལས་ཀ་སྲུང་སྐྱོར་ཆེད་སྐབས་བབ་ཀྱི་ལས་དོན་ཅི་ཞིག་སྒྲུབ་མིན་ཁོང་གི་ཐོབ་ཐང་རེད་ལ། བཀའ་ཁྲིར་བཟོ་གསོལ་ཕུལ་རྒྱུ་ཁོང་གི་འོས་བབ་ཡིན་ཞིང་ཕུལ་ཅིང་དེ་ལྟར་སྒྲུབ་པ་གནས་ལུགས་མཐུན་པ་མ་ཟད། བདེན་དོན་དང་མཐུན།
ཆབ་བྲག་གིས་རང་གི་འདོད་མདུན་དང་མཐུན་པའི་གང་ཞིག་ལ་རྒྱབ་སྐྱོར་བྱེད་མིན་ཁོང་གི་ཐོབ་ཐང་རེད་ལ། དེ་ལྟར་སྒྲུབ་པའང་བདེན་དོན་དང་མཐུན།
མདོར་ན་བཀའ་ཁྲི་དང་ཆོས་འབྱོར། ཆབ་བྲག་གསུམ་གྱིས་སྒྲུབ་པའི་གནད་དོན་ནི་བདེན་པ་རེད་ལ། མི་སུ་ཡིན་ཡང་གནད་དོན་འདི་ལ་འཕྲད་ཚེ་དེ་ལྟར་བྱེད་ངེས་རེད།
བོད་ནང་དུ་ཛ་དྲག་གི་གནས་སྟངས་ཐད་རྩོམ་ཡིག་ཅིག་བྲིས་པར་སེང་གེས་འདི་ལྟར་ཐག་གཅོད་བྱས་པ་དངོས་གནས་ངོ་ཚ་བ་དང་བློ་ཕམ་པ་ཞིག་རེད། ང་ཚོས་དེ་རིང་ཕ་ཡུལ་དྲ་ངོས་ནས་རྩོམ་འདི་བླངས་ནས་སློབ་མ་སྐོར་ཞིག་གིས་རྩོམ་ཡིག་འདིའི་ཐད་སྐད་ཆ་བཤད་པ་ཡིན། འདི་ནི་རྒྱལ་ཁབ་ཀྱི་དོན་དུ་རེད་འདུག་པས། བློ་སེང་གི་སྐྱོན་དངོས་གནས་པ་ཞིག་ཐེར་འདོན་བྱས་པར་འདི་འདྲའི་ངོ་ཚ་རྒྱུ་མེད་པའི་ཐག་གཅོད་གནང་བས། ང་ཚོ་ཚང་མ་བློ་ཕམ་དང་ཡིད་ཆད་སོང་། ང་ཚོས་རྩོམ་ཡིག་འདི་རྒྱ་གར་གསར་ལམ་ཁག་ཏུ་འབུལ་གྱི་ཡིན། རྒྱ་གར་དང་འཛམ་གླིང་གི་སྨྲ་བརྗོད་རང་དབང་གིས་རྩོམ་ཡིག་འདི་དང་རྩོམ་པ་པོ་འདིའི་རང་དབང་སྲུང་སྐྱོབ་བྱེད་རོགས་ཞེས་སྐུལ་མ་བྱས་ཡོད།
ཕ་ཡུལ་དྲ་བའི་སྟེང་བཀོད་པའི་དྲ་འབྲེལ http://www.phayul.com/news/article.aspx?c=4&t=1&id=30243&article=Future+Prospects+of+Sangay%27s+Kashag
ལྡི་ལི་ནས་སློབ་ཆེན་པ་སྐོར་ཞིག་གིས།
བཀའ་ཤག་གསར་བས་བོད་མི་བོད་ཡིག་ལ་བརྩེ་དུངས་བཅངས་ཏེ་རང་གི་ཨ་མའི་ཕོར་བའི་ནང་ཇ་ལྡུགས་མཁན་ཞིག་འདི་ལྟར་ལས་ཤོར་བྱེད་དུ་བཅུག་པ་ངོ་མ་ཡིད་འཕངས་པ་ཞིག་རེད། མ་གཞི་ཤར་ཕྱོགས་ཁུག་རྟའི་འཇོན་ཐང་ལ་ལྟོས་ན་ལས་ཀ་ཞིག་གི་དཀའ་ངལ་ཡོད་ཀྱི་མ་རེད་དེ། ཁོས་ད་བར་བྲིས་པའི་རྒྱ་གཞུང་ལ་ལན་འདེབས་ཀྱི་རྩོམ་ཡིག་དེ་འདྲ་མང་པོ་ཞིག་བཙན་བྱོལ་གཞུང་གིས་འབྲི་ཐུབ་མེད་པས་ད་ནས་བཟུང་ཡོད་པ་དེའི་རྩ་བའང་བཅད་པ་རེད། འདི་བློ་སེང་གིས་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་གི་ཡིན་ཟེར་བའི་ཐབས་ཤེས་ཤིག་ཡིན་ན་་མ་གཏོགས་གྱོང་ཆེན་པོ་རེད། བློ་སེང་གིས་ཁ་རྒྱ་གཞུང་ལ་འཁོར་ནས་ངས་འདི་ནས་ཁྱེད་ཚོའི་སྲིད་བྱུང་ལ་དགག་པ་རྒྱག་མཁན་ཆ་ཚང་རྩ་མེད་དུ་གཏོང་། ཁྱོད་ཚོའི་སྣང་བརྙན་ཡག་པོ་ཡོང་བར་རམ་འདེགས་བྱེད། དེ་རྗེས་ཁྱོད་ཚོའི་ངའི་མིང་གི་ཆེད་དུ་༸གོང་ས་མཆོག་བོད་ལ་ཐེངས་གཅིག་གཏོང་རོགས་ཞེས་ཞུ་བ་འཐེན་ཡོད་པ་ཡིན་ནམ། དེ་གཅིག་ཡིན།
བཀའ་ཤག་གསར་བས་བོད་ཡིག་འདི་བཙན་བྱོལ་ལ་གཏོང་འདོད་ཡོད་པ་ཡིན་ནམ། རྒྱ་ནག་གཞུང་ལྟ་བུར་མཚོན་ན་བོད་ཀྱི་གནའ་བོའི་རིག་གཞུང་གི་ཚོས་གཞིའི་སྟེང་དུ་གུང་ཁྲན་ཏང་གི་སྣུམ་བླུགས་ཡོད་ཀྱང་། བོད་ཡིག་གི་རྩོམ་ཡིག་ཅིག་བྲིས་ནའང་རྩོམ་ལ་ཡོན་སྟེར་གྱི་ཡོད་པ་རེད། བློ་སེང་གིས་རྩོམ་ཡོན་སྟེར་རྒྱུ་ཕར་བཞག
རིན་མེད་ཀྱིས་འབྲི་མཁན་མདུན་ལམ་མེད་པར་བཟོ་བ་ནི་དམིགས་ཡུལ་གསལ་བོ་མ་རེད།
ད་ལྟ་ནི་བོད་ནང་ནས་ཟིང་ཆ་དྲག་ཏུ་ལངས་ཀྱིན་པའི་སྒང་རེད། སྐབས་འདིར་དབུས་སྒྲིག་འཛུགས་ཀྱི་མཛད་གཙོ་དག་ཀྱང་དེའི་ཐད་ལས་བྲེལ་གྱིས་མགོ་འཁོར་ཡོད་ངེས། ཤར་ཁུག་ཁོ་རང་ལ་མཚོན་ན་ཁོ་རང་སྒེར་གྱི་གནས་སྟངས་ཤིག་རེད་མདོ། ཁ་བ་ཅན་མེ་རུ་འབར་ཡང་འོན་ཀྱང་ལྷོད་དལ་ཅན་འགའ་རེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁ་གཏད་དུ་ལངས་སོང་ལ། ད་དུང་གནམ་ལྕགས་དང་། ཀླུ་སྨྱོན། ལྷ་མོ་སྐྱབས། བོན་རྒྱ། ཁོང་ཅག་གིས་ཧུ་རུབ་བ་རུབ་གནང་གིན་འདུག
ལྷ་མོ་སྐྱབས་ཀྱིས་པེན་གྱི་ཚོགས་པའི་མིང་ཐོག་ནས་རྒོལ་གྱིན་འདུག་མོད། པེན་གྱི་ཚོགས་པས་བོད་པའི་ཤེས་ཡོན་པ་གསོ་སྐྱོང་བྱས་པའི་སྐད་ཅིག་དེ་སྔོན་མ་ཐོས་ཀྱང་། ད་རེས་གཞུང་གི་ཁ་གཏད་དུ་ལངས་ཡོང་དུས་མིང་རྔམ་ཅན་ཞིག་ཐོས་སོང་། འདིའང་། ཁ་ཕྱིར་གཏད། གྲོད་པ་ནང་གཏད་ཟེར་བ་ལྟར་ཤེས་ཡོན་པའི་ཚོགས་པ་འདིའང་དཔུང་ཤུགས་དང་རྒོལ་རྡུང་དང་པོ་བོད་ཀྱི་སྒྲིག་འཛུགས་ཐོག་ངོམ་སོང་།
ངའི་རེ་བ་ལ། ད་ལྟའི་དུས་འདིར་ནང་ཁུལ་དཀའ་ངལ་འགའ་ཡོད་ཀྱང་། ཏོག་ཙམ་བཟོད་བསྲན་བྱེད་དགོས་པའི་དུས་ཚོད་ཅིག་ལས། མི་དཀྱུས་མ་ཞིག་གི་རྒྱབ་དཔུང་ཚོགས་པ་ལུང་ཚན་ལང་པ་འདི་ཏག་ཏག་ཅིག་མ་རེད་དྲན། ངས་འདིར་ཁུག་རྟ་དང་གཞུང་བར་འདི་དཀར་པོ་དང་འདི་ནག་པོ་རེད་ལབ་མེད་མོད། ད་ལྟའི་དུས་འདིར་བོད་ནང་ནས་སྲོག་གིས་འཐབ་རྩོད་བྱེད་ཀྱིན་ཡོད་དུས། འདི་ནས་ཁ་ཕོར་གྱི་རྩོད་རྙོག་མི་བྱེད་རོགས། གཞིས་མིའི་མདུན་ནས་ཀྱང་ངོ་ཚ་ཟེར་ཀྱིན་ཡོད།
ཁ་བརྡ་ཚང་གི་བཀའ་ཁྲི་ལ་གང་ངན་ལབ་མཁན་ཚང་མ་གཏོང་གི་འདུག་་་བློ་དྲང་བོར་གནས་པ་ཚོ་གཏོང་གི་མི་འདུག་གང་ཡིན་ན་རྩོམ་སྒྲིག་པ་ལགས། ངས་དྲང་མོའི་མཆན་ཉུང་ངུ་བཏང་ཡོད་ཀྱང་་་ཡང་བཀག་འདུག་་་་ངོ་སྐྱོ་བ་ལ།
ངས་བལྟས་ན་མཆན་བུ་བ་མང་པོ་ཞིག་གིས་ཧ་མ་གོ་གོང་ནས་ཧེབ་ལང་གི་འདུག དེ་ཡག་པོ་མ་རེད་སྙམ། གནས་དབྱུང་བཏང་བ་ཁུག་རྟ་རེད། ཁྱེད་ཚོ་མ་རེད། ཅུང་ཙམ་སྒུགས་དང་། གནས་ཚུལ་ངོ་མ་ས་འཕྱར་ན་རྡོ་ལྷང་ལ་འབུད་ནི་རེད། ཁུག་རྟས་ཅི་ཡང་མ་བཤད་གང་ཡང་མ་ལབ་གོང་ནས་དོན་དག་མགོ་མ་ཚོས་བར་འུར་ལངས་ནས་འདྲོགས་ན་དེའི་མཇུག་འབྲས་དེ་ཡག་རྒྱུ་མ་རེད། ར་སྤུའི་འུར་རྡོ་ར་ཡི་མཇིང་བར་འཁོར་ཞེས་པའི་དཔེ་དེ་ཡོང་ན་ཐང་། གནས་ཚུལ་གསལ་པོ་ཆགས་ན་ང་ཚོས་སུ་ལ་རྒྱབ་སྐྱོར་བྱེད་དགོས་མིན་གསལ་པོ་ཤེས་ཀི་རེད། རིག་གནས་གསར་བརྗེའི་སྐབས་ཀྱི་དམར་སྲུང་དམག་མིའི་བྱེད་སྟངས་ལྟར་མ་བྱེད་རོགས། གནས་སྐབས་ལྷོད་ལྷོད་གྱིས། ཁྱེད་རང་མི་ཞིག་ཡིན་པའི་ཆ་ནས་ཟོལ་མེད་བདེན་དྲང་གི་ལམ་དུ་བསྐྱོད་རྒྱུ་ནི་གཟི་བརྗིད་ལྡན་པ་ཞིག་ཡིན་པ་རེད།
བཙན་བྱོལ་བའི་སྒྲིག་འཛུགས་ཀྱི་འོག་ཏུ་རྩོམ་འབྲིའི་སྨྲ་བརྗོད་རང་དབང་མེད་ན། བོད་ནང་གི་རྩོམ་པ་པོ་དག་ལ་ཅི་ཁག དེ་ཚོ་ཡང་སྒྲིག་འཛུགས་ཤིག་གི་འོག་ཏུ་ཡོད་པས་ཡིན་རྒྱུ་རེད། ང་ཚོས་ནམ་རྒྱུན་སྨྲ་བརྗོད་རང་དབང་མི་འདུག་ཅེས་སྐད་འབོད་དེ་སུ་ལ་བྱེད་ཀྱི་ཡོད་པ་རེད།
“ཉིད་ནས་༢༠༡༡ཟླ་༡༠་ཚེས་༤ཉིན་སྤེལ་བའི་རྩོམ་ཡིག་འགོ་བརྗོད་(སེང་གེའི་བཀའ་ཤག་གི་མདུན་ལམ)ཞེས་པ་བཙན་བྱོལ་བོད་གཞུང་གི་ལས་བྱེད་པ་རྣམས་ཀྱི་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞི་དང་འགལ་འཛོལ་བྱུང་འདུག་པས་མུ་མཐུད་ལས་བྱེད་ཁོངས་ཉིན་གླའི་ངོ་བོར་རྒྱབ་གཉེར་ཞུ་ཐབས་བྲལ་འདུག་པ་དེ་དོན་དགོངས་འཇགས་ཞུ། ལན་འདེབས་ཚོགས་ཆུང་གི་ཚོགས་གཙོས། ༢༠༡༡་ཟླ་༡༠ཚེས་༡༢ལ།”
མ་ཡིག་གི་འདྲ་བཤུས་འོག་གི་ངོ་དེབ་ཐོག་ལ་བཞག་ཡོད།
http://www.facebook.com/profile.php?id=100001484395374&sk=wall
ཤར་ཕྱོགས་ཁུག་རྟ་ནི་བཀའ་ཤག་གི་རྒྱ་གཞུང་ལ་ལན་འདེབས་ཚོགས་ཆུང་གི་རྒྱུན་ལས་པ་ཞིག་རེད། དེ་ཡང་མིང་ཙམ་མིན་པར་རྩོམ་ཡིག་སྔ་ཕྱི་མི་ཉུང་བ་ཞིག་སྤེལ་ཡོད། དེ་བཞིན་བོད་རང་གི་སྤྱི་ཚོགས་ནང་ལ་ཡང་ཆོས་སྲིད་གཉིས་ཐད་ནས་དཔྱད་བརྗོད་འགའ་ཞིག་སྤེལ་ཡོད། ལྷག་པར་༢༠༠༨ལོར་ཁྲག་གི་རྡོ་རིང་ཞེས་པའི་ཁ་ཚ་དགོས་གཏུགས་ཀྱི་རྩོམ་སྒྲིག་གནང་ཡོད། ལ་ལ་ཞིག་གིས་སྤྱིར་བཏང་བ་ཞིག་དང་མི་ཕལ་བ་ཞིག་ཅེས་རང་ཉིད་ཆེ་མདོག་འདྲ་བོ་སྟོན་གྱིན་འདུག གཅིག་བྱས་ན་ཁྱེད་ཅག་རྣམ་པ་ཁོང་ལས་ལྷག་ངེས་ཀྱང་སྲིད། འོན་ཀྱང་ངའི་བསམ་ཚོད་ལ་མི་ཕལ་བ་ཞིག་ཡིན་ན་ཡང་བདེན་དོན་ལ་སྣང་ཆུང་དང་གཡུག་འཇོག་མི་རུང་བར་རྒྱབ་སྐྱོར་བྱེད་འོས་སྙམ།
བོད་ནང་གི་རྩོམ་པ་པོ་རྣམ་པས་ཀྱང་སྔ་ཕྱིར་ཕྱི་ནང་གཉིས་ལ་དཔྱད་བརྗོད་སྤེལ་ཡོད། སྐུ་ཞབས་ཞོགས་དུང་ལགས་ཡིན་ན་ཡང་དེ་སྔ་བོད་ནང་ཁུལ་ལ་མཚང་འབྱིན་ཤུགས་ཆེན་གནང་ཡོད། ད་ལྟའི་གནས་བབ་འདིར་ཡང་ནོར་འཁྲུལ་གོང་རིམ་རང་ནས་བཟོས་འོང་ན་འོག་རིམ་ནས་ཀྱང་འཁྲུགས་འགྲོ་གི་རེད། དེ་བས་ཐུགས་བསམ་མ་ནོར་བར་བཞེས་མཁན་གཙོ་བོ་དེ་ཡང་གོང་རིམ་མི་སྣ་དག་ལ་རག་ལས་ཡོད་སྙམ།
ངས་བཤད་འདོད་པ་ནི། ཁུག་རྟའི་དཔྱད་བརྗོད་དེ་འདྲ་མུ་མཐུད་མཁོ་གི་འདུག དེ་བས་གཞུང་ལ་མི་མཁོ་ན་ང་ཚོར་མཁོ་གི་ཟེར་བ་ཡིན། དེ་ཡང་མི་ཆོག་པ་ཞིག་རེད་དམ། ང་རང་ཚོས་བོད་གཞུང་ལ་ལྷག་བསམ་སུ་དཀར་དེ་སོ་སོའི་སེམས་ན་ཡོད་པ་ཞིག་རེད།
ཤར་ཕྱོགས་ཁུག་རྟ་ལགས་ནས་ཁོ་རང་ལ་བྱུང་བའི་གནས་ཚུལ་འདི་ང་ལ་གློག་འཕྲིན་བཏང་བྱུང་། དེ་ནས་ངས་ཁ་པར་བཏང་ནས་གནས་ཚུལ་གསལ་བོ་དྲིས་པ་ཡིན། ཁོ་རང་ངོས་ནས་ཀྱང་གནས་ཚུལ་དེ་ཕྱི་ལ་འདོན་རྒྱུ་ཡིན་ཟེར། དེ་རིང་མ་ཡིག་གི་འདྲ་བཤུས་ཀྱང་བསྐུར་བྱུང་བས་ལམ་སང་འདིར་མཁོ་འདོན་ཞུས་ཡོད། འདི་བྱུང་རིམ་གཅིག་རེད། ད་དུང་འདིའི་རྗེས་འབྲེལ་གྱི་གནས་ཚུལ་རེ་ཡང་འདུག་ན་སྐབས་བསྟུན་གླེང་ཆོག
གནས་ཚུལ་འདི་ཞིབས་ཕྲ་མི་ཤེས་པར་སོང་ཙང་བསམ་ཚུལ་ཡག་སྡུག་ཞུ་མི་ཤེས། ཤར་ཁུག་གི་རྩོམ་ཡིག་དེ་ཡང་མཐོང་མ་སོང་། འོན་ཀྱང་ཤར་ཁུག་གིས་ཁྲི་གསར་ཚང་ལ་ལངས་ཕྱོགས་འཐབ་རྩོད་ཐད་མཐུས་ཤོར་དང་ལས་འཆར་དོན་འཁྱོལ་མེད་པ་སོགས་ལ་སྐྱོན་བརྗོད་བྱས་པ་སོགས་ཡིན་ན་དེ་ནི་དམངས་གཙོའི་སྤྱི་ཚོགས་ནང་འོས་ཤིང་འཚམས་པ་རེད་ལ་དགོས་ངེས་ཡང་རེད། ཡིན་ཡང་མི་གཞི་ལ་དམའ་འབེབས་བྱས་ན་མི་འོས་པ་རེད།
མཆན་མང་པོའི་ནང་དེ་སྔོན་ཀླུ་མཁར་བྱམས་ལགས་གནས་དབྱུངས་གཏོང་སྐབས་ཆབ་བྲག་ལགས་ཀྱིས་རྒྱབ་སྐྱོར་མི་གནང་བ་དང་ད་ལན་ཤར་ཁུག་ལ་དམིགས་བསལ་རྒྱབ་སྐྱོར་གནང་བ་དེ་ནི་ཀླུ་མཁར་བྱམས་ལགས་རང་བཙན་ལྟ་གྲུབ་པ་རེད་ཤར་ཁུག་ལགས་དང་ཆབ་བྲག་ལགས་གཉིས་དབུ་ལམ་ལྟ་གྲུབ་པའི་བཞེད་པ་མཐུན་པར་སོང་དེས་ཡིན་རྒྱུ་རེད། གང་ལྟར་ཅི་ཡིན་མི་ཤེས། སྨྲ་བརྗོད་རང་དབང་ལ་ཚོད་འཛིན་བྱས་ན་ངོ་རྒོལ་ཡོད།
མ་གཞི་བོད་པ་ཚང་འདི་གནའ་ནས་ད་བར་གཞུང་ལ་སྐྱོན་རྗོད་བྱེད་མཁན་ཡོད་ན་གནས་ལུགས་དང་རྒྱུ་མཚན་ལ་མི་བལྟ་བར་གནས་དབྱུངས་གཏོང་བ་དང་རྒྱངས་ཕུང་གཏོང་བ་བཙོན་དུ་འཇུག་པ་སོགས།
དཔེར་ན་གནའ་སྔ་མོ་དགེ་འདུན་ཆོས་འཕེལ་ལགས་དང་། རྩིས་དཔོན་ལུང་ཤར་དེ་ནས་ཕྱིས་འབྱུང་མཁས་དབང་ཟླ་བ་ནོར་བུ་དང་འཇམ་དབྱངས་ནོར་བུ་སོགས་རྡ་སའི་རི་ཁུག་དེར་སྡོད་བློས་མི་ཟོད་པའི་གནས་སྟངས་བྱུང་བ་དེ་བོད་པ་ཚང་གི་བྱས་རྗེས་བླ་ན་མེད་པ་ཞིག་རེད། དེ་ནི་དགྲ་ཤར་ལ་བཞག་ནས་དམག་ནུབ་ཏུ་གཏོང་བ་འདྲ་པོ་རེད།
དངོས་གནས་བྱས་ན་ཁུག་རྟ་ལགས་ཀྱི་ལས་ཡུན་ཟླ་༡༡པའི་ཚེས་༣༡་ཉིན་རྫོགས་ཀྱིན་འདུག་པས་དེའི་བར་ལ་ངང་སྒུག་ཅིག་གནང་བཞག་ན་ཡང་ཅི་ལ་མི་ཆོག དེ་བས་འདི་ནི་ཆེད་དུ་ཁོ་ལ་ཉེས་ཆད་བཅད་པའི་བཟོ་འདྲ་བོ་ཞིག་མཐོང་སོང།
ངས་འདི་ན་མ་ཉེས་ཁག་གཡོགས་ཕོག་པའི་རྩོམ་ཡིག་ཅིག་ལ་དག་སེལ་བྱེད་ཀྱིན་ཡོད། འདི་ངའི་འོས་འགན་རེད།
ངས་འདི་ན་རྒྱ་གཞུང་ལ་ཁ་གཏད་གཅོག་པའི་རྩོམ་པ་པོ་རེ་བ་ཅན་ཞིག་ལ་རྒྱབ་སྐྱོར་ཆུང་ཆུང་ཞིག་བྱེད་ཀྱིན་ཡོད། འདི་ངའི་ནུས་པ་རེད།
ངས་འདི་ན་རང་དབང་གི་རྩོམ་པ་པོ་ཚོར་ཆིག་སྒྲིལ་གྱི་ངར་ཅིག་སློང་གིན་ཡོད། འདི་ཡང་ཅིས་མི་འོས།
ངས་འདི་ན་གོང་རིམ་ལ་མ་འོས་པའི་གསལ་འདེབས་ཤིག་ཞུ་གིན་ཡོད། འདི་མངའ་འབངས་ཤིག་གི་ཐོབ་ཐང་ཡིན།
མདོར་ན་ངས་འདི་ན་དྲང་བདེན་སྐྱོང་གིན་ཡོད། དེ་བས་ང་སུ་ལ་ཡང་འཇིགས་པ་མེད།
དུས་བབ་དྲ་བདག་ལགས་ལ། ནན་གྱིས་ཞུ་རྒྱུར། གུས་པ་བསྟན་འཛིན་མིང་ཅན་གྱིས་ཤར་ཕྱོགས་ཁུག་རྟའི་འཕུར་ལམ་བཀག་པ་ཞེས་པའི་ལྷ་མོ་སྐྱབས་ཀྱི་
གསལ་བཤད་རྩོམ་ཡིག་འདིའི་གཤམ་དུ་མཆན་ཞིག་བཏབ་ཡོད། མཆན་དེ་ཁ་བརྡ་དྲ་དེབ་ཀྱི་མཆན་ཨང་ ༡༠༡ ཆགས་འདུག དུས་ཡུན་ཆུ་ཚོད་གསུམ་བཞི་ཞིག་གི་རྗེས་ནས་མཆན་དེ་བླངས་འདུག ངེད་ཀྱི་མཆན་དེ་ལེན་དགོས་དོན་ཁྱེད་དྲ་བདག་ཅིག་གི་འགན་འཁུར་ཐོག་ང་ལ་གསལ་བཤད་ཅིག་གནང་རོགས། མཆན་དེ་ངེད་ནས་ཐད་ཀར་ཁ་བརྡའི་མཆན་སྒོའི་ནང་གཏགས་སྟབས། མ་ཟིན་ཉར་ཐུབ་མ་སོང་བས་གཤམ་གྱིས་ཁ་བྱང་འདིའི་ཐོག་མཆན་བུ་དེ་ང་ལ་ཕྱིར་བསྐུར་རོགས། གང་ཡིན་ཞེ་ན། ངེད་ནས་སྨྲ་བརྗོད་རང་དབང་སྐོར་གྱི་རྩོམ་ཡིག་ཅིག་འབྲི་བཞིན་ཡོད། ངེད་ཀྱི་དྲི་བ་འདི་ལ་ཡོངས་ཁྱབ་ཀྱིས་ལན་འདེབས་བདེ་མེད་ན། གཤམ་གསལ་གློག་འཕྲིན་ནང་ང་ལ་གསལ་བཤད་དང་མཆན་བུ་བསྐུར་རོགས། ཐུགས་རྗེ་གཟིགས།
Sherab1760@yahoo.com
སྐད་ཆ་མང་པོ་མི་བཤད། ཁ་བརྡ་དྲྭ་བདག་གིས་མཆན་འགོག་བཞིན་འདུག དེ་ནི་དྲྭ་བདག་གི་དབང་ཚད་རེད། བསམ་ཚུལ་ཅང་མེད། ད་དུང་བགྲོ་གླེང་གང་བྱུང་དུ་འཁྱོག་གི་འདུག དྲྭ་གྲོགས་མང་པོ་ཞིག་གིས་ཧེབ་མ་ལངས་ཞེས་བཤད་འདུག དེ་གནད་ལ་ཁེལ་བའི་སྐད་ཆ་རེད། ལན་འདེབས་ཚོགས་ཆུང་གིས་ཤར་ཕྱོགས་ཁུག་རྟར་གནང་བའི་གཞུང་འབྲེལ་ཡི་གེ་ངོ་མའི་Attach བྱས་ནས་འདིར་འགོད་དང་། གནས་ཚུལ་མང་པོ་ཞིག་དུ་བ་རང་ཡལ་དུ་འགྲོ་ངེས། དེ་ནས་ང་ཚོས་བགྲོ་གླེང་བྱས་ཆོག
ཤར་ཁུག་གིས་གང་བསྒྲུབས་པའི་རྐང་རྗེས་གསལ་བོ་རེད། ས་གང་ལ་སོང་རུང་གནས་གང་ནས་བཞུགས་རུང་ དགྲ་ཕྱོགས་ལ་བསྐོར་བའི་སྙུ་གུའི་མཚོན་ཆ་མུ་མཐུད་བརྡར་རོགས་ཞུ། ཤིང་སྡོང་གཅིག་གི་སྟེང་ནས་འཆི་དགོས་དོན་ཅི་ལ་ཡོད། སེམས་ཤུགས་ཡོད་ན་ས་གང་ནས་བསྡད་རུང་ཞབས་ཞུ་སྒྲུབ་ཐུབ། ད་མུ་མཐུད་རྙོག་གླེང་ལ་འཇུས་བསྡད་ན་རྐང་རྗེས་ལག་བསུབ་རང་རེད་འདུག
སྤྱིར་རྒྱབ་སྐྱོར་དང་དགག་རྒྱག་ཅི་ཞིག་བྱེད་ན་ཡང་རང་མོས་ཡིན་ཡང་། གནས་ལུགས་ཕེར་བའི་རྒྱབ་ལྗོང་རྒྱུ་མཚན་རེ་ཡོད་དགོས་པའང་ལོས་ཡིན། འདི་ནས་ཨ་མདོ་བ་ལྷ་སྐྱབས་ནས་མགོ་མ་ཚོས་གོང་ནས་ལྕེར་བསྙབས་པའི་འཁྱོག་བརྗོད་རང་བཞིན་གྱི་རྩོམ་ཐུང་ཞིག་སྤེལ་ནས་འདྲོག་མགོ་སློང་བ་ལྟ་བུ་འདིར་དམིགས་ཡུལ་ངེས་ཅན་ཞིག་ལོས་ཡོད། མ་གཞི་ཨ་མདོ་བ་ལྷ་སྐྱབས་འདི་ལ་རང་ལ་དབང་དང་ལས་གནས་ཡོད་དུས་ཅི་ཡང་མི་འཇོན་མཁན་ཞིག ལས་གནས་ལས་ཤུད་རྗེས་ཅི་ཞིག་འཇོན་མདོག་གི་གཏམ་བརྗོད་དག་དྲང་བདེན་ལ་གཞི་བཅོལ་མདོག་གིས་བཤད་ཡོང་གི་འདུག ཨ་མདོ་བ་ལྷ་སྐྱབས་ལགས་ཁྱེད་ལ་སྔར་མེད་པའི་དྲང་བདེན་ཞིག་གསར་དུ་ག་དུས་སྐྱེས་བྱུང་། ཡང་ན་དེང་སང་སྒོར་མོ་ལ་ཐོགས་པ་མེད་དུས་ཉོས་གནང་བས། ཨ་མདོ་ལྷ་སྐྱབས་ལགས། ཁྱེད་རང་ས་རཱ་མཐོ་སློབ་ན་སློབ་དགེ་གནང་མྱོང་ཡོད་རེད། དེའི་དུས་ཁྱེད་རང་དྲང་འཁྱོག་ག་འདྲ་ཞིག་ཡིན་པ་ངས་མདོར་ཙམ་ཞིག་བཤད། ཡིག་ཚད་མ་བཏང་སྔོན་གྱི་ཞག་ཤས་ནས་ཨ་མདོ་བ་དང་ཡང་སྒོས་ཨ་མདོ་བུ་མོ་ཚོས་ད་རེས་ཀྱི་དྲི་བ་འདི་དང་གན་རེད་ཅེས་བཤད་ཚད་ཆུ་ལ་ཆུ་བཞག་རེད། འདི་དཔེ་མཚོན་ཙམ་ཡིན། ད་དུང་བརྒྱ་ཆ་སྤྲོད་ཕྱོགས་ལ་དེ་ལས་ལྷག་པའི་གཡས་དགའ་གཡོན་ལུད་བྱས་པ་ཡོངས་གྲགས་རེད། འོན་ཀྱང་ཕྲུག་གུ་ཚོའི་མི་ཚེའི་མདུན་ལམ་ལ་མནོ་བསམ་མེད་པར་གཡོན་ལྷུང་གི་ཕྱག་ལས་དེ་ལྟར་གནང་བཞིན་ད་དུང་འདི་ནས་དྲང་བདེན་གྱི་སྐད་ཆ་བཤད་མདོག་བྱེད་པར་འོས་པ་ཞིག་མ་མཐོང་བས་གསལ་བཤད་ཙམ་བྱས་པ་ཡིན། གོང་དུ་མི་དྲང་མོ་འགས་བཤད་པ་ལྟར་གནས་ཚུལ་འབྱུང་རྐྱེན་ངོ་མ་ཤེས་རྗེས་གཞི་ནས་རྣོ་ངར་ལྡན་པའི་དགག་སྒྲུབ་གནང་ན་ཆོག་པ་ལས། ཧོལ་རྒྱུགས་གཡང་ལྷུང་ལྟ་བུ་འདི་རིགས་ཅུང་མི་མཛེས་པར་སྙམ།
ངས་མ་ཤེས་པར་འདྲོགས་མགོ་བསླངས་པ་ཞིག་ཡིན་མིན་ག་ལེར་གསལ་ཡོང་གི་རེད། མཆན་ཚང་མ་ཡག་པོ་བཀླགས་པ་ཡིན་ན་ཡིག་ཆ་རིགས་ཀྱང་མཁོ་སྤྲོད་བྱས་ཡོད།
ངས་ཅི་ཡང་མི་འཇོན་པ་ཁས་ལེན་གི་ཡིན། ཅི་ཡང་མི་འཇོན་པ་ཞིག་ལ་ཁྱེད་ཅག་གིས་ཡ་ལན་ཞེ་བོ་ཞིག་ཀྱང་སློག་དགོས་དོན་ཡང་མེད་ག ངས་འཇོན་ན་མ་འཇོན་ན་འདི་ལྟར་སྙུག་རྩེ་བདེན་དོན་ལ་གཏད་རྒྱུར་སུས་ཀྱང་འགོག་མི་ནུས།
ཆོས་གྲུབ་ལགས་ས་རཱ་མཐོ་སློབ་ལ་ཡོང་ནས་ཡིག་ཚད་ཡག་པོ་མ་ལོངས་པའི་གྲས་ཤིག་ཡིན་པ་མིན་ནམ། ངའི་རྩོམ་རིག་ལ་ཡིག་ཚད་མ་ལོངས་པར་ལོ་རིམ་འཕར་མ་ཐུབ་པའམ་རྒྱུགས་ཆེན་མ་འཕྲོད་ཁ་ཤས་རེ་ཡོད། གལ་ཏེ་དེ་ལྟར་མ་དྲང་བ་ཞིག་བྱུང་ན་ཡར་ཞུ་མར་ལབ་བྱེད་སའི་རང་དབང་ཡོད་ཡོད་པ་རེད། ངས་དེ་རིང་གཞི་ནས་གོ་བ་ཙམ་ཡིན། མ་གཞི་མིའི་རྣམ་རྟོག་ལ་མཐའ་མེད་དུས་དེ་འདྲ་རིགས་ཀྱི་ཚོར་སྣང་ཡོང་བར་ཁག་མེད་པ་ངས་བསམ་ཤེས་ཐུབ། རང་སེམས་རང་ལ་དག་ན་མིའི་རྣམ་རྟོག་དང་བཤད་ཡམས་ལ་འཛེམ་དགོས་ཅི་ཡང་མེད། གང་ལྟར་ཁྱེད་ཀྱིས་རྣམ་རྟོག་དེ་ཉིད་འདི་རུ་སྐྱུགས་བཞག་པར་དགའ་བསུ་ཡོད། ད་དུང་ཡོད་ན་སྐྱུགས་རོགས།
བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་མཆོག་གིས་ཤར་ཕྱོགས་ཁུག་རྟ་ལགས་སུ་གནང་བའི་བཀའ་ཤག་གི་ངོ་སྤྲོད་ཡི་གེའི་ནང་དུ་ཡང་་་
“ ་་་་་་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཁྱོག་བཤད་ལན་འདེབས་དགོས་རིགས་ལ་ལན་འདེབས་བྱེད་པོའི་ཚོགས་ཆུང་དུ་ལས་ཁུར་གནང་བཞིན་པ་བཅས་ཀྱི་ལས་རྒྱུན་རིང་ལྷག་བསམ་དང་བརྩོན་འགྲུས། རྣམ་དཔྱོད་ཕུན་སུམ་ཚོགས་པའི་སྒོ་ནས་སྐབས་བབ་ལས་དོན་སོ་སོའི་ཐོག་ཞིབ་ནན་སྦྱོར་དངོས་རྗེས་གཙང་གནང་སོང་བས། བློ་གཟུ་བོར་གནས་ཤིང་རྣམ་དཔྱོད་ཀྱི་ཤེས་རབ་བཀྲ་ལ། དོན་གཉེར་དང་ལྡན་པའི་སྒོ་ནས་གཞུང་དོན་འབད་སྒྲུབ་གནང་བར་ཡི་རངས་བསྔགས་བརྗོད་དང་འབྱུང་འགྱུར་ཡང་བསྟན་སྲིད་མི་རིགས་ཀྱི་ཞབས་འདེགས་རླབས་ཆེན་སྒྲུབ་ཐུབ་པའི་སྨོན་འདུན་བཅས། ་་་” ཞེས་བཀོད་འདུག་པས་ན་བདག་གིས་ཁོ་ལ་རྩོམ་པ་པོ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཡིན་པའི་གདེང་འཇོག་དང་སེམས་གསོའི་རྒྱབ་སྐྱོར་འདི་ཙམ་བྱེད་འོས་པ་ཞིག་རེད་དམ།
མ་ཡིག་འདྲ་བཤུས་གཤམ་གྱི་ངོ་དེབ་ཐོག་ལ་ཡོད།
http://www.facebook.com/profile.php?id=100001484395374
ཆབ་བྲག་ལགས་ཀྱིས་གསུང་པ་བདེན་པ་ཡིན་རྒྱུ་རེད།
ཆོས་འགྲུབ་མིང་ཅན་ལ་ཞུ་རྒྱུར། སྤྱིར་ང་ཚོ་བོད་པ་ལ་དགེ་རྒན་ཚད་ལྡན་དཀོན། དེ་ནང་ནས་ཀྱང་མཐོ་སློབ་ཀྱི་བོད་ཡིག་དགེ་རྒན་དཀོན། ལྷ་མོ་སྐྱབས་ཀྱིས་སཱ་ར་མཐོ་སློབ་ནས་མི་ལོ་བཅུ་གྲངས་ལྷག་གི་རིང་དགེ་རྒན་གང་མང་ཞིག་སྐྱེད་སྲིང་བྱས་ཡོད། དེ་དག་གིས་བཙན་བྱོལ་ནང་གི་སློབ་གྲྭ་ཁག་དང་རྩོམ་སྒྲིག་གི་ཁོར་ཡུག་མང་དག་ཅིག་ན་
