ལོ་ལོན་བསམ་ཤེས།
འདིར་མང་པོ་ཞིག་འབྲི་འདོད་མེད། འབྲི་དགོས་དོན་ཡང་མི་འདུག ཡིན་ན་ཡང་ཚིག་ཉུང་ལ་དོན་བསྡུས་པ་ཞིག་བཤད་ན། བློ་བཟང་སེང་གེ་དང་ཤར་ཕྱོགས་ཁུག་རྟའི་གནད་དོན་དེ་ཨ་མདོ་བ་ཚོས་གཅིག་རྒྱབ་གཅིག་ལངས་བྱས་ནས་དོན་ངོ་མ་ལ་རྫུན་མས་རྒྱས་འདེབས་པ་དང་། དོན་ཆུང་ཆུང་ནས་ཤིན་ཏུ་ཆེན་པོ་ཞིག་བཟོ་བཞིན་འདུག་ཟེར་བ་འདི་ཙམ་ཡིན། ཆབ་བྲག་ལྷ་མ ོ་སྐྱབས་དང་དགེ་འདུན་རབ་གསལ་སོགས་རིག་པ་གྲུང་ལ་ཤེས་ཡོན་ལྡན་པ། ཉམས་མྱོང་ཆེ་ལ་འཇོན་ཐང་ཡོད་མཁན་སྐོར་ཞིག་གིས་ཀྱང་ཁུག་རྟའི་ཕྱོགས་བཟུང་ནས་སེང་གེའི་ཐོག་ལ་ཤོར་གང་ཐུབ་བྱེད་པ་དེ་ནམ་ཡིན་རུང་ཨ་མདོ་བ་ཚོའི་རང་གཤིས་འགྱུར་རྒྱུ་མེད་པ་ཞིག་རེད། འདི་ལ་ཕྱོགས་ཞེན་ཟེར། འདི་ལ་དཀྲུགས་ཤིང་ཟེར། འདི་ལ་འཁོན་འཛིང་ཟེར། ཡིན་ན་ཡ ང་དོན་ངོ་མའི་ཐོག་ནས་དེ་འདྲ་རེད་དམ་ཟེར་ན་དེ་འདྲ་མ་རེད། དགེ་འདུན་ཆོས་འཕེལ་གྱི་སྤྲུལ་སྐུ་ཡིན་ཟེར་མྱོང་བའི་ཤར་ཕྱོགས་ཁུག་རྟ་ལ་བོད་གཞུང་ལན་འདེབས་ཚོགས་ཆུང་གི་ཉིན་གླའི་ངོ་བོར་གནས་པའི་དུས་ཡུན་རྫོགས་པ་རེད། དུས་ཡུན་རྫོགས་རྗེས་བསྐྱར་དུ་བསྐོ་བཞག་མ་བྱས་པ་རེད། བསྐྱར་དུ་བསྐོ་བཞག་མ་བྱས་པའི་རྒྱུ་རྐྱེན་དེ་རྩོམ་ཡིག་ཅིག་ལ་ཐུ ག་ཡོད་སྲིད། དེ་ནི་སྲིད་པ་ཞིག་ལས་མི་སྲིད་པ་ཞིག་མ་རེད། ཡིན་ན་ཡང་བསྐྱར་དུ་བསྐོ་བཞག་མ་བྱས་པ་དེ་ཕུད་པ་རེད་བའི་ཚིག་འདི་སྦྱར་ན་འགྲིག་གི་རེད་དམ། དེ་འགྲིག་གི་མ་རེད། ཕུད་པ་རེད་ཟེར་བའི་ཚིག་འདི་བཀོལ་ན་སུ་ལ་གནོད་དམ། སེང་གེ་དང་སེང་གེ་བཀའ་ཤག་གི་བ་སྤུའི་ཁུངས་བུ་གཅིག་ལ་གནོད་ཀྱི་མ་རེད། གནོད་ངོ་མ་དེ་ཁུག་རྟ་རང་ཉིད་ཀྱ ི་མདུན་ལམ་ལ་གནོད་ཀྱི་རེད། བཅའ་ཁྲིམས་རིན་པོ་ཆེ་ལས་ཀྱང་ལས་བྱེད་ཀྱི་ཆ་རྐྱེན་གྱི་སྐབས་སུ། ༼ གཞུང་དང་སྒྲིག་འཛུགས་གང་རུང་ནས་ཕྱིར་ཕུད་བྱེད་མྱོང་བ་མ་ཡིན་པ།༽ ཞེས་གསལ་ཡོད་པས་བསྐྱར་དུ་བསྐོ་བཞག་མ་བྱས་པ་ལ་ཕུད་པ་ཟེར་བའི་ཐ་སྙད་བཙན་པོ་བྱས་ཏེ་སྦྱར་བ་འདིས། མ་འོངས་པར་ཁུག་རྟ་རང་ཉིད་ལ་གཞུང་ཞབས་ལས་བྱེད་ཆེ་ཕྲ་གང་གི་རྐུབ་སྟེག ས་ལ་འདུག་རྒྱུའི་ཐོབ་ཐང་མེད་པར་བྱས་འདུག་པས། རང་གི་མདུན་ལམ་རང་གིས་བརླག་པ་ཡིན་སྟབས་དོན་ངོ་མ་བཤད་ན་ཁུག་རྟ་རང་གིས་རང་ཉིད་བསད་པ་དང་། ཨ་མདོ་བ་ཚོས་དཔུང་བསྒྲིགས་ནས་ཡར་ལངས་རྒྱུ་མེད་པའི་གསོད་རོགས་ཡག་པོ་ཞིག་བྱས་པ་ཙམ་རེད། བོད་ནས་ནང་མི་སྤུན་མཆེད་སོགས་ཀྱིས་ཐོས་ན་ཡང་བོད་གཞུང་གིས་ཕུད་སོང་ཟེར་བ་འདི་ལ་ཁུག་རྟ་རང་ཉིད་ལ་བལྟ་ཕ ྱོགས་སྡུག་ཅག་ཅིག་ཡོང་རྒྱུ་ལས། བོད་གཞུང་ལ་བལྟ་ཕྱོགས་སྡུག་ཅག་ཅིག་ཡོང་བའི་རྒྱུར་འགྲོ་རྒྱུ་ཁག་པོ་རེད། ཁུག་རྟ་ལ་ད་རེས་རྩོམ་འདི་མ་ཡིན་པར་དུས་རྒྱུན་གངས་སྐྱིད་ན་གླེང་ཕྱོགས་སྣ་ཚོགས་ཡོད་ཀྱང་འདིར་འཁོན་འཛིན་གི་རྒྱུ་ལས་མེད་པས་དེ་ཙམ་བྱ། ད་དུང་རྩོམ་དེ་སེང་གེས་བལྟ་རྒྱུའི་ཆེད་དུ་དབྱིན་བསྒྱུར་བྱས་ནས་ཁྱེར་བ་ཡིན་ཟེར་བ་དེས་ར ང་གཞུང་གི་བཀའ་ཁྲི་ལ་ཁྱད་གསོད་ཀྱི་རྣམ་པ་ཧ་ཅང་གསལ་བོར་མངོན་འདུག མ་གཞི་ཨ་རིའི་སྲིད་འཛིན་ལ་ཨ་རིའི་རྒྱལ་ཡོངས་ཀྱི་དམག་སྤྱིའི་ཐོབ་ཐང་ལེན་པའི་དབང་ཚད་ཡོད་ན། བཀའ་བློན་ཁྲི་པ་ཞིག་ལ་ལས་བྱེད་དཀྱུས་མ་ཞིག་གནས་དབྱུང་གཏོང་རྒྱུའི་ཐོབ་ཐང་ལོས་ཡོད། ཨ་མདོ་བ་ཚོ། བདེན་པ་ལ་མི་བལྟ་བར་དཔུང་བསྒྲིགས་རྒྱུ་དེ་བཞག་ན་མི་དགའ་འམ། མ ི་རྒན་ལོ་ལོན་ཉམས་མྱོང་ཅན་ཞིག་གི་སེམས་གཏམ་ཡིན།