ལས་ཀ་བྱས་དང་བྱེད་མུས་ཡིན། དེང་སྐབས་གཞུང་ཞབས་གྲས་སུའང་དགེ་རྒན་འདིའི་ཞལ་སློབ་མང་། རླབས་ཆེན་གྱི་དགེ་རྒན་ཁོང་འདྲ་བ་ང་ཚོ་བཙན་བྱོལ་ནང་རེ་ཟུང་ལས་མེད། རེ་ཟུང་ཡོད་པ་ལ་ང་ཚོས་གུས་ཞབས་གནང་ཐུབ་ན་ང་ཚོའི་རྒྱན་ཆ་ཞིག་ཡིན། བཤད་ཚུལ་ལ་བལྟས་ན་ཁྱེད་རང་གིས་ཀྱང་དགེ་རྒན་ཁོང་གི་མདུན་ནས་སློབ་ཁྲིད་རེག་མྱོང་ཡོད་པ་འདྲ། ང་ཚོའི་རིག་གཞུང་གི་བཟང་སྤྱོད་ཀྱི་ཆ་ནས་དགེ་རྒན་ལ་བརྩི་བཀུར་དགོས། དེ་ལས་ཀྱང་ཆོས་ཕྱོགས་ནས་བཤད་ན། ཚིགས་བཅད་གཅིག་ཙམ་ཉན་པ་ལ།། གང་གིས་བླ་མར་མི་འཛིན་པ།། ཁྱི་ཡི་སྐྱེ་བ་བརྒྱ་ལངས་ནས།། ཞེས་སོགས་ལ་བསམ་ཚེ་ཆེས་འཇིགས་སུ་རུང་བ་ཞིག་མ་ཡིན་ནམ། རང་གི་རྣམ་རྟོག་འདྲེ་རུ་ལངས་པ་ཙམ་རྒྱུ་མཚན་བྱས་ཏེ་གཞི་མེད་དགེ་རྒན་ལ་སྐྱོན་བརྗོད་བྱས་ན། རང་གིས་རང་ཉིད་བརླག་པ་མ་ཟད། ཆེ་ས་ནས་མི་རིགས་འདིའི་རྩུབ་རུས་གཅིག་གཏོར་བཞིན་ཡོད། དེ་ནི་དཔེ་མི་སྲིད་པའི་དགྲ་དགའ་གཉེན་སྡུག་ཅིག་ཡིན་པ་སོགས་ཤེས་ན་ལེགས། མ་གཞི་ཁྱེད་ཀྱི་མཆན་ལ་ལྟ་དུས་ཁྱེད་རང་གི་རང་གཤིས་དང་ལྗིད་ཁོག་གསལ་བོར་མཐོང་གི་འདུག་པས། ངའི་བསམ་ཚུལ་
འདིས་ཕན་དུ་རེ་རྒྱུ་ལས་གནོད་དུ་འགྲོ་རྒྱུར་ཚོད་བགམ་ཐུབ་ནའང། འདི་ཙམ་བསམ་པས་མ་བཟོད་སྟབས་ཁ་ནས་ཐལ་སོང་། འདི་ཕན་ནས་ཁྱེད་ཀྱིས་བཤད་འདོད་ནའང་རང་མོས་བྱོས། ངས་ལན་བརྒྱབ་ནས་ཆགས་སྡང་གི་རྒྱུ་མི་བསྐྲུན་པ་བློ་ཐག་བཅད་ཡོད།
ངས་ད་ལྟ་བར་ཆབ་བྲག་ཟེར་བ་འདི་མི་གཞི་ཡོད་པ་དང་དྲང་ཚུགས་ཡོད་པ་ཞིག་ཆ་བཞག་ཡོད། ཡིན་ནའང་། ད་རས་ངས་ཁྱོད་གློ་སྙིང་མཐོང་སོང་ལ་ཞེན་པའང་གཏིང་ནས་ལོགས་སོང་།
འབྲེལ་ཡོད་ཡིག་ཆ་རིགས་གཟིགས་ཐུབ་ཀྱིན་མེད་ན་འོག་གི་ངོ་དེབ་མིང་བྱང་འདིར་འཚོལ་རོགས།
ངོ་དེབ།
Chap Lha
རྒན་སྤྱི་ཟུར་ལྷ་མོ་སྐྱབས་ལགས། ངས་དངོས་གནས་མི་ཤེས་སུ་དཀར་དང་སུ་གནག དོན་དུ། སྤྱི་མཐུས་ཤིག་གི་འགྲོ་གྲོན་ཆེད་དུ་རྩོད་རྙོག་དེས་བོད་ཕྱི་ནང་གཉིས་ཀྱིས་བོད་ཀྱི་སྤྱི་མཐུས་ལྷན་ཚོགས་ལ་བཞག་པའི་ཡིད་ཆེས་བརླག་པ་དེ་ཆུང་ངུ་ཞིག་མིན། ཕར་ཕྱོགས་ཀྱིས་གནས་ཚུལ་དེ་བེད་སྤྱོད་བྱས་ནས་ངོ་ཚ་དགོས་པ་མང་པོ་བྱས་སོང་བ་དེ་ཁྱེད་ཀྱི་དྲན་ལམ་དུ་མ་ཤར་བ་གང་ཡིན་ནམ། ཁྱེད་ཀྱིས་ཁྱེད་རང་མ་ཟད་བོད་ཀྱི་རྩོམ་པ་པོ་འཐུས་ཚོགས་ཟེར་བ་དེ་ལ་རིན་ཐང་མེད་པ་ཞིག་ཕྱོགས་ཞེན་སྒེར་ནད་ཀྱི་རྣམ་འགྱུར་དེས་བཟོས་ཡོད་པ་མཁྱེན་པར་མཛོད། བཀའ་ཤག་དེ་བོད་ཀྱི་བཀའ་ཤག་རེད། བོད་ཕྱི་ནང་གཉིས་ཀྱི་རེ་བ་ཆེ་ཤོས་བཅོལ་ས་དེ་རེད། མཁྱེན་ཀྱི་ཡོད་པས། བོད་ཕྱི་ནང་གཉིས་ཀྱིས་དོན་དུ་བཀའ་ཤག་ལ་འཇོན་ཐང་ཆེ་ཆུང་ལ་མ་ལྟོས་པ་ཡིད་ཆེས་གཏན་ཁེལ་ཞིག་ཡོད་ན་བོད་དོན་དུ་ཕན་ནམ། ཤར་ཕྱོགས་ཁུག་རྟ་ཞེས་པའི་སྒེར་བ་ཞིག་དཀར་པོ་བཟོ་རེ་དེ་བོད་དོན་ལ་གནད་འགགས་ཆེ། ད་མི་ཞུ།
དྲ་བདག་ལགས། འདིར་འབྲེལ་ཡོད་ཚང་མ་ལྷན་དུ་འཇོག་འདོད་བྱུང་བས་དེ་བཞིན་གནང་རོགས་ཆོག་མཆན་ཞུ།
ཤར་ཕྱོགས་ཁུག་རྟ།
——
ལོ་འདིའི་ཟླ ༣ ཚེས ༡༦ ནས་དེ་རིང་ཟླ ༡༠ ཚེས ༢༧ བར་ཕ་ཡུལ་གངས་ཅན་ལྗོངས་སུ་རྒྱལ་གཅེས་དཔའ་བོ་དཔའ་མོ་བཅུས་རང་ལུས་མེར་སྲེག་གི་གནས་ཚུལ་བྱུང་བ་དང་། གསེར་རྟ་ནས་ཞི་བའི་སྐད་འབོད་བྱེད་མཁན་ཚོར་མེ་མདའ་རྒྱབ་སྟེ་ཡན་ལག་གཅོད་དགོས་བྱུང་བ་དང་ཚེ་དབང་སྐྱིད་སོགས་བཙོན་འཇུག་བྱས་པ། ལྷ་སར་སྡེ་དགེ་རྫོགས་ཆེན་སྟོབས་ལྡན་གྱིས་ཁྲི་ཟུར་འཇུ་ཆེན་ལགས་ཀྱི་ཞེ་དགུའི་མཆོད་འབུལ་ཙམ་ཡང་བྱས་མ་ཆོག་པར་བཙོན་འཇུག་བྱས་པ། དེ་བཞིན་བཀུར་འོས་རྩོམ་པ་པོ་གྲགས་ཅན་མེ་ལྕེ་ལགས་དང་ངྷི་ཚ་དགོན་གྱི་དགེ་བཤེས་རྨོག་རུ་ཚུལ་ཁྲིམས་རྣམ་གཉིས་རིག་གནས་ལས་དོན་གནང་བཞིན་པའི་སྐབས་སུ་རྒྱ་གཞུང་དམག་མིས་བཙན་ཁྲིད་བྱས་པ་སོགས། ༢༠༠༨ ནས་ཉི་མ་དེ་རིང་བར་རང་རེའི་གངས་ཅན་པ་རྣམས་སྔར་ལས་ཉིན་གཅིག་ལའང་སེམས་བག་ལྷོད་པོ་བྱུང་མ་མྱོང་བའི་སྐབས་འདིར། ཕྲན་ཡང་ཚོར་བ་དེ་དག་གི་སྒུལ་ཤུགས་འོག་དེང་རབས་ཀྱི་ཁྱད་ཡོན་བླ་ན་མཐོ་བའི་བཀའ་ཁྲི་གསར་བར་རང་ནུས་མཉམ་སྤུངས་ཀྱི་ལྷག་བསམ་ཀུན་ནས་བསླངས་ཏེ་སེམས་ཚོར་ཡིག་གཟུགས་སུ་བྲིས་པ་ཁ་རྒྱ་ནག་ཏུ་གཏད་པ་རང་གཞུང་ལན་འདེབས་དྲ་བར་གསལ་བ་དེ་དག་དང་། ཁ་ནང་དུ་གཏད་པ་༼ བཀའ་བློན་འདི་གཉིས་ཀྱིས་ངར་༧པཎ་ཆེན་རིན་པོ་ཆེ་དྲན་བཅུག་སོང་༽ཞེས་པ་དང་༼ སེང་གེའི་བཀའ་ཤག་གི་མདུན་ལམ་༽བཅས་བོད་མི་ཚོར་བསམ་འཆར་གྱི་ཚུལ་དུ་ཕུལ་བ་ཡིན།
རླུང་རྟ་ངན་པ་ཞིག་ལ་བཀའ་ཁྲི་གསར་པའི་སྤྱན་དང་སྙན་གྱི་དྲུང་དུ་ཁ་ནང་གཏད་ཀྱི་རྩོམ་ཡིག་དེ་གཉིས་ཡོངས་སུ་ནག་པོ་ནག་རྐྱང་ཞིག་ཏུ་གྱུར་ནས། ཕྲན་གྱི་རང་རིགས་ལ་སྲི་ཞུ་སྒྲུབ་གནས་ཅམ་འཇོག་དགོས་པའི་བཀའ་ལྕི་ཕེབས་ཚུལ་རྣམས་དྲ་གནས་འདི་དག་ཏུ་གསལ་བ་བཞིན། སྔ་ཕྱིའི་གནས་ཚུལ་རྣམས་ཀུན་གྱི་སྤྱན་མདུན་འགྲིམས་ཡོད་པས། རང་གིས་རང་གི་མི་རིགས་ལ་ལོ་ཚད་ལས་བརྒལ་བའི་བསམ་སྤྱོད་ཚད་ལྡན་བསྟན་ཚུལ་ཞིབ་ཏུ་སྤྲོས་རྒྱུ་མིན།
ཡིན་ཡང་ཕྲན་གྱི་རྩོམ་ཡིག་དང་ཕྲན་གྱི་མདུན་ལམ་ཐད་ད་ལམ་བཀའ་ཁྲི་གསར་པས་བླང་དོར་སྒྲིག་གཞིའི་ལྕགས་སྒྲོག་སྐོར་གཡུག་བྱས་པ་ནི། བླང་དོར་སྒྲིག་གཞིའི་ཁྱབ་ཡུལ་དུ་གཞུང་ཞབས། རང་ཁུངས། ཆོད་གན། འཕྲལ་སེལ་ལས་གཞན་མེད་པ་སྒྲིག་གཞི་རིན་པོ་ཆེ་རང་གིས་ཁ་གསལ་གྲགས་ལྟར། ཉིན་གླའི་ལས་བྱེད་ཅིག་དེའི་ཁྱབ་ཁོངས་སུ་བཙན་སྦྱར་བྱས་ཏེ་ཐག་གཅོད་འདི་ལྟར་གནང་བ་ནི་ཁྲིམས་ལུགས་ཆེད་མཁས་འབུམ་རམས་པས་ཁྲིམས་ལུགས་ལོག་སྤྱོད་བྱས་པར་ངོས་འཛིན་མི་བྱེད་ཐབས་མེད་བྱུང་།
དེ་ལྟ་ནའང་། རྒྱ་ཆེའི་དད་ལྡན་མང་ཚོགས་ནང་འདི་ནི་བཀའ་ཤག་ལྷན་རྒྱས་ཀྱི་ཁྲིམས་མཐུན་ཐག་གཅོད་ཅིག་ཏུ་ངོས་འཛིན་ཐེ་ཚོམ་མེད་པར་བྱེད་སྲིད་པས། ཕྲན་ནས་ཐག་གཅོད་འདི་བཞིན་བཀའ་བློན་ལྷན་རྒྱས་ཀྱི་བཀྲུས་ན་མ་དག་པའི་དགོངས་ཚུལ་ཡིན་པར་ངོས་འཛིན་བྱེད་ཀྱི་མེད་ལ། དེ་བཞིན་བཀའ་ཁྲི་རང་གི་སྒེར་གཅོད་འོག་བཀའ་བློན་རེ་གཉིས་ཤིག་ཚུད་ནས་ཐག་གཅོད་གནང་བ་ལས་འབྲས་དང་བདེན་པ་དཔང་དུ་བཞག་ནས་ཚིག་ཐག་ཆོད་པོས་སྨྲ་ཐུབ་པས། ཕྲན་ཐད་འདི་ལྟར་ཐག་གཅོད་གནང་བའི་དངོས་དོན་ཅི་ཡིན་ད་དུང་གསལ་རྟོགས་མ་བྱུང་ཁར། ཉིན་རེ་ནས་ཉིན་རེར་འདིའི་ནང་དོན་མ་རྟོགས་པའི་བསམ་གཞིག་སྤྲིན་ནག་ལྟར་འཁྲུག་མུས་ཡིན།
བདེན་པ་རྣམ་པར་རྒྱལ་བ་རང་རེའི་གཞུང་གི་གཞུང་རྟགས་དང་ལས་ཐམ་དག་ཏུ་བཀོད་པ་ལྟར། རྩོམ་པ་པོ་རྣམས་པ་དང་ཤེས་ཡོན་ཅན་ཚོས་འཛམ་གླིང་ས་ཕྱོགས་གང་ས་ནས། ཕྲན་ལ་དངོས་ཤུགས་བརྒྱུད་གསུམ་ནས་བདེན་པའི་སྙིང་སྟོབས་འཕེལ་དུ་བཅུག་ཅིང་ཞལ་པར་ཚུད་ཆད་གནང་ནས་ཕ་སྐད་རིག་གཞུང་གི་རྩ་དོན་ལ་མྱོང་བ་མངོན་སུམ་གྱི་ཆིག་སྒྲིལ་རྒྱུད་ལ་སྨིན་པར་བྱས། ཐ་ན་བོད་ནང་ནས་ཀྱང་དྲ་རྒྱ་སོགས་སུ་དམ་དྲག་ཡོད་མེད་ལ་མ་ལྟོས་པར་ཕྲན་ལ་གདུང་སེམས་མཉམ་བསྐྱེད་ཞུས་པ། མི་ཚེ་རང་མི་རིགས་ཀྱི་ཕ་སྐད་རྩོམ་རིགས་ལ་བསྔོས་པའི་སློབ་དཔོན་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་དྲང་བདེན་གྱི་དར་ཆ་འཕྱར་བ་བཅས་ཀྱི་རིན་ཐང་ཡོད་ཚད། ང་ཚོ་ཚང་མས་བོད་ཀྱི་ཕ་སྐད་དང་རིག་གཞུང་ མི་ཉམས་ཡུན་བརྟན་གྱི་ཕྱིར་དུ་བསྔོས་པའི་བྱུང་རབས་དེབ་ཐེར་ཁྲོད་ཀྱི་གསེར་མདོག་གི་ཡིག་འབྲུ་རེ་རེར་གྱུར་སོང་བ་རེད།
༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་བཅུ་བཞི་པ་མཆོག་དང་༧པཎ་ཆེན་བཅུ་བ་ཆེན་པོ་རྣམ་གཉིས་ཀྱིས་བོད་མི་རིགས་ཀྱི་བྱུང་རབས་སུ་མ་གྲགས་པའི་བོད་སྐྱོབ་མཛད་འཕྲིན་གྱི་རླབས་ཆེན་བྱས་རྗེས་ཀྱི་འཐུ་འོག་ཏུ་ཕྲན་རང་བོད་མིར་སྐྱེས་བ་དང་། བོད་དོན་སྲི་ཞུ་སྒྲུབ་རྒྱུ་བྱུང་བའི་སྙིང་བོ་གང་དེ་ཉིད་ཀྱང་དེ་རིང་ང་ཚོས་རང་ནུས་གང་ལྕོགས་ཀྱིས་བོད་ཀྱི་ཕ་སྐད་རིག་གཞུང་ལ་སྲོག་གིས་བདག་པོ་རྒྱབ་པ་འདི་ལས་སྲི་ཞུ་གཞན་ཞིག་སྲིད་ན་དཀོན་པས། བཀའ་ཁྲི་མཆོག་གིས་བོད་ཀྱི་ཕ་སྐད་དང་བོད་ཀྱི་སྲོག་སྐྱོབ་བྱ་བའི་བསམ་འཆར་ཉེས་པར་བརྩིས་པའང་མདོར་དེད་ན། ཁོང་གི་སྐུ་ཚེའི་ནང་གི་ནག་ཉེས་བཀྲུས་ན་མི་དག་པར་གྱུར་སོང་བ་ལས། རང་ཅག་ཉམས་ཆུང་རྩོམ་པ་པོ་རྣམས་ལ་ནི་ལོ་རྒྱུས་ཀྱི་ནག་ཐིག་གང་ཡང་མེད་པའང་ཁ་གསལ་བོས་ཞུ་འདོད་བྱུང་།
སླད་མའི་ཆར། ཕྲན་རང་སེང་གེ་མ་འཕོས་པར་རང་གཞུང་གི་སྲི་ཞུར་ཞུགས་མི་ཐབས་ཀྱང་། རང་གི་སྒོ་གསུམ་གྱི་བྱ་སྤྱོད་ཚང་མས་སྔར་ལྷག་བོད་མི་རིགས་ཀྱི་སྲི་ཞུར་འབད་འབུངས་ཞུ་རྒྱུ་ཡིན་ལ། རང་གི་ལངས་ཕྱོགས་དང་༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞིར་མཐུན་པའི་ལས་མཇུག་མུ་མཐུད་རྒྱུར་ཕྲན་ལ་སྤོབས་པས་ཁེངས་ཏེ་ཡོད་པར་བདེན་པ་དང་བཀུར་འོས་རྒྱུ་འབྲས་བློ་མིག་གི་བདག་པོ་ཤེས་ལྡན་པ་རྣམས་པས་ལམ་སྟོན་ལྷོད་མེད་གནང་བར་སེམས་ཤིང་། རང་གིས་ཉིན་མཚན་དབྱེར་མེད་དུ་དམ་ཚིག་བསྲེས་ལྷད་མ་བཏང་བའི་གནས་ཆུང་ཆོས་རྒྱལ་ཆེན་པོས་ཀྱང་གདོང་གྲོགས་བྱ་ར་དམིགས་བསལ་ཡོད་པའི་ཡིད་ཆེས་བརྟན་པོ་བཅས།། །།
གྱི་ན་བ་བློ་བཟང་ཆོས་འབྱོར་རམ་ཤར་ཕྱོགས་ཁུག་རྟས་ལས་མཚམས་བཞག་སྟེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་མཇལ་བྱས་རྗེས། ཁྱམས་རྭའི་རྐུབ་སྟེགས་སྟེང་ཁ་༧གོང་ས་མཆོག་གི་དགའ་ལྡན་ཕོ་བྲང་དུ་ཕྱོགས་ནས་ཤར་མར་སྦྱར།།
༡༽ གངས་འདབས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༡༧ སྐར་མ་ ༡༡
རྩོམ་པ་པོ་ཤར་ཕྱོགས་ཁུག་རྟ་ལགས།
ཁྱེད་ཀྱི་བརྩམས་ཆོས་རྣམས་ཀྱིས་དུས་རབས་ཀྱི་ཚབ་མཚོན་བྱ་བཞིན་འདུག་ན།
མདུན་གྱི་སྤྲིན་དཀར་ལྟ་བུའི་དཀར་ཐིགས་ཡོད་པ་དེ། མདུན་ལམ་གྱི་དར་དཀར་དེ་ཡིན་ངེས། བློ་མ་འཕམ།
སྨྱུ་རྩེ་དྲང་མོ་ལས་འབྱུང་བའི་སྣ་ཚའི་ནག་ཐིགས་རེ་རེ་ལ་གངས་ཅན་པའི་ལ་རྒྱའི་དམ་ཚིགས་རེ་རེ་ཡོད་དུས། ཡིད་མ་ཞུམ།
གངས་འདབས་ཀྱིས།
༢༽ ཨ་ར་དཀར་པོ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༡༧ སྐར་མ་ ༢༠
ཁྱོད་ལའང་ཁག་མེད་པ་འདྲ། ང་ཚོས་ཡུན་གྱིས་ལྟ་ཆོག་ལོ།
༣༽ འཇམ་དབྱངས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༡༨ སྐར་མ་ ༢༧
གནད་ཀྱི་དོན་པོ་ནི། ཁྱོད་གཞུང་ཞབས་ཡིན་དང་མིན་གྱི་ཁྱད་པར་དེ་མིན་པར། ཀུན་སློང་དང་ཆོད་སེམས་དེ་ལ་བརྟེན་ནས་མུ་མཐུད་ལས་གཞུག་སྐྱོང་འདུན་གྱི་རྨ་མེད་པའི་ལྷག་བསམ་དེ་ག་ཁྱོད་ཀྱི་གཟི་བརྗིད་ཡིན་པས། ནམ་ཡང་བློ་མི་ཕམ་པར་མདུན་དུ་བསྐྱོད་ཅིག ཕ་བཟང་གི་བུ།
༤༽ མི་ཉག་སྐལ་བཟང་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༢༠ སྐར་མ་ ༣༨
ལུས་པོ་དགའ་ལྡན་ཕོ་བྲང་དུ་ཕྱོགས་ཀྱང་སེམས་པ་དགའ་ལྡན་ཕོ་བྲང་ལས་རིང་དུ་བརྒལ་བའི་གཤོག་པ་ཡ་ཅིག་ལས་མེད་པའི་རྡ་སའི་ཁུག་རྟ་ལི་འབི་ཡའི་དཔུང་དམག་གིས་གྷ་ཌ་ཧྥི་བསད་པ་དང་དུས་མཉམ་དུ་ལས་གནས་ནས་ཕྱིར་འབུད་བཏང་སོང་།
༥༽ རིག་བྷེ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༢༡ སྐར་མ་ ༣༡
རྐུན་མ་ཁ་སྐྱེངས་ཀིས་མི་གསོད།
བློ་བཟང་སེང་གེ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་ཆགས་ནས་ཟླ་ཤས་འགོར་རྗེས། གྲོས་ཚོགས་ཀྱི་ངོས་ནས་བཀའ་ཤག་ལ་འཆར་གཞི་མི་འདུག་ཅེས་གསར་ལམ་ཁག་ལ་ཡོངས་བསྒྲགས་བྱས་སོང་། འཆར་གཞི་མེད་པའི་བཀའ་ཤག་ཅེས་པ་འདི་སེང་གེ་རྡ་སར་ཕེབས་རྗེས། གྲོས་ཚོགས་ཀྱིས་ཁོང་ལ་ཕུལ་བའི་སྡོམ་ཚིག་དང་པོ་དེ་ཆགས་ཡོད། ཡང་ན་བཀའ་ཁྲིའི་ངོས་ནས་བཞག་པའི་བྱས་རྗེས་དང་པོ་རེད་ལབ་ན་འགྲིག་གི་རེད། སྤྱིར་ཁོང་རྡ་སའི་སྒྲིག་གཙོའི་ནང་གཞི་ནས་སླེབས་པའི་གསར་འབྱོར་འཛིན་སྐྱོང་ལ་རྒྱུས་མངའ་མཁན་ཞིག་མཁན་ཞིག་ཡིན་ཕྱིར། འཆར་གཞི་མེད་པ་ལ་མི་མང་གི་ངོས་ནས་ད་དུང་ཕྲན་བུའི་དམིགས་བསལ་ལྟ་གི་ཡོད་ལ། ཉམས་མྱོང་ཐོབ་ན་ཕྲན་བུ་དྲགས་མི་ཡོང་ངམ་སྙམ་པའི་རེ་དོགས་ཀྱང་བྱེད་ཀྱི་འདུག
འོན་ཀྱང་ཧ་ལས་པའི་གནས་ཚུལ་ཞིག་ལ་བློ་སེང་ལགས་བཀའ་ཁྲི་གོ་ཆོད་ཅིག་ཡོང་མིན་རེ་དོགས་ཆེན་པོ་བྱེད་བཞིན་པའི་སྒང་ལ། བློ་སེང་གིས་རང་གིས་བོད་ཡིག་མི་ཤེས་པའི་ཞན་སྐྱོན་འགེབ་སྲུང་བྱེད་ཆེད། དེའི་སྐོར་གླེང་སློང་བྱེད་མཁན་རྩོམ་པ་པོ་བློ་བཟང་ཆོས་འབྱོར་ཟེར་བར་ཉེས་ཆད་བཅད་ནས། ལག་པ་ནས་ལས་ཀ་ཆུང་ཆུང་དེའང་འཕྲོག་འདུག མགོན་མེད་སྐྱབས་མེད་ཀྱི་གསར་འབྱོར་ཞིག་ལ་མཚོན་ན་ལས་ཀ་འཕྲོག་པ་ནི། སྤྱི་བཏང་གི་ཉེས་ཆད་ཙམ་མ་ཡིན་པ་བཀའ་ཁྲིས་གསལ་བོ་ཤེས་ཡོད་པ་རེད། བཀའ་ཁྲི་ལའང་དེ་ལས་ལྷག་པའི་ཉེས་ཆད་ལྕི་མོ་ཞིག་གཅོད་རྒྱུའི་དབང་ཐང་དང་ནུས་པ་ཡོད་པ་མ་རེད་ལབ་ན་འགྲིག་གི་རེད།
རྩོམ་ཡིག་དེ་དང་གཞུང་གི་སྒྲིག་གཞི་བོད་ཡིག་ནང་ཡོད་སྟབས། བློ་སེང་རང་ལ་རྩོམ་ཡིག་དེའི་ནང་དོན་སྒྲིག་གཞི་དང་འགལ་ཡོད་མེད་དབྱེ་ཞིབ་བྱེད་རྒྱུའི་ཆུ་ཚད་མེད་བཞིན་དུ། རྩོམ་ཡིག་དེའི་ནང་དོན་སྒྲིག་དང་འགལ་ཡོད་མེད་ཇི་ལྟར་བཤད་ཐུབ་བམ། དེ་ནི་ལོང་བ་ཞིག་གིས་མཚོན་མདོག་དཀར་ནག་དབྱེ་བ་ཕྱེ་བ་འདྲ་བོ་མ་རེད་དམ།
བོད་ཞེས་པ་གཙོ་བོ་བོད་ཀྱི་ས་ཆ། བོད་ཀྱི་མི། བོད་ཀྱི་སྐད་ཡིག་གསུམ་རེད། ང་ཚོས་སྐྱབས་དགོས་པའང་དེ་གསུམ་རེད། འདི་གསུམ་བོད་མི་རིགས་ཀྱི་ཚེ་སྲོག་གི་རྩ་བ་རྩ་རོ་རྐྱང་དབུ་གསུམ་ལྟ་བུ་རེད། དེའི་ཕྱིར་ངའི་བསམ་པར་ང་ཚོས་སྲོག་རྩ་འདི་གསུམ་སྲུང་སྐྱོབ་ཀྱི་ཆེད་དུ་སྐད་ཆ་བཤད་རྒྱུ་གལ་ཆེ་བ་ལས། བཀའ་ཁྲིའི་སྐྱོན་འཚང་སྦེད་གསང་བྱེད་རྒྱུ་གལ་ཆེན་པོ་མ་རེད་དྲན་གི།
བོད་པའི་སྤྱི་ཚོགས་ནང་འདབས་གཤོག་གཉིས་ལྡན་ཤེས་ཡོན་པ་དགོས་མཁོ་ཆེ་བ་གནད་ཡོད་ཚང་མས་མ་ནི་བགྲང་བགྲང་བྱེད་ཀྱི་འདུག སྟབས་ཉེས་པ་ཞིག་ལ་བཀའ་ཁྲི་ལགས་ནི་འཛམ་གླིིང་སྤྱིའི་ཕལ་སྐད་དབྱིན་ཡིག་གི་འདབས་གཤོག་ཡ་གཅིག་ལས་མི་ལྡན་ཞིང་། དམིགས་བསལ་བོད་པ་རང་གི་སྐད་ཡིག་འདབས་གཤོག་གཡས་པ་ལྟ་བུ་དེ་ཚང་ཡོད་པ་མ་རེད།
མཐའ་དོན་བཀའ་ཁྲིས་རང་གི་འོས་འགན་གྱི་འཆར་གཞི་བཟོ་མ་ཐུབ་པ་སྣང་མེད་དུ་བཞག་ནས། རང་གི་སྐྱོན་འཚང་སྦེད་གསང་བྱེད་ཆེད་གཞུང་གི་བཅའ་ཁྲིམས་སྤྱད་ནས། བོད་མི་ཆེས་ཉམས་ཆུང་ཞིག་ལ་ཉེས་ཆད་བཅད་པའི་ཕུགས་ཐུང་འུ་ཐུག་གི་གནང་སྟངས་འདི་མཐོང་ཚེ། རྐུན་མ་ཁ་སྐྱེངས་ཀིས་མི་གསོད་ཟེར་བའི་གཏམ་དཔེ་དང་གཅིག་པ་མ་རེད་དམ།།
༦༽ རིག་བྷེ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༢༡ སྐར་མ་ ༤༥
བློ་བཟང་ཆོས་འབྱོར་ཟེར་བ་ཁྱེད་རང་གི་བྱེད་སྟངས་དེ་་མཐོང་ན་ངོ་ཚ་ཡ་དང་ཐང་ཆད་ཡ་རང་རེད། ཕར་རྒྱུགས་ལབ་ལབ་བར་དུ་རེ་བ་བརྒྱབ་ནས་བཀའ་ཁྲིའི་རྐུབ་ལ་རྒྱུགས་པ་ལྐུགས་རྟགས་རེད། གསར་འབྱོར་ཞིག་ལ་མཚོན་ན་ལས་ཀར་འཕང་བ་ཁག་ཅི་ཡོད་དྲན་ན་སྙིང་ཡང་བརྗེ་གི།
༧༽ སད་མི་ཅོང་ཐོགས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༢༢ སྐར་མ་ ༢༠
སྤྱིར་ཡིན་ན་རང་ནུས་གང་ཡོད་དང་བློ་རིག་རྩལ་སྤྲུག་གིས་བཀའ་ཤག་གསར་བར་རོགས་འདེགས་ཐུབ་པའི་སྐད་ཆ་རེ་བཤད་ཨེ་ཐུབ་སྙམ་བཞིན་ཡོད། ད་བལྟས་ཡོང་ན་དེ་ནི་ཡོང་ཐབས་མེད་པ་ཞིག་ཡིན་པར་མ་ཟད། མ་བསམ་ས་ནས་རང་མགོར་རྡོ་ལོག་ཉོ་རྒྱུ་རང་རེད་འདུག
བཀའ་ཁྲིས་རྒྱ་གཞུང་གི་བྱེད་སྟངས་བཞིན། ཁོ་ཚོར་ཉིན་འགར་འུར་རྒྱག་ཏུ་ཆུགས་དང་དེ་ནས་འཇམ་ཅག་གེར་འགྱུར་འགྲོ་གི་རེད་འདོད་ཡོད་ཚོད། དེ་ནི་ཁོང་གི་བསྡུར་སྟངས་ནོར་བ་འདྲ། ཉིན་འགའི་རྗེས་འཇམ་ཅག་གེར་འགྱུར་འགྲོ་བ་དང་མི་གཅིག་གི་གནད་དོན་དེ་ཅི་ཡང་མིན་པ་བདེན་པ་འདྲ་ན་ཡང་། རྒྱབ་གཞུང་སྨྲ་བརྗོད་རང་དབང་དང་བོད་ཀྱི་སྐད་ཡིག་ལ་ཐུག་བསྡད་ཡོད། རྒྱ་གཞུང་བཙན་བྱོལ་ནང་གི་བོད་མི་ཚོར་རེ་དགོས་དོན་མེད་པས་དེ་ལྟར་བྱེད་ཆོག་ཆོག་ཡིན་མོད། འོན་ཀྱང་བློ་སེང་ལགས་དེ་ལྟར་ག་ལ་ཡིན། བློ་སེང་མི་གཅིག་རང་ལ་ནུས་པ་ཇི་འདྲ་ཆེ་རུང་མི་དམངས་ལ་ལྟོས་མི་དགོས་པའི་ཚོད་ཅིག་ལ་སླེབས་ཨེ་ཡོད་དམ།།
༨༽ ཀུན་གསལ་ཟླ་བ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༢༢ སྐར་མ་ ༢༣
བོད་ཀྱི་གཏམ་དཔེར། ཁ་ལག་པ་གཉིས་ཀྱིས་གང་བྱས་དེ། གཉའ་ཚང་ར་གཉིས་ཀྱི་ཁུར་དགོས་རེད།
ཁ་རོ་ལ་བལྟས་ནས་མི་ངུ་བ། གྱང་ལ་བལྟས་ནས་ངུ་དོན་ཅི། ཁ་བྱ་བྱེད་མང་ན་བྱེའུ་རྐང་ཆག་དཔེ་དེ་བཞིན་ནོ།
༩༽ སོག སྨོན་ལམ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༢༢ སྐར་མ་ ༤༤
གྲོགས་པོ བློ་མ་ཕམ རྗེས་ཕྱོགས་ཚོགས་པ་གང་དུ་ལས་ཀ་བྱས་ཀྱང་འགྲོ་ཤེས་བསྟུན་ཤེས་བྱེད་རྒྱུ་གལ་ཆེ་པར་མ་ཟད། ངས་ཁྱོས་ནོར་འདུག་ཟེར་གྱི་མེད། སྤྱིར་མི་ཞིག་ལ་རང་མཚན་པའི་ལྟ་བ་དང་ལངས་ཕྱོགས་ཤིག་ཡོད་ན་ལོས་བཟང་། ཡིན་ནའང་། ཚོགས་པ་ཞིག་ལ་ལས་ཀ་བྱེད་སྐབས་རང་ཉིད་ཀྱི་བསམ་བློ་དང་ལངས་ཕྱོགས་ཕལ་བ་བཞག་ནས་གཙོ་བོ་འགན་འཁྲིའི་ལས་ཁུར་ལ་གཞོལ་ཅི་ཐུབ་ཀྱིས་བྱ་སྤྱོད་ཤེས་འཇོན་གང་ཐད་ནས་གཞན་གྱིས་དམིགས་དཔེ་ལྟ་ས་ཡོང་ཐབས་ལ་འབད་དགོས། དེ་བས་ཀྱང་བོད་སྤྱི་བའི་དོན་དུ་རྩོམ་ཡིག་ཅི་ཞིག་འབྲི་འདོད་ཀྱང་ཡོངས་གྲགས་མ་ཡིན་པའི་སྙུག་མིང་སྤྱོད་རྒྱུ་གལ་ཆེ། སྙུག་མིང་ནི་གཙོ་བོ་བདེ་འཇགས་སྲུང་སྐྱོབ་ལ་དམིགས་ནས་བེད་སྤྱད་ན་འོས་མཚམས་མིན་རྒྱུ་མེད། རྡ་སའི་རི་ངོགས་ནས་ངས་ཀྱང་ཉམས་མྱོང་གང་མང་བསགས་ནས་ཡོང་བ་ཡིན།
ཁྱོད་བཀའ་ཁྲིའི་མདུན་ལ་གསལ་བཤད་བྱེད་དུ་ཐེངས་ 14 བཅར་བ་ཡིག་ཐོག་མཐོང་རྗེས་ལྷག་ཏུ་ཚོར་བ་མ་འདྲ་བ་ཞིག་བྱུང་སོང། གང་ལྟར། གྲོགས་པོ། སེམས་ཤུགས་མ་ཆག དུས་ཚོད་ཀྱི་དབང་དེ་ཙམ་བྱེད། མཇལ་ཡོང
༡༠༽ འབུམ་པ་རྒྱལ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༩ གི་ཆུ་ཚོད་ ༠ སྐར་མ་ ༠༣
བསམ་ཚུལ་བཤད་ཆོག་པ་ཞུ
༡༡༽ བཙན་ནག་པ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༩ གི་ཆུ་ཚོད་ ༣ སྐར་མ་ ༤༥
ཤར་ཁུག་སེམས་ཤུགས་མ་ཆག་བོད་དང་བོད་མིར་དུང་ཞེན་ཡོད་ན་དེ་དང་དེར་ཕན་པའི་ལས་ཀ་མང་། ད་ལྟ་བྱས་པ་ལས་བྱ་རྒྱུ་མང་། ལམ་ལོག་ཏུ་བསྐྱོད་རྒྱུར་དོགས་ཟོན་དགོས་མི་གཞན་གྱི་བེད་སྤྱོད་ལོག་པར་མི་གཏོང་བའི་ངེས་པ་མེད་པས་ཉིད་ནས་ཟབ་རོགས་ཞུ་རྒྱུ་ཡིན།།
༡༢༽ སྐལ་བཟང་ཉི་མ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༩ གི་ཆུ་ཚོད་ ༤ སྐར་མ་ ༢༥
ཡི་གེ་བ་ཚོར་ཆག་འཇིགས་འདི་འདྲ་གནའ་ནས་ད་བར་གང་ཡིན་ས་རུ་ཡོང་གིན་ཡོད་པས། ང་ཚོས་ཀྱང་བཀའ་ཁྲིའི་ཕྱག་ན་ཡོད་པའི་བདེན་པ་ཉིད་རྒྱལ་གྱུར་ཅིག་ཟེར་བ་དེ་ལ་བློ་ཅི་ཙམ་གཏད་རྒྱུ་འདུག་ལྟ་རྒྱུ་རེད།
༡༣༽ ཚེ་རིང་རྡོ་རྗེ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༩ གི་ཆུ་ཚོད་ ༥ སྐར་མ་ ༡༧
ཀུན་གསལ་ཟླ་བ་ལགས་ཀྱི་གཏམ་དཔེ་དེ་འདྲ་སྙན་ལ་དངོས་ཡོད་དང་བར་ཐག་ཉེ།
ད་དུང་། ཁ་རིན་པོ་ཆེ་ཡིས་ལུས་སེམས་བདེ་མི་བཅུག ལག་རིང་དྲགས་ནས་ཉིན་འཚོའི་་ཁ་ཕོར་ཤོར།
ད་དེ་ལས་ཐལ་ན་ཇུས་ཉེས་ཀྱིས། ཁྱོད་འབོག་རྡོ་ཡོང་ནས་འཛིན་ཡང་ཉེ།
ཨོ་ལོ་ཆོས་འབྱོར་།
༡༤༽ གངས་ཆུང་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༩ གི་ཆུ་ཚོད་ ༥ སྐར་མ་ ༤༩
ཁུག་རྟ་ལགས། བློ་མ་ཕམ། ཡང་ན་རྒན་ལྷ་མོ་སྐྱབས་ཀྱི་བཀའ་གནང་བཞིན་གྱིས། ཡང་ན་གྲ་སར་ཡོང་ནས་གྲ་པ་བྱས་དང། ངས་ཁག་ཐེག་རྒན་བྱ།