ལོ་ལོན་ཧོན་ལོག་དང་བྱིས་པ་དབང་ལོག་ཟེར་པ་འདི་འདྲ་ལ་ཟེར་གྱིན་ཡོད་པ་རེད། ལོ་ལོན་གྱིས་བསམ་ཤེས་ཁ་ལ་ཁྱེར་ནས་བསླབ་བྱ་བྱེད་ཁུལ་ཡང་ཚིག་འགྲོས་ཀྱིས་ཆོལ་ཁ་གང་ཡིན་དམར་རྗེན་བསྟན་འདུག་པས་ལོ་ལོན་བསམ་ཤེས་ཁྱོད་ཀྱང་རྒྱ་ཕྱོགས་ནས་མངགས་པ་མིན་ན་ཨ་མདོ་བསམ་མེད་ཅིག་ཡིན་ཐག་ཆོད་རེད། སྤྱིར་མྱི་སྐད་བཤད་སར་རྟུག་སར་མ་བྱས་ན་ཡག་གི་རེད། ཡིན་ནའང་ལོ་ལོན་ཧོན་ལོག་ལ་བསྐང་བྱ་ཅི་ཡང་མེད།
རང་གིས་རང་ཉིད་བསད་པ་ཞེས་པའི་རྩོམ་ཐུང་འདི་ཡག་པོ་ཞེག་དྲགས་བྲིས་བྱ།ཡག་པོ་འདུག་མུ་མཐུད་ནསa་ཕྲིས།འོན་ཀྱང་ཨ་མདོ་བ་མ་ཟེར།དེ་ཡག་པོ་མ་རེད།ཨ་མདོ་བ་འདི་ཚོ་ཞེས་པས་ཤར་ཁུག་སོགས་ཀྱི་ལས་འགུལ་ལས་ཀྱང་སྡུག་ཏུ་འགྲོ་འདུག་པས་རྗེས་སུ་དེ་ལྟར་མ་གསུངས་རོགས།
སྤྱིར་རབ་གསལ་དང་ལྷ་མོ་སྐྱབས་སོགས་རྩོམ་པ་པོ་ཡིན་ཟེར་བ་འདི་ཚོས་ཁུག་རྟའི་རྒྱབ་ལངས་བྱས་ཁུལ་གྱིས་བཀའ་ཤག་གསར་བར་སྐྱོན་འདོགས་སྣ་ཚོགས་བྱས་དང་བྱེད་བཞིན་པ་འདི་ཡག་པོ་མ་རེད།ལས་ཀ་མཚམས་འཇོག་གི་དབང་ཚད་བཀའ་ཤག་ལ་ཡོད་དམ་མེད་ཅེས་ན་ཡོད་པ་རེད་ཟེར་རྒྱུ་ཡིན་ཤག་རེད།ཡོད་ན་ནི་ལས་ཀ་མ་སྤྲད་པ་ལ་གནས་དབྱུང་བཏང་བ་རེད་ཟེར་ནས་མི་བཤད་དགུ་བཤད་བྱེད་དགོས་པ་གང་ཡིན་ནམ།དེ་ལ་རྒྱུ་མཚན་ཡོད་དམ་ཅེ་ན།ཡོད་དེ་ཤར་ཁུག་ལག་ཆར་སྤྱད་ནས་གཞན་ཞིག་བསྒྲུབ་དགོས་ཀྱི་ཡོད་ཟེར་ངེས་རེད།བྱས་ཙང་ཤར་ཁུག་གསོད་མཁན་ནི་བཀའ་ཤག་མ་རེད།ཤར་ཁུག་གི་རྒྱབ་ལངས་བྱེད་ཁུལ་གྱི་མི་འདི་ཚོ་རེད།ཁོང་ཚོའི་དམིགས་ཡུལ་ཞིག་བསྒྲུབ་རྒྱུའི་སྔོན་འགྲོ་ཙམ་རེད།དཔེར་ན།བོད་ཡིག་ཡག་པོ་ཤེས་མིན་སོགས་བཤད་ཀྱི་ཡོད་པ་འདི་རེད།འདིས་ནི་བོད་ཡིག་གི་ས་མིག་མང་བོ་ཤར་ཁུག་ལྟ་བུར་སྤྲད་དགོས་ཀྱི་ཡོད་ཟེར་བ་རེད།གལ་ཏེ་དེ་ལྟ་མིན་ན།བཀའ་ཁྲི་བློན་རྣམས་བོད་ཡིག་ཡག་པོ་ཡོད་པས་བོད་ཀྱི་སྐད་ཡིག་ཡར་རྒྱུད་འཛིན་ཐད་ཕན་པའི་ངེས་པ་མེད་ལ།དེ་ཙམ་ཡག་པོ་མེད་ཀྱང་མི་ཕན་པའི་ངེས་པའང་མེད།གཙོ་བོ་བཀའ་ཁྲིའི་ཞབས་འོག་པ་རྣམས་ཀྱི་རང་ངོས་ནས་ཤུགས་རྒྱགས་དགོས་པ་རེད།བཀའ་ཤག་སྐབས་སྔོན་མར་བོད་ཀྱི་སྐད་ཡིག་ཙམ་མ་ཟད།གཞུང་ལུགས་རབ་འབྱམས་ལ་མཁྱེན་རབ་ཀྱི་རྩལ་རྫོགས་ཤིང།ལེགས་སྦྱར་དང་དབྱིན་ཡིག་སོགས་ནང་བྱན་ཆུབ་པའི་མཁས་དབང་ཟམ་གདོང་རིན་པོ་ཆེ་ལོ་ངོ་བཅུར་བཞུགས་པ་རེད།སྐབས་དེར་ཁོང་གི་ཞལ་མཆུ་སྐམ་རེག་པར་དུ་བོད་ཀྱི་སྐད་ཡིག་ལ་ཤུགས་རྒྱགས་དགོས་སྐོར་གསུངས་པ་རེད་དེ།འོག་གཤམ་ནས་གྲག་མེད་འགུལ་མེད་དུ་ལུས་པ་ལྟ་བུ་རེད།དེས་ན་དོན་དངོས་ཤར་ཁུག་སོགས་ཀྱིས་བཀའ་ཁྲི་ལ་སྐྱོན་འཛུགས་བྱས་དང་བྱེད་པའི་དམིགས་ཡུལ་ངོས་ཟིན་དགོས་པ་རེད།
རེད། རེད། ཤེས་རབ་ཀྱིས་གསུང་བ་དེའང་བདེན་པ་འདྲ་ཞིག་རེད།
ཁ་སང་དེ་རིང་ཕ་མའི་བསླབ་བྱ་རང་གི་བུ་ཕྲུག་ལ་མི་འགྲོ་བའི་སྐབས་ཡིན་པས། ལོ་གཞོན་ཤ་དར་ཁྲག་ཚང་མས་མི་ལོ་ལོན་གི་སྐད་ཆ་ལ་དེ་ཙམ་མཉམ་འཇོག་བྱེད་དཀའ་མོ་རེད། གཙོ་བོ་དེ་གནས་ལུགས་དང་རྒྱུ་མཚན་དགོས་གི་རེད། གནས་ལུགས་དང་རྒྱུ་མཚན་ཡོད་པའི་ཐོག་ནས་བསྔགས་བརྗོད་གནང་ནའང་འདྲ། ནོར་འཁྲུལ་བརྗོད་ནའང་འདྲ། བསམ་བློ་རང་བཞིན་དུ་གནས་པའི་གཟིར་གནས་ཅན་དག་གིས་རྒྱབ་སྐྱོར་མང་ཙམ་ཐོབ་གི་རེད།
ན་ནིང་དགག་ལན་ཚོགས་པའི་ཚོགས་མིར་བཞག་ནས་དགག་ཡིག་འབྲི་རུ་བཅུག རྒྱ་ཁོ་ཚང་ལ་དགག་ཡིག་མང་ཙམ་བྲིས། ད་ལོ་དགག་ལན་ཚོགས་པའི་ཚོགས་མི་ནས་ཕུད། དགོས་རྒྱུ་ངོ་མ་དེ་ཁོ་ཚང་ལ་དགོས་པ་རེད། རྒྱ་ཁོ་ཚང་ལ་དགོས་པ་དེ་རེད། ཡིན་ནའང་བསྒྲུབས་མཁན་ངོ་མ་དང་བཀའ་དངོས་སུ་གཏོང་མཁན་དེ་ཞྭ་ལྟར་བཀུར་བའི་རང་རེའི་བཀའ་ཤག་གིས་ལག་པ་བརྐྱངས་སོང་།
ཧཧཧ
ལོ་ལོན་གྱིས་གསུངས་པར་དོན་དང་མཐུན་ཞིང་དངོས་ཡོད་ཀྱི་གནས་ཚུལ་དེ་ག་རང་ཡིན་པའི་ཚོར་སྣང་རྒྱ་ཆེན་ང་ལའང་སྐྱེས་སོང་ཞུ་ན་འདོད།།