༡༥༽ གངས་སྤྲེལ་ཚ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༩ གི་ཆུ་ཚོད་ ༦ སྐར་མ་ ༡༢
གྲོགས་པོ་ལགས་སེམས་མ་ཕམ། ཁ་ལག་པའི་གང་བྱས་གཉའ་ཚང་རས་ཁུར་དགོས་པ་བུ་རྐང་ཡོད་ཞིག་གི་སེམས་ཤུགས་རེད། སྤྱིར་རང་གཞུང་ལ་དེ་ལྟར་ལབ་ན་ཡག་པོ་མི་འདུག བཀའ་ཤག་གིས་ཐག་དེ་ལྟར་གཅད་པར་ཁག་མེད་རེད སྤྱིར་གཞུང་ལ་སྒྲིག་གཞི་ཞིག་ཡོད་རེད། དེ་དང་ཁྱད་པར་ཐད་གི་བལྟས་ན་གླེན་པ་མཁས། ལག་པར་བཞག་ན་མ་སེམས་སྐྱོ་ཟེར་བའི་དཔེ་ལྟར་ སུ་ལའང་བཤད་གྱི་ཡོད་རེད་ད དོན་ལག་ལེན་ལ་ཁག་པོ་རེད།
༡༦༽ རྨོག་རུ་བསྟན་པ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༩ གི་ཆུ་ཚོད་ ༦ སྐར་མ་ ༤༥
དྲ་གྲོགས་རྣམ་པར་ཞུ་རྒྱུར།
ཤར་ཕྱོགས་ཁུག་རྟའམ་བློ་བཟང་ཆོས་འབྱོར་གྱིས་རྩོམ་འབྲི་གནང་བའི་༼སེང་གེ་བཀའ་ཤག་གི་མདུན་ལམ་༽ཐད་ལ་གླེང་སློང་མང་པོ་གནང་སོང་བ་དང་། ཚོར་བ་མ་འདྲ་བ་སྣ་ཚོགས་ཀྱི་སྒོ་ནས་བསམ་ཚུལ་མ་འདྲ་བ་སྣ་ཚོགས་ཤིག་བྱུང་སོང་བས་དེ་ཡང་མང་གཙོ་ཚད་ལྡན་གྱི་ལེགས་བྱང་བཟང་པོའི་ཁྱད་ཆོས་ཤིག་རེད།
དྲ་གྲོགས་རྣམས་ཀྱི་ཚོར་བ་དང་། བསམ་ཚུལ། ལམ་སྟོན། གསལ་འདེབས་སོགས་སྒོ་སྣ་ཚོགས་ནས་དྲ་ལམ་ཁག་ཏུ་འུར་ཟིང་ཆེན་པོ་གནང་སོང་བས། འུར་སྒྲའི་རླུང་ཡན་འདི་ཡང་དོན་མེད་ཀྱི་རླུང་སྒྲ་ཞིག་མ་ཡིན་པར་དཔལ་ལྡན་བཀའ་བློན་ཁྲི་པ་དང་། རྩོམ་པ་པོ་བློ་བཟང་ཆོས་འབྱོར་སོགས་ཚང་མར་བློ་བསྐྱེད་དང་། ཐུགས་སྣང་གནང་དགོས་པས་ལམ་སྟོན་དང་། སྐུལ་ལྕག་མང་པོ་ཞིག་ཐེབས་ཡོད་པར་ཡིད་ཆེས་བྱེད་ཆོག་པ་ཞིག་རེད།
དྲ་གྲོགས་བསམ་ཤེས་རེ་ཟུང་གིས་གསལ་བཤད་དང་རེ་སྐུལ་གནང་དོན་བཞིན་མུ་མཐུད་འདིའི་སྐོར་ལ་ནང་ཁུལ་རྩོད་རེས་དང་། རྒྱག་རེས་བྱས་ན་ཕན་གནོད་གཉིས་ལས་གནོད་ཚབས་ཆེ་སྲིད་པས་ཚང་མས་དགོངས་བཞེས་གནང་སྟེ་༼སེང་གེ་བཀའ་ཤག་གི་མདུན་ལམ་༽དང་འབྲེལ་བའི་མཆན་འགོད་རིགས་ཀྱང་མཚམས་འཇོག་གནང་ན་དགེ་མཚན་ཆེ་བས་རེ་སྐུལ་ཞུ་རྒྱུ་ཡིན།
ཤར་ཕྱོགས་ཁུག་རྟའམ་བློ་བཟང་ཆོས་འབྱོར་ལགས་ཀྱང་བཀའ་ཤག་གི་ལས་མཚམས་འཇོག་ཏུ་བཅུག་པར་མི་མང་གིས་ངོས་འཛིན་ཐད་ནས་ཁོང་ལ་ཞན་ཆ་ཞིག་མཐོང་སྲིད་ཀྱང་། དོན་གྱི་མཁས་དབང་བཀའ་ཁྲི་ཟུར་བ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཁོང་ལ་ཆེ་བརྗོད་འདི་ལྟར་གནང་འདུག
ཚེ་དང་ལྡན་པ་བློ་བཟང་ཆོས་འབྱོར་ཕྱི་ལོ་༢༠༠༧ ཟླ་༧་ཚེས་༢་ནས་ཕྱི་ལོ་༢༠༠༩་ཟླ་༣་ཚེས་༢༩་བར་བཀའ་ཤག་ལོ་རྒྱུས་འབྲི་རྩོམ་ཚན་པའི་ནང་ཡིག་ཚགས་དང་། བྱུང་རབས་རྒྱུ་ཆ་བསྡུ་རུབ། ཉམས་ཞིབ་བཅས་ཀྱི་ལས་འཁུར་གནང་བ་དང་། སླར་ཡང་ཕྱི་ལོ་༢༠༡༠ ཟླ་༡༠ ཚེས་༡༩་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཁྱོག་བཤད་ལན་འདེབས་དགོས་རིགས་ལ་ལན་འདེབས་བྱེད་པོའི་ཚོགས་ཆུང་དུ་ལས་ཁུར་གནང་བཞིན་པ་བཅས་ཀྱི་ལས་རྒྱུན་རིང་ལྷག་བསམ་དང་བརྩོན་འགྲུས། རྣམ་དཔྱོད་ཕུན་སུམ་ཚོགས་པའི་སྒོ་ནས་སྐབས་བབ་ལས་དོན་སོ་སོའི་ཐོག་ཞིབ་ནན་སྦྱོར་དངོས་རྗེས་གཙང་གནང་སོང་བས། བློ་གཟུ་བོར་གནས་ཤིང་རྣམ་འབྱེད་ཀྱི་ཤེས་རབ་བཀྲ་ལ། དོན་གཉེར་དང་ལྡན་པའི་སྒོ་ནས་གཞུང་དོན་འབད་སྒྲུབ་གནང་བར་ཡི་རངས་བསྔགས་བརྗོད་དང་། འབྱུང་འགྱུར་ཡང་བསྟན་སྲིད་མི་རིགས་ཀྱི་ཞབས་འདེབས་རླབས་ཆེན་སྒྲུབ་ཐུབ་པའི་སྨོན་འདུན་བཅས།
བཀའ་བློན་ཁྲི་པ་ཟམ་གདོང་བློ་བཟང་བསྟན་འཛིན་གྱིས་༢༠༡༡ ཕྱི་ཟླ་༨་ཚེས་༥་ལ།
འདི་ནས་གསལ་འདེབས་ཞུ་རྒྱུར།
བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་བཀའ་བློན་ཁྲི་བའི་ཕྱག་འགན་གནང་བཞིན་པ་དང་། ཤར་ཕྱོགས་ཁུག་རྟ་ལགས་ཀྱང་དཔལ་ལྡན་སྐུ་སྒེར་ཡིག་ཚང་གིས་གཟིགས་གསོལ་དང་། དཔལ་ལྡན་མཁས་དབང་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་འདི་ལྟར་ཆེ་བསྟོད་གནང་ཡུལ་གྱི་མི་སྣ་ཞིག་ཡིན་པས་ཆ་ནས་ཁྱོད་ཕམ་ང་རྒྱལ་གྱི་རྩོད་པ་དེ་མེད་པར། བོད་སྤྱི་བའི་དོན་དུ་རང་རང་གིས་ནུས་སྟོབས་གང་འདྲ་འདོན་རྒྱུ་ཡོད་མེད་ནི་ང་ཚོ་ཚང་མས་ཨ་མས་བུ་ལ་ཚད་མཇལ་ས་ཡིན་པས། བུ་རྒོད་དག རེ་སྒུག་དང་འཁྲེང་ཞེན་གྱིས་ཁྲོད་ན་མིག་ཟུང་ཅེར་བའི་གཞིས་བྱེས་བོད་མི་ཚོས་ཆེད་དུ་སྔར་ལྷག་གིས་ནུས་ཤུགས་རྩལ་སྤྲུགས་ཡོང་བའི་འབོད་སྐུལ་ཡོད་ལ། དྲ་གྲོགས་ཚང་མས་ཁ་དགྲ་ལ་གཏད་དེ་རྣོ་ངར་ཚིག་གི་མཚོན་ཁ་བསྡུར་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
༡༧༽ ཆུ་ཁ་ཚང་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༩ གི་ཆུ་ཚོད་ ༦ སྐར་མ་ ༥༡
རྩོམ་པ་པོ་ཤར་ཁུག་ལགས་ལྷག་བསམ་རྣམ་དག་གིས་གཞུང་ཞབས་ཀྱི་བྱ་བ་ལ་འབད་བརྩོན་བྱེད་བཞིན་ཡོད་པ་སེམས་པ་དགའ་ནས་ཡོད། ཡིན་ཡང་དེ་རིང་མ་བསམ་ས་ནས་དྲ་རྒྱའི་ཐོག་གི་གནས་ཚུལ་ལ་བལྟས་པ་དང་བསམ་ཡུལ་ལས་འདས་པའི་དོན་དག་ཅིག་བྱུང་འདུག ཡིན་ཡང་ཁྱོད་ཀྱི་ལྷག་བསམ་དཀར་པོ་བོད་གཞུང་དང་རྒྱལ་བ་རིན་པོ་ཆེ་ཡིན་པས། མུ་མཐུད་ཕྱག་ལས་ཡག་པོ་རེག་རྒྱུ་ང་ལ་ཡིད་ཆེས་དང་གདེངས་ཚོད་ཆེན་པོ་ཡོད། ཁྱོད་ནི་ཐེ་ཝན་དང་ཡོ་རོབ་གཉིས་སུ་མ་བསྡད་པར་ཕྱིར་ལོག་པའི་ལྷག་བསམ་རྣམ་དག་ཅན་གྱི་གཞུང་ཞབས་ཤིག་ཡིན་པ་ང་དང་ང་ལྟ་བུའི་ཤེས་ནི་རེད། ཨ མའི་བུ་ཤུ་རེ་བྱོས།
༡༨༽ ཆོས་འཕེལ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༩ གི་ཆུ་ཚོད་ ༧ སྐར་མ་ ༣༢
བཀའ་ཁྲིའི་སྐུ་མདུན་དུ་དགོངས་སེལ་ཞུ་ཆེད་ཐེངས་བཅུ་བཞི་གཅར་བའི་དཔང་པོ་ནི་ཤར་ཕྱོགས་ཁུག་རྟ་རང་ཉིད་ལས་མེད། དེ་ལས་བཀའ་བློན་ཁྲི་བས་ཕར་རྒྱུག་ཞེས་བོད་ཁམས་ཕྱོགས་ནས་ཡོང་པའི་གསར་འབྱོར་བ་ཞིག་གི་ཁ་སྐད་ཀྱི་ཐོག་ནས་བཀྱོན་པ་དེ། ཐོས་མཁན་ཤར་ཕྱོགས་ཁུག་རྟའི་རྣ་བ་ལས་མེད། མཐར་སྡོམ་ན། ཤར་ཕྱོགས་ཁུག་རྟ་ཤར་ཕྱོགས་ཀྱི་གླ་ཟན་ཡིན་པའི་དཔང་རྟག་ཤར་ཕྱོགས་ཁུག་རྟ་རང་ཉིད་གསལ་པོ་བྱས། དེ་ལ་རི་བོང་གིས་ཅལ་ཟེར་གྱི་འདུག་ཟེར་ནས་བྲོས་པའི་མི་འཁྱམས་ལས་མེད་དྲ་ཉུལ་འགས་ཤ་ཚ་མདོག་བྱས། དོན་དུ་རང་མདོག་ངོ་མ་དེ་ཁ་ཕོར་ཆུང་ཆུང་ཞིག་གི་ཆེད་དུ་ངོམ་པ་འདི་རྣམས་ལ་བལྟ་སྐབས། དྲ་རྒྱ་འདི་དག་ལའང་དངོས་གནས་སྙིང་ན་གི
༡༩༽ འབུམ་པ་རྒྱལ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༩ གི་ཆུ་ཚོད་ ༧ སྐར་མ་ ༣༥
སྐད་ཆ་འདིར་ཞིབ་འཇུག་མ་བྱས་གོང་ལ་འུར་སྒྲོག་བྱེད་པ་འདི་དོགས་པ་ཞིག་རེད། འདི་མི་མང་བོ་ཉེ་སུར་འགུག་པའི་ཐབས་ཤེས་ཤིག་རེད། ཆོས་འབྱོར་གྱིས་དྲ་ཐོག་བཞག་པའི་ཡི་གེ་གཉིས་ཀ་བཀླགས་རྗེས། དེ་གནད་དོན་ཚབས་ཆེན་ཞིག་མིན་པ་ཤེས་སོང་། ༡ གཞུང་ཞབས་ཡིན་མིན་གང་ལྟར་ཡང་གཞུང་གི་སྒྲིག་ཁྲིམས་སྲུང་དགོས་པ་དེ་གལ་ཆེན་པོ་རེད། ༢ ཁོང་ཉིན་ལས་ཀྱི་དུས་བཅད་རྫོགས་ཚར་རྗེས་ཕྱིར་བསྐོ་འཇོག་མ་བྱས་པ་ཞིག་རེད། དེའང་རྒྱུན་ལྡན་འགྲོ་སྲོལ་ཞིག་རེད། ༣ བོད་ནང་གི་ཛ་དྲག་གི་སྐབས་འདི་ཞིག་དོན་མེད་མི་མང་ལ་འུར་བསླངས་ཏེ་བཀའ་ཁྲི་གཙོས་གཞུང་འཛིན་མི་སྣང་དག་ལ་མི་དགའ་བ་ཆགས་ཏུ་འཇོག་རྒྱུ་ལས་འགུལ་འདི་རྩ་བ་ནས་ཡག་པོ་མི་འདུག ལས་འགུལ་འདི་རྩོམ་པའི་མི་འདི་ཚོ་བོད་མི་རིགས་ལ་ཤ་ག་ཚོད་ཅིག་ཚ་མིན་ཡང་ཞོར་དུ་ཤེས་ཐུབ་པ་ཞིག་རེད། ད་བོད་མི་རིགས་ཀྱི་ཆེད་དུ་ཅི་གང་མི་འཇོན་ནའང་ནང་ཁུལ་ལ་དཀྲིག་མ་རྒྱག་རོགས་ཞེས་བཤད་ཀྱིན་ཡོད།
༢༠༽ ཀ་དག་ཆོས་དབྱིངས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༩ གི་ཆུ་ཚོད་ ༩ སྐར་མ་ ༥༣
གླིང་དཀར་པོ་ཞོ་བཞིན་ཆག་པ་ལ། །
དཔོན་ཁྲོ་ལུས་ཁྲ་ལྟར་དཀྲུགས་པ་བཞིན། །
བོད་སྤྱི་པའི་བཀའ་ཁྲིའི་ལས་དབང་ནང་། །
འདྲེ་བློ་ཆོས་གཡོ་འཕྲུལ་ལས་ལ་བྲེལ། །
ད་བོད་པའི་ལས་དབང་མི་བསམ་མཁན། །
ལ་ལུང་པའི་འཐེན་འཁྱེར་དབང་སོང་སྟེ། །
གྲི་དཔའ་དམ་སོ་ཁ་ནང་བསྟན་ནས། །
ནང་ཕུ་ནུ་གསོད་པའི་ལས་བྲེལ་རིངས། །
མགོན་བསྟན་འཛིན་རྒྱ་མཚོ་དབུ་བཞུགས་ཐོག །
ཁ་བློ་མིག་མ་ཡོ་བོད་མིའི་ཁྲོད། །
ཆེས་མང་མོས་འོ་བསྡུ་དབང་བཙན་པས། །
བུ་དཔའ་བོ་གསེར་ཁྲིའི་སྟེང་དྲངས་ཀྱང་། །
ཆེན་རློམ་པའི་གཅིག་ཤོས་ནད་རོ་དེས། །
རང་ཉེ་འཁོར་ཀུན་ལ་ཁོག་རྒྱང་སྟེ། །
བཀྲ་མི་ཤིས་སྐྱོན་དང་འཚང་འདྲུའི་རིགས། །
ཐབས་ཡོ་རྒུ་རྩལ་འདོན་བྱེད་འདི་ཅི། །
བུ་བློ་བཟང་ཆོས་འབྱོར་ཁོག་པའི་ནང་། །
གནའ་རུལ་སུངས་བཀའ་བློན་བཀྲོང་ངེར་བཞུགས། །
ཁོ་རང་དབང་མེད་པར་སྤྱོད་ལོག་བསྟན། །
འདི་ལྷག་བསམ་རེད་སོ་གདོན་འཕྲུལ་རེད། །
བོད་ཉན་འཕྲང་ཅན་གྱི་དུས་སྐབས་འདིར། །
རང་མི་རིགས་ཛ་དྲག་འཐབ་རྩོད་ནང་། །
འདྲེ་བློ་ཆོས་འཐབ་རྩོད་རང་རྒྱག་འདི། །
བོད་སྲི་ཞུ་རེད་སོ་ཕུང་དཀྲུགས་རེད། །
མི་གཡོ་ཅན་ཁོག་པའི་བར་གསེང་ཀུན། །
ཕྱོགས་འགལ་བའི་ཚོགས་པ་སྐྱིད་ཉལ་འཐེན། །
རྒྱ་ནག་པོའི་བྱིན་རླབས་སྙིང་དུ་སྦྲུམ། །
འདི་ངོ་ནག་རེད་སོ་ངོ་དཀར་རེད། །
བོད་ལས་དབང་དར་ལྕེ་རླུང་འདེད་ནང་། །
གཞི་ཚུགས་པའི་རྩིག་ར་མི་སྐོར་བར། །
རླུང་མཉམ་དུ་སྦུད་པ་གཏོན་མཁན་འདི། །
འདི་བྱ་ར་དགོས་སམ་རྒྱབ་སྐྱོར་དགོས། །
༢༡༽ འདོད་ལྷ་ཁམས་པ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༩ གི་ཆུ་ཚོད་ ༡༠ སྐར་མ་ ༥༣
ཧེཧེཧེ
ཁ་སྨྱུག་གུ་གཉིས་ཀ་ཐོགས་མེད་དུ། །
མེ་དྲག་ཏུ་འབར་བ་དམངས་གཙོའི་དགེ། །
ལས་བྱས་པ་རྩ་ཕུང་རི་བོ་ཡང་། །
མེ་ཙག་ཐུར་གཅིག་གིས་ཐལ་བར་གཏོང་། །
ཧཧཧ
༢༢༽ སྲིན་འབུ་མེ་ཁྱེར་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༩ གི་ཆུ་ཚོད་ ༡༢ སྐར་མ་ ༡༦
གོང་ལ་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱི་མཆན་ལ་བལྟས་པས་ན། ཁོང་ཉིད་ཀྱིས་འདི་ལྟར་འབོད་སྐུལ་ཞུས་པ་ནི་རང་ཉིད་ཀྱི་ད་དེང་ལས་སྣེའི་ངོ་བོ་གཙོ་བཟུང་གིས་བྲིས་པ་རེད་སྙམ། ཁོང་གིས་གོང་དུ་”ཤར་ཕྱོགས་ཁུག་རྟའམ་བློ་བཟང་ཆོས་འབྱོར་གྱིས་རྩོམ་འབྲི་གནང་བའི་༼སེང་གེ་བཀའ་ཤག་གི་མདུན་ལམ་༽ཐད་ལ་གླེང་སློང་མང་པོ་གནང་སོང་བ་དང་། ཚོར་བ་མ་འདྲ་བ་སྣ་ཚོགས་ཀྱི་སྒོ་ནས་བསམ་ཚུལ་མ་འདྲ་བ་སྣ་ཚོགས་ཤིག་བྱུང་སོང་བས་དེ་ཡང་མང་གཙོ་ཚད་ལྡན་གྱི་ལེགས་བྱང་བཟང་པོའི་ཁྱད་ཆོས་ཤིག་རེད།”ཅེས་བྲིས་འདུག འོན་ཀྱང་འོག་ལ་ཁོང་གིས་འབོད་སྐུལ་ཞུ་ཚུལ་ལ་བལྟས་ན། ཁོང་གིས་རང་ཉིད་ཀྱི་སྐད་ཆ་གོང་འོག་གཉིས་ཐ་དད་དང་རྒྱབ་འགལ་དུ་འགྱུར་འདུག་སྙམ། མཚམས་འདིར་ངས་ཁོང་ལ་”མང་ཚོགས་ཚད་ལྡན”ཞེས་པ་དེའི་ནང་དོན་ཅི་རེད་ཅེས་སྐད་ཆ་འདྲི་འདོད་བྱུང་། མང་ཚོགས་ཤིག་ལ་མཚོན་ན་སྨྲ་བརྗོད་རང་དབང་ནི་མང་ཚོགས་ཀྱི་རྨང་གཞིའི་རང་དབང་ནང་གི་ཡ་གྱས་ཤིག་ཡིན་པ་དང་། གལ་སྲིད་རང་དབང་འདི་ཉིད་ལོངས་སུ་སྤྱོད་པར་བཀག་འགོག་དང་ཐེ་ཅུས་བྱེད་པ་ནི་མང་ཚོགས་ཀྱི་ཆེས་རྨང་གཞིའི་རང་དབང་དེ་ཉིད་དང་འགལ་བ་རེད། རང་གཞུང་གིས་སྒྲིག་གཞིའི་ནང་ལས་བྱེད་དམ་ལས་མི་སུས་རང་ཉིད་ཀྱི་གཞུང་གི་འཚང་འདྲུད་མི་ཆོག་པ་དང་གལ་སྲིད་དེ་ལྟར་གནང་ན་སྒྲིག་གཞི་དང་འགལ་བ་ཡིན་དུས། ཉེས་ཆད་གཅོད་རྒྱུ་ཡིན་ལུགས་ཀྱི་སྒྲིག་སྲོལ་བཟོས་པ་འདི་ནི་མང་ཚོགས་ཚད་ལྡན་ཞིག་མིན་པ་སྟོན་ལ། རང་གཞུང་གིས་ཁ་ནས་མ་ནི་བགྲངས་བགྲངས་ཀྱི་མང་ཚོགས་དེའང་འཁྲབ་སྟོན་གྱིས་ཟོལ་བའི་མང་ཚོགས་ཤིག་ལས་མ་འདས།
ཁོང་ཉིད་སྤྱི་འཐུས་ཤིག་གིས་འདི་ལྟར་མང་ཚོགས་ཀྱི་རང་དབང་མི་སྤྱོད་པར་འབོད་སྐུལ་བྱེད་པ་དང་། བཀའ་ཁྲིའི་ཕྱོགས་སུ་མི་མངོན་པར་ལངས་པ་དེ་ཡང་དྲང་བདེན་དང་རང་དབང་ལ་རྡོག་རྫིས་བྱེད་པ་ཡིན་དུས། ཁོང་གིས་གྲོས་ཚོགས་སུ་ཇི་ལྟར་བོད་མི་དང་བོད་ཀྱི་ཆབ་སྲིད། བོད་ཀྱི་རིག་གཞུང་དག་ལ་ལས་བསྐྱེལ་ཇི་ལྟར་འབུལ་ཐུབ་བམ་སྙམ་པའི་ཐེ་ཚོམ་སྐྱེས། ཁ་རང་ལ་ཡོད་པ་དང་གང་བརྗོད་འདོད་ཡོད་པ་ནི་མང་ཚོགས་ཀྱིས་ང་ཚོར་གསོལ་རས་གནང་བའི་རང་དབང་ཡིན་དུས། དེ་ཉིད་བཀག་ཐབས་སུ་ལའང་མེད་ལ། བཀག་དབང་ཡང་སུ་ལའང་མེད། འབོད་སྐུལ་ཙམ་ཡང་ཞུ་མི་རིགས་པ་རེད།
གལ་སྲིད་མཁས་པའི་དབང་པོ་བཀའ་ཟུར་ཟམ་གདོང་རིན་པོ་ཆེན་གྱིས་འདི་ལྟར་ཤར་ཕྱོགས་ཁུག་རྟ་ལ་ཆེ་མཐོང་དང་གཟིགས་སྐྱོང་ཡོད་པ་དང་། ཁོང་ནི་དངོས་གནས་མིང་དོན་མཚུངས་པའི་ཤེས་ཡོན་ཅན་ཞིག་ཡིན་པ་མ་ཟད། བོད་མི་རིགས་ཀྱི་ཆབ་དཔལ་རིག་གསུམ་གང་གི་ཆ་ནས་ནུས་པ་འདོན་ཐུབ་མཁན་ཞིག་ཡིན་ན། ང་ཚོས་ཅིས་ཀྱང་ཁོང་ཉིད་འདི་ལྟར་འཕྲོ་བརླགས་གཏོང་མི་རིགས་ལ། ཁོང་གི་སེམས་ཤུགས་དང་གཞུང་སེམས་ཇེ་བརྟེན་དུ་འགྲོ་པར་རྒྱབ་སྐྱོར་དང་རོགས་འདེབས་ཞུ་དགོས་སྙམ།
༢༣༽ ལུང་རྟོགས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༩ གི་ཆུ་ཚོད་ ༡༢ སྐར་མ་ ༢༥
འབུམ་པ་རྒྱལ་གྱི་གསུང་པ་ལ་རྒྱབ་སྐྱོར་ཡོད། མི་སྐྱོན་མེད་འཛམ་བུའི་གླིང་ན་དཀོན། ཤིང་མཛེར་མེད་རྒྱ་རྫོང་ནག་ན་དཀོན་ཞེས་པ་ལྟར་ཡིན་པས་གཅིག་དཀར་པོ་དང་གཅིག་ནག་པོ་བཟོ་རྐྱང་བྱེད་པ་ནི་རང་སྐྱོན་ལས་གཞན་མ་རེད། བཀའ་ཁྲིའི་ངོས་ནས་མ་འགྲིག་པ་བྱུང་ཡོད་སྲིད་ལ། ཤར་ཕྱོགས་ཁུག་རྟའི་ངོས་ནས་མ་འགྲིག་པ་ཡང་བྱུང་ཡོད་སྲིད། གང་ལྟར་དོན་འདི་འུར་ཟིང་ཆེན་པོ་མ་བཟོས་ན་ལེགས།
སེང་གེ་བློ་བཟང་དང་བྱེའུ་ཁུག་རྟ།
གསལ་ལེ་རྒྱལ།
སེང་གེ་བློ་བཟང་ལགས་གཅན་གཟན་དང་རི་དྭགས་ཀུན་གྱི་རྒྱལ་བོར་འོས་བའི་གྲོས་མཐུན་བྱུང་བ་ནས་བཟུང་། ཁོས་ཁྲི་ཐོག་ནས་འཕྲེང་བ་བཟུང་སྟེ་མ་ནི་འདོན་ཁུལ་གྱིས་ཁ་མུར་མུར་བྱས། དེ་ནི་སེང་གེའི་འཁྲབ་ཚན་ཞིག་ཡིན་པ་གཅན་གཟན་ཚང་མས་ཤེས་ཀྱིན་ཡོད་ནའང་རི་དྭགས་ཉམས་ཆུང་ཚོས་ཤེས་ཀྱིན་མེད་ལ་བྱ་བྱེའུ་འབའ་འབུ་ཚོས་དེ་བས་ཀྱང་ག་ལ་ཤེས།
བྱེའུ་ཁུག་རྟས་སེང་གེ་བློ་བཟང་ཚང་གི་ལྷས་རའི་ནང་ནས་བྱེའུ་ཚང་བཅས་ཏེ་རང་ལའང་རྒྱལ་བོ་དང་མགོན་སྐྱབས་ཡོད་པའི་ངོམས་སོ་བྱས། ཡིན་ནའང་ཁོས་རང་གི་ཁ་ནང་ནས་གྲག་གིན་པའི་ཅ་ཅོ་དེ་དག་གིས་སེང་གེ་བློ་བཟང་གི་ལྷིང་འཇགས་སྐྲོག་གིན་པ་ད་དུང་ཤེས་མེད་ལ་སེང་གེ་བློ་བཟང་གིས་ཀྱང་དེ་ནི་ཞོགས་པའི་ཅོང་བརྡ་ཙམ་གྱི་ཚབ་ཏུ་བཟུང་ཡོད། ཡིན་ནའང་ནང་མོ་དེར། མཁའ་དབུགས་དྭངས་ཤིང་ཉི་འོད་འཕྲོ་བའི་ནང་མོ་དེར། སེང་གེ་བློ་བཟང་གིས་ཁོང་ཚང་གི་ཉེ་འདབས་ཀྱི་སྤང་ཐང་གཙང་མ་དེ་རུ་རང་གི་རྐང་སྣམ་སྒྱུད་ཁུག་ལ་ཕངས་ནས་ཆབ་ཆེན་ལྷོད་ཀྱིས་བཙིར་བཞིན་ཕྱིར་མིག་གིས་བལྟས་བ་ན། བྱེའུ་ཁུག་རྟས་རྐུན་མིག་གིས་ཁོའི་རྐུབ་ལ་ཞིབ་ལྟ་བྱེད་བཞིན་པ་མཐོན་ནས་སེང་གེ་བློ་བཟང་ཁོང་ཁྲོ་རབ་ཏུ་ཁྲོས།
དེ་མུར་སེང་གེ་བློ་བཟང་ཕྱིར་ཁྱིམ་དུ་ལོག་ནས་རང་གི་བཀའི་བློན་པོ་ཚམ་མ་མདུན་དུ་བཀུགས་ཏེ། སྐད་ཤུགས་ཆེན་པོས་ན་རེ། ངའི་ལྷས་རའི་ནང་དུ་ཚང་བཅས་བའི་ཁུག་རྟ་འདིས་རྒྱུན་དུ་སྐད་ཅོར་བརྒྱབས་ནས་ངའི་ལྷིང་འཇགས་སྐྲོག་པ་མ་ཟད། དེ་རིང་ངའི་རྐུབ་ལའང་གསང་ཉུལ་གྱིས་ཞིབ་ལྟ་བྱེད་བཞིན་འདུག་པས། ཁོ་རང་འདི་ནས་གནས་བྱུང་ཐོངས་ཤིག་ཅེས་བ་ན། བཀའི་བློན་པོ་སེང་གེ་སྒྲོལ་མ་ཧ་ཅང་ངོ་ཚ་བའི་རྣམ་འགྱུར་དང་བཅས་མགོ་བོ་བསྒུར་ནས་མིག་ཆུ་འདོན་བཞིན་བསྡད་པ་ན། ཁོའི་འཁྲིས་སུ་བཞུགས་པའི་བློན་པོ་སེང་གེ་བདེ་སྐྱིད་ཀྱིས་བྱེའུ་ཁུག་རྟའི་ཚང་གི་ཕྱོགས་སུ་ལྟ་བཞིན་འདི་«ཁུག་རྟ་མ་རེད། ཧྥ་ཁུག་རེད་»ཟེར་བཞིན་སེང་གེ་བློ་བཟང་གི་རྐུབ་ལ་བྱིལ་བྱིལ་བྱས། ཁོང་གི་བཀའི་བློན་པོ་སེང་གེ་དངོས་གྲུབ་དང་། སེང་གེ་པདྨ། སེང་གེ་དབང་ཕྱུག སེང་གེ་དོན་གྲུབ་བཅས་ཀྱིས་ལྕེ་ནར་བྱེད་བཞིན། ལེགས་སོ། བཀའ་བཞིན་བསྒྲུབ་ཆོག་ཅེས་ཕྱི་བཤོལ་བྱེད་བཞིན་སྒོེར་བུད་དེ་བྱེའུ་ཁུག་རྟའི་བྱེའུ་ཚང་རྩ་ནས་བསྔོགས་ཏེ་ལྷས་རའི་ཕྱི་རུ་གཡུག་རྗེས་ལྷ་རྒྱལ་རི་ལ་རང་བཙན་ཐོབས་པ་ལྟར་འཛུམ་མདམས་ཀྱིས་ཁངས།
དྲང་མོར་བཤད་ན་བྱེའུ་ཁུག་རྟས་སེང་གེ་བློ་བཟང་གི་གསེར་རྐུབ་གསལ་བོར་མ་མཐོང་ནའང་། སེང་གེ་བློ་བཟང་ལ་ཁོང་ཁྲོ་དྲག་དུ་ལངས་བ་དེས་རི་དྭགས་ཚང་མའི་སེམས་སུ་ཁོང་གི་རྐུབ་ན་རྨ་ཤུལ་ཆུང་ཆུང་ཞིག་མེད་དམ་སྙམ་པའི་དོག་པ་སྐྱེས་སུ་བཅུག
བྱེའུ་ཁུག་རྟར་ནམ་རྒྱུན་གྲག་འགུལ་ཆེ་ནའང་དེ་རིང་སེམས་ཤུགས་ཡོངས་སུ་ཆགས་ཏེ་སྐད་ཤུགས་ཆུང་ངུས་སེང་གེ་བློ་བཟང་ཚང་གི་སྒོ་འགྲམ་ནས། ཨ་ཁུ་སེང་གེ ཨ་ཁུ་སེང་གེ ཨ་ཁུ་སེང་གེ་བློ་བཟང་ཞེས་ཐེངས་གསུམ་བོས་ནའང་ཁོ་ལ་ཡ་ལན་སྟེར་མཁན་མ་བྱུང་བས། ཁོས་ཡང་བསྐྱར་སྐད་ཤུགས་ཅུང་མཐོན་པོས། ང་ལ་གུ་ཡངས་སྟེར་རོགས། ངས་ཁྱོད་ལ་བརྙས་བཅོས་བྱས་བ་མིན། ཨ་མའི་ཤ། དགོངས་དག ང་རང་ཟླ་བ་དྲུག་ལ་འདི་རུ་འདུག་ཆོག་པའི་གནང་བ་སྟེར་རོགས། ཟླ་བ་དྲུག་གི་རྗེས་ནས་དབྱར་ངོ་ལོན་ཚེ་ངས་རང་འགུལ་གྱིས་དགོངས་པ་ཞུ་ཆོག་ཅེས་ཡང་ཡང་ཞུས།
ཡིན་ནའང་ཁོ་ལ་ཡ་ལན་སློག་མཁན་མ་བྱུང་བས་ཁོ་རང་འུ་ཐུག་ནས་ཁོའི་འཕུར་རོགས་ཁུ་ཡུག་དང་ཁྭ་ཏ། ཕོ་རོག་སོགས་ལ་གསར་འགོད་གསར་སྒྲགས་བྱས། ཁུ་ཡུག་དང་ཁྭ་ཏ། ཕོ་རོག་སོགས་ཀྱིས་རང་རང་གི་ཐོག་ནས་སྒྲོ་རྐང་རེ་བཏོགས་ཏེ་ཤིང་ལོ་སྐམ་པོ་རེའི་སྟེང་དུ་«ཧ་ཧ་»ཞེས་བྲིས་ནས་རླུང་ལ་བསྐུར།
སེང་གེ་བློ་བཟང་དང་བྱེའུ་ཁུག་རྟ་ཞེས་པའི་སྐོར་ལ་མཆན་ ༣༦ བཀོད་འདུག
༡༽ ཟླ་བ་དབང་ཕྱུག་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༢ སྐར་མ་ ༤༨
དངོས་ཡོད་གོ་དོན་ཟབ་པའི་སྒྲུང་སྙན་མོ་རེད། ཧ་ཅང་ཡག མུ་མཐུད་ནས་དངོས་སྒྲུང་ཟིན་ཐོ་སྤེལ་རོགས།
༢༽ འབའ་སྲས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༣ སྐར་མ་ ༡༡
ཧ་ཧ་ཧ། སྒྲུང་ཚ་ཐག་ཆོད་ཅིག་བྲིས་འདུག ཤི་རེ་གོ ཞུ་དག་ཡག་པོ་ཞིག་བཏང་མི་འདུག
ཕལ་ཆེར་ཉལ་ཁར་བྲིས་ནས་འགོར་བ་འདྲ།
༣༽ མྱི་རྐྱང་སྨྱོན་པ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༤ སྐར་མ་ ༡༢
སེངྒེ་བློ་བཟང་དང་བྱེའུ་ཁུག་རྟ་གཉིས་གཡང་གཟར་གྱི་བྲག་རོང་ན་གནས་བཅས་ཤིང་། ལས་དབང་གཅིག་པའི་དུད་འགྲོ་ཉམ་ཆུང་གི་རིགས་སུ་གཏོགས་པ་འདྲ་ནའང་། བྲག་རོང་དེར་རྟེན་གཞི་བཅས་པའི་དུད་འགྲོ་རྣམས་ཀྱིས་སྐད་ཅོར་འདྲ་མིན་ཞིག་རྒྱག་གིན་ཡོད་ནའང་། དོན་དུ་སེངྒེ་བློ་བཟང་གིས་རང་ཉིད་གནས་དེའི་བདག་པོ་ཡིན་པར་རློམ་པའི་ང་རྒྱལ་དང་། རང་ཉིད་ལ་བྱེའུ་ཁུག་རྟ་ལྟ་བུའི་འཇམ་མཉེན་གྱི་གཤོག་ཟུང་མེད་པས་གླལ་སྒྱིང་བྱེད་ཞོར་ངར་སྐད་དེ་འདྲ་ཞིག་མི་སྒྲོག་ཐུ་མེད་ཆགས་སོང་བ་ཡིན་པ་འདྲ།
སྤྱིར་བྲག་རོང་དེར་གནས་པའི་ལས་དབང་གཅིག་པའི་དུད་འགྲོའི་རིགས་རྣམས་ཀྱིས་རང་རང་སོ་སོར་མངའ་བའི་བློ་སྤོབས་དང་འཇོན་ནུས་སོགས་གང་ཡོད་མཉམ་སྤུངས་ཀྱི་དུས་ཚོད་ཅིག་ཡིན་ནའང་། སྔོན་མའི་བག་ཆགས་ཤིག་གམ། གཅན་གཟན་དང་རི་དྭགས། འདབ་ཆགས་སོགས་སྡེ་ཚན་མི་གཅིག་པའི་རྐྱེན་གྱིས་ཅ་ཅོ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།
༤༽ ཁ་བའི་བུ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༤ སྐར་མ་ ༡༢
རི་དྭགས་ཀུན་གྱི་རྒྱལ་པོ་ཡིན་པ་མ་ཤེས་ཀྱང་། རྡ་སའི་རི་གྲོང་དུ་ཆགས་པའི་སྐྱབས་བཅོལ་རི་དྭགས་ཀྱི་རྒྱལ་པོར་གཞོན་སྐྱེས་དང་། མི་རབས་གསར་པའི་དར་ཕྱ་མཁའ་དབྱིངས་སུ་འགྲེང་མཁན་རྣམས་དང་། གང་ཡང་མི་ཤེས་ཤིང་། གང་ཡང་མི་འཇོན་པའི་སངས་རྒྱས་པའི་རྗེས་འཇུག་འགས་བསྐོ་བཞག་བྱས་ཏེ། རེ་བ་མེད་བཞིན་དུ་རེ་བ་གསར་པ་ཞིག་བཅངས་ཏེ་བསྡད། དེ་ནི་ཁོང་ཚོས་ནམ་མཁའ་མེ་ཏོག་འཐོབ་ལ་རེ་བ་དང་གཉིས་སུ་མ་མཆིས།
གང་ལྟར་སྐྱབས་བཅོལ་རི་དྭགས་རྣམས་ཀྱི་རྒྱལ་པོ་དེས། ཉམས་ཆུང་བྱིའུ་ལ་ཡང་ཐུབ་ཚོད་བྱེད་ཚུལ་ལ་བལྟས་ན་སྤྲེའུ་དང་། བྱ་བྱའུ། ལྷག་པར་བྱའི་ནང་གི་རྣམ་དཔྱོད་ཕུལ་དུ་བྱུང་བའི་ཁུག་རྟ་ལྟབུ་སོགས་གཅན་གཟན་རི་དྭགས་དང་། བྱ་བྱིའུ་རྣམས་ཀྱིས་སེང་གེར་ལྷག་བསམ་དང་། དྲང་བདེན་མེད་པར་ཡིད་མ་རངས་བ་མ་ཟད། མང་གཙོ་དང་རང་དབང་འབོད་སྒྲོགས་ཙམ་ལས། རི་དྭགས་ནང་གི་རྩོམ་པ་པོ་སོགས་ལ་རྒྱ་ནག་ནང་གི་སྲིད་བྱུས་ལྟར་རང་དབང་འཕྲོག་པར། ཡི་མ་རངས་བར་དངོས་ཤུགས་བརྒྱུད་གསུམ་ནས་རི་དྭགས་རྒྱལ་པོའི་གོམ་པ་སྤོ་ཚུལ་ལ་དཔྱད་ཅིང་རི་དྭགས་རྣམས་ནས། ང་ཚོའི་རྒྱལ་པོ་ནི་རྒྱལ་པོ་རྣམས་ཀྱི་ནང་ནས་ཆེས་ཤོད་ཕོད་ལ་བྱེད་མི་ཐུབ་པ། མང་ཚོགས་ཀྱི་བདེ་སྡུག་ལ་བལྟ་མ་ཤེས་ཞིང་སྐྱོང་མི་ཐུབ་པའི་ཐབས་སྡུག་གི་རྒྱལ་པོ་ཡིན་པས། ང་ཚོས་སང་ཉིན་ནས་སྐད་འབོད་བྱེད་ཅེས་སང་ཉིན་དེར། ང་ཚོར་རྒྱལ་པོ་ཁྱེད་འདྲ་བ་མི་དགོས། ལོངས་ཤཽག རི་དྭགས་རྣམས་ལོསང་ཤོག ཞེས་སྐད་འབོད་སྒྲོགས་ཅིང་ཤིང་ལོའི་སྟེང་བོད་ཡིག་འབོད་ཚིག་སྣ་ཚཽགས་བྲིས་ཏེ། སེང་ཁང་དུ་གོམ་པ་མདུན་སྤོས་བྱེད་ངེས་རེད། སྐབས་དེར་རི་དྭགས་ཀུན་གྱི་རྒྱལ་པོ་སེང་གེ་ཡིན་ན་ཡང་། བླ་བརྡར་དགོས་པ་མ་ཡིན་ནམ། དེ་དུས་ཕྱིས་དྲག་པ་མ་ཡིན་ནམ།
༥༽ ཀླུ་སྨྱོན་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༤ སྐར་མ་ ༥༠
ངས་”རྡོ་སེང་གེས་ཁ་གདངས་པ་”ཞེས་པ་ཞིག་འབྲི་བཞིན་ཡོད། མི་རོ་རྩེ་སྒྲུང་ནང་གི་དེ་ལ་དཔེ་བཤུས་པ་ཡིན།
༦༽ གཞིས་ཆགས་བུ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༥ སྐར་མ་ ༢༤
བྲིས་སྟངས་ཧ་ཅང་ལེགས་ཀྱང། དག་ཆར་དོ་སྣང་བྱེད་རོགས། ཡིད་སྐྱོ་བའི་བཅོས་སྒྲུང་དེ་བཀླགས་ནས་རི་དྭགས་རྒྱལ་པོའི་སེང་གེས་ལན་གཅིག་བྱིའུ་ཆུང་ཁུག་རྟར་བསམ་ཤེས་ཤིག་གནང་ན་མི་འོས་སམ། སེངགེའི་འཁོར་ན་ཡོད་པའི་བཀའི་བློན་པོ་རྣམས་ཀྱིས་ཀྱང་ཁུག་རྟའི་ལས་དབང་ལ་མི་སེམས་པར། ཚོར་མེད་བེམ་པོ་བཞིན་དུ་འདུག་ནས་ཅི་ཞིག་བྱ།
༧༽ རྒྱ་གར་རྨ་བྱ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༥ སྐར་མ་ ༥༤
ང་ཚོའི་སྨྱུག་ཐོགས་པའི་འགན་འཁུར་གྱི་བསམ་བློའི་ཆུ་ཚད་དམར་རྗེན་འདི་འདྲ་ཞིག་རེད། སྤྱི་ཡི་བསམ་བློ་མེད། མཐོ་དམའ་མེད། སྡིགས་དམོད་བྱེད་རྐྱང་། ལ་རྒྱ་ཟེར་བ་མེད་ཐག་ཆོད། རི་རྒྱབ་ནས་ལྟད་མོ་ལྟ་བཞིན་འདུག མང་གཙོའི་ཁེ་ཕན་ཟེར་བ་བོད་པར་མི་འོས་ཐག་གཅོད་རེད།
བཀའ་ཁྲིས་ཁུག་རྟར་སྤྲད་པའི་ཡི་གེ་མ་མཐོང་བར་འདི་ལྟར་བྲིས་པར་ཡ་མཚན། ངོ་ཚ། ཡིད་སྐྱོ། ང་ཚོ་བསམ་བློ་གཏོང་རན་ནས་འདུག ཡིད་གཟབ་བྱོས་བོད་ཀྱི་སྨྱུག་འཛིན་པ་ཀུན།
༨༽ མི་ཉག་སྐལ་བཟང་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༦ སྐར་མ་ ༣༡
ངོ་མ་སྒྲུང་སྙན་མོ་ཞིག་འདི་ན་འདུག རིན་ཐང་ཅན་གྱི་སྒྲུང་ཞིག་ཡིན་ཐག་ཆོད་རེད། སྒྲུང་འདི་དག་གི་རྒྱབ་ཕྱོགས་ན་ཕྱོགས་གཞན་ཞིག་ནས་རང་གིས་གདོང་ལ་རང་གིས་ཐལ་བ་བཏབ་པའང་མཚོན་དོན་གཙོ་བོ་བཟུང་འདུག གལ་ཏེ་ང་ཚོའི་སྲིད་སྐྱོང་པ་གྷ་ད་ཧྥི་དང་ཡང་ན་བྷི་ལ་དེ། ཧུན་ཅི་ཐར་ལྟ་བུ་ཞིག་ཡིན་མི་དེ་ཚོ་ཅི་ཞིག་བྱེད་འདོད་པ་ཡིན་ནམ།
༩༽ ཚེ་རིང་། རྡ་ས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༧ སྐར་མ་ ༣༡
ཤར་ཕྱོགས་ཁུར་རྟའི་སྐོར་ལ་མང་པོ་ཞིག་བྲིས་སོང་། དེའི་ནང་དུ་བཀའ་ཤག་ལ་སྐྱོན་འཛུགས་ཐལ་ཆ་ཆེ་བ་མང་པོ་བྱེད་སྟངས་ལ་བལྟས་ནས་ཁུག་རྟའི་དོན་དག་མིན་པར། བློ་སེང་གི་ལས་དོན་ལ་བར་ཆད་གཏོང་བ་དང་། མི་མང་ཁོང་ལ་མ་དགའ་བ་བཟོ་ཆེད་དུ་མིན་ནམ་སྙམ་པ་བྱུང་།
གང་ལྟར་དངོས་ཡོད་གནས་ཚུལ་ཤེས་རྒྱུ་གལ་ཆེ། ཤར་ཕྱོགས་ཁུག་རྟ་བཀའ་ཤག་གི་ལན་འདེབས་ཚོགས་ཆུང་ནང་དུ་ཆོད་གན་བྱས་ནས་བསྡད་ཡོད་པ་དང་། ཆོད་གན་གྱི་དུས་ཚོད་ཚང་རྗེས་ལས་དུས་ཕར་འགྱངས་བྱས་མེད་པ་བདེན་པ་རེད། ཆོད་གན་ལས་བྱེད་ཀྱི་ལས་དུས་རྫོགས་སྐབས། བསྐྱར་དུ་ལས་ཀ་ཡོད་མེད་དང་། ཡང་ན་མི་དེས་ལས་ཀ་བྱས་པ་འགྲིག་མིན་ལ་བལྟས་ནས། ཕར་འགྱངས་བྱེད་དགོས་མིན་ལྟ་རྒྱུ་རེད། དེར་བརྟེན་ཁུག་རྟའི་ལས་དུས་བཀའ་ཤག་གིས་ཕར་འགྱངས་བྱས་མི་འདུག
ཡིན་ཡང་མི་ཁག་ཅིག་ལ་དེས་ཕོག་ཐུག་ཆེན་པོ་སོང་ཡོད་ཚོད་འདུག་ལ། བློ་སེང་བཀའ་ཁྲིར་ལངས་པ་ནས་ཁོང་གི་ལས་དོན་ལ་བར་ཆད་གཏོང་ཐབས་བྱེད་མཁན་ཁག་ཅིག་དུས་རྒྱུན་དུ་མཐོང་གི་འདུག དངོས་གནས་བཤད་ན་ཁོང་ལ་འོས་ཐོབ་རྗེས་དམའ་མཐར་ཡང་ལོ་གཉིས་གསུམ་རིང་ཁོང་གི་ལས་དོན་བྱེད་ཕྱོགས་ལ་ཞིབ་འཇུག་དང་རྒྱབ་སྐྱོར་བྱེད་དགོས་པར་མཐོང་། དེ་མིན་དོན་མེད་སྐྱོན་འཛུགས་ཁོ་ན་བྱས་ཏེ་ཅི་ཕན། ཤར་ཕྱོགས་ཁུག་རྟ་ལན་འདེབས་ཚོགས་ཆུང་ནང་བསྡད་ནས་རྒྱ་ནག་ལ་ལན་འདེབས་ག་རེ་བྱས་ཡོད་མེད་ལ་ཞིབ་ལྟ་བྱས་ན་ཡག་པོ་ཡོད་པས། ཇ་ཁ་ཆང་ཁའི་གྲོགས་པོ་ཚོ་གཅིག་གཅིག་གིས་རྒྱབ་རྩར་ལངས་རེས་བྱས་ཏེ། བོད་མིའི་དབུ་ཁྲིད་ཚོར་ཁ་རྡུང་བཏང་ན་ཕན་ཐོགས་ཡོད་མེད་ཞིབ་དཔྱོད་གནང་རོགས།
༡༠༽ ཁྱུང་སེང་བུ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༧ སྐར་མ་ ༥༡
ཁ་བརྡའི་འཁོར་ཡིག་འདི་ན་ཅ་ཅོ་མང་པོ་བསྒྲོགས་ས་མེད་པ་ཚང་མས་མཁྱེན་གསལ་རེད། གང་ལྟར་ཀླུ་སྨྱོན་ལགས་ཀྱི་སྒྲུང་དེ་གང་མྱུར་ཐོན་པའི་རེ་བ་ཆེ།
༡༡༽ སློབ་དཔོན་མཆན་བུ་པ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༨ སྐར་མ་ ༢༨
ང་ཚོ་ཆོལ་གསུམ་མི་རིགས་སོ་སོ་ལ་སྐྱོན་དམིགས་བསལ་རེ་རེ་མཐོང་བ་ལྟར་ཕྱྭ་དམོད་བྱས་པ་མ་ཡིན་པར་ང་ཚོ་ཡར་རྒྱས་ཀྱི་ཆེད་དུ་ང་རང་ལ་ཡང་མི་དགའ་མཁན་བྱུང་སྲིད་ནའང་སེམས་ཀྱིས་མ་བཟོད་ནས་འདིར་བརྗོད་འདོད་པ་ནི། ང་རང་སྟོད་ནས་ཡིན་པས་དབུས་གཙང་ཁུངས་སུ་གཏོགས་ཀྱང་།
ང་ཚོ་དབུས་གཙང་པ་རྣམས་ནི། ཆོས་དད་ཆེ་ཡང་གཡོ་སྒྱུ་ཆེ་ཙམ་འདུག ང་ཚོའི་མདོ་སྨད་ཨ་མདོ་བ་ཚོ་ནི། བློ་གྲོས་བཀྲ་ལ་ཁ་རི་ཁ་ཐུག་ཚ་དྲགས་པས་གླེན་རྟགས་ཆེ་ཙམ་འདུག དེ་བཞིན་རང་རིགས་ཁམས་པ་ཚོ་ནི། དགོས་པའི་དཔའ་རྩལ་ཆེ་ཡང་ཁོང་ཁྲོ་ཆེ་ཙམ་འདུག འདི་ནི་ཕལ་ཆེ་བས་དབང་དུ་བྱས་པ་ཡིན་གྱི། དེ་མིན་ན་ང་ལ་ཁ་སྡིག་ཆེན་པོ་གསོག་འདོད་མེད། ཆོལ་གསུམ་ཆིག་སྒྲིལ་ཀུན་ཁྱབ་སྲ་བརྟན་ཤོག །སྨྲ་བ་པོས་ཀུན་སློང་ལ་སྐྱོན་མེད་པས། དགེ་བར་འགྱུར་ཅིག །
༡༢༽ འདོད་ལྷ་ཁམས་པ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༩ སྐར་མ་ ༣༡
ཧཧཧཧཧཧ
ད་རུང་་་་་་བྱིས་སྒྲུང་དགོད་བྲོ་བ་གཞན་དག་ཀྱང་ཡོད་པ་རེད། དཔེར་ན།
སེངྒེ་དང་ཝ་མོ། ཙི་ཙི་དང་སེངྒེ་སོགས་ཤོད་ན་དེ་ལས་དགོད་རྒྱུ་ཡོང་ངེས་ཡིན།
ཤོད་མཁན་ཤིག་གིས་ཤོད་དང་། ཧཧཧཧཧཧ
༡༣༽ ཀ་དག་ཆོས་དབྱིངས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༩ སྐར་མ་ ༣༩
ས་ལེ་རྒྱལ་ཁྱོད་ཀྱི་རང་མོའི་རིང་ལུགས་དང་རྣམ་རྟོག་རྒྱ་ཡན་དུ་བཏང་བའི་རང་རྩོམ་ཕྱི་ནང་དབྱེ་བ་མི་ཤེས་པའི་ལོག་རྟོག་གི་འཆོལ་གཏམ་དེ་དག་གིས་ཉན་འཕྲང་ཅན་གྱི་བོད་ཀྱི་བསྟན་པ་དང་ཆབ་སྲིད་གང་ལ་མི་ཕན་པ་མ་ཟད། རང་དབང་ལམ་ནས་འདེམས་ཐོན་བྱུང་བའི་རང་རེའི་བཀའ་བློན་མཆོག་ལ་ཐབས་ཤེས་ཡོད་རྒུ་རྩལ་དྲུག་གིས་དམན་སར་འཕེན་ཡག་གི་མུན་རྩོམ་དེ་ནི་ཡ་རབས་ཀྱི་སྤྱོད་ཚུལ་ཞིག་མིན་པར་རང་རིགས་ལ་དུང་བ་གཟབ་པའི་ལ་རྒྱ་ཅན་གྱི་མི་བོ་མདུན་དུ་ནམ་ཡང་རང་ཉིད་ཕུང་བའི་རྒྱུ་རུ་འགྲོ་བ་དང་། ཕ་གསོད་རྒྱལ་རྔ་རྡུང་བའི་སྤྱོད་ཚུལ་དུ་འཛིན་པའི་ས་ལེ་རྒྱལ་ཁྱོད་རང་ཉིད་རང་གིས་བྱ་ར་ནན་པོ་དགོས་པར་སེམས།
༡༤༽ ཆོས་པ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༡༠ སྐར་མ་ ༥༧
སེང་གེས་བྱིའུ་ཁུག་རྟར་རང་དབང་སྤྲད་མི་འདུག་གོ། ཁུག་རྟར་ཁག་མི་འདུག། སེང་གེས་རང་རྐུབ་ཀྱི་རྫོར་ནས་རྫོར་ཚད་འགེབ་མ་ཐུབ་པར་ལྷང་ལ་བུད་པ་ཁུག་རྟས་མཐོང་ཡོང་དུས། ཁུག་རྟ་ཧང་སང་ནས་སྣ་བཙིམ་རྒྱུའི་ཚབ་ཏུ་ཧབ་གཤགས་ཤིག་ཤོར་བ་འདྲ། དེ་སེང་གེས་གོ་ནས་ཁོང་ཁྲོ་ལང་དུས་སེང་ཁྱི་བདེ་སྐྱིད་ཀྱིས་ངོ་ཁྱི་བྱས་ནས་ཁུག་རྟའི་ཚང་གཏོར་བ་འདྲ། སོང་ཙང་ཚང་མའི་གཟབ་ན་མ་གཏོགས་སེང་གེ་ལ་སྙིང་རྗེ་དང་ལས་འབྲས་ཟེར་བ་ཕ་རིའི་སྤང་རྒྱན་རེད།
༡༥༽ ཡར་ཀློང་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༡༡ སྐར་མ་ ༡༠
ཀ་དག་ལགས་ཁྱོད་ཀྱི་གཏམ་དེ་ཕྱེད་ཙམ་བདེན་ཀྱང་་་་དངོས་པོའི་གནས་ལུགས་ནི་ལྷ་སྒྲུང་དང་བྱིས་སྒྲུང་གཏམ་དཔེ་དེ་བཞིན་གླུ་དང་ཁེད་སོགས་ཀྱི་སྒོ་ནས་བཤད་པ་དེ་བོད་ཀྱི་རྒྱུ་རྩལ་གལ་ཅན་ནང་གི་དོན་ཅན་ཞིག་མ་རེད་དམ། དགོས་དབང་གིས་དམར་རྗེན་དུ་བཏོན་པའང་ཡོད་ལ་་་ཕྱོགས་གཞན་ཞིག་ནས་སྒྲུང་རྩོམ་གྱི་ལམ་བཤད་པའང་ཡོད།
༡༦༽ གསལ་ལེ་རྒྱལ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༡༡ སྐར་མ་ ༣༣
ཀ་དག་ལགས་ལ་ལེགས་སོ་ཡོད།།
མ་དག་པ་ལ་དགོངས་དག་ཡོད།
དྲ་གྲོགས་དག་ལ་བསུ་བ་ཡོད།།
དེ་རིང་ང་ལ་ལས་བྲེལ་ཡོད།།
༡༧༽ ཁྲི་རལ་པ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༡༢ སྐར་མ་ ༠༤
ས་ལེ་རྒྱལ་གྱི་སྒྱུ་རྩོམ་ལ་རིན་ཐང་ཡོད་ཀི།དངོས་གནས་བཙན་བྱོལ་ནང་ཟུར་ཟ་དང་བཅོས་སྒྲུང་སྙན་པོ་འདི་འདྲ་མང་ཙམ་བྱུང་ན་དེང་རབས་གཞོན་ནུ་ཚོའི་བོད་ཡིག་བེད་སྤྱོད་ཐོག་ཏན་ཏན་ཕན་ངེས་རེད།
བོད་ནང་དུའང་མཁས་པ་དོན་འགྲུབ་རྒྱལ་ནས་བོད་ཡིག་ཐོག་རྩོམ་ལུས་སྣ་ཚོགས་ཀི་རྩོམ་ཡིག་གསར་གཏོད་བྱས་ཏེ་གཞོན་སྐྱེས་ཚོའི་དོ་སྣང་བོད་ཡིག་སྟེང་བཀུགས་རེད།
ཆབ་སྲིད་ཀྱི་ཆ་ནས་མང་པོ་བཤད་མི་དགོས་འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་གུ་ཡངས་ཆེ་ཤོས་ཨ་རིའི་ནང་སོགས་སུ།སྲིད་དོན་པ་ཚོའི་གཡོ་སྒྱུ་ངན་ཇུས་ཐེར་འདོན་གྱི་རྩོམ་ཡིག་དང་ངོ་རྒོལ་བརྙན་པར་དང་རི་མོ་ག་ཚོད་སྤེལ་གི་འདུག།དེ་ཚོས་མི་མང་ལ་སློབ་གསོ་དང་གོ་བརྡ་ཡག་པོ་འཕྲོད་ཀི་ཡོད་རེད།
ཡང་གོང་ནས་ཁ་ཤས་ཀྱིས་རྩོམ་ཡིག་འདི་འདྲ་སྤེལ་བས་དགྲ་ཕྱོགས་ཀི་འདོད་པ་སྒྲུབ་ཀི་ཡོད་མདོག་དང་དོགས་ཟོན་བྱེད་དགོས་པ་འདྲ་པོ་ལབ་འདུག་རུང་།དེ་ཚོའི་གྲས་ཁོ་རང་ཚོའི་བསམ་ཚུལ་དང་སྡུག་ས་ནས་བཤད་ན་སྒེར་སྤྱོད་དང་རང་རློམ་ཆེན་པོ་གཞན་གྱི་བདེ་སྡུག་ཁྱད་བསོད་མཁན་གི་གྲས་རེད།
ཁོ་ཚོའི་གྲས་ཀྱི་སྐད་ཆ་རྒྱ་ནག་དང་འཐོར་ཉེའི་ཨ་རབ་གཞུང་ཁ་ཤས་ལ་འགྲོ་རྒྱུ་རེད་མ་གཏོགས་རྒྱ་གར་རང་དབང་ལུང་པ་ནང་འགྲོ་ས་མེད།
ཤར་ཁུག་གན་རྒྱའི་འོག་ཡོད་པ་བདེན་པ་རེད་འདུག་མོད་རྡ་རམ་ས་ལར་གཞུང་འབྲེལ་ཡིན་མིན་གྱི་ལས་ཀ་མང་པོ་ཅིག་གན་རྒྱའི་འོག་ཡོད་རེད།དེ་ལ་ལོ་རེ་རེ་བཞིན་བསྐྱར་འཇོག་གནང་གི་ཡོད་ནའང་།ད་རེས་ཤར་ཁུག་བསྐྱར་འཇོག་མི་གནང་དོན་སེང་གེའི་བཀའ་ཤག་གི་རྩོམ་བྲིས་ཡིན་པ་ཁོ་རང་ལ་བཀའ་དྲུང་ནས་ཡིག་ཆ་གསལ་པོ་སྤྲད་འདུག
དེ་རྗེས་ཁོ་རང་བཀའ་བློན་ཚོའི་སར་བཅར་ཏེ་སྔ་འགྱོད་ཕྱིས་བསྡོམས་བྱས་པར་བཀའ་བློན་རྣམ་པས་ཞལ་བཞེས་ཡག་པོ་གནང་ཡོད་ནའང་།བཀའ་དྲུང་བརྒྱུད་མི་རྗེ་བཀའ་ཁྲི་མཆོག་གི་སར་བཅར་རྒྱུ་དང་སྙན་གསན་ཐེངས་ཁ་ཤས་ཞུས་ཀྱང་མི་རྗེ་མཆོག་ནས་ཞལ་བཞེས་ཐོབ་མེད་པ་མ་ཟད།ཐག་གཅོད་དེ་ལ་འགྱུར་བ་མེད་པ་གསུངས་ཡོད་འདུག
གནས་ཚུལ་ཞིབ་ཕྲ་དེ་འདྲ་རེད་མང་པོ་བཤད་ན་མདོ་མི་འདུག
༡༨༽ མི་ཉག་སྐལ་བཟང་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༡༢ སྐར་མ་ ༡༩
གང་ཟག་གིས་དབང་མ་བསྒྱུར་ཞིང་། ཁྲིམས་ཀྱིས་དབང་གཙོ་བོ་བསྒྱུར་བའི་ལུང་པར་འགྲིམས་མྱོང་ཞིང་ཁྲིམས་ལ་མཁས་པའི་མཁས་དབང་ཞིག་གིས་དབང་བསྒྱུར་བའི་བཀའ་ཤག་གི་གསར་པའི་ཁྲིམས་ཀྱི་མདུན་སར་དྲང་བདེན་མ་གཏོགས་འགྲོ་ས་མེད། དྲང་བདེན་ལ་མི་དགའ་མཁན་ཚོ་མཐར་སྐྲོད་གཏོང་རོགས།
༡༩༽ ཆབ་བྲག་ཕོ་ཉ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༡༢ སྐར་མ་ ༤༠
དགོད་ཁ་འཆོར་ཞོར་ལ་བཀླགས་པ་ཡིན། ཟུར་ཟའི་དགོད་གཏམ་རིན་ཐང་ཅན་ཞིག་རེད། སྒྱུ་རྩལ་གྱི་བདེན་པ་དོན་དངོས་ཀྱི་བདེན་པ་ལས་བརྒལ་ཆོག་པ་དེ་སྒྱུ་རྩལ་གྱི་དམིགས་བསལ་ཐོབ་ཐང་ཡིན་པ་ཡང་ཀློག་མཁན་ཚོས་ཤེས་དགོས་རྒྱུ་གལ་ཆེ།
༢༠༽ ཆབ་བྲག་ཕོ་ཉ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༡༢ སྐར་མ་ ༤༩
བདེན་དོན་ཞིག་ཡོད་དུས་ཡར་མར་གང་ལ་ཡང་ཁབ་གཙགས་འབིག་གཙགས་གང་ཐུབ་བྱེད་པ་འདི་དམངས་གཙོའི་སྤྱི་ཚོགས་ཀྱི་མཚོན་རྟགས་ཤིག་རེད་ལ་དཀའ་ངལ་ཞིག་ཀྱང་རེད། དེ་བས་མཚམས་རེར་སྤྱི་ཚོགས་རིང་ལུགས་བཟང་བར་ཚོར་སྲིད། འོན་ཀྱང་གཉིད་སད་པའི་མི་རིགས་ཤིག་ཡིན་ན་ཉེས་མེད་ཁག་གཡོགས་དང་ཆུ་སྣ་གར་ཁྲིད་བྱེད་མི་ཐུབ་པས། དམངས་གཙོའི་སྤྱི་ཚོགས་སུ་རང་དབང་གི་ཁ་འགོག་ཐབས་བྲལ་ན་ཡང་མི་དམངས་ཀྱི་བློ་རིག་མ་རྨོངས་པ་ཞིག་བྱེད་རྒྱུ་གལ་ཧ་ཅང་ཆེ།
འབྲེལ་ཡོད་ཡིག་ཆ་རིགས་ ཤར་ཕྱོགས་ཁུག་རྟའི་འཕུར་ལམ་བཀག་པ་་ཞེས་པའི་མཆན་ནང་ལ་ཡོད་པས་གཟིགས་རོགས།
༢༡༽ མིག་བརྒྱད་པ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༡༢ སྐར་མ་ ༥༥
ཐམས་ཅད་བསླབ་བྱ་རེད།
༢༢༽ ཁ་བའི་བུ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༡༤ སྐར་མ་ ༡༣
ཧ་ཧ། ལན་འདེབས་ཚོགས་ཆུང་གི་ཡིག་ཆུང་འདི་ན་འདུག་པས་གཟིགས་པར་འཚལ། ཚིག་རྐང་ཁ་ཤས་ཞིག་འདུག
http://tibettimes.net/news.php?showfooter=1&id=5045
༢༣༽ འཚུབ་དགའ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༡༥ སྐར་མ་ ༣༩
སྤྱིར་བྱ་བྱིའུ་དང་གཅན་གཟན་རི་དྭགས་སོགས་ཀྱི་སྒྲུང་ཤིན་ཏུ་སྙན་ནི་རེད། ད་དུང་སྒྲུང་དེ་བས་སྙན་
པ་ཐོན་ཡོང་སྲིད་པ་རེད་ཡ།
༢༤༽ འཇམ་དབྱངས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༡༥ སྐར་མ་ ༤༠
བོད་མིའི་སྒྲིག་འཛུགས་ཁྲིམས་ཀྱི་དབང་བསྒྱུར་མིན།།
བོད་མིའི་དཔོན་པོར་དྲང་པོའི་གཞུང་སེམས་མེད།།
བོད་རིགས་ཆོལ་གསུམ་མཐུན་པའི་འདུན་པ་མེད།།
གསེར་གྱི་ལོ་རྒྱུས་ཕྱོགས་ཞེན་ངང་ནས་རྫོགས།།
བློ་གྲོས་རྩལ་དྲུག་རྫོགས་པ་སེངྒེ་བུ།།
ཝ་སྐྱེས་རི་དྭགས་རྒྱལ་པོར་བསྐོས་པ་ལྟར།།
ཆིག་འབུམ་བོད་མིའི་དཔོན་དུ་བཀུར་ཉིན་ནས།།
ཕ་བཟང་བུ་ཡི་གཤིས་ཀ་དབྱིངས་སུ་ཡལ།།
བདེན་པ་རྣམ་པར་རྒྱལ་གྱུར་ཅིག
༢༥༽ དལ་བའི་ཕོ་ཉ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༡༧ སྐར་མ་ ༠༡
ནགས་སུ་གནས་པའི་རི་དྭགས་ཀྱི་གནས་སྟངས་མ་ཤེས་པར་རི་དྭགས་རྒྱལ་པོ་སེང་གེ་ལ་སྐྱོན་བརྗོད་ཀྱི་སྤོབས་པ་ལྡན་པ་ནི་ངོ་མ་དཔའ་བོ་ཁྭ་ཏ་འདྲ་བ་ཞིག་རེད། ཁྭ་ཏས་སྐད་རྒྱག་ཡག་གི་འཇོན་ཐང་ཙམ་ཡོད་རེད། སྒྱུ་རྩལ་ཁ་ལ་འཁྱེར་ནས་སྐྱོན་བརྗོད་དངོས་སུ་མ་བྱས་པར་སྒྲུང་གི་ཚུལ་དུ་བྲིས་པ་་དེ་ལ་བལྟས་ན་ཁྱེད་རང་བློ་ཁོག་ཆུང་ཝ་མོ་འདྲ་བ་ཞིག་ཡིན་ས་རེད། རང་གི་ལག་པ་ལ་ཡོད་པའི་མཛུབ་མོ་བཅུ་དེ་ཉིན་ལྟར་རྐྱོང་བཞིན་མ་འདུག ཁྱེད་རང་གི་ལག་པའི་མཛུབ་མོ་ལ་ཚིགས་མེད་པ་ཡིན་རྒྱུ་མ་རེད། སྙན་ངག་སྒྱུ་རྩལ་མིང་ཆེན་འཁྱེར་མཁན་ཁྱེད་ཀྱི་འཚོ་བ་འབྲི་བའི་སྙན་ངག་མཐོང་མ་མྱོང་། སོ་སོར་བརྗོད་པའི་སྙན་ངག་སྐྱེས་བུ་དམ་པ་ལ་མ་གཏོགས་འབྲི་རྒྱུ་མེད་པ་འདྲ། ཁྭ་ཏ་ཁྱེད་རང་གི་ཟ་མ་འཚོལ་མི་ཐུབ་པར་གཞན་ལ་སྐྱོན་བརྗོད་མ་བྱས། དེ་ལས་བོད་ནང་གི་དངོས་གནས་དཔའ་བོ་དང་དཔའ་མོ་དག་ལ་མཎི་རེ་འདོན་ཏེ་སྡོད།
༢༦༽ དལ་བའི་ཕོ་ཉ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༡༧ སྐར་མ་ ༡༣
དེ་སང་རྡ་སར་སྤྲེའུ་དང་བྱ་ཁྭ་ཏ་ཇེ་མང་འགྲོ་བཞིན་འདུག་པས་རྡ་སའི་མི་མང་གི་བདེ་འཇགས་ལ་དཀའ་ངལ་དང་གཞུང་གི་ཞབས་ཞུ་བའི་ལམ་འགག་བཀག་ནས་ཉིན་རེའི་ལས་ཀ་ལ་འགོག་རྐྱེན་བཟོས་ཏེ་བཙན་བྱོལ་བོད་མིས་བརྟེན་ས་དང་ངོམས་ས་མེད་པ་ཆགས་གྲབས་འདུག རྒྱ་མི་ཡིས་མཐའ་ཐུག་དམིགས་ཡུལ་དེ་རེད་མཁྱེན་གྱི་ཡོད་པས།
༢༧༽ ཀ་དག་ཆོས་དབྱིངས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༡༧ སྐར་མ་ ༤༥
མི་གཅིག་སྨྱོ་ཡང་མི་བརྒྱ་སྨྱོ་པ་མིན། །མི་གཅིག་འཁྲུལ་ན་མི་བརྒྱ་འཁྲུལ་བ་མིན། །ཁྱུ་གཅིག་དགྲ་ཟླར་ཁྱུ་ཚོགས་དགྲ་ཟླ་མིན། །གོག་འགྲོའི་མུ་ལྟོ་འདི་དག་ཅི་མ་རུང་། །
༢༨༽ གསེར་འབྲུག་སྡེར་ལྔ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༢༢ སྐར་མ་ ༡༢
གསལ་ལེ་རྒྱལ་འདིས་དངོས་སྒྲུང་སྙན་མོ་བྲིས་ཐུབ་ཀི་ཡ།
བྱ་ཁུག་རྟས་ནམ་དུས་ཀྱི་སྐད་དེས་རི་དྭགས་རྒྱལ་པོ་སེང་གེ་གཉིད་ལས་སྐྲོག་པར་བྱས། མ་ཟད་སེང་གེ་ཁོང་ཁྲོ་རབ་ཏུ་འབར་ཏེས་རང་ཉིད་གནས་བཅའ་སའི་རྡ་སའི་རི་ཁུག་གི་ནགས་གསེབ་ཆུང་ཆུང་དེ་ནས་བྱ་ཁུག་རྟ་གནས་དབྱུངས་བཏང་། འོན་ཀྱང་ཡ་མཚན་པ་ཞིག་ལ་དེང་དུས་ཀྱི་སེང་གེ་དེ་རི་དྭགས་དང་གཅན་གཟན་ཡོངས་རྫོགས་བྱ་བྱེའུ་ཡོངས་ཀྱི་གནས་སྟངས་ཤེས་ཐུབ་མཁན་ཁོག་རྒྱ་ཡངས་ལ་སྙིང་སྟོབས་ལྡན་པ་ཞིག་ཡིན་ཚོད་འདའ་ཡང་དེ་འདྲའི་ཁོག་རྒྱ་ཆུང་ཆུང་ཞིག་ཡོད་དྲོ་བསམ་བསམ་མེད།
གཅིག་བྱས་ན་སེང་གེའི་བཀའ་ཡི་བློན་པོ་ཝ་མོ་དང་འཕར་བ་སྤྱང་ཀི་སོགས་གཡོ་སྒྱུ་ལ་མཁས་པ་རྣམས་ཀྱིས་ནང་མོལ་གནང་ནས་དུས་དེ་རིང་ནས་ཟུང་ང་ཚོར་ནམ་དུས་ཀྱི་སྐད་རྒྱགས་མཁན་བྱ་ཁུག་རྟ་དེ་མི་དགོས་ཞེས་བཤད་པ་ཡིན་རྒྱུ་རེད། ཡང་ན་བྱ་ཁུག་རྟས་ནམ་དུས་ཀྱི་སྐད་རྒྱགས་རྒྱུ་དེ་སྔ་དྲག་པ་མིན་དྲོ། དེས་ན་སེང་གེ་གཉིད་ཡག་པོ་དྭངས་ལོང་མ་བྱུང་བས་སེང་གེ་དྲག་ཏུ་ཁྲོས་ནས་ཁུག་རྟ་གནས་དབྱུངས་གཏོང་དགོས་བྱུང་བ་ཡིན་རྒྱུ་རེད། དེ་མིན་བྱ་ཁུག་རྟས་ནམ་དུས་སྐད་རྒྱགས་རྒྱུ་དེ་ཁོ་རང་གི་ལས་འགན་རེད་ལ་རང་དབང་ཡང་རེད།
༢༩༽ གསེར་འབྲུག་སྡེར་ལྔ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༢༢ སྐར་མ་ ༢༨
ཁུག་རྟ་ལ་བྱ་ཁུ་ཡུག་ཞེས་བཅོས་རོགས་གནང་།
༣༠༽ བསྟན་འཛིན་ཤེས་རབ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༢༢ སྐར་མ་ ༥༥
གསལ་ལེ་གསོར་མོ་སླེབས་ནས་འདུག །
སྒྱུ་རྩལ་རོལ་མོ་དཀྲོལ་ནས་འདུག །
དོན་གྱི་ངར་ཁ་ལུད་ནས་འདུག །
ལུང་བསྟན་ཞིག་ཀྱང་ཡོད་ཡོད་འདྲ། །