ལོ་ལོན་ཡ་ཧོན་ལོན། ཕུད་པ་རེད་ཅེས་གང་དུ་བྲིས་འདུག བསྐྱར་དུ་བསྐོ་བཞག་མ་བྱས་པ་དེ་རྩོམ་ཡིག་ཅིག་གི་དོན་དག་ཡིན་སྲིད་ཅེས་མ་གསུངས། རེད། དེ་ལྟར་ཡིན་པ་ཐུབ་བསྟན་བསམ་འཕེལ་ལག་རྡོ་བྱས་པའི་བློ་སེང་གི་ཡི་གེ་དེར་གསལ་འདུག ཁྱེད་ཀྱིས་མིག་གིས་མཐོང་བཞིན་དུ་སྲིད་པ་ཞེས་པའི་ཐེ་ཚོམ་བྱེད་དགོས་དོན་ག་རེ་ཡིན་ནམ། བོད་གཞུང་ལ་བློ་དཀར་སྟངས་འདི་རེད་དམ།
ཁུག་རྟ་རང་ཉིད་ཀྱི་མདུན་ལམ་ལ་གནོད་ཀྱི་ཅི་ཞིག་ཡོད་དམ། འདི་བོད་གཞུང་ཞེས་པ་དེའི་བཀའ་ཤག་གི་ཐག་གཅོད་ཅིག་མ་རེད། བློ་སེང་གིས་དགྲ་དགའ་གཉེན་སྡུག་བྱབ་ཆུང་རང་བྱས་པ་རེད། ཁྱེད་ཡིད་མི་ཆེས་ན་བློ་སེང་ལ་སྐད་ཆ་འདྲི་རུ་སོང་དང་། གལ་སྲིད་གཞུང་ཞིག་གིས་དྲང་པོ་མི་བྱེད་པ་དང་རུལ་སུངས་བྱེད་ན་དེར་ངོ་རྒོལ་བྱེད་དགོས་ཀྱི་རེད། དེའི་དཔེ་མཚོན་རྒྱ་ནག་གཞུང་མིན་ནམ། ལོ་ལོན་ཁྱེད་ཧོན་ལོག་ཚར་སོང་དུས། རང་ཉིད་སྐྱབས་བཅོལ་བ་ཞིག་ཡིན་པ་དེའང་བརྗེད་འདུག
གངས་ཅན་སྐྱིད་གཤོངས་ན་ཁུག་རྟར་ག་རེ་བཤད་ཀྱི་ཡོད་པ་རེད་དམ། ཡོད་པ་རེད་ཅེས་འབྲི་རྒྱུ་ལས་གསལ་བོ་བྲིས་ན་དགའ་ནི་རེད། ཁུག་རྟ་ཁྱེད་འདྲ་བོ་ལྐོག་ལབ་རྒྱག་མཁན་མ་རེད། ཁོག་ལ་ཚིག་ཤོང་མཁན་རེད། ཁྱེད་ཀྱིས་གཞུང་ཞབས་མང་པོས་གནད་དོན་འདིར་བློ་ཕམ་བྱེད་བཞིན་པ་རྟོགས་སོང་ངམ། ཁྱེད་ཡིད་མི་ཆེས་ན་གངས་སྐྱིད་ལས་ཁུངས་ཁག་ཏུ་སྐད་ཆ་འདྲི་རུ་སོང་དང་། བློ་སེང་ལ་བརྩི་བཀུར་བྱེད་མཁན་ཞིག་འདུག་གམ། འགོ་སྤྱི་འཐུས་ནས་ཞབས་ཡིག་གད་བར་ཁོ་ལ་ཧང་སང་མཁན་དཀོན་པོ་རེད། ཁོང་གིས་ག་དུས་ཡིན་ང་དང་ངའི་ཟེར་ནས་གཏམ་བཤད་སྤེལ་བ་དེས་ཁོའི་ཁོག་པ་སྟོང་བསྡད་པ་མི་ཤེས་སམ།
ཁྱེད་རང་ཨ་མདོ་བ་ཡིན་བཞིན་དུ་ཨ་མདོ་བ་ཟེར་རྒྱུར་ངོ་མི་ཚ་བ་འདི་ཡང་། སྤྱིར་བཏང་ཁྱེད་རང་མི་ཚེ་འདིར་ཅི་གང་མེད་མཁན་མི་གཟུགས་ཙམ་གྱིས་འཚོ་བ་ཉག་ཅིག་ཡིན་པ་ཐག་བཅད་ནས་ཞུ་ཐུབ་པ་འདུག ཁྱེད་ཁུག་རྟར་ཕྲག་དོག་འགྲན་སེམས་གནམ་ལ་མི་ཤོང་བ་ཞིག་ལངས་པ་འདིས་མདོ་དོན་ཁྱེད་ཀྱི་རྐུབ་བློ་སེང་ལས་ཀྱང་དམར་རྗེན་བསྟན་མི་འདུག་གམ། དངོས་གནས་ཁྱེད་རང་འདྲ་བོ་གླེན་པ་ཁ་ནག་དག་གིས་བོད་ཀྱི་མདུན་ལམ་ཀྱང་རབ་རིབ་ཏུ་བཏང་བ་རེད། ཤེས་ཀྱི་འདུག་གམ།
གངས་ཅན་སྐྱིད་གཤོངས་ཀྱི་ལས་བྱེད་ཚོས་བློ་སེང་ལ་མཐོང་ཆུང་བྱེད་སྟངས་དེ་ཁྱེད་འདྲ་བས་གོ་ན་གླེན་རྟགས་སྟོན་གི་རེད་ལོ། ཁྱེད་ནས་ཤེས་འདོད་ན་ངས་བཤད།
བློ་སེང་གིས་ཨ་རི་ནས་རྒྱ་གར་བར་གླེན་པ་ཁ་ནག་ཁ་ཤས་ལ་ད་བར་རང་གི་ལོ་རྒྱུས་མ་བཤད་པ་མང་པོ་ཞིག་དེང་སང་ཨིན་ཡིག་ནང་དུ་དཔྱད་ཡིག་ཁུངས་ལྡན་དང་བཅས་ཏེ་བཀོད་འདུག་པ་ལོ་ལོན་ཉོག་ཁ་ཁྱེད་ཀྱིས་མ་མཐོང་ངམ།
༧རྒྱལ་བ་རིན་པོ་ཆེ་བཞུགས་བཞུགས་རེད། བཀའ་བློན་ཚད་ལྡན་ཁ་ཤས་ཡོད་ཡོད་པ་རེད། བློ་སེང་བརྗེ་དགོས་ན་ཟླ་བ་གཅིག་གི་ལས་ཀ་རེད། བོད་ཁ་བ་ཅན་ལ་ཁོ་འདྲ་བོ་ཁེངས་བསྡད་ཡོད་པ་རེད་ལགས། དེ་ཤེས་པ་གྱིས།
རྩ་ཆེའི་ཆུ་ཚོད་རྣམས་སྤྱི་དོན་ཐོག་ཕར་ཤོག ཐ་ན་སོ་སོའི་སྒེར་གྱི་ལུས་པོའི་ངལ་གསོའི་ཆེད་དུའང་གཏོང་མ་ཐུབ་པར་འདིར་ཡང་ཡང་འབྲི་རྒྱུར་སྐྱོ་སྣང་སྐྱེས་ཡང་། བཀའ་ཁྲི་བློ་སེང་གིས་ངེས་པར་དུ་ཡོ་སྲང་བྱེད་དགོས་པའི་གཤིས་ཀ་འགའ་མི་བཤད་ཀ་མེད་རེད། དང་པོ་བཀའ་ཁྲི་བློ་སེང་དང་བློ་སེང་གི་རྒྱབ་སྐྱོར་བ་ཚོས་སྲིད་དབང་བརྟན་སྲུང་ཆེད་ནང་ཁུལ་དྲག་སྤྱོད་སྤེལ་རྒྱུའི་ཉེན་བརྡ་མངོན་སུམ་གཏོང་བཞིན་པ་འུ་ཐུག་པའི་ལས་ཀ་རེད། རང་ཉིད་རང་ལ་ཡིད་ཆེས་དང་གདེངས་ཚོད་བརླག་ཚར་བའི་བྱེད་ཐབས་ཤིག་རེད། བློ་སེང་ཕྱོགས་གཏོགས་ལ་ག་དུས་ཡིན་ན་འཇིགས་བསྐུལ་གྱི་བྱ་སྤྱོད་ལ་བརྟེན་ནས་ཁེ་ཕན་བསྒྲུབ་རྒྱུའི་གོམས་ངན་པ་ཞིག་འཇགས་ཡོད་པ་འདྲ། འོས་འདེམས་མ་བྱས་གོང་ལའང་གལ་སྲིད་བློ་སེང་ལ་བཀའ་ཁྲི་མ་ཐོབ་ན། ཐེ་ཝན་འགྲོ་གི་རེད། དེ་འདྲ་བྱས་ན་བོད་ལ་ཉེན་ཁ་ཆེན་པོ་ཡིན་ལུགས་བཤད་ནས་འཇིགས་བསྐུལ་གྱི་འོག་འོས་ཤོག་བླུགས་དགོས་རབས་བཤད་ཀྱི་འདུག