༣༡༽ ཚ་ཕྲུག་རྒྱལ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༩ གི་ཆུ་ཚོད་ ༠ སྐར་མ་ ༢༡
སྐབས་ཚོལ་སྨྱུག་ཐོག་པ་ཁྱེད་རྣམ་པས་རང་ཞེན་དང་རང་དོན་ཆེད་དུ་སྤྱི་ཚོགས་ཆུང་ཆུང་འདིར་དོན་མེད་བསྙོགས་གླེང་རྫོགས་རྒྱུ་མི་འདུག།
ཁྱེད་རྣམས་ཀྱི་ཁས་མི་རིགས་དང་ལ་རྒྱ། སྐད་ཡིག་དང་རིགས་གཞུང་། མང་གཙོ་དང་རང་དབང་བཅས་སྟོང་གཏམ་ག་ཚོད་བསྒྲགས་ཀྱང་། དོན་དངོས་ཐོག་ཁྱེད་རྣམ་པའི་ལྟོ་རྒྱབ་དང་ཕྱོགས་ཞེན། ཁེ་འདོད་དང་གྲགས་འདོད་ཉིད་ལས་མི་རིགས་དང་རིགས་གཞུང་། སྤྱི་ཚོགས་དང་འཆམས་མཐུན་སོགས་ལ་འགན་འཁུར་རྩ་བ་ནས་མི་འདུག།
ཁྱེད་རྣམས་ཀྱིས་ཁེ་དྲགས་ཀྱི་དོན་དུ་མིའི་གཤིས་ཡོད་ཚོད་བློས་བཏང་ཕོད་ཀྱི་འདུག། ཁྱེད་རྣམ་པས་རང་དབང་མ་གཏོགས་འགན་དབང་ལེན་བས་བློ་རྩེ་དེ་མི་འདུག། ལྷག་པར་དུ་སྐབས་ཚོལ་བོད་ཡིག་སྨྱུག་ཐོག་པ་དེ་ཚོ་བཙན་བྱོལ་དུ་དར་ནས་བཟུང་གླེང་སྙོགས་འདིའི་རིགས་ཆད་མྱོང་མེད།
དེས་ན་སྐབས་ཚོལ་སྨྱུག་ཐོག་པ་དེ་དག་ནི་བོད་མིའི་སྤྱི་དགྲ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྒེར་དགྲ་རུ་འགྱུར་བཞིན་འདུག། དོན་དངོས་ཀྱི་ཁྱེད་རྣམས་ལ་སྨྲ་བའི་ལྕེ་དང་དཔྱད་པའི་སེམས་ཞིག་ཡོད་ན་དྲ་ལམ་དུ་འཆལ་གཏམ་དེས་གང་ཡང་མི་ཕན།
དེ་ལས་བཙན་བྱོལ་བོད་མིའི་ཁྲིམས་ཁང་དུ་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་དང་འབྲེལ་ཡོད་རྣམས་ཁྲིམས་སར་བསྐྱལ་དང་གཞི་ནས་ཁྱེད་རྣམས་ཀྱི་སྨྱུག་མིང་རྫིག་པོ་དེ་ཚོའི་རྫིག་ཉམ་དང་སྨྲ་ལྕེ་བདེ་པོ་དེ་དག་གི་་སྒྱུ་རྩལ་དེ་མཐོང་ངེས་སོ།
བོད་མིའི་ལས་དབང་དང་བོད་ནང་དུ་གངས་ཕྲུག་ཕོ་རྒོད་འདས་པོ་ཚོས་ངེད་ཚང་ལ་སྤྱན་གདང་ནས་བྱོན་པར་ཅི་མི་སྐྱོ།
༣༢༽ སོག སྨོན་ལམ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༩ གི་ཆུ་ཚོད་ ༥ སྐར་མ་ ༠༨
མཐར་གཏུགས་ནས་བཤད་ན། དང་པོ། མི་ལོ་ 50 ལྷག་རིང་ང་ཚོས་རྒྱ་ནག་གཞུང་གིས་བོད་མི་དམངས་ལ་སྨྲ་བརྗོད་རང་དབང་གིས་མཚོན་པའི་འགྲོ་བ་མིའི་ཐོབ་ཐང་སྤྲོད་ཀྱི་མེད་ཀྱི་མི་འདུག་པའི་སྐོར་ནས་གང་ཐུབ་ཅི་ཡོང་གིས་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་དང་འབྲེལ་རྒྱ་ནག་གཞུང་གི་མཚང་འབྱིན་བྱེད་གཙོ་བོའང་འདི་ཡིན།བཙན་བྱོལ་བོད་གཞུང་གི་དཔོན་འབངས་ཚང་མས་བདེན་པ་དང་གནས་ལུགས་རྐྱང་རྐྱང་བཤད་བཤད་ནས་ད་ནི་འུ་ཐུག་ནས་ཁྲེལ་མེད་ཀྱི་ལས་འཇུག་པའི་ལེའུ་དང་པོ་མག་ོ་བརྩམས་པ་འདྲ། མཐར་གཏུགས་ན་སུས་བདེན་པ་དང་གནས་ལུགས་ལ་བདག་པོ་རྒྱག་གི་རེད? གཉིས་པ། བཙན་བྱོལ་བོད་གཞུང་གི་དཔོན་རིགས་རྣམ་པ་ནང་ཁུལ་ཀྱི་དབང་ཆ་འཐབ་རྩོད་བྱེད་སྟངས་ལ་སྔར་ནས་བྱང་ཆ་ཡོད་པས་མི་ཚད་གཞུང་གི་མིང་ཐོག་ནས་དབང་ཆ་བེད་སྤྱོད་ཇི་ལྟར་བྱེད་དགོས་མིན་ལའང་ཐབས་དང་ཤེས་རབ་ཀྱི་ཆ་གཉིས་ཀ་འཛོམས་བསྡད་ཡོད། མ་ཤི་བར་དུ་དཔོན་པོའི་གོ་གནས་བློས་གཏོང་བྱེད་མི་འདོད་པའི་དཔོན་རིགས་ཁག་ནི། མངོན་ལྐོག་རྒྱབ་མདུན་ཀྱི་ལས་ཀ་ཞེས་བོད་པ་ཁ་ནས་མི་དགའ་སའི་ཆེས་ཐ་ཤལ་མ་རུང་བའི་ལས་ལ་ཇི་ལྟར་འཇུག་དགོས་མིན་གྱི་ཕྱོགས་ནས་དབང་ལུང་མན་ངག་ཆ་ཚང་ཐོབ་ཟིན་པས་རང་དོན་དང་འབྲེལ་བའི་ལས་ཀ་བྱེད་ཕྱོགས་ཐད་དཀའ་ངལ་ཞིག་འཕྲད་ཚེ། མིའི་ཁོག་པ་ལ་མི་འཛུལ་དགོས་ཀྱང་འདྲ ཨ་མའི་སྙིང་མིན་ཚད་བཙོངས་དགོས་བྱུང་ཡང་འདྲ གང་ལྟར། དེ་དུས་ལྷ་ཕབ་པ་ལྟར་མྱུར་མགྱོགས་ལྡན་ཞིང་སྤྱང་གྲུང་འཛོམས། མཐར་གཏུགས་ན་སུས་བོད་ཀྱི་རྩ་དོན་དང་མི་དམངས་ཀྱི་བདེ་སྡུག་ཁོ་ན་ལྷུར་བླངས་ནས་ལྷག་བསམ་རྣམ་དག་གིས་གཞུང་དོན་སྒྲུབ་ཀྱི་རེད? གསུམ་པ། དམངས་གཙོ་ཡིན་ན་མི་དམངས་ལ་འོས་ཤོག་བླུགས་ནས་དཔོན་པོ་བདམས་རྒྱུའི་ཐོབ་ཐང་ཡོད་པ་ཙམ་གྱིས་ག་ལ་ཆོག་སྟེ། གཞུང་གི་སྲིད་འབྱོར་རིག་གསུམ་གྱི་གནས་བབ་གླེང་བའི་དབང་ཚད་མི་དམངས་ལ་ཡོད་དགོས། དེ་བས་ཀྱང་རྩོམ་པ་པོ་ནི་མི་དམངས་ཀྱི་མགྲིན་ཚབ་པ་ཡིན་པས་རྒྱལ་ཁབ་དང་མི་དམངས སྐད་ཡིག་གིས་མཚོན་པའི་རང་གི་རིག་གཞུང་གི་འདས་མ་ད་གསུམ་ལ་ཞིབ་འཇུག་དང་བསྐྱར་ཞིབ་ཀྱི་སྐད་ཆ་བཤད་ལོས་ཆོག ངས་རྒྱལ་ཁབ་ཀྱི་དབང་ཆ་མི་དམངས་ལ་ཡོད་པའི་གཞུང་ཞིག་ཡིན་ཚེ་དམངས་གཙོའི་མཚན་ཉིད་ཚང་བའི་གཞུང་ངམ་དེ་ལ་མི་དམངས་ཀྱི་གཞུང་ཟེར། མི་དམངས་ཀྱི་གཞུང་ཚད་ལྡན་དུ་འགྱུར་བའི་བརྒྱུད་ལམ་ཡག་ཤོས་ནི། སྨྲ་བརྗོད་རང་དབང་གིས་མཚོན་པའི་དམངས་གཙོའི་ཁྱབ་ཁོངས་རྒྱ་ཇེ་ཆེར་བཏང་ནས་གཞུང་གི་རྩ་ཁྲིམས་ཀྱི་ནང་དོན་དེས་ཐད་ཀར་མི་དམངས་ཀྱི་བདེ་སྡུག་ལ་གཞོགས་འདེགས་བྱེད་ཐུབ་པའི་ནུས་པ་ལྡན་པ་དེ་རེད། དུས་ཚོད་འདི་ང་ཚོ་ཚང་མས་མི་དམངས་ཀྱི་བསམ་བློའི་གོ་རྟོགས་དང་འཁྱེར་སོ་བཅིངས་གྲོལ་བཅས་ལ་རག་ལས་པའི་འཛམ་གླིང་རང་བཞིན་གྱི་བོད་ཀྱི་མ་འོངས་པ་ཞིག་ལ་རྒྱང་ལྟ་བྱེད་དགོས་པའི་སྐབས་ཡིན། མཐར་གཏུགས་ན་མི་དམངས་བསམས་ནས་གཞུང་གི་ལས་ཀ་བྱེད་མཁན་ཡོད་དམ། ག་ཚོད་ཡོད་དམ། འདི་ནི་དྲི་རྟགས་ཤིག ཕལ་ཆེར། དཀོན་མཆོག་མ་གཏོགས་མིའི་མིག་འདིས་མཐོང་མི་ཆོག་པ་ཡིན་ནམ།
༣༣༽ མིག་བརྒྱད་པ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༩ གི་ཆུ་ཚོད་ ༨ སྐར་མ་ ༢༢
རྩོམ་པ་པོ་ཞིག་ཡིན་ན། མིའི་གཤིས་ཀ་ལ་གླེང་སློང་སྣ་ཚོགས་ཤིག་བཟོས་ན་ཡག་རྟགས་མ་རེད། དེ་མིན་སེངྒ་དང་ཝ་མོའི་དཔེ་དེ་ཚོས་མིའི་སེམས་ལ་ཕོག་ཐུག་བཟོ་བ་ལས་ཕན་ཐོགས་པའི་སྐད་ཆ་ཞིག་མ་རེད། དཔེར་ན། དགེ་འདུན་ཆོས་འཕེལ་དང་དོན་འགྲུབ་རྒྱལ། ཞོགས་དུང་སོགས་རྩོམ་པ་པོ་དེ་དག་གི་རྩོམ་ཡིག་གང་འདྲ་ཞིག་བྲིས་ཟིན་ཡང་གཞན་ལ་དམའ་འབེབས་དང་མཐོང་ཆུང་། ཟུར་ཟའི་ཚིག་གང་ཡང་མཐོང་རྒྱུ་མེད། བདེན་དོན་སྲོག་ལ་བབས་ཀྱང་མི་གཏོང་བ་ཞིག་ཡིན་ན་ཡང་ད་དུང་ཉམས་མྱོང་དང་ཤེས་ཚད་ཀྱིས་མི་འདང་བའི་དཀའ་ངལ་མང་པོ་ཞིག་ཕྲད་ངེས་རེད། རྩོམ་ཡིག་ཐར་ཐོར་ཞིག་འབྲི་ཤེས་པ་ཙམ་གྱིས་ཀྱང་ཆོག་ཤེས་མི་བྱེད་པར་ས་སྐྱ་ལེགས་བཤད་སོགས་ཀྱི་ལུགས་གཉིས་བླང་དོར་གྱི་བསླབ་བྱ་དེ་ཚོ་ལེན་དགོས་པ་གལ་ཆེན་པོ་རེད། བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས། རི་བོ་དལ་གྱིས་བགྲོད། ཉ་ཤ་བགས་ཀྱིས་ཟ། ཞེས་པ་ལྟར་ཉ་ཤ་ཧམ་ཟ་བྱེད་ན་རུས་པ་ལྕེ་ལ་ཟུག་རྒྱུའི་ཉེན་ཁ་ཡོད། ལྷག་པར་ཛ་དྲག་ཆེ་བའི་དུས་སྐབས་འདིར་ཤ་ཟད་ནས་རུས་པ་ལ་ཐུག་པའི་བོད་མིའི་སྒྲིག་འཛུགས་ཉམ་ཆུང་འདིའི་སྒང་ལ་མེད་རབས་དང་མི་འཇོན་རབས་མང་པོ་ཞིག་ལབ་བསྡད་ན་ཆོ་མེད་རེད། རྒྱབ་སྐྱོན་བྱེད་མ་ཐུབ་རུང་དམའ་འབེབས་མ་བྱེད་རོགས་ཅེས་འབོད་སྐུལ་ཞུ་གི་ཡོད། ད་དུང་འདི་ལྟར་མི་མཐུད་དུ་ལབ་གླེང་བྱུང་ན་མི་མང་པོ་ཞིག་སེམས་ཤུགས་ཆག་པ་དང་རྩོམ་པ་པོའི་རིན་ཐང་བརླག་ངེས་རེད། ཆབ་བྲག་ལྷ་མོ་སྐྱབས་ཀྱིས་མིག་རྒྱ་བསྐྱེད་པའི་མཆན་བུ་མང་པོ་ཞིག་བཏབ་འདུག །མིའི་གཤིས་གླེང་བའི་ཉ་ཉོག་གང་ཡང་མི་འདྲེས་བར་སྐྱོན་ཡོད་ན་ཐད་ཀར་མཛུབ་མོའི་རི་སྟོན་གནང་འདུག།
༣༤༽ སད་མི་ཅོང་ཐོགས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༩ གི་ཆུ་ཚོད་ ༨ སྐར་མ་ ༣༠
སེང་གེ་བློ་བཟང་གིས་ད་ཐེངས་རང་ཉིད་ཀྱིས་རྒྱུན་རིང་གཟབ་པའི་སྒམ་ཚིགས་དེ་ཡོངས་སུ་དོར་ཞིང་། བློ་ཐག་རྦད་གཅོད་ཀྱིས་དགྲ་བཅོམ་པའི་གོ་འཕང་སྙེགས་ཏེ་བྱེའུ་ཁུག་རྟ་ཆམ་ལ་ཕབ། བྱེད་སྟངས་འདི་ནི་ར་བསད་ན་ལུག་འདར་བའི་དཔེ་བཞིན་ཡིན་པས། སྡེར་ཐོགས་ཀྱི་རིགས་ཀུན་ལ་དངངས་འདར་ཤོར་ཞིང་འོག་མིག་ལོང་ལོང་གཡས་ལྟ་གཡོན་ལྟ་བྱེད་བཞིན་འདུག འོན་ཀྱང་འདབ་ཆགས་ཀྱི་ཚོགས་ལ་གཤོག་རྩལ་ཡོད་མིན་ཅི་རིགས་ཡིན་མོད་ཚང་མ་གཤོག་ཐོགས་ཀྱི་རིགས་ཡིན་པས། དངངས་འཚེར་ཅི་ཡང་མེད་པར་སེང་གེ་བློ་བཟང་གི་མཁའ་དབྱིངས་ནས་སྐད་ཅོར་སྣ་ཚོགས་འབྱིན་ཞིང་གཡས་འབབ་གཡོན་འབབ་མང་བོ་བྱས། ད་དུང་སར་ལྷུང་བའི་བྱེའུ་ཁུག་རྟའི་གཤོག་པ་ནས་འཐེན་ཏེ་ཡར་འཕུར་ཤོག་དང་ཟེར། འོན་ཀྱང་བྱེའུ་ཁུག་རྟའི་དབུགས་ཡོངས་སུ་ཤོར་ཟིན་པས། གཤོག་པས་ས་ལ་བརྡབ་ཙམ་བྱེད་བཞིན། ཉམས་ཤོར་ཞིང་གོ་ལ་མི་གོ་བའི་སྐད་ཀྱིས་སྐུ་ཀྱེ་སྐུ་ཀྱེ་ཟེར། གནས་ཚུལ་དེ་དག་མཐོང་ཐོས་བྱུང་མ་ཐག་རི་བོ་རྡོ་ལ་བརྡར་མར་གཤམས་ཀྱི་གཞི་བདག་འཕྲུལ་རྟ་ཅན་དེ་ཚང་ནས་ལངས་བྱུང་། འཐབ་མོ་དང་འུར་སྒྲ་ལ་དགའ་བ་ནི་གཞི་བདག་ཚང་མའི་གཤིས་ཀ་ཡིན་པས། རི་བོ་རྡོ་ལ་བརྡར་གྱི་གཞི་བདག་ཡང་གདོང་བ་འཛུམ་གྱིས་ཁེངས་ཏེ་སེང་གེ་བློ་བཟང་དང་བྱེའུ་ཁུག་རྟ་སོགས་ཀྱི་མཁའ་དབྱིངས་དང་ཚང་མལ་གང་སར་སྐོར་རྒྱུགས་བྱས། འོན་ཀྱང་སེང་གེ་བློ་བཟང་གི་གྲིབ་གཟུགས་མ་མཐོང་ཞིང་ཡིད་ཚིམས་པའི་ལག་ཡོང་ཅི་ཡང་མ་བྱུང་བར་མ་ཟད། བྱི་ལ་ཙི་ཙི་དེའི་རུལ་བསུར་ཞིག་གིས་མགོ་བོ་ཡོམ་མེར་བཏང་བྱུང་བས། ཐ་མར་སྒྲིག་གཞིའི་ཚ་བསུར་སྒྲིག་གཞིའི་ཚ་བསུར་ཞེས་ཟློ་བཞིན་ཕྱིར་རང་མལ་དུ་ལོག རྗེས་ཤུལ་ན་འདབ་ཆགས་རྣམས་ཀྱིས་མུ་མཐུད་ཅ་ཅོ་སྒྲོག་གིན་འདུག་ལ། ལ་ལས་ལག་རྩལ་ཡོད་མདོག་གིས་སེང་གེ་བློ་བཟང་དང་བྱེའུ་ཁུག་རྟའི་གཟུགས་བརྙན་འབྲི་བཞེངས་བྱེད་པ་དང་། ལ་ལས་སེང་ཚང་ལ་ཁ་ཕྱོགས་ཏེ། ཁྱོད་ལ་གཡུ་རལ་མི་འདུག་ཟེར་ལ། ལ་ལས་ཐེངས་རྗེས་མར་འདབ་ཆགས་སུའི་མཆི་ཏོ་སྡོམ་གྱི་ཡིན་ཟེར་གྱི་འདུག་གོ།
༣༥༽ དོན་གོ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༩ གི་ཆུ་ཚོད་ ༩ སྐར་མ་ ༢༦
སྒྲུང་འདི་དོན་དང་ལྡན་པ་ཞིག་བྲིས་འདུག
མ་འོངས་པར་འདི་དངོས་བྱུང་ལོ་རྒྱུས་ཆགས་ཏེ། གཉའ་ཁྲི་བཙན་པོ་གནམ་ནས་ཕེབས་པའི་གཏམ་རྒྱུད་བཞིན་འདི་ལའང་དཔྱད་བརྗོད་པ་སྤྱན་མིག་ལྡན་པ་དག་གིས་ཞིབ་འཇུག་བྱེད་ངེས་ཡིན།
ལོ་ངོ་གང་མང་ཞིག་གི་རྗེས་སུ།
འབྲི་མཁན་ལ་ཡི་རངས་ཡོད
༣༦༽ ལྷ་མོ་སྐྱབས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༩ གི་ཆུ་ཚོད་ ༡༡ སྐར་མ་ ༥༤
སེང་གེ་དང་ཁུག་རྟ་ཟེར་བའི་མིང་འདི་གཉིས་མཉམ་དུ་འཛོམས་ནས་དོན་འདི་འདྲ་ཞིག་བྱུང་ནས་་དྲན་རིག་རྒོད་པ་ཞིག་གིས་ད་གཟིད་་ཟུར་ཟའི་དགོད་གཏམ་འདི་འདྲ་ཞིག་གྲུབ་པ་ཡང་རྟེན་འབྱུང་རེད། ཕལ་ཆེར་གནའ་སྔ་མོའི་སྲོག་ཆགས་ཀྱི་གཏམ་རྒྱུད་དེ་དག་ཀྱང་རྒྱུ་རྐྱེན་འདི་རིགས་ལས་བྱུང་བ་མ་ཡིན་ནམ། རྩོམ་ཡིག་འབྲི་སྦྱོང་པ་ཚོར་མཚོན་ན་འདི་ནི་བློ་འབྱེད་ཀྱི་ཤེས་བྱ་ཞིག་ཀྱང་རེད་སྙམ།
༼སེང་གེའི་བཀའ་ཤག་གི་མདུན་ལམ༽བླང་དོར་སྒྲིག་གཞིར་འགལ་འདུག་ཟེར།
འདོན་སྤེལ། ༢༠༡༡/༡༠/༢༨
ཉེ་ལམ་༼སེང་གེའི་བཀའ་ཤག་གི་མདུན་ལམ༽ཞེས་པའི་རྩོམ་ཡིག་ཅིག་སྤེལ་བར་བརྟེན་ཏེ། ལན་འདེབས་ཚོགས་ཆུང་གི་ལས་བྱེད་བློ་བཟང་ཆོས་འབྱོར་ལགས་མུ་མཐུད་ཉིན་གླའི་ལས་བྱེད་ཀྱི་ངོ་བོར་འདུག་མ་ཐུབ་པར་ལས་མཚམས་འཇོག་དགོས་བྱུང་འདུག
ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་བརྒྱུད་དེ། དབུས་བོད་མིའི་སྒྲིག་འཛུགས་གངས་སྐྱིད་ལན་འདེབས་ཚོགས་ཆུང་དུ་ཉིན་གླའི་ངོ་བོར་ཕྱག་ལས་གནང་བཞིན་པའི་བློ་བཟང་ཆོས་འབྱོར་ལགས་ཀྱིས་སྤེལ་བའི་གསལ་བཤད་ཅིག་གི་ནང་དུ། ཉེ་ལམ་ཁོང་གིས་བོད་ཀྱི་དུས་བབ་དྲ་བའི་བསམ་ཚུལ་ཚན་པར་༼ སེང་གེའི་བཀའ་ཤག་གི་མདུན་ལམ༽ཞེས་པའི་རྩོམ་ཡིག་ཅིག་སྤེལ་བ་དེ་༼ བོད་གཞུང་གི་ལས་བྱེད་རྣམས་ཀྱི་ཐོབ་ཐང་དང་བླང་དོར་སྒྲིག་གཞི ༽དང་འགལ་ཡོད་པའི་ངོས་འཛིན་ཐོག ཁོང་གིས་མུ་མཐུད་ལས་ཀ་བྱ་ཐུབ་མ་བྱུང་བའི་སྐོར་དང་། ཐག་གཅོད་དེ་དྲང་བདེན་བྱུང་མེད་ཚུལ། རྩོམ་ཡིག་དེའི་ནང་སྒྲིག་འགལ་གྱི་གནས་ཚུལ་གང་ཡང་མེད་སྐོར་བཅས་ཀྱི་གསལ་བཤད་གནང་འདུག
བློ་བཟང་ཆོས་འབྱོར་ལགས་ཀྱི་གསལ་བཤད་ནང་། “ གུས་བ་བློ་བཟང་ཆོས་འབྱོར། སྨྱུག་མིང་ཤར་ཕྱོགས་ཁུག་རྟས་ཉེ་སྔོན་བོད་ཀྱི་དུས་བབ་དྲ་བའི་བསམ་ཚུལ་ལེ་ཚན་དུ།༼ སེང་གེའི་བཀའ་ཤག་གི་མདུན་ལམ ༽ཞེས་པའི་རྩོམ་ཡིག་ཅིག་སྤེལ་ནས་ཡུན་རིང་མ་ལོན་པར། བཀའ་ཤག་ལན་འདེབས་ཚོགས་ཆུང་གི་ཚོགས་གཙོའི་མཚན་ཐོག་ནས་ ༢༠༡༡། ༡༠། ༡༢ ཉིན་འབྱོར་བའི་བཀོད་ཁྱབ་ནང་། “ཉིད་ནས་ ༢༠༡༡ ཟླ་ ༡༠ ཚེས་ ༤ ཉིན་སྤེལ་བའི་རྩོམ་ཡིག་འགོ་བརྗོད་དུ་( སེང་གེའི་བཀའ་ཤག་གི་མདུན་ལམ )ཞེས་པ་བཙན་བྱོལ་བོད་གཞུང་གི་ལས་བྱེད་པ་རྣམས་ཀྱི་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞི་དང་འགལ་འཛོལ་བྱུང་འདུག་པས་ལས་བྱེད་ཁོངས་ཉིན་གླའི་ངོ་བོར་མུ་མཐུད་རྒྱབ་གཉེར་ཞུ་ཐབས་བྲལ་འདུག” ཅེས་བཀོད་པ་ཕྲན་ལ་གནང་སྟེ། ལས་མཚམས་འཇོག་དགོས་པའི་བཀའ་ལྕི་ཕེབས།
རྩོམ་ཡིག་དེ་བླང་དོར་སྒྲིག་གཞིའི་དོན་ཚན་གང་དང་འགལ་ཡོད་མེད་དང་། གུས་བ་གཞུང་ཞབས་དང་རང་ཁོངས་ལས་བྱེད་གང་ཡང་མིན་པས་བླང་དོར་སྒྲིག་གཞི་སྲུང་དགོས་ཀྱི་མེད་པ། བཀའ་ཤག་སྐབས་གོང་མས་ཕྲན་ལན་འདེབས་ཚོགས་ཆུང་གི་རྒྱུན་ལས་སུ་ཐད་བསྐོ་གནང་བ་ནས། སྒེར་གྱི་རྩོམ་ཡིག་ལ་བླང་དོར་སྒྲིག་གཞིས་དམ་བསྒྲགས་གནང་གི་མེད་པ། ༼ བཀའ་ཁྲི་བཀྲས་མཐོང་ལ་ཐོབ་སོང་། ༽ཞེས་པ་དང་། ༼ སྤྱི་འཐུས་ལྷན་ཚོགས་ལ་དེའི་དབང་ཚད་ཡོད་དམ༽སོགས་བྲིས་ཡོད་པ་དེས་ཡོངས་སུ་གསལ་བཤད་བྱེད་ཐུབ་ཀྱང་། ད་ལམ་བདག་ལ་ཁྲིམས་དང་ལམ་ལུགས་གང་ལའང་མི་མཐུན་པར། སྤྱི་མཚུངས་གདམ་ག་སྟེ། ཉེན་བརྡ་གསལ་བཤད་སོགས་ཀྱི་བརྒྱུད་རིམ་གང་ཡང་མེད་པར་ཐད་ཀར་ལས་མཚམས་འཇོག་དགོས་པའི་བཙན་བཀའ་བཏང་བ་འདིའི་རྒྱབ་ལྗོངས་ཅི་ཡིན་ངེས་རྟོགས་མ་བྱུང་།
ཡིན་ནའང་། དེ་མ་ཐག་ཕྲན་ནས་གང་ཡོང་ཡོང་གིས་བསམ་བློ་བཏང་སྟེ། ༧གོང་ས་མཆོག་གི་གསབ་ཐབས་མེད་པའི་བཀའ་དྲིན་དང་རང་གཞུང་རྩ་ཆེན་ཡིན་པ་རུས་པས་ར་སྤྲོད་བྱ་ཕྱིར། ཕྲན་གྱི་དགོངས་སེལ་དང་གསལ་བཤད་ལན་འདེབས་ཚོགས་ཆུང་གི་ཚོགས་གཙོས་བཀའ་ཤག་ལ་བསྐྱར་དུ་དགོངས་པ་བཞེས་རྒྱུའི་སྙན་ཞུར་ཕུལ་བ་དང་། ཕྲན་རང་བཀའ་བློན་རེ་རེའི་སར་བཅར་ཏེ་གསལ་བཤད་དང་སྦྲགས་དགོངས་སེལ་ངེས་འདྲོངས་ཐོན་པ་ཞུས་པ་ཡིན་ལ། བཀའ་ཁྲི་མཆོག་དང་ཕྱོགས་ཕེབས་བཀའ་བློན་ཕུད། བཀའ་བློན་གཞན་རྣམས་ཀྱིས་གུས་བས་གསལ་བཤད་ཞུས་པར་ཐུགས་དགྱེས་ཚོར་ཆེན་པོ་གནང་བྱུང་།
ཕྲན་ནས་བཀའ་ཁྲིའི་སྒེར་དྲུང་བརྒྱུད་ཐེངས་གསུམ་ལ་བཀའ་ཁྲི་མཆོག་ལ་གསལ་བཤད་ཞུ་རྒྱུའི་གོ་སྐབས་ཞུས་ཀྱང་། ‘ཞུ་ན་ཞུ་ས་ཡོད་པའི་བཀའ་ཤག་ཡིན་’’ཟེར་མཁན་གྱི་ཁྲི་པ་མཆོག་གིས་ཕྲན་ལ་ཡ་ལན་ཚུལ་མཐུན་ཞིག་ཀྱང་མ་གནང་བའི་ཁར། ཚོགས་གཙོ་མཆོག་ལའང་བཀའ་དྲུང་བརྒྱུད་ནས་ཐག་གཅོད་བྱས་ཟིན་དེ་ལ་འགྱུར་བ་མེད་ཚུལ་བསྐྱར་དུ་ངག་ཐོག་ནས་གསུངས་འདུག ”ཅེས་བཀོད་འདུག
ཕྱི་ཚེས་ ༢༦ ཉིན་འདི་གའི་གསར་འགོད་པ་ལན་འདེབས་ཚོགས་ཆུང་གི་ཚོགས་གཙོ་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་མཆོག་གི་དྲུང་དུ་བཅར་ཏེ། གནས་ཚུལ་དེ་བདེན་པ་ཡིན་མིན་བཀའ་འདྲི་ཞུས་པར་བཅར་འདྲི་དང་ལེན་གནང་མ་སོང་བས། སླར་ཡང་བཀའ་དྲུང་མི་འགྱུར་རྡོ་རྗེ་མཆོག་གི་དྲུང་དུ་བཅར་ཏེ་བཀའ་འདྲི་ཞུས་པར། ཁོང་གིས་ཀྱང་འདིའི་ཐད་ང་ལ་དམིགས་བསལ་ཞུ་རྒྱུ་གང་ཡང་མེད་ཅེས་བཅར་འདྲི་དང་ལེན་གནང་མ་སོང་། ཕྱི་ཚེས་ ༢༧ ཉིན་དོ་བདག་བློ་བཟང་ཆོས་འབྱོར་ལགས་ལ་ཐུག་འཕྲད་ཀྱིས་བཅར་འདྲི་ཞུས་པར། ཁོང་གིས་གནས་ཚུལ་དེ་དག་དངོས་ཡོད་ཡིན་པ་མ་ཟད། དེ་རིང་ནས་ཁོང་གིས་ལས་མཚམས་བཞག་སྟེ་ལས་ཁུངས་ནས་འཐོན་གྱི་ཡོད་སྐོར་བརྗོད་བྱུང་།
སྐབས་དེར་གསར་འགོད་པས་ཁོང་ལ། གནས་ཚུལ་དེའི་བྱུང་རིམ་དང་། རྩོམ་ཡིག་དེ་བོད་གཞུང་གི་ལས་བྱེད་རྣམས་ཀྱི་བླང་དོར་སྒྲིག་གཞི་དང་འགལ་ཡོད་མེད་དྲིས་པར། ཁོང་གིས་ “ སོ་སོར་ཤེས་འཇོན་ཡོད་མེད་གང་ལྟར་ཡང་། གངས་ཅན་སྐྱིད་གཤོངས་ནས་ལོ་བཞི་ལྷག་གི་རིང་ཞབས་ཞུ་ཞུས་བསྡད་པ་ཡིན། བཀའ་ཤག་གི་ཐག་གཅོད་དེ་ཚོར་དྲི་བ་གཏོང་བའི་ལམ་སྲོལ་ཞེ་དྲག་མེད་པ་གོ་ཐོས་ཡོད། སོ་སོས་གནས་སྟངས་དེ་དག་ཤེས་པའི་སྒང་ནས་སེང་གེ་བཀའ་ཤག་གི་མདུན་ལམ་ཞེས་པའི་རྩོམ་ཡིག་དེའི་ནང་། རང་ཉིད་སྒེར་གྱི་ལངས་ཕྱོགས་དང་ལྟ་གྲུབ་ཡིན་ན་འདྲ་ལ། གཞུང་གི་སྲིད་བྱུས་ལངས་ཕྱོགས་ཡིན་ནའང་འདྲ། དེ་དག་ཚང་མའི་རྒྱ་ལས་མ་བརྒལ་བ་ཞིག་ལ་བསམ་བློ་བཏང་སྟེ་བྲིས་པ་ཡིན། ད་ལྟའི་ཆ་ལ་ཡིན་ནའང་། རྩོམ་ཡིག་གི་ནང་དོན་ཐད་ནས་མགོ་བོ་ནམ་མཁར་བཏེགས་ཏེ་འགྲེལ་བཤད་རྒྱག་རྒྱུའི་སྤོབས་པ་ཡོད” ཅེས་བརྗོད་བྱུང་།
ཡང་ཁོང་ལ་རྩོམ་ཡིག་དེར་སྒྲིག་འགལ་གྱི་ཆ་མེད་ན་ཚོགས་གཙོ་ལ་གསལ་བཤད་དང་། མུ་མཐུད་ལས་ཀ་བྱ་ཐུབ་པའི་ལམ་ཁ་འཚོལ་ཡོད་མེད་དྲིས་པར། ཁོང་གིས་ “གནས་ཚུལ་དེ་བྱུང་མ་ཐག་ང་རང་བཀའ་བློན་རྣམ་པའི་སར་བཅར་བ་ཡིན། ཆོས་རིག་བཀའ་བློན་དང་འཕྲོད་བསྟེན་བཀའ་བློན་གཉིས་བཞུགས་མི་འདུག བཀའ་བློན་གཞན་དག་གིས་ངའི་རྩོམ་ཡིག་དེ་བཀླགས་འདུག་ལ། སོ་སོས་ལྷག་བསམ་རྣམ་དག་གིས་གསལ་བཤད་བྱས་སྐབས། ཁོང་རྣམ་པའི་གསན་ཞིབ་གནང་གི་འདུག ཡིན་ནའང་། བཀའ་བློན་ཁྲི་པ་མཆོག་གི་སྒེར་དྲུང་ཡོད་སར་སྔ་ཕྱིར་ཐེངས་ ༡༤ ལ་བཅར་ཏེ་རང་ངོས་ནས་དགོངས་སེལ་དང་གསལ་བཤད་ཞུ་རྒྱུའི་རེ་སྐུལ་ཞུས་ཀྱང་གོ་སྐབས་སྤྲད་མ་བྱུང་། རང་གི་ཚོད་ཀྱིས་བསམ་བློ་གང་ཡོང་བཏང་སྟེ་གལ་སྲིད་རྩོམ་ཡིག་གི་ཚིག་འགྲོས་སོགས་ཀྱི་ཐད་ཐུགས་མོས་གནང་གི་མེད་པ་ཡིན་ན། རྦད་དེ་ལབ་རྒྱུ་གླེང་རྒྱུ་གང་ཡང་མེད་པའི་ཐོག་ནས་རང་ངོས་ནས་དགོངས་སེལ་ཞུ་ཆོག་པའི་སྙན་ཞུ་ཕུལ་ཏེ་དགོངས་པ་ཞིག་བཞེས་རོགས་ཞུས་པ་ཡིན་ལ། གལ་སྲིད་དགོངས་བཞེས་གནང་ཐབས་མ་བྱུང་བ་ཡིན་ནའང་། ཟླ་བ་དྲུག་གི་དུས་ཚོད་ནང་ལབ་རྒྱུ་གླེང་རྒྱུ་གང་ཡང་མེད་པའི་ཐོག་ནས་དགོངས་པ་ཞུ་རྒྱུ་ཡིན་པའི་སྙན་ཞུ་ཞིག་དང་མཉམ་དུ། འབྲེལ་ཡོད་ཚོགས་གཙོའི་རྒྱབ་གཉེར་བཅས་བཀའ་ཤག་ལ་ཕུལ་བ་ཡིན། ཕྱི་ཚེས་ ༢༠ ཉིན་བཀའ་དྲུང་བརྒྱུད་ང་ཚོའི་ཚོགས་གཙོ་མཆོག་ལ་ངག་ཐོག་ནས་སྔོན་མའི་ཐག་གཅོད་དེར་འགྱུར་བ་མེད་སྐོར་གསུངས་འདུག ང་ལ་ཐར་ལམ་གཞན་གང་ཡང་མ་རག་སྟབས། སོ་སོའི་རྩོམ་ཡིག་དེ་ཁྲིམས་དང་བླང་དོར་སྒྲིག་གཞིའི་རྒྱ་ལས་བརྒལ་མེད་པ་དང་། བོད་སྤྱི་བའི་རྩ་དོན་ལ་གནོད་གཞི་ཏིལ་འབྲུ་ཙམ་ཡང་མེད་པ་ར་སྤྲོད་བྱ་ཆེད་རྩོམ་ཡིག་ཧྲིལ་བོ་དབྱིན་ཡིག་ཐོག་བསྒྱུར་ཏེ། ཕྱི་ཚེས་ ༢༦ ཉིན་སྒེར་དྲུང་བརྒྱུད་བཀའ་བློན་ཁྲི་པ་མཆོག་ལ་འབུལ་དུ་བཅར་སྐབས། བཀའ་བློན་ཁྲི་པ་མཆོག་ཀྱང་དེ་གར་ཕེབས་བཞིན་པ་དང་དངོས་སུ་མཇལ་བྱུང་། སྐབས་དེར་རྩོམ་ཡིག་དབྱིན་སྒྱུར་མ་དེ་ཁོང་ལ་ཕུལ་བ་དང་མཉམ་དུ་ངག་ཐོག་ནས་ཀྱང་གསལ་བཤད་ཞུས་པ་ཡིན། འོན་ཀྱང་། ཁོང་གིས་ངའི་སྐད་ཆར་གསན་འཇོག་མ་གནང་བ་མ་ཟད། ཕར་རྒྱུགས། གཞུང་གི་སྒྲིག་འཛུགས་ཀྱི་ལས་དོན་ཚང་མ་ང་རང་གིས་ཐག་གཅོད་བྱེད་ཀྱི་རེད་གསུངས་བྱུང” ཞེས་བརྗོད་བྱུང་།