དེ་རིང་ཆོས་འབྱོར་ཟེར་བའི་མདུན་ལམ་དངོས་སུ་འཚེ་བ་སྤེལ་བའི་མ་ཚད། ད་དུང་བློ་སེང་གི་རྒྱབ་སྐྱོར་བ་རེ་འགས་དྲ་ཐོག་ནས་ཆོས་འབྱོར་གསོད་ཀྱི་ཡིན་ཟེར་འདུག གད་མོ་དགོད་ཞོར་ལ་ཞུ་རྒྱུར། འོན་ཀྱང་རྒྱ་ནག་གིས་བློ་སེང་དྲག་སྤྱོད་པ་རེད་ཟེར་ནས་ཚུར་བཙན་བཙུགས་ཡོང་དུས། བློ་སེང་ལ་འཇིགས་སྣང་སྐྱེས་ནས་ང་ཚོ་འཚེ་མེད་ཞི་བ་ཡིན་རབས་ནན་བཤད་ཀྱིས་དག་འབུལ་བྱེད་ཀྱི་འདུག བྱས་ཙང་ནང་ཁུལ་ལ་མ་གཏོགས་དགྲ་བོའི་གདོང་ལ་དྲག་སྤྱོད་རྒྱུའི་བློ་ཁོག་མེད་པ་ཞིག་གིས། ནང་ཁུལ་དྲག་སྤྱོད་དང་རྫིག་མདོག་བསྟན་ན་ཡག་པོ་མ་རེད་དམ། སྤྱི་དོན་ལ་གནོད་ཀི་རེད། ངོ་ཚ་ཡོད་པའི་སྐད་ཆ་བཤད་ན་ཡག་གི་རེད།
དང་པོ་་རྫུན་ཉུང་ཙམ་བཤད་རྒྱུ།
ནང་ཁུལ་ལ་འཚེ་མེད་ཞི་བའི་རྣམ་འགྱུར་སྟོན་རྒྱུ།
དགྲ་ལ་ཞེད་སྣང་བསྐུལ་གང་ཐུབ་བྱེད་རྒྱུའི་རེ་བ་ཞུ་གི་ཡོད།
འདི་བཀའ་ཁྲི་བློ་སེང་ལ་གསོལ་འདེབས་ཡིན།
ཨིན་ཨིན་ཨིན། དྰ་མི་ཉན་ག
སོ་དཔལ་རྣོ་བའི་ཤེས་རབ་རལ་གྲི་འདིས། །
གཡུག་གཡུག་ཐམས་ཅད་དུམ་སེ་གཅོད་ངེས་པས། །
དབང་བོ་ཉམས་པའི་མི་རྒན་ལོ་ལོན་ཡང་། །
རྒས་པའི་དུས་སུ་ཞལ་ཁ་བཙུམ་ན་ལེགས། །
ཨ ཨ ཨ
མི་རྒན་ལོ་ལོན་འདི་གཞོན་རབས་མཁས་པ་རབ་གསལ་དང་ཆབ་བྲག་ལྷ་མོ་སྐྱབས་ཀྱི་མི་གཤིས་ལ་རྒྱུས་མི་འདུག