དེའི་རྗེས་ལན་འདེབས་ཚོགས་ཆུང་གི་ཚོགས་གཙོ་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་མཆོག་གི་དྲུང་དུ་ཡང་བསྐྱར་བཅར་ཏེ། བློ་བཟང་ཆོས་འབྱོར་ལགས་ཀྱི་རྩོམ་ཡིག་དེ་གཞུང་གི་ལས་བྱེད་སྒྲིག་གཞིའི་དོན་ཚན་གང་ལ་འགལ་ཡོད་མེད་དྲིས་པར། ཁོང་གིས་ “ གནད་དོན་དེ་ནི་ལས་བྱེད་བླང་དོར་སྒྲིག་གཞི་ལེའུ་གསུམ་པའི་དོན་ཚན་བརྒྱད་པའི་ལས་བྱེད་ཀྱི་ཀུན་སྤྱོད་བླང་དོར་དོན་ཚན་ལས། གཞུང་ཞབས་བྱེ་བྲག་པར་སྐྱོན་བརྗོད་བྱས་ཏེ་མི་མང་སྐུལ་སློང་བྱེད་མི་ཆོག་ཞེས་པར་འགལ་ཡོད་པ་རེད། འོན་ཀྱང་། བློ་བཟང་ཆོས་འབྱོར་ལགས་ལས་གནས་ནས་ཕྱིར་འཕུད་བཏང་བའི་སྐད་ཆ་མ་ཡིན་པར། ཉིན་གླའི་ལས་གནས་དེར་མུ་མཐུད་བསྐོ་བཞག་གནང་ཡོད་པ་མ་རེད།” ཅེས་གསུངས་བྱུང་། ཡང་ཁོང་ལ། ཉིན་གླའི་ལས་བྱེད་ལ་གཞུང་ཞབས་སྒྲིག་གཞིའི་ཁྱབ་ཀྱི་ཡོད་མེད་དྲིས་པར། “གཞུང་གིས་ཕོགས་གནང་གི་ཡོད་སྟབས། གཞུང་གི་སྒྲིག་གཞི་གཞིར་བཟུང་ཡིན་གཅིག་མིན་གཅིག་འགྲོ་དགོས་གྱི་ཡོད་པ་རེད། ངས་གོང་དུ་ཞུས་པ་ནང་བཞིན་ཉིན་གླ་དེ་རྫོགས་ཚར་པ་རེད། བསྐྱར་དུ་ཉིན་གླའི་ལས་བྱེད་བསྐོ་བཞག་མ་གནང་པ་རེད།” ཅེས་བརྗོད་སོང་།
མཇུག་དུ་ཁོང་ལ། རྩོམ་ཡིག་དེའི་ནང་སྒྲིག་གཞིའི་བླང་དོར་དང་འགལ་བའི་བརྗོད་བྱ་གང་ཡོད་མེད་དང་། གལ་སྲིད་གཞུང་གི་སྲིད་བྱུས་ལ་སྐྱོན་ཆ་དང་ནོར་འཁྲུལ་ཡོད་ཚེ་ལས་བྱེད་ཚོས་དེ་ཐེར་འདོན་བྱ་ཆོག་མིན་དྲིས་པར། ཁོང་གིས་ “ རྩོམ་ཡིག་དེའི་ནང་བཀའ་བློན་ཁྲི་པ་དང་བཀའ་བློན་གཞན་དག་ལ་སྐྱོན་བརྗོད་བྱས་ཡོད་པ་རེད། ལས་བྱེད་ཅིག་གིས་སོ་སོ་བཀའ་བློན་ཁྲི་པ་དང་། སོ་སོའི་སྒང་གི་བཀའ་བློན་ཚོའི་སྲིད་ཇུས་དང་དགོངས་པ་བཞེས་ཕྱོགས་ལ་མོས་མཐུན་མེད་པ་ཡིན་ན། སོ་སོའི་ལྟ་བ་དང་མཐུན་གྱི་མི་འདུག་ཅེས་ལབ་སྟེ་ལས་བྱེད་ནས་དགོངས་པ་ཞུ་དགོས་པ་རེད། ལས་བྱེད་ཟེར་བ་དེ་སྒང་གི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་མཁན་དང་ལག་ལེན་བསྟར་མཁན། མི་མང་ལ་འགྲེལ་བཤད་རྒྱག་མཁན་རེད།” ཅེས་དང་། “ སྲིད་བྱུས་ལ་ནོར་འཁྲུལ་འདུག་བསམ་ན། སོ་སོས་བཀའ་བློན་ལ་ཐད་ཀར་ཞུ་དགོས་པ་རེད། ང་རང་གི་བསམ་ཚུལ་ལྟར་ན། མི་མང་དང་སྤྱི་ཚོགས་ལ་དངོས་གནས་སེམས་ཁྲལ་ཡོད་པ་ཡིན་ན། བཀའ་བློན་ཡོད་སར་བཅར་དེ་སོ་སོའི་བསམ་ཚུལ་གང་ཡོད་མེད་དང་། ལས་དོན་གནང་སྟངས་ག་འདྲ་བྱ་དགོས་མིན་ཞུ་དགོས་པ་རེད། དེ་ལྟར་མ་བྱས་པར་ཕྱི་ལོག་ལ་བཤད་བསྡད་པ་ཡིན་ན་དེ་སྒྲིག་གཞི་དང་འགལ་གྱི་ཡོད་པ་རེད།” ཅེས་གསུངས་བྱུང་།
གསར་འགོད་པ། ཚེ་རིང་རྒྱལ།
ཤོག་ངོས་འདི་ཐེངས་ ༣༢༠༩ ལ་བཀླགས་འདུག
རིག་པ་འདོན་པ།
ཆབ་བྲག་ལྷ་མོ་སྐྱབས།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། རྩོད་གཞི་འདི་འདྲའི་སྐབས་སུ་ཡང་བདག་གི་དྲི་བར་ལན་མེད་པས་ན། ད་ནི་་གོང་རིམ་ལ་ལན་འདེབས་རྒྱུ་མེད་པའི་རྟགས་སུ་ངོས་འཛིན་་བྱེད་རྒྱུ།
དོན་ངོ་མར་རྩོམ་ཡིག་འདི་ནི་བཀའ་ཤག་གི་གྲུབ་ཆ་དང་ལས་དོན་གྱི་ཞན་ཆའི་ཐད་ལ་དཔྱད་བརྗོད་དང་བཅས་ལམ་སྟོན་གནང་སྟེ་ཀློག་པ་པོ་མང་པོར་བསམ་ཚུལ་ཅི་ཡོད་ལ་དོགས་སློང་སྤེལ་བའི་སྐུལ་སློང་ཞིག་རེད། དེ་བས་ “གཞུང་ཞབས་བྱེ་བྲག་པར་སྐྱོན་བརྗོད་བྱས་ཏེ་མི་མང་སྐུལ་སློང་བྱེད་མི་ཆོག་ཞེས་པར་འགལ་ཡོད་པ་རེད།” ཅེས་པ་ནི་ཅི་འདྲའི་མ་ཉེས་ཁག་གཡོགས་ཀྱི་ནག་ཞྭ་ཞིག་རེད་ཨང།
ཡ་མཚན་ཅན་མཐོང་
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། ཨེི་མ་རྣམ་དཔྱད་ཅན་ དྲ་གྲོགས་ཅོ་རི་ཉི་མ་ལགས་ གཞན་ལ་བལྟ་བའི་མིག་ཡོད་ཀྱང་། རང་ལ་བལྟ་བའི་མེ་ལོང་དགོས་། གསུངས་ཚད་མ་ཡིན་པ་དངོས་བདེན་ར་འཕྲོད་སོང་ང་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ བཀའ་ཁྲི་སྐབས་གཉིས་པ་དཔལ་མཛངས་འགྲན་ཟླ་བྲལ་བའི་སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་དུས་རྒྱུན་དུ་རང་གིས་གཞི་རྩ་མེད་པའི་སྐྱོན་འཛུགས་མཚན་སྨད་ག་ཚད་བྱས་ཡོད་པ་སྐྱེ་བོ་རྣམ་ལྡན་ཡོངས་ནས་མིག་མཐོང་ལག་གསལ་མ་རེད་དམ་ དེང་སྐབས་བཀའ་ཁྲི་མཆོག་ལ་མཆོད་བསྟོད་གནང་འདུག་པར་བསྔགས་བརྗོད་ཡོད་ཀྱང་ སྐབས་གཉིས་པ་དང་སྐབས་གསུམ་པ་གཉིས་ལ་སྐུ་ཉིད་ཀྱིས་་ཁྱད་པ་དགེ་མཚན་གནས་ལུགས་འགྲེལ་བཤད་རྒྱག་རྒྱུ་ཨུ་ཡོད་ན་ ཡོད་ན་རང་དབང་རེད་ངོས་པ་དུ་སྐྱོན་རོགས་གནང་དགའ་བསུ་ཞུ་རྒྱུ་ཡིན་། དེ་མིན་སྐྱ་སེར་གྱི་ཁྱད་པའམ་ ཡང་ན་ལྟ་གྲུབ་སོགས་མ་འདྲ་བ་ཡོད་དམ་? ཡང་ན་སྐུ་ཉིད་རྨོངས་གཉིད་ར་བཟི་ནས་དངས་སད་པ་ཡིན་ནམ་? བྱ་ཕོ་ཡིན་ན་སྐད་རྒྱོག་ བྱ་མོ་ཡིན་ན་སྒོང་ང་གཏོང་ཤོག་ ཕོ་ཁྱོ་ཁ་ཡིན་ན་གནས་ལུགས་ལྡན་པའི་ལེན་ཞིག་ཁུར་ཤོག་
ཅོ་རི་ཉི་མ་ནས་འཆན་བྲིས་པ་ཧ་ཅང་དགོད་བྲོ་བ་མ་རེད་དམ་ མགོ་འཇུག་མིན་མཐུན་པའི་བཀའ་མོལ་ ཁྱི་རྒན་རྐུབ་ཅོག་འདོན་པ་ན་།རྒྱུ་མཚན་མེད་པ་གཞན་དག་རྒྱུགས་།རང་རེད་ དྲ་གྲོགས་ཚོ།
བློ་བཟང་སེང་གེ་་་་་་་བོད་རྒྱལ་ཁབ་ཀྱི་སྲིད་འཛིན་ཡིན་པར་མ་བརྗེད་་་་ལོ།
སེང་གེའི་བཀའ་ཤག་འདི་་་་བོད་མི་རིགས་ཀྱི་བཀའ་ཤག་ཡིན་པར་མ་བརྗེད་་་་ལོ།
སེང་གེའི་རྩ་དོན་གསུམ་པོ་་་་བོད་མི་རིགས་ཀྱི་རྩ་དོན་ཡིན་པར་མ་བརྗེད་་་་ལོ།
བོད་རྒྱལ་ཁབ་ཀྱི་སེང་གེ་ལ་གུས་ཞབས་ཞུ་རྒྱུ་མ་བརྗེད་་་་ལོ།
གནད་ལུགས་མེད་པར་སེང་གེ་ལ་སྐྱོན་བརྗེད་མ་བྱེད་་་་ལོ།
རྟོག་གེ་རིག་པའི་སྒྲུབ་བྱེད་མེད་པར་སེང་གེ་ལ་ཁ་ངན་ཚིག་ངན་མ་ལབ་་་་ལོ།།།།
བསམ་བློ་ཐོངས་་་་ལོ། ཚོད་ཟིན་་་་ལོ།།
སྔོན་མ་བཀའ་ཁྲི་ཟུར་པ་ཟམ་གདོང་རིན་པོ་ཆེ་མཆོག་དེ་ སྐུ་ཉིད་ཀྱི་ སྐབས་བབས་བཀའ་ཁྲི་བློ་སེང་མཆོག་ལ་མཆོད་བསྟོད་གནང་པ་ནང་བཞིན་མ་ཡིན་ནམ་??????????????????????????????????????????????་
lobsang
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། ནོར་འཕྲུལ་ཡོད་ས་ལ་སྐྱོད་བརྗོད་དང་སྐྱོན་ཡོ་སྲང་བྱེད་དགོས་ཞེས་༸གོང་ས་མཆོག་གིས་ཕྱི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་གསུང་ཡོད།
ཅོ་རི་ཉི་མ།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། བཙན་བྱོལ་སྤྱི་ཚོགས་དྲ་རྒྱའི་གསར་ལམ་ཁག
རང་བཙན་པ་དང་རང་བཙན་ལས་འགུལ་སོགས།
བྱུང་ཚེ་དེ་ལ་དགག་ལན་སྤྲོད་མཁན་ཞིག
དྲ་འབུ་མགོ་ནག་འདི་དག་ཕུད་ན་ལེགས།
འཇམ་དབུངས་ནོར་བུ་ཨ་མཆོད་ཀླུ་མཁར་སོགས།
རང་བཙན་སེམས་སུ་འཛིན་པའི་མི་བུ་རྣམས།
ཟམ་གདོང་བླ་མའི་ལས་ཀྱི་དགྲ་སྐལ་དང་།
དྲ་འབུ་མགོ་ནག་འདི་ཚོས་དགག་བྱ་རེད།
རྟ་མགྲིན།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། གཏམ་མི་ཁ་བརྒྱུད་ན་ཇེ་རིང་ཞེས་བོད་ལ་ཁ་དཔེ་ཞིག་ཡོད། འགའ་ཤས་ཀྱིས་གནས་ཚུལ་འདི་ཞི་འཇམ་དང་། ནང་ཁུལ་ནས་ཟླུམ་ཐབས་བྱ་རྒྱུ་ཚབ་ཏུ་འབེན་ཤར་ནས་བཞག་སྟེ་མདའ་ནུབ་ན་ལ་ཕངས་ནས་ཚང་མ་ལ་འཁོན་
སློང་བཞིན་འདུག དྲ་བདག་གིས་བསམ་ཚུལ་རྒྱུ་མཚན་ཡོད་མེད་ལ་བལྟས་ཏེ་
མཆན་འགོད་ཐུབ་ན་བཟང་།
རིག་བཟང་།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། བློ་སེང་ལགས་གཅིག་སྒྲེལ་གྱི་ནུས་པ་གང་ལ་ངོས་འཛིན་གྱི་ཡོད། བཙན་འབྱོར་བོད་གཞུང་གི་རྒྱུས་མངའ་ཡོད་རབ་མང་པོ་བཤད་ཡང་དོན་ངོ་མ་བཀའ་བློན་འདེམས་སྐབས་ཧ་གོ་པ་རེད་གསར་འབྱོར་ནང་ལ་དབྱིན་ཡིག་དང་དབྱིན་སྐད་ཤེས་མཁན་ཡོད་མེད་མ་ཤེས་པ་རེད།
འགྱུར་མེད་བསྟན་འཛིན།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། ཁུག་རྟའིཚང་སྒོ་གཡས་གཡོན་དུ་་་་་་་་་་ཁ་ཏྭས་ཚོགས་གཙོ་བྱས་ནས་བྱ་ཚོགས་མང་པོ་ཞིག་གིས་མྱ་ངན་བྱེད་ཀྱི་འདུག་་་་་་འདི་ནི་འདབ་ཆགས་སྤྱི་ཡི་གོད་ཆགས་ཞིག་མ་ཡིན་པར་འདི་ལྟར་མྱ་ངན་བྱེད་འོས་པ་ཞིག་མ་ཡིན་ཡང་བྱ་ངན་ཁ་ཏྭ་རེ་ཟུང་གིས་འུར་འགྲོགས་བྱས་ནས་འདྲ་མ་ཆགས་པའི་ཨག་སྐད་མང་པོ་ཞིག་བརྒྱབ་བཞིན་པ་རེད་ཤག
འདི་འདྲའི་སྐད་ངན་མང་པོ་མ་བརྒྱབ་ན་མི་ལེགས་སམ།
དེང་སང་སེམས་ཅན་སྤྱི་ཡོངས་ལ་ཛ་དྲག་གི་གནས་ཚུལ་ཞིག་བྱུང་བཞིན་པ་ཡིན་པས་བྱ་ངན་རེ་ཟུང་གིས་འདི་ལྟར་ཕུ་དཀྲུག་མདའ་དཀྲུག་མ་བྱས་ན་མི་ལེགས་སམ།
རྟ་མགྲིན།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། གསལ་བོར་མཁྱེན་དགོས་པ་ཞིག་ལ། སྒྲིག་འཛུགས་ཀྱིས་བློ་བཟང་ཆོས་འབྱོར་མིང་ཅན་ལ། ཐོག་དང་པོར་ཉིན་ལས་ངོ་བོའི་ཐོག་ལས་ཞུགས་གནང་སྐབས། ཉིན་གླ་ཡིན་ནའང་གཞུང་གི་ལས་བྱེད་ཀྱི་བླངས་དོར་སྒྲིག་གཞི་ལ་སྲུང་བརྩི་ཞུ་དགོས་ཞེས་སྒྲིག་གཞི་བླངས་དོར་དེ་བློ་བཟང་ཆོས་འབྱོར་མིང་ཅན་ལ་ངོ་སྤྲོད་གནང་ཡོད་དམ་མེད། གལ་སྲིད་མེད་ན་སྒྲིག་གཞི་དང་འགལ་ཞེས་པ་དེ་གླེང་གཞིར་བསྡད་མེད།
གངས་སྨྱུག
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། སྐུ་ཞབས་བློ་བཟང་ཆོས་འབྱོར་ལགས་ཀྱི་རང་མོས་རིང་ལུག་གི་རྩོམ་དེ་སོ་སོའི་མི་རིགས་འགོ་པར་གཏིང་གི་རྩི་བཀུར་མེད་པའི་རྟགས་ཤིག་ལས་ལྷག་བསམ་རྣམ་དག་གི་རྩོམ་ཡིག་ཞིག་མིན་པར་གསལ་པོ་མཐོང་ཡོང་གིན་འདུག གང་ཡིན་ཞེ་ན་༼སེང་གེ་བཀའ་ཤག་གི་མདུན་ལམ་༽ཞེས་པར་འགོ་བརྗོད་མཐོང་བ་ཙམ་གྱིས་ཁོང་ཉིད་ཀྱིས་བཀའ་བློན་ཁྲི་པ་ལ་རྩི་བཀུར་མེད་པར་གཡོ་རྒྱུའི་ངན་རྩོམ་ཞིག་ཡིན་པར་དཔྱོད་ལྡན་ཀུན་གྱིས་ཤེས་སླ། འདི་ལྟ་བུའི་རིགས་དེ་མང་གཙོ་ཐོབ་ཐང་རེད་ཅེས་ལབ་ནས་གང་བྱུང་མང་བྱུང་དྲན་ཚད་ཚང་མ་ཕྱི་རུ་གཏོན་སྟེ་ད་གཟོད་རང་ནག་པོ་ཆགས་ཡོང་བསམ་པའི་ཞེ་སྣང་ཞིག་གིས་ད་དུང་ཐབས་ཤེས་ཡོ་རྒུ་རྩལ་དྲུག་གིས་མཐོ་དམན་ཚང་མར་རང་ཉིད་དཀར་ཁ་འདོན་ཐབས་ཀྱིས་འདྲ་མིན་གླན་ཀ་འཚོལ་ཡག་འདི་མང་གཙོའི་རྩ་ཁྲིམས་ལ་ཡང་ཡོངས་སུ་འགལ་བར་སེམས།
ཅོ་རི་ཉི་མ།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། ཤར་ཕྱོགས་ཁུག་རྟས།།
༼དགའ་ལྡན་ཕོ་བྲང་པའི་སྲིད་དབང་འཕོ་འགྱུར་བྱུང་བ་དང་། ན་ནིང་ཟླ་ ༣ ཚེས་ ༡༠ ནས་འཛམ་གླིང་གི་དོ་སྣང་མ་འདྲ་བ་གནང་གི་ཡོད་ན། རྒྱ་ནག་གི་མཁས་དབང་ཁག་དང་འབྲེལ་འདྲིས་གཏིང་ཟབ་ཡོད་པ་ཡིན་ན། སེང་གེས་བཀའ་ཤག་གིས་ཕྱི་སྡོད་རྒྱ་རིགས་གང་ན་ཅི་ཡོད་རྣམས་ངྷ་སར་མགྲོན་འབོད་ཀྱིས་ཚོགས་ཆེན་དམིགས་བསལ་བ་ཞིག་བསྡུས་ཏེ་བོད་མིར་རང་དབང་ཐོབ་ཐབས་སུ་ཞུ་འབོད་བྱེད་དགོས་ཤིང་། ” བསམ་འཆར་”སྤྲད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དེས་བོད་དོན་ལ་ཕན་མིན་གྱི་གནས་སྟངས་གསལ་བོ་བཟོ་དགོས་པར་སྙམ་ལ། གལ་སྲིད་དེར་ད་དུང་རྔོ་ཐོགས་པ་ཞིག་མེད་ན། རྒྱ་ནག་རང་གིས་རང་གི་རྩ་ཁྲིམས་འབྲུ་འགྲེལ་དང་རྩ་ཁྲིམས་བརྩི་མིན་གྱི་ཡ་ལན་ལ་སྒུག་ནས་མི་སྡོད་པར། བཀའ་ཤག་གསར་བའི་ལོ་གཉིས་ཀྱི་ནང་གནས་སྟངས་དེ་ཁ་གསལ་བཟོ་མ་ཐུབ་ཚེ། སེང་གེའི་བཀའ་ཤག་གི་རྒྱ་བོད་འབྲེལ་ལམ་གྱི་གསར་གཏོད་རི་བོང་གི་རྭ་དང་། ལོ་རྒྱུས་ཀྱི་མགོ་བསྐོར་སྔ་ན་མེད་པ་ཞིག་ཆགས་ཀྱི་རེད་ལ། “རྩ་དོན་གསུམ་” “ནག་ཉེས་གསུམ་”གྱི་ངོ་བོར་འགྱུར་གྱི་རེད།༽ཞེས་གསུངས་འདུག
འཛམ་གླིང་ཐོག་གི་ཕྱི་སྡོད་རྒྱ་མི་རྣམས་མགྲོན་འབོད་ཀྱི་ཚོགས་ཆེན་དམིགས་བསལ་བ་ཞིག་མ་འཚོགས་ན་་་་རྩ་དོན་གསུམ་པོ་་་་ནག་ཉེས་གསུམ་གྱི་ངོ་བོར་འགྱུར་གྱི་རེད་གསུངས་འདུག་པ་འདི་ནི་་་་་རྟོག་གེ་རིག་པའི་སྒྲུབ་བྱེད་ཡོད་པའི་སྐད་ཆ་ཞིག་མ་རེད་འདོད་དོ།།།།
རྩ་དོན་གསུམ་པོ་་་་ནག་ཉེས་གསུམ་གྱི་ངོ་བོར་འགྱུར་སྟངས་ཁ་གསལ་ཙམ་དང་རིག་པའི་སྒྲུབ་བྱེད་པ་ཡོད་ཞིག་་མིན་ན་་་ཁུ་རྟའི་སྐད་ཆ་ནུས་མེད་རེད།
འགྱུར་མེད་བསྟན་འཛིན།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། ཁྲིམས་འགལ་དང་རུལ་སུངས་ཀྱི་ལས་ཀ་ག་ཚོད་བྱས་ཀྱང་ཕྱིར་འབུད་དང་གྲགས་འགུལ་གང་ཡང་མེད་པ་མཚུར་ཕུ་བླ་བྲང་ལས་གཞན་སུ་ཡང་ཡོད་པ་མ་རེད།
ཚོགས་པ་ཞིག་ལ་སྒྲིག་འཛུགས་ཡོད་ན་སྒྲིག་འཛུགས་དེ་དང་འགལ་བའི་མི་དེ་སྤྱི་ཚོགས་དེ་ནས་ཕྱིར་འབུད་བྱ་དགོས་བ་དེ་འཛམ་གླིང་ཐུན་མོངས་ཀྱི་ལུགས་སྲོལ་ཞིག་རེད།
བཀའ་ཤག་གིས་ཁུག་རྟ་ཕྱིར་འབུད་བྱས་བ་དེ་དོན་ན་གནས་པ་ཞིག་རེད།
ཅོ་རི་ཉི་མ།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། དྲ་གྲོགས་ཚོ།
བློ་བཟང་སེང་གེ་་་་་་་བོད་རྒྱལ་ཁབ་ཀྱི་སྲིད་འཛིན་ཡིན་པར་མ་བརྗེད་་་་ལོ།
སེང་གེའི་བཀའ་ཤག་འདི་་་་བོད་མི་རིགས་ཀྱི་བཀའ་ཤག་ཡིན་པར་མ་བརྗེད་་་་ལོ།
སེང་གེའི་རྩ་དོན་གསུམ་པོ་་་་བོད་མི་རིགས་ཀྱི་རྩ་དོན་ཡིན་པར་མ་བརྗེད་་་་ལོ།
བོད་རྒྱལ་ཁབ་ཀྱི་སེང་གེ་ལ་གུས་ཞབས་ཞུ་རྒྱུ་མ་བརྗེད་་་་ལོ།
གནད་ལུགས་མེད་པར་སེང་གེ་ལ་སྐྱོན་བརྗེད་མ་བྱེད་་་་ལོ།
རྟོག་གེ་རིག་པའི་སྒྲུབ་བྱེད་མེད་པར་སེང་གེ་ལ་ཁ་ངན་ཚིག་ངན་མ་ལབ་་་་ལོ།།།།
བསམ་བློ་ཐོངས་་་་ལོ། ཚོད་ཟིན་་་་ལོ།།
མི་ཆུང་།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། མི་གཤིས་དང་སྤྱི་ཚོགས་ནས་ཆ་འཇོག་ཇི་ལྟར་ཡོད་མིན་མི་ཤེས་ཀྱང་། རང་སོ་སོའི་བསམ་ཚུལ་རེ་བརྗོད་པ་རེད། ཤར་ཁུག་གིས་རྩོམ་ཡིག་གང་ཞིག་བྲིས་ཀྱང་ཁོང་རང་ཉིད་ཀྱི་རང་དབང་རེད། མི་བུ་སོ་སོར་རང་ཉིད་ཀྱི་རང་དབང་བེད་སྤྱོད་དབང་ཡོད།
ཐེངས་འདིར་ཤར་ཁུག་ལ་དཀའ་ཉེས་ཞིག་འཕོག་པ་རེད། དཀའ་ཉེས་དེ་ཡང་གཞུང་གི་སྒྲིག་གཞི་དང་འགལ་ལུགས་ཀྱིས་འཕོག གཞུང་ཞིག་ལ་སྒྲིག་གཞི་ཞིག་ཡོད། གལ་ཏེ་ཤར་ཁུག་གི་རྩོམ་ཡིག་དེ་གཞུང་གི་སྒྲིག་གཞི་དང་འགལ་འཛོལ་བྱུང་ཡོད་ན། དཀའ་ཉེས་འཕོག་ངེས་པ་རེད། དེ་མིན་ལ་སྐབས་དོན་བརྗོད་ཚིག་གིས་བཟོས་པའི་ན་ཟུག་རེད།
དེ་མིན་གཞུང་གི་སྒྲིག་གཞིའི་ནང་ཆབ་སྲིད་དང་འབྲེལ་བ་དུས་དེབ་སོགས་སུ་འཁོད་ངེས་པའི་རྩོམ་ཡིག་ཅིག་ཡིན་ན། ཁག་སོ་སོར་བཀའ་འཁྲོལ་ཞུ་དགོས་པའི་སྐད་ཅིག་འདུག དེ་བདེན་མིན་མི་ཤེས། གང་ལྟར་བདེན་པ་སུ་ལ་ཡོད་ཀྱང་རྗེས་སོར་ལྷང་གིས་བུད་ངེས་རེད།
རྒྱང་ལྟ།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས།
ཁ་བརྡ་ན་འདུག
༧༽ སད་མི་ཅོང་ཐོགས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༢༢ སྐར་མ་ ༢༠
སྤྱིར་ཡིན་ན་རང་ནུས་གང་ཡོད་དང་བློ་རིག་རྩལ་སྤྲུག་གིས་བཀའ་ཤག་གསར་བར་རོགས་འདེགས་ཐུབ་པའི་སྐད་ཆ་རེ་བཤད་ཨེ་ཐུབ་སྙམ་བཞིན་ཡོད། ད་བལྟས་ཡོང་ན་དེ་ནི་ཡོང་ཐབས་མེད་པ་ཞིག་ཡིན་པར་མ་ཟད། མ་བསམ་ས་ནས་རང་མགོར་རྡོ་ལོག་ཉོ་རྒྱུ་རང་རེད་འདུག
བཀའ་ཁྲིས་རྒྱ་གཞུང་གི་བྱེད་སྟངས་བཞིན། ཁོ་ཚོར་ཉིན་འགར་འུར་རྒྱག་ཏུ་ཆུགས་དང་དེ་ནས་འཇམ་ཅག་གེར་འགྱུར་འགྲོ་གི་རེད་འདོད་ཡོད་ཚོད། དེ་ནི་ཁོང་གི་བསྡུར་སྟངས་ནོར་བ་འདྲ། ཉིན་འགའི་རྗེས་འཇམ་ཅག་གེར་འགྱུར་འགྲོ་བ་དང་མི་གཅིག་གི་གནད་དོན་དེ་ཅི་ཡང་མིན་པ་བདེན་པ་འདྲ་ན་ཡང་། རྒྱབ་གཞུང་སྨྲ་བརྗོད་རང་དབང་དང་བོད་ཀྱི་སྐད་ཡིག་ལ་ཐུག་བསྡད་ཡོད། རྒྱ་གཞུང་བཙན་བྱོལ་ནང་གི་བོད་མི་ཚོར་རེ་དགོས་དོན་མེད་པས་དེ་ལྟར་བྱེད་ཆོག་ཆོག་ཡིན་མོད། འོན་ཀྱང་བློ་སེང་ལགས་དེ་ལྟར་ག་ལ་ཡིན། བློ་སེང་མི་གཅིག་རང་ལ་ནུས་པ་ཇི་འདྲ་ཆེ་རུང་མི་དམངས་ལ་ལྟོས་མི་དགོས་པའི་ཚོད་ཅིག་ལ་སླེབས་ཨེ་ཡོད་དམ།།
ཚ་ཤོད་ཤེས་རབ།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། མཆན་འདི་ཁ་བརྡ་ན་འདུག
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ གི་ཆུ་ཚོད་ ༢༡ སྐར་མ་ ༣༡
རྐུན་མ་ཁ་སྐྱེངས་ཀིས་མི་གསོད།
བློ་བཟང་སེང་གེ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་ཆགས་ནས་ཟླ་ཤས་འགོར་རྗེས། གྲོས་ཚོགས་ཀྱི་ངོས་ནས་བཀའ་ཤག་ལ་འཆར་གཞི་མི་འདུག་ཅེས་གསར་ལམ་ཁག་ལ་ཡོངས་བསྒྲགས་བྱས་སོང་། འཆར་གཞི་མེད་པའི་བཀའ་ཤག་ཅེས་པ་འདི་སེང་གེ་རྡ་སར་ཕེབས་རྗེས། གྲོས་ཚོགས་ཀྱིས་ཁོང་ལ་ཕུལ་བའི་སྡོམ་ཚིག་དང་པོ་དེ་ཆགས་ཡོད། ཡང་ན་བཀའ་ཁྲིའི་ངོས་ནས་བཞག་པའི་བྱས་རྗེས་དང་པོ་རེད་ལབ་ན་འགྲིག་གི་རེད། སྤྱིར་ཁོང་རྡ་སའི་སྒྲིག་གཙོའི་ནང་གཞི་ནས་སླེབས་པའི་གསར་འབྱོར་འཛིན་སྐྱོང་ལ་རྒྱུས་མངའ་མཁན་ཞིག་མཁན་ཞིག་ཡིན་ཕྱིར། འཆར་གཞི་མེད་པ་ལ་མི་མང་གི་ངོས་ནས་ད་དུང་ཕྲན་བུའི་དམིགས་བསལ་ལྟ་གི་ཡོད་ལ། ཉམས་མྱོང་ཐོབ་ན་ཕྲན་བུ་དྲགས་མི་ཡོང་ངམ་སྙམ་པའི་རེ་དོགས་ཀྱང་བྱེད་ཀྱི་འདུག
འོན་ཀྱང་ཧ་ལས་པའི་གནས་ཚུལ་ཞིག་ལ་བློ་སེང་ལགས་བཀའ་ཁྲི་གོ་ཆོད་ཅིག་ཡོང་མིན་རེ་དོགས་ཆེན་པོ་བྱེད་བཞིན་པའི་སྒང་ལ། བློ་སེང་གིས་རང་གིས་བོད་ཡིག་མི་ཤེས་པའི་ཞན་སྐྱོན་འགེབ་སྲུང་བྱེད་ཆེད། དེའི་སྐོར་གླེང་སློང་བྱེད་མཁན་རྩོམ་པ་པོ་བློ་བཟང་ཆོས་འབྱོར་ཟེར་བར་ཉེས་ཆད་བཅད་ནས། ལག་པ་ནས་ལས་ཀ་ཆུང་ཆུང་དེའང་འཕྲོག་འདུག མགོན་མེད་སྐྱབས་མེད་ཀྱི་གསར་འབྱོར་ཞིག་ལ་མཚོན་ན་ལས་ཀ་འཕྲོག་པ་ནི། སྤྱི་བཏང་གི་ཉེས་ཆད་ཙམ་མ་ཡིན་པ་བཀའ་ཁྲིས་གསལ་བོ་ཤེས་ཡོད་པ་རེད། བཀའ་ཁྲི་ལའང་དེ་ལས་ལྷག་པའི་ཉེས་ཆད་ལྕི་མོ་ཞིག་གཅོད་རྒྱུའི་དབང་ཐང་དང་ནུས་པ་ཡོད་པ་མ་རེད་ལབ་ན་འགྲིག་གི་རེད།
རྩོམ་ཡིག་དེ་དང་གཞུང་གི་སྒྲིག་གཞི་བོད་ཡིག་ནང་ཡོད་སྟབས། བློ་སེང་རང་ལ་རྩོམ་ཡིག་དེའི་ནང་དོན་སྒྲིག་གཞི་དང་འགལ་ཡོད་མེད་དབྱེ་ཞིབ་བྱེད་རྒྱུའི་ཆུ་ཚད་མེད་བཞིན་དུ། རྩོམ་ཡིག་དེའི་ནང་དོན་སྒྲིག་དང་འགལ་ཡོད་མེད་ཇི་ལྟར་བཤད་ཐུབ་བམ། དེ་ནི་ལོང་བ་ཞིག་གིས་མཚོན་མདོག་དཀར་ནག་དབྱེ་བ་ཕྱེ་བ་འདྲ་བོ་མ་རེད་དམ།
བོད་ཞེས་པ་གཙོ་བོ་བོད་ཀྱི་ས་ཆ། བོད་ཀྱི་མི། བོད་ཀྱི་སྐད་ཡིག་གསུམ་རེད། ང་ཚོས་སྐྱབས་དགོས་པའང་དེ་གསུམ་རེད། འདི་གསུམ་བོད་མི་རིགས་ཀྱི་ཚེ་སྲོག་གི་རྩ་བ་རྩ་རོ་རྐྱང་དབུ་གསུམ་ལྟ་བུ་རེད། དེའི་ཕྱིར་ངའི་བསམ་པར་ང་ཚོས་སྲོག་རྩ་འདི་གསུམ་སྲུང་སྐྱོབ་ཀྱི་ཆེད་དུ་སྐད་ཆ་བཤད་རྒྱུ་གལ་ཆེ་བ་ལས། བཀའ་ཁྲིའི་སྐྱོན་འཚང་སྦེད་གསང་བྱེད་རྒྱུ་གལ་ཆེན་པོ་མ་རེད་དྲན་གི།
བོད་པའི་སྤྱི་ཚོགས་ནང་འདབས་གཤོག་གཉིས་ལྡན་ཤེས་ཡོན་པ་དགོས་མཁོ་ཆེ་བ་གནད་ཡོད་ཚང་མས་མ་ནི་བགྲང་བགྲང་བྱེད་ཀྱི་འདུག སྟབས་ཉེས་པ་ཞིག་ལ་བཀའ་ཁྲི་ལགས་ནི་འཛམ་གླིིང་སྤྱིའི་ཕལ་སྐད་དབྱིན་ཡིག་གི་འདབས་གཤོག་ཡ་གཅིག་ལས་མི་ལྡན་ཞིང་། དམིགས་བསལ་བོད་པ་རང་གི་སྐད་ཡིག་འདབས་གཤོག་གཡས་པ་ལྟ་བུ་དེ་ཚང་ཡོད་པ་མ་རེད།
མཐའ་དོན་བཀའ་ཁྲིས་རང་གི་འོས་འགན་གྱི་འཆར་གཞི་བཟོ་མ་ཐུབ་པ་སྣང་མེད་དུ་བཞག་ནས། རང་གི་སྐྱོན་འཚང་སྦེད་གསང་བྱེད་ཆེད་གཞུང་གི་བཅའ་ཁྲིམས་སྤྱད་ནས། བོད་མི་ཆེས་ཉམས་ཆུང་ཞིག་ལ་ཉེས་ཆད་བཅད་པའི་ཕུགས་ཐུང་འུ་ཐུག་གི་གནང་སྟངས་འདི་མཐོང་ཚེ། རྐུན་མ་ཁ་སྐྱེངས་ཀིས་མི་གསོད་ཟེར་བའི་གཏམ་དཔེ་དང་གཅིག་པ་མ་རེད་དམ།།
རིག་པ་འདོན་པ།
ཚ་ཤོད་ཤེས་རབ།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། བོད་ཀྱི་ཁ་དཔེར། ཤ་ཚ་བའི་གཏམ་ལ་སྙན་པོ་མེད།། ནད་ཕན་པའི་སྨན་ལ་ཞིམ་པོ་མེད་ཅེས་པའི་དཔེ་
ལྟར། ཤར་ཁུག་འདིས་ཀུན་སློང་མི་རིགས་ཤིག་ཆག་འཇིག་གི་ཉན་ཚབ་ལ་སེམས་པས་མ་བཟོད་པའི་ངང་སྨྲ་བརྗོད་རང་དབང་བེད་སྤྱད་ནས་སྐྱོན་བརྗོད་གང་བྱས་ཏེ་ཡག་བྱུང་ཟེར་རྒྱུ་མེད་པར། ཉིན་གླ་བ་ཞིག་ལ་སྔོན་བརྡ་དང་ཡོངས་ཁྱབ་ཀྱིས་ལས་བྱེད་བླངས་དོར་སྒྲིག་གཞི་ནང་གསལ་མེད་པ་ཞིག་སྒྲིག་གཞི་དང་འགལ་སྐོར་བཙན་གྱིས་མགོ་ལ་སྐོན་ནས་ནག་འདེད་བྱས་པ་འདི་ཁྲིམས་ཀྱི་འགྲོ་ལུགས་ཤིག་རེད་དམ། ད་ལྟ་འདི་ནས་ཁ་སྦོམ་སྦོམ་ཤོད་མཁན་ཚོ་ཡང་རང་ཐོག་ལ་བབས་ན་གཞི་ནས་ཧ་གོ་ཐུབ། རེ་ཟུང་གིས་འགན་མ་འཁྱེར་བའི་མིང་རྫུན་འོག་ཚད་ལས་བརྒལ་བའི་སྐད་ཆ་ཤོད་ཀྱིན་འདུག འདི་ཚོ་དངོས་ནས་ས་འོག་དར་འཐག་གིས་བྱེད་སྟངས་ནས་བོད་མི་རྣམས་འདྲོག་མགོ་ལངས་འཇུག་རྩིས་ཡིན་པ་འདྲ། གཟབ་དགོས་ན་འདི་ཚོར་གཟབ་དགོས། ལར་ནས་ཁྱིམ་མཚེས་ལ་ཞེ་སྡང་མེད་ན། གྲོང་ལ་ཡར་རྒྱས་མེད་ཅེས་པ་ལྟར། ང་ཚོ་ལ་ཡར་ཐོན་ཅན་གྱི་ནུབ་ཕྱོགས་ཨ་རི་དང་རྒྱ་གར་བཞིན་ཁ་གཏད་ཚོགས་པ་མེད།
དཔྱད་བརྗོད་པ་རེ་ཟུང་གིས་སྒྲིག་འཛུགས་ཀྱི་ཞེན་ཆ་གླེང་ན། དེ་ལ་བརྟེན་ནས་སྒྲིག་འཛུགས་ཡར་རྒྱས་སུ་འགྲོ་རྒྱུར་ཕན། ཚུལ་དེ་ལ་མགོ་ནས་འདུག་མཁན་ཚོས་སྐྱེད་ཡངས་ཤིག་བྱས་ན་ཚང་མའི་རྩ་དོན་ལས་
འདས་མེད་མོད། སྒེར་གཅོད་འདི་འདྲ་ལ་བཟོད་སྒོམ་བྱེད་ས་ཇི་ལྟར་འགྲོ།
འགྱུར་མེད་བསྟན་འཛིན།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། ནར་ནར་ལྕེ་ལ་བདག་པོ་མ་བརྒྱབ་ན།།
ལ་རིལ་རིལ་མགོ་ལ་འོ་བརྒྱལ་ཞུ་ཡོང་།།
བསྐུར་འོས་སྤྱི་འཐུས་སྨོག་རུ་བསྟན་ལགས་ཁྱེད་རང་བོད་མི་མང་སྤྱི་འཐུས་ཆགས་ཚར་ནས་བཟུང་སྔར་གྱི་ཀུན་སྤྱོད་བཟོ་བཅོས་རྒྱག་རྒྱུ་གལ་ཆེ།
ཁྱོད་རང་བོད་མི་མང་སྤྱི་འཐུས་ཞིག་ཡིན་པའི་ཆ་ནས་ག་དུས་ཀྱང་ལམ་ཁ་དཀྱོག་དཀྱོག་ཞིག་ལ་མ་ཕེབས་ན་བཟང་རེ་བ་ཡིན།
ཚ་ཤོད་ཤེས་རབ།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། ཚང་མས་ཚད་འདི་འདྲ་ཞིག་ལ་སླེབས་དུས། ད་གང་འདྲ་བྱས་ནས་ཐག་གཅོད་བྱས་ན་དགའ་ཚུལ་ཐད་གྲོས་མགོ་འདོན་རོགས། ཁུངས་མེད་ཀྱིས་མི་སྒེར་ལ་ཟུར་ཟ་
དང་སྨྲ་འབེབས་བྱས་ནས་ནང་ཁུལ་རྩོད་གླེང་བྱས་ན་དགྲ་དགའ་གཉེན་སྡུག་ཅིག་ལས་ཅི་ཡོད། བོད་མི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་ཆིག་སྒྲིལ་བྱ་རྒྱུ་དེ་ཁ་ནས་མ་ཎི་བཞིན་སྐྱོར་བཞིན་པ་དེ་དོན་དངོས་ཤིག་ཡིན་ན། ད་ཟུར་ནས་བལྟས་ཏེ་འདུག་ཚོད་མིན་པས་གང་མགྱོགས་ཞི་འཇམ་ཡོང་རྒྱུར་བརྩོན་རོགས།
གཡང་སྐྱིད།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། གནད་དོན་ཁ་ཤས་འདུག
༡༽ ཉིན་གླའི་ལས་བྱེད་ལ། གཞུང་ཞབས་པའི་སྒྲིག་གཞིས་ཇི་ལྟར་ཁྱབ་མིན་ཁུངས་སྐྱེལ་དགོས་འདུག
༢༽ གཞུང་གི་ཕོགས་སྤྲོད་ཀྱི་ཡོད་ཚེ། གཞུང་ཞབས་ཀྱི་སྒྲིག་གཞི་འཁྱེར་དགོས་ན། གཞུང་གིས་ཕོགས་སྤྲོད་པའི་སྤྱི་འཐུས་རྒྱུན་ལས་པ་ཚོས་ག་རེ་བཤད་བཤད་དང་། ག་རེ་བྲིས་བྲིས་ཡིན་པ་འདི་ཅི་རེད། ད་དུང་། གཞུང་གིས་ཕོགས་སྤྲོད་པའི་ཆབ་སྲིད་བཙོན་ཟུར་དེ་ཚོས་ག་རེ་བྲིས་བྲིས་དེ་ཇི་ལྟར་བྱུང་བ་རེད།
རྡོ་རྗེ་ཚེ་རིང་།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། གང་ལྟར་ངའི་རྣམ་རྟོག་མིན་ན། བོད་ནང་ཚེ་སྲོག་མཆོད་མེ་མི་རིགས་ཀྱི་བདེ་དོན་ཆེད་ལེགས་སྐྱེལ་ཕུལ་བ་སོགས་སེམས་ཤུགས་ཀྱིས་རབ་ཏུ་ཕྱུག་པའི་དེ་རིང་། ཏག་ཏག་ཤར་ཁུག་གི་ཁ་ཕོར་ཤོར་བ་དང་། ཆབ་བྲག་གིས་གསལ་འདོན་བྱས་པ། ཆབ་མདོར་འབར་གས་དོན་རྐྱེན་སོགས་གནས་ཚུལ་བྱུང་རིམ་ལ་དཔྱད་ན་ཏན་ཏན་ཆབ་སྲིད་དར་ཐག་ཤིག་ས་འོག་བརྒྱུད་གངས་ཅན་སྐྱིད་གཤོང་ནས་སུད་སི་དང་། སུད་སི་ནས་ཆབ་མདོ། ཆབ་མདོ་ནས་པེ་ཅིང་བར་མཐུད་འདུག་པར་བསམ། དངོས་གནས་མིན་པར་ཤོག་
རྡོ་རྗེ་ཚེ་རིང་།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། དེ་རིང་ངའི་རྣམ་རྟོག་མིན་ན།
རྡོ་རྗེ་ཚེ་རིང་།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། དེའི་ནང་བཀའ་ཁྲིའི་ལ་བསྙོན་འཛུགས་བྱེད་དགོས་པའི་དྭོགས་པ་གང་ཡང་མིན་འདུག
སྒྲིག་གཞི་དང་འགལ་ན་སྟོབས་ཆེན་ཨ་རི་དང་རྒྱ་ནག་ལྟ་བུའི་བྱས་པ་ཅན་གྱི་མི་དེ་ཚོར་ཡང་སྲོག་གི་ཉེས་པ་གཅོད་ཀྱི་ཡོད་པ་རེད། ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་གསུངས་བ་ནང་བཞིན་རེད། གཞུང་ཕོགས་བཟའ་གིན་ཡོད་ན་སྒྲིག་གཞི་གཅིག་མཚུངས་རེད། ལྟོ་ནང་གཏད་གྲོད་པ་ཕྱི་གཏད་ཟེར་བ་དེ་འདྲ་བྱས་པ་ཡིན་ན་ཉིན་མ་གཅིག་ལ་ཐར་ཡང་ཉིན་མ་གཅིག་ལ་རང་མགོ་བརྡུང་གཏན་འཁེལ་བ་རེད། སྤྱི་འཐུས་ཞེ་གསུམ་ཆ་ཚང་བས་རྒྱབ་སྐྱོར་ཡོད་པའི་བཀའ་ཤག་སྐབས་བཅོ་ལྔ་པ་དེའི་ལས་འགོ་མ་བཙུགས་གོང་ནས་སྐྱོན་བརྗོད་བྱས་པ་དེ་དངོས་ཡོད་དང་གང་ནས་མཐུན། དཔྱད་གཏམ་ཞིག་སྤེལ་བར་མ་མཐར་ཡང་བཀའ་བློན་རེ་རེའི་ཡག་ཉེས་ཅི་བྱུང་གི་གྲུབ་འབྲས་རེ་ཤེས་དགོས་པ་རེད། དེ་མིན་ཁྱོད་ཀྱིས་བསམ་བཞིན་མི་ལ་བསྙོན་འཛུགས་འདྲ་པོ་དེ་རང་མགོ་བརྡུང་པ་རེད། དེའི་སྒང་ལ་ཆབ་བྲག་པ་ལ་ལས་འགན་ཅི་ཡོད་ཆ་མ་འཚལ་ཡང་། ཆུང་ཆུང་ཆེན་པོར་བཟོ་བའི་ལས་གཞི་འདི་རིགས་སྤེལ་ན་ད་བར་མི་རིགས་ཀྱི་རྩ་དོན་ཆེད་དང་ལྷག་བསམ་ཡོད་མཁན་ཟེར་བ་སོགས་ཁྱེད་ཀྱི་མིང་གྲགས་ཡོད་ཚད་ཐལ་བར་བརླག་པ་དང་གཅིག་མཚུངས་རེད།
རྒྱང་ལྟ།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། ད་ལྟ་གནས་ཚུལ་འདི་རྡོར་གླིང་སློབ་གྲྭའི་འཁྲུངས་སྐར་གྱི་གསར་འགྱུར་འོག་གི་མཆན་དང་། བོད་ཀྱི་དུས་བབ་ཟིན་བྲིས་སུ་སེང་གེ་བློ་བཟང་དང་བྱིའུ་ཁུག་རྟ་ཞེས་པའི་རྩོམ་ཡིག་གི་མཆན། དེ་མཚུངས་ཁ་བརྡ་དྲ་བའི་ཐོག་བློ་བཟང་དང་བྱིའུ་ཁུག་རྟ་ཞེས་པའི་རྩོམ་ཡིག་གི་མཆན། ཁ་བརྡ་དྲ་བའི་དཔལ་ལྡན་བཀའ་བློན་ཁྲི་པ་འབུམ་རམས་པ་སྐུ་ཞབས་བློ་བཟང་སེང་གེ་མཆོག་གི་དྲུང་དུ་ཞེས་པའི་ཁུག་རྟའི་སྙན་ཞུ་དང་། དོ་བདག་གི་བོད་མི་ཚོར་སྤྲིངས་པའི་སེམས་འཕྲིན་ ཞེས་པའི་རྩོམ་ཡིག་གི་མཆན། དེ་བཞིན་ཁ་བརྡ་དྲ་བའི་སྟེང་གི་འགྲོ་བ་མི་ཞིག་བྱེད་པའི་ཆ་རྐྱེན་ལ་ང་ཚོ་ཚང་མ་འགན་ཡོད་ཅེས་པའི་རྩོམ་ཡིག་ཁྲོད་ན་ ཕལ་ཆེས་བས་སྨྲ་བརྗོད་རང་དབང་སྐོར་ལ་སྐད་ཆ་ཤོད་བཞིན་འདུག་པ་
མ་ཟད། ད་ཆ་གནས་ཚུལ་འདི་བོད་ནང་གི་དྲ་ལམ་ཁག་ཅིག་དང་། ཕ་ཡུལ་དྲ་ཐོག་ནས་ཕྱི་ཕྱོགས་ལའང་ཁྱབ་བཞིན་འདུག
འདི་མུར་ཕྱིན་ཚེ་ནང་ཁུལ་ཆིག་སྒྲིལ་ལ་གནོད་རྒྱུ་མ་ཟད། སྨྲ་བརྗོད་རང་དབང་ལ་དག་འདོན་བྱེད་བཞིན་པའི་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་ཀྱང་བློ་ ཕམ་རྒྱུ་རེད། ང་ཚོ་ཚང་མ་རྒྱུ་མཚན་གྱི་མདུན་ནས་བཞེངས་ཏེ་གནས་ཚུལ་འདི་ཞི་འཇམ་
ཡོང་རྒྱུར་འབད་པ་ལས། ཕྱོགས་ལྷུང་གི་སྐད་ཆ་སུས་བཤད་ན་རང་ཕོངས་དང་བོད་ཕོངས་ཀྱི་རྒྱུ་རྐྱེན་ཉག་གཅིག་ཏུ་ཆགས་རྒྱུ་ལས་ཕན་འབྲས་གང་ཡང་མེད། ད་ལྟ་གང་མགྱོགས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྤྱི་ཟུར་ལྷ་མོ་སྐྱབས་ཀྱི་དྲི་བར་ལན་འདེབས་ཀྱིས་གནས་ཚུལ་འདི་མཐའ་བརྒལ་མི་འཇུག་པར་རེ་སྨོན་ཞུ།
རྨོག་རུ་བསྟན་པ།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། དྲ་གྲོགས་རྣམ་པར་ཞུ་རྒྱུར།
ཤར་ཕྱོགས་ཁུག་རྟའམ་བློ་བཟང་ཆོས་འབྱོར་གྱིས་རྩོམ་འབྲི་གནང་བའི་༼སེང་གེ་བཀའ་ཤག་གི་མདུན་ལམ་༽ཐད་ལ་གླེང་སློང་མང་པོ་གནང་སོང་བ་དང་། ཚོར་བ་མ་འདྲ་བ་སྣ་ཚོགས་ཀྱི་སྒོ་ནས་བསམ་ཚུལ་མ་འདྲ་བ་སྣ་ཚོགས་ཤིག་བྱུང་སོང་བས་དེ་ཡང་མང་གཙོ་ཚད་ལྡན་གྱི་ལེགས་བྱང་བཟང་པོའི་ཁྱད་ཆོས་ཤིག་རེད།
དྲ་གྲོགས་རྣམས་ཀྱི་ཚོར་བ་དང་། བསམ་ཚུལ། ལམ་སྟོན། གསལ་འདེབས་སོགས་སྒོ་སྣ་ཚོགས་ནས་དྲ་ལམ་ཁག་ཏུ་འུར་ཟིང་ཆེན་པོ་གནང་སོང་བས། འུར་སྒྲའི་རླུང་ཡན་འདི་ཡང་དོན་མེད་ཀྱི་རླུང་སྒྲ་ཞིག་མ་ཡིན་པར་དཔལ་ལྡན་བཀའ་བློན་ཁྲི་པ་དང་། རྩོམ་པ་པོ་བློ་བཟང་ཆོས་འབྱོར་སོགས་ཚང་མར་བློ་བསྐྱེད་དང་། ཐུགས་སྣང་གནང་དགོས་པས་ལམ་སྟོན་དང་། སྐུལ་ལྕག་མང་པོ་ཞིག་ཐེབས་ཡོད་པར་ཡིད་ཆེས་བྱེད་ཆོག་པ་ཞིག་རེད།
དྲ་གྲོགས་བསམ་ཤེས་རེ་ཟུང་གིས་གསལ་བཤད་དང་རེ་སྐུལ་གནང་དོན་བཞིན་མུ་མཐུད་འདིའི་སྐོར་ལ་ནང་ཁུལ་རྩོད་རེས་དང་། རྒྱག་རེས་བྱས་ན་ཕན་གནོད་གཉིས་ལས་གནོད་ཚབས་ཆེ་སྲིད་པས་ཚང་མས་དགོངས་བཞེས་གནང་སྟེ་༼སེང་གེ་བཀའ་ཤག་གི་མདུན་ལམ་༽དང་འབྲེལ་བའི་མཆན་འགོད་རིགས་ཀྱང་མཚམས་འཇོག་གནང་ན་དགེ་མཚན་ཆེ་བས་རེ་སྐུལ་ཞུ་རྒྱུ་ཡིན།
ཤར་ཕྱོགས་ཁུག་རྟའམ་བློ་བཟང་ཆོས་འབྱོར་ལགས་ཀྱང་བཀའ་ཤག་གི་ལས་མཚམས་འཇོག་ཏུ་བཅུག་པར་མི་མང་གིས་ངོས་འཛིན་ཐད་ནས་ཁོང་ལ་ཞན་ཆ་ཞིག་མཐོང་སྲིད་ཀྱང་། དོན་གྱི་མཁས་དབང་བཀའ་ཁྲི་ཟུར་བ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཁོང་ལ་ཆེ་བརྗོད་འདི་ལྟར་གནང་འདུག
ཚེ་དང་ལྡན་པ་བློ་བཟང་ཆོས་འབྱོར་ཕྱི་ལོ་༢༠༠༧ ཟླ་༧་ཚེས་༢་ནས་ཕྱི་ལོ་༢༠༠༩་ཟླ་༣་ཚེས་༢༩་བར་བཀའ་ཤག་ལོ་རྒྱུས་འབྲི་རྩོམ་ཚན་པའི་ནང་ཡིག་ཚགས་དང་། བྱུང་རབས་རྒྱུ་ཆ་བསྡུ་རུབ། ཉམས་ཞིབ་བཅས་ཀྱི་ལས་འཁུར་གནང་བ་དང་། སླར་ཡང་ཕྱི་ལོ་༢༠༡༠ ཟླ་༡༠ ཚེས་༡༩་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཁྱོག་བཤད་ལན་འདེབས་དགོས་རིགས་ལ་ལན་འདེབས་བྱེད་པོའི་ཚོགས་ཆུང་དུ་ལས་ཁུར་གནང་བཞིན་པ་བཅས་ཀྱི་ལས་རྒྱུན་རིང་ལྷག་བསམ་དང་བརྩོན་འགྲུས། རྣམ་དཔྱོད་ཕུན་སུམ་ཚོགས་པའི་སྒོ་ནས་སྐབས་བབ་ལས་དོན་སོ་སོའི་ཐོག་ཞིབ་ནན་སྦྱོར་དངོས་རྗེས་གཙང་གནང་སོང་བས། བློ་གཟུ་བོར་གནས་ཤིང་རྣམ་འབྱེད་ཀྱི་ཤེས་རབ་བཀྲ་ལ། དོན་གཉེར་དང་ལྡན་པའི་སྒོ་ནས་གཞུང་དོན་འབད་སྒྲུབ་གནང་བར་ཡི་རངས་བསྔགས་བརྗོད་དང་། འབྱུང་འགྱུར་ཡང་བསྟན་སྲིད་མི་རིགས་ཀྱི་ཞབས་འདེབས་རླབས་ཆེན་སྒྲུབ་ཐུབ་པའི་སྨོན་འདུན་བཅས།
བཀའ་བློན་ཁྲི་པ་ཟམ་གདོང་བློ་བཟང་བསྟན་འཛིན་གྱིས་༢༠༡༡ ཕྱི་ཟླ་༨་ཚེས་༥་ལ།
འདི་ནས་གསལ་འདེབས་ཞུ་རྒྱུར།
བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་བཀའ་བློན་ཁྲི་བའི་ཕྱག་འགན་གནང་བཞིན་པ་དང་། ཤར་ཕྱོགས་ཁུག་རྟ་ལགས་ཀྱང་དཔལ་ལྡན་སྐུ་སྒེར་ཡིག་ཚང་གིས་གཟིགས་གསོལ་དང་། དཔལ་ལྡན་མཁས་དབང་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་འདི་ལྟར་ཆེ་བསྟོད་གནང་ཡུལ་གྱི་མི་སྣ་ཞིག་ཡིན་པས་ཆ་ནས་ཁྱོད་ཕམ་ང་རྒྱལ་གྱི་རྩོད་པ་དེ་མེད་པར། བོད་སྤྱི་བའི་དོན་དུ་རང་རང་གིས་ནུས་སྟོབས་གང་འདྲ་འདོན་རྒྱུ་ཡོད་མེད་ནི་ང་ཚོ་ཚང་མས་ཨ་མས་བུ་ལ་ཚད་མཇལ་ས་ཡིན་པས། བུ་རྒོད་དག རེ་སྒུག་དང་འཁྲེང་ཞེན་གྱིས་ཁྲོད་ན་མིག་ཟུང་ཅེར་བའི་གཞིས་བྱེས་བོད་མི་ཚོས་ཆེད་དུ་སྔར་ལྷག་གིས་ནུས་ཤུགས་རྩལ་སྤྲུགས་ཡོང་བའི་འབོད་སྐུལ་ཡོད་ལ། དྲ་གྲོགས་ཚང་མས་ཁ་དགྲ་ལ་གཏད་དེ་རྣོ་ངར་ཚིག་གི་མཚོན་ཁ་བསྡུར་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
རིག་པའི་རལ་གྲི
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། མང་གཙོ་སྤྱད་མ་ཤེས་ན། སྤྱི་མཐུས་ཤིག་གི་འགྲོ་གྲོན་གྱིས་གངས་ཅན་སྐྱིད་ཤོང་ནས་གཡོས་པའི་ས་འགུལ་དེས་བོད་ཕྱི་ནང་གཉིས་ལ་ཡིད་ཕམས་སྐྱེ་དགོས་ཤིག་བྱས་པ་དེ། ད་ལྟའི་ཤར་ཕྱོགས་ཁུག་རྟའི་གནས་ཚུལ་དེས་གསལ་འདེབས་ལེགས་པོ་ཤིག་བྱས་སོང་། གལ་སྲིད་བཀའ་ཤག་གིས་གང་ཅན་སྐྱིད་ཤོང་གི་ཕྱག་དར་བ་ཞིག་ཕྱིར་འབུད་གཏོང་བ་ལ་ཡང་རྒྱུ་མཚན་གནས་ལུགས་བཤད་པའི་དུས་ཚོད་དང་། དེའི་གནས་ཚུལ་དེ་དག་དྲྭ་ལམ་གསར་འགྱུར་བརྒྱུད་ལམ་ཁག་ལ་འགོད་དགོས་ཀྱི་ཡོད་ན། བོད་ཀྱི་བདེ་མཐའ་གསལ་བའི་ལས་ཀ་གང་ཡང་ལས་མི་ཐུབ།
ཤར་ཕྱོགས་ཁུག་རྟས་རང་རེའི་བོད་ཀྱི་དབུ་ཁྲིད་དོན་དུ། མང་པོའི་བཀུར་བའི་རྒྱལ་པོ་ལྟ་བུར་གྱུར་བའི་བློ་སེང་ལ་མི་མང་གི་ལྟ་ཚུལ་ངན་པ་ཞིག་ཡོང་རེའི་ཐོག་ནས་། གནས་ཚུལ་ཆུང་ཚག་འདི་བརྒྱུད་ལམ་འདིར་བཀོད་པས། ཁ་ཕོ་རུས་ཟེར་བ་དེ་མིང་ཙམ་ཡང་མི་བྲོ་བའི་ཐོག མགོ་རྣ་བ་ཟེར་བ་གཞི་ཡང་མ་གྲུབ་པ་བསྟན་འདུག བོད་ཀྱི་མིས་སོ་སོའི་ཚེ་སྲོག་བོད་དོན་གྱི་ཐོག་ཏུ་གཏོང་བཞིན་པ་རེད། དེའི་རྒྱུ་མཚན་རང་རེ་ལ་མགོ་ཁྲིད་མཁན་ཡིད་ཆེས་འཕེལ་བ་ཞིག་ཡོད་བསམ་ནས་སེམས་སྤོབས་དེ་ལྟར་སྐྱེས་པ་རེད། བོད་མི་དེ་དང་དེ་འདྲ་བ་ལ་བོད་དོན་དུ་ཐེ་ཚོམ་ཙམ་ཞིག་སྐྱེ་བའི་རྒྱུ་རྐྱེན་དུ་གྱུར་ན། བོད་ཀྱི་མི་རིགས་ཉམས་ཆུང་འདི་ལ་རུང་ངམ བོད་ལ་ཡོད་པས་ཚེ་སྲོག་ལ་འཕོང་བ་མེད། །བྱེས་སུ་ཡོད་པས་ཟླ་གླ་ཡང་བློས་མི་ཐོང་། །རང་མ་དགའ་ན་བོད་དོན་ལ་དོ་སྣང་མེད། །ཤར་ཕྱོགས་རྒྱ་གླ་ཁུག་རྟ་མིང་དོན་མཚུངས།
གངས་སྤྲེལ་ཚ།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། ཤར་ཕྱོགས་ཁུག་རྟ་མི་གང་ཞིག་ཡིན་ཀྱང་རང་གཞུང་ལ་གུས་བཀུར་དང་བཀའ་ཁྲི་ལ་གོང་བཀུར་བྱེད་དགོས་པ་འཇིག་རྟེན་མི་ལུགས་ཞིག་རེད། དོ་བདག་རང་གི་འདོད་མོས་ཡོད་མེད་གང་ལྟར་ཀྱང་མང་མོས་ཐོབས་ཚར་རྗེས་སྤྱི་ཁྱབ་ཀྱི་དཔོན་པོ་ཟེར་ན་གོང་ས་མཆོག་གི་སྐུ་ཚབ་ཟེར་ན་བོད་མའི་དབུ་ཁྲིད་ཟེར་ན་གང་ལྟར་བོད་ཁ་བ་ཅན་གྱི་དཔོན་པོ་རེད། མང་གཙོ་དང་སྨྲ་བརྗོད་རང་དབང་ཁ་རུ་ཁྱེར་ནས་སྤྱི་ཁྲིམས་རྒྱའི་ར་བ་ལས་འདའ་རུང་བ་ཞིག་མ་རེད་སྙམ། མང་གཙོ་ཁ་འཁྱེར་གྱིས་རང་སྣང་གང་ཤར་བྱེད་ན་བལ་གཞུང་གི་ལས་དབང་དང་ཁྱད་མེད་དྲན། ཁྱད་པར་སྤྱི་ཟུར་ལྷ་མོ་སྐྱབས་དང་གསེར་རྟ་ཚུལ་ཁྲིམས་འོད་ཟེར་སོགས་ནི་རང་གཞུང་གི་གནད་ཡོད་མི་སྣ་རེ་ཡིན་ཙང་བོད་དོན་སྤྱི་ལ་བསམ་བློ་གཏོང་དགོས་པ་ལས་སྒེར་དོན་སེམས་ལ་ཉར་ནས་ཕྱོགས་འཛིན་གྱིས་ལས་འགུལ་དང་ཕྱོགས་འཛིན་གྱིས་ཡིག་ཆ་སྤེལ་རིས་བྱེད་ན་ལུགས་དང་ཨེ་མཐུན་བསམ་གཞིགས་གནང་གལ།
བོད་པ་ཚང་།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། ཐག་གཅོད་གང་འདྲ་བྱུང་མིན་ཇི་བཞིན་ཤེས་པར་ཕྱོགས་གཉིས་ཀའི་སྐད་ཆ་ཉན་དགོས་པ་དངོས་འབྲེལ་རེད། ད་ལྟ་བློ་ཆོས་ཕྱོགས་ཀྱི་སྐད་ཆ་དྲ་ཐོག་བཀོད་པ་རེད། དེར་བརྟེན་ཕྱོགས་གཅིག་གི་སྐད་ལ་ལྟོས་ནས་དྲང་བདེན་གནས་ཚུལ་སུ་ལ་ཡོད་བཤད་དཀའ། འོན་ཀྱང་དགོངས་པ་བཞེས་དགོས་པ་འགའ་འདུག གངས་སྐྱིད་ཀྱི་ལས་བྱེད་གང་འདྲ་ཞིག་ཡིན་ཡང་བསམ་ཚུལ་ཡོད་ན་ཞུ་མི་ཆོག་པའི་སྐད་ཆ་མ་རེད། ཞུ་ཆོག་དང་ཆོག འོན་ཀྱང་ཞུ་སྟངས་མཁྱེན་དགོས། གནས་དོན་ཞུ་བའི་སྐབས་སུ་ཞུ་ཡུལ་ལ་ཐད་ཀར་ཞུ་དགོས་པ་མ་གཏོགས་དྲྭ་ཐོག་སོགས་བརྒྱུད་ལམ་ཁག་ཏུ་བཀོད་ན། དེ་ནི་གནས་ཚུལ་ཞུས་པ་མིན་པར་འགྲིག་མིན་ཁྱབ་བསྒྲགས་བྱས་པ་ལྟ་བུ་རེད།
ཡང་ལན་འདེབས་ཚོགས་ཆུང་གི་རྩོམ་སྒྲིག་པ་ཡིན་པ་ཞིག་གིས་རྒྱ་ནག་ལ་དྲ་ཐོག་ནས་ལན་འདེབས་བྱེད་པ་ལྟ་བུ་བཀའ་ཤག་དང་འབྲེལ་བའི་དགོངས་ཚུལ་དྲ་ཐོག་ནས་མ་གཏོགས་འབུལ་ས་མི་རག་པ་ཨེ་ཡིན་ནམ་སྙམ།
༧གོང་ས་མཆོག་གིས་རྒྱ་གར་གྱི་ཨ་ན་ཧ་ཛ་རི་ཡི་ལས་འགུལ་ལ་རྒྱབ་སྐྱོར་གནང་བ་དང་ད་ལྟའི་གནས་ཚུལ་གཉིས་གཅིག་མཚུངས་རེད་མི་འདུག ཨ་ན་ཧ་ཛ་རི་གཞུང་གི་འཛིན་སྐྱོང་འོག་ཏུ་ཕྱག་ལས་གནང་མཁན་དེ་འདྲ་མ་རེད། དེར་བརྟེན་གཞུང་ལ་ཐད་ཀར་ཞུ་ཆོག་པ་མ་ཟད། ཕྱི་ལ་གཞུང་གི་ལངས་ཕྱོགས་ལ་སྐྱོན་བརྗོད་ཀྱི་ལས་འགུལ་སྤེལ་ཆོག་པ་ཡིན་པའི་ཁྱད་པར་མཁྱེན་དགོས།
ཡང་མཁས་པའི་མཚན་ཡོད་པ་ཞིག་གིས། སྐྱོན་དང་ཞན་ཆ་ཅི་ཞིག་ཡོད་ན་ཡང་བརྗོད་མི་ཆོག་པ་ཞིག་ཡིན་ནམ། ཞེས་དྲི་བ་བཏང་འདུག་ཀྱང་། སྐྱོན་བརྗོད་བྱེད་མི་ཆོག་པར་གསུངས་པ་མ་རེད། སྐྱོན་བརྗོད་ཞུ་ཡུལ་ལ་མ་ཞུས་པར་བརྒྱུད་ལམ་བེད་སྤྱོད་བྱས་པ་དེ་གླ་ཕོགས་ཟ་མཁན་གྱིས་སྒྲིག་གཞི་ལ་སྲུང་བརྩི་མ་ཞུས་བརྩིས་གནང་བ་རེད། ཕྱི་རྒྱལ་ཁབ་ཏུ་མང་གཙོ་ཡིན་པའི་རྒྱལ་ཁབ་ནང་ལ་མང་གཙོ་ཁར་འཁྱེར་ནས་གང་བྱུང་གནང་ས་ཨེ་ཡོད་དམ།
སྒེར་གྱི་གནས་དོན་ཆུང་ངུ་ཞིག་ལ་དྲ་ཐོག་ཏུ་འཁྱེར་ནས་ཆེན་པོ་བཟོས་པའི་དེ་ཙམ་བློ་འབབ་མ་བྱུང་།
ཨ་མའི་བུ།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། ངས་ཤར་ཕྱོགས་ཁུག་རྟ་བྲིས་པའི་༼སེང་གེའི་བཀའ་ཤག་གི་མདུན་ལམ་༽ཞེས་པའི་རྩོམ་ཡིག་འདི་ཞིབ་ཕྲ་ཀློག་ཡིན། སྐྱོན་ཐལ་གང་ཡང་མེད་པའི་རྩོམ་ཡིག་ལེགས་པོ་ཞིག་བྲིས་འདུག དེ་ལ་ཤོག་བུའི་བཀའ་ཁྲི་བློ་སེང་གིས་ཡིད་མ་རངས་པའི་བྱ་ངན་དེ་འདྲ་བྱ་དགོས་དོན་མི་འདུག་སྙམ།
བསྟན་འཇམ།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། དྲ་གྲོགས་ཤར་ཕྱོགས་ཁུག་རྟ་ལ་གདོང་སེམས་མཉམ་བསྐྱེད་ཡོད ། ཁ་གསོན་པོའི་ཁ་ནས་ལག་རོ་གཡུགས་རྐྱང་མིན་ཡ་ཤེས་ལྡན་རྣམ་དཔྱོད་བཀྲ་བ་ཞིག་ཡིན་ན་དུས་ལ་དུས་བསྟུན་གྱི་བྱ་བཞག་སྒྲུབ་ཀི་རེད ། ཤར་ཁུག་གིས་གོ་བརྡ་ཐེངས་གཅིག་གི་རང་གི་རྐུབ་སྟེགས་ཀྱང་བཅགས་སོང་། མི་རྟུལ་ཕོད་ཅིག་ཡིན་པ་གཞི་ནས་ཚང་མ་ཤེས་བཅུག སྨྱོ་རྒྱུག་ཆེན་མོ་བ ། འདི་ལྟར་སྨྱོ་རྒྱུག་བྱས་ནས་ཅི་ཕན། ཨོ་སྐྱོན་ཡོད་ནི་མ་རེད་ནོར་གླིང་ནང་གི་སྤུན་ཆེ་བ་ལ་ཞུ་བ་འཐེན་ན་བག་ལེབ་བཟོ་གྲྭ་ནང་ལ་ས་མིག་སྟོང་བ་གཅིག་འདུག
Dawai Shonu
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། ཤར་ཕྱོགས་ཁུགས་རྟས་ཞེ་དྲག་ནོར་འཕྲུལ་བྱས་པ་རེད། སོ་སོ་ལས་ཀ་བྱེད་སའི་ཚོགས་པ་དེའི་སྒྲིག་གཞི་གང་ཡང་མ་ཤེས་པ་དང་གཅིག རྟགས་དཔྱད་གང་ཡང་མ་བྱས་པར་ལམ་སེང་གཞན་ལ་ནོར་འཕྲུལ་འདུག་ཅེས་ཁྱབ་བསྒྲགས་བྱས་པ་དང་གཉིས། རང་ཉིད་ལས་ཀ་ནང་ཕྱིར་འབུད་བཏང་བ་རེད་ཅེས་ཚགས་པར་ཚོ་ལ་རྫུན་བཤད་པ་དང་གསུམ། ཁོ་པས་རང་ཉིད་ཀྱི་ནོར་འཕྲུལ་ངོས་ལེན་མ་བྱས་པར་ད་དུང་གཞུང་ལ་སྐྱོན་བཏོན་པ་དང་བཞི། ད་དུང་་་་་་
ཆབ་བྲག་ལྷ་མོ་ལགས། ཁྱེད་རང་སྙན་ངག་སུམ་རྟགས་རྐྱང་ལ་མགོ་ཐོམས་ནས་བསྡད་ནས་སྤྱི་ཚོགས་དང་ཆབ་སྲིད་ལམ་ལུགས་ཀྱི་གནས་ཚུལ་གང་ཡང་མི་ཤེས། རྒྱལ་ཁབ་གང་ཡིན་ཡང་གཞུང་ཞབས་ནང་ཁུལ་སྐྱོན་བཏོན་རེ་ཚགས་པར་ཐོག་ནས་ནམ་ཡང་མི་བྱེད། གལ་སྲིད་ལས་བྱེད་ཚང་མས་གཅིག་གི་གཅིག་ལ་ཚགས་པར། དྲ་ལམ་དང་རླུང་འཕྲིན་སོགས་རྒྱུད་ལམ་ཁག་ནས་སྐྱོན་བཏོན་རེ་བྱེད་ན་གང་འདྲ་ཡོང་ས་རེད་ཨེ། མ་ཤེས་ན་མི་ཤེས་མཁན་དེ་ལ་སྐད་ཆ་འདྲི་དང། ངོ་ཚོ་དགོས་མ་རེད།
རིག་པ་འདོན་པ།
གངས་རིའི་བུ།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། ཁོས་གཞུང་ལ་སྐྱོན་བརྗོད་མང་ཙམ་བྱས་ན་དེ་ལས་ལྷག་ཁོ་ལ་གོ་སྐབས་མང་པོ་ཐོབ་ངེས་དཔལ་ལྡན་སྐུ་སྒེར་ཡིག་ཚང་དང་བཀའ་ཁྲི་ཟུར་པ་ཟམ་གདོང་བས་གསོ་སྐྱོང་བྱས་པའི་མི་དེ་མང་གཙོ་གོ་རྟོགས་མེད་པའི་མི་ཞིག་ཡིན་པ་གསལ་སྟོན་བྱས་པ་རེད།་གཞུང་དང་སྒྲིག་འཛུགས་གང་ཞིག་ཡིན་ནའང་ཁྲིམས་དང་སྒྲིག་གཞི་རེ་རེ་ཡོད་དུས་དེའི་ཁོངས་སུ་གཏོགས་པའི་ལས་བྱེད་དང་ཚོགས་མི་ཚང་མས་གུས་བརྩི་དང་ལེན་བྱས་དགོས་ངེས།་མང་གཙོ་ཟེར་བ་དེ་་ཁྲིམས་དང་སྒྲིག་གཞིའི་གྲུབ་ཆ་དང་སྟང་འཛིན་འོག་ཡོད་པ་མཁྱེན་དགོས་རེད།་ཡ་ཡ་ད་དེ་འདྲ་ཡིན་ན་དགེ་ཆོས་ཡང་སྲིད་ཁོ་ཕལ་ཆེར་སྐུ་སྒེར་དྲུང་ཆེའི་ལས་རོགས་དང་ཡང་ན་དབུ་ལམ་ཙོགས་པའི་ཚོགས་གཙོ་ཆགས་རྒྱུ་རེ་བ་ཡོད་ས་རེད།་ཁོའི་བྱ་སྤྱོད་ལ་བརྟེན་ན་ང་ཡིན་ཟེར་མཁན་ཞིག་ཡོད་པ་འདྲ་པོ་འདུག་དེ་ཡོད་ཆོད་གན་ཡང་བསྐྱར་མ་བསྐོས་ན་ཧང་སང་དགོས་དོན་ཡོད་མ་རེད་རང་ཉིད་འཇོན་ཐང་དང་ལྷག་བསམ་དེ་འདྲ་ཡོད་ན་སྤྱི་ཚོགས་ནང་གོ་སྐབས་མང་པོ་ཡོད་རེད།བློ་ཕམ་མ་བྱེད་ལོ།་སྙིང་རྗེ།
ཤེས་རབ།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། བཀུར་འོས་བོད་ཀྱི་དུས་བབ་གསར་འགོད་པ་བརྒྱུད་ཐུབ་བསྟན་བསམ་འཕེལ་ལགས་སུ་དྲི་བ་ཞུ་རྒྱུ།
༡ གཞུང་ཕོག་ཐོབ་ཚད་ཀྱིས་བླང་དོར་སྒྲིག་གཞི་སྲུང་དགོས་པ་དེ་ཁྱེད་ཀྱིས་གྱ་ཚོམ་གྱིས་བཤད་པ་ཡིན་ནམ། བླང་དོར་སྒྲིག་གཞིར་གསལ་ནས་འདིར་དྲངས་པ་ཡིན་ནམ། གང་དུ་གསལ་འདུག་དམ། ཤོག་ངོས་ག་ཚོད་དང་དོན་ཚན་ཡང་ན་ནང་གསེས་ག་ཚོད་རེད། དེ་གསལ་བོ་གསུངས་རོགས།
༢ གཞུང་ཞབས་བྱེ་བྲག་པར་སྐྱོན་བརྗོད་བྱས་ཏེ་མི་མང་ལ་སྐུལ་སློང་བྱས་མི་ཆོག་ཅེས་པར་དཔག་ན། ཁོང་གི་དཔྱད་གཏམ་དེ་མི་མང་ལ་སྐུལ་སློང་བྱེད་སྤྱད་ཅིག་ཡིན་པར་ངོས་འཛིན་གནང་བ་རེད། སྐུལ་སློང་ཡིན་པའི་རྒྱུ་མཚན་ཅི་ཞིག་ཡོད་དམ།
༣ རྩོམ་ཡིག་ཏུ་གཞུང་ཞབས་སུ་ལ་སྐྱོན་བརྗོད་བྱས་འདུག་གམ། དེ་ཚོ་གང་མགྱོགས་གསལ་བོ་མ་བཟོས་ཚེ། ཁྱེད་དང་ལག་འབྲེལ་བའི་ཕྱི་དྲིལ་བཀའ་བློན། དེའི་མགོ་ཡི་ཤོག་བུའི་སེང་གེ་བཅས་ལ་ལྟ་ཚུལ་འགྱུར་བ་མི་གཏོང་ཐབས་མེད་རེད་ལགས།
ཤར་ཕྱོགས་ཁུག་རྟ།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། མཁྱེན་ལྡན་རྣམས་ཕེབས་ནས་དགོངས་ཚུལ་གསུངས་བ་དང་དཔྱད་པ་བྱས་པ་ཚང་མ་བདེན་པ་ཟེར་བ་འདིའི་ཆེད་དུ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།
བཀུར་འོས་སྤྱི་ཟུར་མཆོག་གསེར་རྟ་བའི་དྲི་བ་དེ། ཐེངས ༣ དེ་ནི་ཕྱི་ཚེས ༢༤ བར་རེད། དེ་ནས་ཁ་སང་གི་གསར་འགོད་པ་མ་སླེབས་པར་ཚང་མ་སྡོམ་ན་ཐེངས ༡༤་ཆགས་འདུག གཞན་ཡང་། གནས་ཚང་ཞེས་མི་རེ་ཤོས་ལ་བསྟོད་རྐྱང་བྱེད་མཁན་དེས། དབྱེན་དཀྲུག་གིས་དཔལ་ལྡན་ཚོགས་གཙོ་ཞེས་ཤིན་ཏུ་མ་འོས་པའི་སྐྱག་རྫུན་ཆེན་པོ་བཤད་ཀྱི་འདུག
དཔལ་ལྡན་ཚོགས་གཙོ་གྲོས་ཚོགས་ལམ་ལུགས་ཅན་གྱི་རང་རེའི་གཞུང་གི་དབུ་ཁྲིད་རེད། ཁོང་དྲང་པོ་མ་བྱུང་བའི་གནས་ཚུལ་འདི་ཞུ་ལོས་དགོས་ཀྱང་། སྐབས་དེ་ནས་ད་བར་ཕྱི་རྒྱལ་དུ་ཕེབས་ནས་ཕྲན་རང་ངོ་མཇལ་ཙམ་ཡང་མ་བྱུང་། དངོས་དོན་དེ་རེད་ལགས།
རིན་འཕེལ།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། དྲ་གྲོགས་རྣམ་པ་ལགས། བསམ་བློ་རྒྱ་ཆེ་སར་གནང་རོགས། དོན་དག་མེད་ས་ནས་དོན་དག་ཆེན་པོ་མ་བཟོ། གང་ལྟར་་་་་་་་་་་་སྐབས་བཅོ་ལྔ་བའི་བཀའ་ཤག་གིས་ཤེས་འཇོན་གྱི་འདང་མིན་ལ་མ་ལྟོས་པར་ང་ཚོ་བཙན་བྱོལ་བོད་མིས་དབུ་འཁྲིད་དགོས་པ་རེད། ང་ཚོས་ཕྱོགས་གང་ཐད་ནས་བཀའ་ཤག་ལ་ལམ་སྟོན་དང་རྒྱབ་སྐྱོར་གནང་དགོས་པ་ལས་རྒྱུན་དུ་སྐྱོན་བརྗོད་དང་རང་དོན་རྐྱང་རྐྱང་བཤད་བསྡད་ན་རང་བཞིན་གྱི་ཁོང་ཚོས་ཆོད་སེམས་དང་དམིགས་བསལ་ལས་དོན་ཐད་ལ་གནོད་ཤུགས་སྤྲད་མི་སྲིད་པ་མ་རེད། སྐབས་དེར་གྱོང་གུད་ཕོག་ས་བོད་མི་རིགས་དང་ཁེ་ཕན་ཐོབ་ས་རྒྱ་གཞུང་རེད། སྤྱིར་ན་རང་དབང་ལུང་བའི་ནང་མི་སོ་སོའི་རང་དབང་ལ་ཚོད་འཛིན་བྱེད་མཁན་མེད་ནའང་མི་དང་མཐུན་ན་མཁས་པ་ཡིན། བཟའ་ཚོད་ཟིན་ན་སྨན་པ་ཡིན་པའི་དཔེ་ལྟར། ང་རང་ཚོས་སྣང་བ་གང་དྲན་བྱེད་མི་ཉན། དེང་སང་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཅིག་གཟིགས་དང་ང་ཚོས་འདི་ནས་བོད་གཞུང་ལ་སྐྱོན་བརྗོད་བྱས་ནས་འདི་ཚོད་ཞིག་ཡིན་ནམ། ལྷག་པར་དུ་བཙན་བྱོལ་སྤྱི་ཚོགས་ཙམ་མ་ཡིན་པ་བོད་ནང་ནས་ཀྱང་ཆེ་མཐོང་ཡོད་པའི་རྒན་ཆབ་བྲག་ལྷ་མོ་་ལགས་་་་་་་ད་ལོ་ནས་བཟུང་ཉིད་ཀྱིས་བོད་སྤྱི་ལ་ཕན་པའི་ལམ་སྟོན་བཀའ་སློབ་མི་གནང་བར་དོན་མེད་རྙོག་གཏམ་འདྲ་མིན་གསུང་གི་འདུག་པས་ངོ་མ་བློ་ཕམ་ཆེན་པོ་ཡོད། བསམ་མི་ཤེས་པའི་ང་ཚོས་རིགས་ལ་ཅི་བཤད།
ཨ་ཕོ་མཐུ་ཆེན།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། ངས་༼སེང་གེའི་བཀའ་ཤག་གི་མདུན་ལམ༽ཞེས་པ་དེ་ཡང་བསྐྱར་ཞིག་བསྔོགས་ནས་ཞིབ་ཏུ་བཀླགས་པ་ཡིན། ཤར་ཁུག་ལགས་ནས་གནད་ཏུ་ཕིགས་པའི་དཔྱད་གཏམ་ཞིག་སྤེལ་འདུག འོན་ཀྱང་འབྲི་སྟངས་ཀྱི་ཐོག་ནས་གུས་ཞབས་ཀྱི་རྣམ་པ་ཐོན་མི་འདུག སྐད་ཆ་བཤད་པ་ལ་ཡང་ཤོད་སྟངས་ཡོད་རེད། ཕྲན་རང་ཉིད་ཀྱང་ཁོང་བཀའ་ཁྲིར་གདམ་རྒྱུར་མོས་མཐུན་མེད་པའི་གྲས་ཡིན། ད་ཆ་འདོད་ཀྱང་རུང་། མི་འདོད་ཀྱང་རུང་། མི་མང་གིས་མང་མོས་ཀྱིས་བདམས་པ་ཡིན་་པས་གུས་ཚུལ་སྟོན་དགོས། རྟོགས་པ་ལྷ་དང་མཉམ་ཡང་ཀུན་སྤྱོད་མི་དང་བསྟུན། ཟེར་བ་མ་ཡིན་ནམ། ཁྱེད་ཉིད་ཀྱིས་ཡར་ཞུ་་མར་བཅར་ཐེངས་མང་གནང་སྟངས་དང་དགོངས་སེལ་ཞུས་སྟངས་ལ་བལྟས་ན་ལས་གནས་དེ་བློས་བཏང་ཐུབ་ཀྱི་མེད་པ་འདྲ། ཁྱེད་རང་ལས་མཚམས་བཞག་བཅུག་པ་དེ་དྲང་པོ་མ་རེད། ད་གྱོད་པ་སྐྱེས་ནས་དགོངས་དག ཐུགས་བདེན་ཞུ་གིན་བསྡད་པ་ལས་ཁྲིམས་ལ་གཏུགས་ན་མི་ལེགས་སམ།
གནས་ཚང་།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། ད་ལྟ་རྩོད་པ་གནང་དགོས་ཡ་མི་འདུག ཤར་ཕྱོགས་ཁུག་རྟའམ་བློ་བཟང་ཆོས་འབྱོར་ལགས་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་བརྒྱུད་ནས་དབུ་མའི་ལམ་ལས་འགུལ་ཁང་དུ་བཀོད་སྒྲིག་གནང་འདུག སྐུ་ངོ་མོག་བསྟན་གྱི་ཐད་ཀའི་དབུ་ཁྲིད་འོག་རྒྱ་ནག་གཞུང་གི་རྐུབ་མུ་མཐུད་དུ་བརྟོལ་བའི་གོ་སྐབས་བླ་ན་མེད་པ་ཐོབ་འདུག ད་དུང་ཟམ་གདོང་རིན་པོ་ཆེ་ཡིས་ཀྱང་སྐུ་སྒེར་དུ་ཕྱག་ལས་གནང་བཞིན་པས། སྔར་བཞིན་རྒྱབ་བསྐྱོར་གནང་ཤག་རེད། ད་ཡིན་ནའི། ཤར་ཕྱོགས་ཁུག་རྟས་ད་དུང་ཏཱ་ལའི་བླ་མ་མཆོག་མི་བཟོ་གི་ཡིན་ལས་པ་ཡིན་ན། དེ་ནས་ཀྱང་འགྲོ་དགོས་ཐུག་སྲིད་པས། སྤྱི་ཟུར་ཆབ་བྲག་གིས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོའི་སྐུ་ཚབ་ལ་བསྐོ་རྒྱུ་ལས་ལྷག་མེད་པས། དེ་ལུགས་ཀྱང་ཐུགས་ལ་འཇགས་རོགས།
བཟོད་པ་ལྷ་རྩེ།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། ཚང་མ་ཀློག་པ་ཡིན་བསམ་ཚུལ་གང་ཡང་མེད། དེ་ལས་གཤམ་གསལ་དྲྭ་ཐག་རྒྱུད་ཟིན་བྲིས་འདིའི་ནང་ཕེབས་དང་སྒྲུང་གཏམ་སྙན་མོ་ཞིག་འདུག
http://www.tibettimes.net/blogs.php?id=101&post_id=17770
གསེར་རྟ་ཚུལ་ཁྲིམས་འོད་ཟེར།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། རྩོམ་པོ་པོ་ཤར་ཕྱོགས་ཁུག་སྟ་འམ་བློ་བཟང་ཆོས་འབྱོར་མཆོག་གིས། “ཕྲན་ནས་བཀའ་ཁྲིའི་སྒེར་དྲུང་བརྒྱུད་ཐེངས་གསུམ་ལ་བཀའ་ཁྲི་མཆོག་ལ་གསལ་བཤད་ཞུ་རྒྱུའི་གོ་སྐབས་ཞུས་ཀྱང་། ‘ཞུ་ན་ཞུ་ས་ཡོད་པའི་བཀའ་ཤག་ཡིན་’’ཟེར་མཁན་གྱི་ཁྲི་པ་མཆོག་གིས་ཕྲན་ལ་ཡ་ལན་ཚུལ་མཐུན་ཞིག་ཀྱང་མ་གནང་བའི་ཁར། ཚོགས་གཙོ་མཆོག་ལའང་བཀའ་དྲུང་བརྒྱུད་ནས་ཐག་གཅོད་བྱས་ཟིན་དེ་ལ་འགྱུར་བ་མེད་ཚུལ་བསྐྱར་དུ་ངག་ཐོག་ནས་གསུངས་འདུག ”ཅེས་དང་། དེའི་རྗེས་དེར། “ཡང་བཀའ་བློན་ཁྲི་པ་མཆོག་གི་སྒེར་དྲུང་ཡོད་སར་སྔ་ཕྱིར་ཐེངས་ ༡༤ ལ་བཅར་ཏེ་རང་ངོས་ནས་དགོངས་སེལ་དང་གསལ་བཤད་ཞུ་རྒྱུའི་རེ་སྐུལ་ཞུས་ཀྱང་གོ་སྐབས་སྤྲད་མ་བྱུང་།” ཞེས་གསུངས་པའི་གྲངས་ཀ་ཐེངས་༣དང་༡༤གང་ཡིན་འགྲེལ་བཤད་གནང་རོགས་ཞུ། གང་ལྟར་ཁྱེད་རང་གིས་ཐེངས་མང་བཀའ་ཁྲི་མཆོག་ལ་དགོངས་སེལ་སོགས་ཞུ་རྒྱུར་བརྩོན་པ་ནི་ཁྱེད་ཀྱིས་དཔལ་ལྡན་རང་གཞུང་དང་། ལྷག་ཏུ་བཀའ་ཁྲི་མཆོག་ལ་ཆེ་མཐོང་ཕུལ་བ་ཞིག་ཀྱང་ཡིན་ངེས་པས་བཀའ་དྲིན་ཆེ་ཞུ་བཞིན་ཡོད། འོན་ཀྱང་དེ་ལས་འཕྲོས་ནས་ཕྲན་ལ་བློ་སྐྱེད་ཅིག་བྱུང་བ་ནི། ཁྱེད་རང་འབངས་མི་ཞིག་རང་ཉིད་ཀྱི་དཔོན་པོ་ལ་དགོངས་སེལ་ཙམ་ཞུ་བར་ཐེངས་མང་དེ་ཙམ་ལ་བཅར་ཀྱང་། མཇལ་ས་ཞུ་ས་དེ་ཙམ་ལས་མ་རེག་ན། བོད་རྒྱ་ཞི་བའི་གྲོས་མོལ་ཆེད་ང་ཚོའི་སྐུ་ཚབ་རྣམས་ཀྱིས་གྲོས་མོལ་ལམ་ནས་རྒྱ་ནག་གི་དཔོན་རིགས་ས་ནས་འབྲས་བཟང་ཞིག་དུས་ནམ་ཡང་། ཞེས་པ་དེ་ཡིན།
ཡང་ལན་འདེབས་ཚོགས་ཆུང་གི་ཚོགས་གཙོ་མཆོག་གི་བཀའ་ལན་འདི་ལ་ནང་འགལ་བྱུང་འདུག ཁོང་གིས་ “ གནད་དོན་དེ་ནི་ལས་བྱེད་བླང་དོར་སྒྲིག་གཞི་ལེའུ་གསུམ་པའི་དོན་ཚན་བརྒྱད་པའི་ལས་བྱེད་ཀྱི་ཀུན་སྤྱོད་བླང་དོར་དོན་ཚན་ལས། གཞུང་ཞབས་བྱེ་བྲག་པར་སྐྱོན་བརྗོད་བྱས་ཏེ་མི་མང་སྐུལ་སློང་བྱེད་མི་ཆོག་ཞེས་པར་འགལ་ཡོད་པ་རེད། འོན་ཀྱང་། བློ་བཟང་ཆོས་འབྱོར་ལགས་ལས་གནས་ནས་ཕྱིར་འཕུད་བཏང་བའི་སྐད་ཆ་མ་ཡིན་པར། ཉིན་གླའི་ལས་གནས་དེར་མུ་མཐུད་བསྐོ་བཞག་གནང་ཡོད་པ་མ་རེད།” ཅེས་ཕྱིར་ཕུད་བཏང་མེད་ཚུལ་དང་། སྒྲིག་གཞི་དང་འགལ་བའི་སྟོབས་ཀྱིས་ཉིན་གླའི་ལས་གནས་སུ་མུ་མཐུད་མ་བཞག་ཚུལ་གསུངས་པ་གཉིས་ནང་འགལ་རེད། དཔེར་ན། སྒྲིག་གཞི་དང་འགལ་བའི་སྟོབས་ཀྱིས་ཉིན་གླའི་ལས་གནས་སུ་བསྡད་མི་ཆོག་ཅེས་བཀའ་རྒྱ་འབྱོར་བ་དང་། ད་དུང་ལན་མང་འབད་ཀྱང་དགོངས་སེལ་ཙམ་ཡང་ཞུ་ས་མ་རེག་པར། དཔལ་ལྡན་བཀའ་ཁྲི་རང་གི་ཞལ་ནས་ཕར་རྒྱུགས། གཞུང་གི་སྒྲིག་འཛུགས་ཀྱི་ལས་དོན་ཚང་མ་ང་རང་གིས་ཐག་གཅོད་བྱེད་ཀྱི་རེད་གསུངས་པ་དེས་བློ་བཟང་ཆོས་འབྱོར་ལས་གནས་ནས་ཕྱིར་འབུད་བཏང་བ་མིན་ན། དེ་ལས་གཞན་དུ་དུག་སྦྲང་གི་སྨན་ལ་མེ་བསྒྲོན་ཏེ། ཁུག་རྟ་ལས་གནས་ནས་ཁང་བའི་ཕྱི་ལ་ཕྱིར་འབུད་བྱེད་སྟངས་ཤིག་ག་ལ་ཡོད།
ཡང་ཚོགས་གཙོ་མཆོག་གིས “ངས་གོང་དུ་ཞུས་པ་ནང་བཞིན་ཉིན་གླ་དེ་རྫོགས་ཚར་པ་རེད། བསྐྱར་དུ་ཉིན་གླའི་ལས་བྱེད་བསྐོ་བཞག་མ་གནང་པ་རེད།” ཅེས་སོགས་སྦྱང་པོའི་གསུང་སྟངས་ཡིན་ངེས་ཀྱང་། ལས་གནས་ལ་དཔག་པའི་མི་ཆེན་གྱི་བརྗོད་སྟངས་ལས་རིང་དུ་བརྒལ་བའི་ཡ་མཚན་རེད།
ཡང་རྩོམ་པ་པོ་བློ་བཟང་ཆོས་འབྱོར་ལགས་ཀྱིས་”ང་ལ་ཐར་ལམ་གཞན་གང་ཡང་མ་རག་སྟབས། སོ་སོའི་རྩོམ་ཡིག་དེ་ཁྲིམས་དང་བླང་དོར་སྒྲིག་གཞིའི་རྒྱ་ལས་བརྒལ་མེད་པ་དང་། བོད་སྤྱི་བའི་རྩ་དོན་ལ་གནོད་གཞི་ཏིལ་འབྲུ་ཙམ་ཡང་མེད་པ་ར་སྤྲོད་བྱ་ཆེད་རྩོམ་ཡིག་ཧྲིལ་བོ་དབྱིན་ཡིག་ཐོག་བསྒྱུར་ཏེ། བཀའ་བློན་ཁྲི་པ་མཆོག་ལ་འབུལ་དུ་བཅར་སྐབས། ” ཞེས་བོད་ཡིག་ལས་དབྱིན་ཡིག་གིས་དཔལ་ལྡན་བཀའ་ཁྲི་མཆོག་ལ་གསོལ་མཆོད་ཕུལ་ན་ད་གཟོད་དངོས་གྲུབ་ཐོབ་རེའི་རེ་བ་དེ་ནི། བོད་རེ་བས་ཕོངས་ཟེར་བ་དེ་རེད། འོན་ཀྱང་དཔལ་ལྡན་བཀའ་ཁྲི་མཆོག་གི་ཐུགས་དགྱེས་ཐབས་སུ་ཉིད་ཀྱིས་མ་ལན་མ་འགྱོད་པ་ཞིག་གནང་བ་ལོས་ཡིན། དེས་ཀྱང་འགྲིག་འདུག
“ཕྱི་ཚེས་ ༢༦ ཉིན་སྒེར་དྲུང་བརྒྱུད་ བཀའ་བློན་ཁྲི་པ་མཆོག་ཀྱང་དེ་གར་ཕེབས་བཞིན་པ་དང་དངོས་སུ་མཇལ་བྱུང་། སྐབས་དེར་རྩོམ་ཡིག་དབྱིན་སྒྱུར་མ་དེ་ཁོང་ལ་ཕུལ་བ་དང་མཉམ་དུ་ངག་ཐོག་ནས་ཀྱང་གསལ་བཤད་ཞུས་པ་ཡིན། འོན་ཀྱང་། ཁོང་གིས་ངའི་སྐད་ཆར་གསན་འཇོག་མ་གནང་བ་མ་ཟད། ཕར་རྒྱུགས། གཞུང་གི་སྒྲིག་འཛུགས་ཀྱི་ལས་དོན་ཚང་མ་ང་རང་གིས་ཐག་གཅོད་བྱེད་ཀྱི་རེད་གསུངས་བྱུང” ཞེས་པ་འདིས་ང་ལ་དྲན་གསོ་ཞིག་བསླངས་པ་ནི། དུས་རབས་སྔ་མའི་ནང་འུ་ཚོའི་སྐུ་ཚབ་ཚོགས་པ་ཁག་རྒྱ་ནག་ཏུ་ཕེབས་སྐབས་རྒྱ་དཔོན་ཚོས་བཀའ་བཀྱོན་དང་། མཐོང་ཆུང་བྱས་རབས་དེ་ཚོ་རེད།
གང་ལྟར་ཐེངས་འདིར་ལྷག་བསམ་ཤེས་འཇོན་ཅན་གྱི་ན་གཞོན་རྩོམ་པ་པོ་ཞིག་གི་དགོངས་སེལ་ཙམ་ཡང་འགྲོ་ས་མེད་པར་ཕྱིར་འབུད་བྱས་བྱུང་བ་འདི་གཞུང་གསར་བའི་ཅུས་ཉེས་ཚབས་ཆེ་ཤོས་ཀྱི་ནང་ལ་སླེབས་ཡོད་པས། མི་རབས་གསར་རྙིང་གི་རྒྱལ་ཕམ་སོགས་བརྩད་དེ། དེང་གི་བཀའ་ཁྲི་མཆོག་ལ་རྒྱབ་སྐྱོར་བྱེད་མཁན་རིགས་ཀྱིས་ཀྱང་འབྲེལ་ཡོད་ལ་བསླབ་བྱ་རྒྱག་རྒྱུ་དང་། མ་འོངས་པར་ཕྱོགས་ཡོངས་རྫོགས་ཀྱི་གནས་ཚུལ་ཆ་ཚང་མ་ཤེས་ན་བཤད་སྔ་བྱས་པས་རང་རེར་ཕན་ལས་གནོད་ཚབས་ཆེ་བར་འགྱུར་བའི་བློ་སྐྱེད་ལེན་ཚོད་ཡིན།།
དྲང་གཟུ་
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། སེང་གེའི་བཀའ་ཤག་གི་མདུན་ལམ༽
རྩོམ་ཡིག་དེའི་ཁ་བྱང་ཞིག་ བཀོད་རོགས་གནང་ དྲ་གྲོགས་ཚོས་
གནད་དོན་འདི་སྣང་མེད་མ་བཞག་གིན་ དོ་བདག་ནས་ཁ་པ་ཨངགྲངས་ཤིག་བཀོད་ཐུབ་ན་སེམས་།
དྲང་གཟུ་
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། བོད་ཕྱི་ནང་གཉིས་ཀྱི་སེམས་ཐག་གཅིག་སྒྲིག་གྱི་ནུས་པ་འདོན་ཐུབ་པའི་ཀུན་གླེང་གཙོ་སྐྱོང་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་བའི་མཚམས་འདྲི་བཀྲིས་བདེ་ལེགས་ཞུ་བ་དང་
ཆབས་ཅིག་ དགོངས་འཆར་ཞིག་ཞུས་ཆོག་པར་ དེང་སོང་ཆེས་ངོ་མཚར་རླབས་ཆེ་བའི་བོད་ནང་རྒྱ་གཅེས་དཔའ་བོ་སོགས་ཀྱིས་བོད་བསྟན་སྲིད་མི་རིགས་ཆགས་འཇིག་ཛ་དྲག་སོ་མཚམས་གྱར་སྐབས་དེའི་ཆེད་དུ་སྐུ་ལུས་མཆོད་མེ་སྒྲོན་གནང་བའི་ཛ་དྲག་བོད་ཕྱི་ནང་གཉིས་ཀྱི་ངར་ཤུགས་རྒྱ་མཚོའི་རྦ་རླབས་དྲག་ཏུ་འཕྱུར་བཞིན་པའི་སྐབས་ལ་ དེའི་ཐད་ལ་བགྲོ་གླེང་གནང་ཐུབ་ན་དགེ་མཚན་ཤིན་ཏུ་ཆེ་བ་མངོན་བས་སྣང་མེད་སུ་མ་བཞག་པར་ཐུགས་དགོངས་ལེགས་པ་དཔྱད་གཞིགས་གནང་སྐྱོང་ཡོང་བ་ཞུ་། དེ་བཞིན་ཛམ་གླིང་ཡུལ་གྲུབ་ཀུན་ཏུ་ཞི་བའི་ངོ་རྒོལ་སྐད་འབོད་གྱི་གློག་བརྙན་ལྟོད་ཐུབ་ན་མི་རིགས་ཀྱི་སྙིང་སྟོབས་ལ་ནུས་པ་ཤིན་ཏུ་ཆེ་བ་མངོན་།
དེ་མིན་གནདོན་གཞན་ཐོག་ལ་དེང་སྐབས་བགློ་གླེང་གནང་ན་ གནས་ཚུལ་ཚར་ཐོག་གི་ངར་ཤུགས་ལ་སྐྱོན་ཆ་ཤོར་བའི་ཆ་རྐྱེན་འགྱུར་མི་སྲིད་པ་མིན་པའི་འཚོ་སྣང་དོགས་གཞི་མཐོང་བས་ ཐལ་ཤལ་བས་ནོར་འཁྲུག་གཟིགས་ན་དགོངས་སེལ་ཞུ་། ལམ་སྟོན་བཀའ་སློབ་གནང་སྐྱོང་ཡོང་བ་ཞུ་། ཡུ་རོ་སྦེ་ཇམ་ནས་ཏྲེ་ཆོས་ཀྱིས་།
yontne
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། ཆབ་བྲག་ལགས། ཁྱེད་རང་གིས་དྲ་བའི་ན྄ང་བསྟན་པ་བསམ་འཕེལ་ལགས་སུ་བཏོན་པའི་དྲི་བ་དེར་སུས་ཀྱང་བདག་པོ་རྒྱག་གི་མ་རེད། དེ་བས་དེ་རང་དེ་འདྲའི་ཤེས་འདོད་ཆེན་པོ་ཡོད་ན་ཐད་ཀར་བཀའ་ཤག་ལ་ཁ པར་རམ་ཡིག་ཐོག་ནས་དྲིས་ན་དགེ་མཚན་ཆེ་བ་ཡོང་ངེས་ཡིན། དེ་མིན་འདིར་ཨག་སྐད་རྒྱག་གིན་སྡད་ན་ཕན་འབྲས་གང་ཡང་ཡོང་གི་མེད་པ་རེད།
ཤེས་རབ།
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། ཨ་རོ་མྱི་ལགས། སྤྱིར་འབྲེལ་མེད་དོན་གཞན་བཤད་ན་ཡག་པོ་མ་རེད། ངས་གནད་དོན་འདི་དང་འབྲེལ་ནས་ཤར་ཕྱོགས་ཁུག་རྟར་ལྟོས་པ་ཡིན། ཞིབ་ཚགས་པོས་ལྟ་གྱིན་ཡོད། མིག་ཟེར་བ་འདིས་ལྟ་མ་ཤེས་ན་ཁྱེད་ནང་བཞིན་དབྱེན་དཀྲུག་གི་སྐད་ཆ་བཤད་ཀྱི་རེད། ཁྱེད་བློ་སེང་གི་ཨབ་ཕྲུག་ཅིག་ཡིན་རྒྱུ་རེད། གོ་ཐོས་སུ་ཁོང་ལ་ཨབ་ཕྲུག་རེ་འགས་བཙན་བྱོལ་བའི་བོད་སྐད་ཡིག་རྩོམ་རིག་གི་དོན་དག་ཀྱང་ཞུ་བཞིན་འདུག་ཟེར། ཁོང་གིས་ཅི་ལྟར་མངགས་པ་དེ་ལྟར་བྱེད་རྒྱུ་ལས་སོ་སོས་མིག་དེ་བེད་སྤྱོད་བྱས་ན་ཡག་ནི་རེད། ཁྱེད་བློ་ཁོག་ཡོད་ན་ངེད་གཉིས་གདོང་པ་ཐུག་ནས་ཁོང་གི་སྐོར་བརྡར་ཤ་བཅད་ཆོག ཁོང་དང་ཐུག་ནས་གསལ་བོ་བཟོས་ཆོག་གི་རེད། དེ་མིན་མི་གཤིས་ཤོར་གྱི་རེད།
མྱི་
༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། ཤར་ཕྱོགས་ཡིན་ན་་ཁུག་རྟ་ཡིན་ན་འདེ་ར་སྣོག་རྒྱུ་མང་གི དང་པོ་ཁོ་དགེ་ཆོས་ཀྱི་སྤྲུལ་སྐུ་ཡིན་ན་ཅིག་ཡིན་ཟེར་ནས་ས་ལྡིང་གནམ་ལྡིང་བྱེད་གི
དེ་ནས་ཁོས་རྒྱལ་བ་རིན་པོ་ཆེ་མྱི་ཡིན་ན་ཅིག་བཟོ་དགོ་ནི་ཟེར་ནས་ཨ་མའི་བུ་ཟེར་བའི་དུས་དེབ་ཅིག་བཏོན་ནས་རྒྱལ་བ་རིན་པོ་ཆེ་ལ་སྐྱོན་རྒྱོབས་ཟེར་ན་སྐུལ་མ་བྱེད་གི
དེའི་རྗེས་ལ་རྒྱ་ནག་གི་རྐུབ་སྟོན་གི་ཡིན་ཟེར་ནས་མང་པོ་ཞིག་བྲིས་སཽང་།
ད་ལྟ་བཀའ་ཤག་ལ་སྐྱོན་བརྗོད་བྱེད་གི་འདུག
མི་མདོ་མེད་པ་ཞིག་མ་རེད་དམ།
མྱི་
༢༠༡༡/༡༠/༢༨ ཉིན་འདོན་སྤེལ་བྱས། གཞན་ཅང་མ་རེད། ཀ་ཅ་ཡིན་པའི་སྐྱོན་རེད། མང་གཙོའི་སྒྲིག་སྲོལ་མ་ཤེས་པའི་སྐྱོན་རེད། རང་དབང་གི་བྲོ་བ་མྱང་མ་མྱོང་བའི་སྐྱོན་རེད། ཚོགས་སྡེ་ནང་ལས་དཀའ་བྱེད་མྱོང་བའི་སྐྱོན་རེད། རང་དབང་ཡིན་ན་གང་བྱུང་མང་བྱུང་བཤད་ཆོག་འདོད་པའི་སྐྱོན་རེད།
བསྟན་པ།
༢༠༡༡/༡༠/༢༨ ཉིན་འདོན་སྤེལ་བྱས། སེང་གེ་བཀའ་ཤག་གི་མི་མང་ལ་མགོ་བསྐོར་མ་གཏོགས་ཕར་ཆེར་བོད་ཀྱི་རྩ་དོན་ལ་ཕན་པའི་བསམ་བློ་ཞིག་རྩ་བ་ཉིད་ནས་སྔོན་ཡིན་ན་ཡང་འཆར་མ་མྱོང་ད་ཕྱིན་ཆད་ཡིན་ན་ཡང་འཆར་མི་སྲིད་པ་ཞིག་རེད། སྨྲ་བརྗོད་རང་དབང་འདིའི་སྒོ་ཡང་འགོག་སྲིད། ད་ཤེས་ཡོན་པ་དང་ཆབ་སྲིད་པ་ཚོས་སེང་གེའི་བཀའ་ཤག་ཕྱོགས་ལ་ཞིབ་རྟོགས་ནན་མོ་བྱེད་དགོས་པའི་དུས་ལ་བབ་འདུག
རྒན་སྤྱི་ཟུར་ལྷ་མོ་སྐྱབས་ལགས། ངས་དངོས་གནས་མི་ཤེས་སུ་དཀར་དང་སུ་གནག དོན་དུ། སྤྱི་མཐུས་ཤིག་གི་འགྲོ་གྲོན་ཆེད་དུ་རྩོད་རྙོག་དེས་བོད་ཕྱི་ནང་གཉིས་ཀྱིས་བོད་ཀྱི་སྤྱི་མཐུས་ལྷན་ཚོགས་ལ་བཞག་པའི་ཡིད་ཆེས་བརླག་པ་དེ་ཆུང་ངུ་ཞིག་མིན། ཕར་ཕྱོགས་ཀྱིས་གནས་ཚུལ་དེ་བེད་སྤྱོད་བྱས་ནས་ངོ་ཚ་དགོས་པ་མང་པོ་བྱས་སོང་བ་དེ་ཁྱེད་ཀྱི་དྲན་ལམ་དུ་མ་ཤར་བ་གང་ཡིན་ནམ། ཁྱེད་ཀྱིས་ཁྱེད་རང་མ་ཟད་བོད་ཀྱི་རྩོམ་པ་པོ་འཐུས་ཚོགས་ཟེར་བ་དེ་ལ་རིན་ཐང་མེད་པ་ཞིག་ཕྱོགས་ཞེན་སྒེར་ནད་ཀྱི་རྣམ་འགྱུར་དེས་བཟོས་ཡོད་པ་མཁྱེན་པར་མཛོད། བཀའ་ཤག་དེ་བོད་ཀྱི་བཀའ་ཤག་རེད། བོད་ཕྱི་ནང་གཉིས་ཀྱི་རེ་བ་ཆེ་ཤོས་བཅོལ་ས་དེ་རེད། མཁྱེན་ཀྱི་ཡོད་པས། བོད་ཕྱི་ནང་གཉིས་ཀྱིས་དོན་དུ་བཀའ་ཤག་ལ་འཇོན་ཐང་ཆེ་ཆུང་ལ་མ་ལྟོས་པ་ཡིད་ཆེས་གཏན་ཁེལ་ཞིག་ཡོད་ན་བོད་དོན་དུ་ཕན་ནམ། ཤར་ཕྱོགས་ཁུག་རྟ་ཞེས་པའི་སྒེར་བ་ཞིག་དཀར་པོ་བཟོ་རེ་དེ་བོད་དོན་ལ་གནད་འགགས་ཆེ། ད་མི་ཞུ། ངས་སྔོན་གྱི་མཆན་དེ་སླར་ཡང་འདིར་གཅིག་བཀོད་འདོད་བྱུང་། གང་ཡིན་ཟེར་ན་རང་རེའི་ཤེས་ཡོན་ཡོད་པའི་ཁུལ་བྱེད་མཁན་དང་། ལ་རྒྱ་ཡོད་པའི་ཁུལ་བྱེད་མཁན་དང་། བོད་དོན་དུ་འབད་པའི་ཁུལ་བྱེད་། མི་རྣམས་དང་སློབ་ཕྲུག་མི་ཉུང་བ་ཞིག་ཀྱང་ཆ་འཇོག་ཡོད་སའི་སྤྱི་ཟུར་ཞིག་གིས། སོ་སོས་ཁུལ་བྱེད་པ་ནང་བཞིན་ཡོད་མེད་གསལ་རྗེན་དུ་དེང་སང་གི་རྩོམ་འཆན་འདི་རྣམས་ཀྱིས་བཤད་ཀྱི་འདུག་ལ། མི་རྣམས་ཀྱིས་ཡིད་ཆེས་དང་བརྩི་བཀུར་བྱེད་སར་རུང་མིན་ཡིན་གསལ་བཤད་བྱས་འདུག