ཁོང་ཚོ་ནི་རང་གི་མི་རིགས་དང་རིག་གཞུང་ཆེས་བླ་ན་མེད་པར་བཀུར་བའི་ཤེས་ལྡན་པ་དག་ལས། ཆོལ་ཁ་ཕན་ཚུན་དང་ལུང་ཚན་ཕན་ཚུན་བར་ཞེན་ཁོག་རུ་འཛིང་བའི་མི་ཕལ་བ་དེ་འདྲ་མ་རེད། བོད་གཞིས་བྱེས་གཉིས་སུ་གྱེས་པ་ནས་ད་བར་ཨ་མདོ་བ་ཚོས་བདེན་རྫུན་གྱི་དབྱེ་བ་མ་ཕྱེ་བར། སྡིག་པ་མིག་བཙུམས་ཀྱིས་གཅིག་རྒྱབ་གཉིས་ལངས་བྱས་ཏེ་བོད་གཞུང་དང་བོད་ཀྱི་དབུ་ཁྲིད་རྣམ་པར་ཁ་གཏད་དང་མཛད་དཀའ་གང་ཡང་བཟོས་མྱོང་མེད་པ་ནི་ཨ་མདོ་བ་རྣམས་ཀྱི་གཟི་བརྗིད་ཅིག་ཏུ་བགྲང་ཆོག ཡིན་ན་ཡང་མི་རྒན་ལོ་ལོན་དབང་པོ་ཉམས་རྐྱེན་གྱིས་བྱ་དངོས་ཅི་ཞིག་ཡིན་ཡང་རབ་རིབ་ཅིག་ལས་མི་མཐོང་བར་ཐུགས་ཁག་ཡེ་ནས་མེད་པས། ཨ་མདོ་བ་ཚོས་དེ་ཙམ་ལོས་ཤོས།
ས་གང་དུ་སོང་ཡང་སྐྱག་གཏམ་རྐྱང་།བོད་ཡིག་གི་དྲ་རྒྱ་དག་ལ་ལྟ་སྲོལ་ཞིག་མི་འདུག
མི་རྒན་ལོ་ལོན་ནས་སྐད་དྲང་མོ་བཤད་མི་ཤེས་ཀི་ཡ་་་དོན་ངོ་མ་བཀའ་ཁྲི་སེམས་ཀྱི་ཡོད་དམ་དཀྲུགས་ཤིང་བྱེད་ཀི་ཡོད་་་་ཨ་མདོ་བའི་སྐྱོན་གཅིག་པོ་ལས་ཅི་ཡང་མི་མཐོང་བ་འདི་གང་ཡིན་ན་་་་་མི་རྒན་ནས་གཞོན་རབས་པ་ལ་མིག་དཔེ་ཡག་པོ་འཇོག་རོགས་ཞུ་་་
ཨམ་མདོ་བ་ཟེར་ནས་བཤད་སྟངས་དེ་ཡག་པོ་མཐོང་མ་སོང་། གཞན་ཤར་ཁུག་དུས་ཡུན་རྫོགས་པ་བདེན་པ་རེད་འདུག་ལ། དུས་ཡུན་རྫོགས་པ་དེ་ཕར་འགྱང་བྱས་མེད་པ་དེ་ཙམ་རེད་འདུག་གོ །
བཀའ་ཤག་གིས་ད་བར་ལས་ཀ་གནང་སྟེ་བདག་པོ་བརྒྱབ་པའི་ཤར་ཁུག་ལྟ་བུ་དག་གིས་ད་གཟོད་སྔ་དྲོ་མདོ་བ་ཆས་ཀྱིས་གསོས་ན། །ཕྱི་དྲོར་དྲིན་ལན་འཕྲ་ཡིས་མཇལ་ཟེར་བ་ལྟར། རང་ལ་ད་བར་དུ་ཉིན་གླའི་དུས་ཚོད་སྟེང་ཆོད་གན་བྱས་ནས་བཞག་པ་དེར་བཀའ་དྲིན་ཆེ་ཞུ་རྒྱུའི་ཚབ་ཏུ་ད་དུང་ཕུ་དཀྲུགས་མདའ་དཀྲུགས་ལུང་པ་གང་བྱས། ད་དུང་གཞུང་ཞབས་ཕུད་ལུགས་ཤིག་བགྲང་ཁུལ་བྱས། ངོ་མ་དགོད་སྤྱད་རང་རེད།
དྲང་མོར་ཞུས་ན་བཀའ་ཤག་གིས་འདིའི་རིགས་ལ་གསལ་བཤད་གནང་དགོས་པ་འདུག ཤར་ཁུག་གིས་སྐྱག་བྲོ་བའི་བྱེད་སྟངས་དེ་ཚོ་ཐེར་འདོན་གནང་ན་ཡག་གི་རེད། ད་ལྟ་ཤར་ཁུག་གིས་སྐྱུག་བྲོ་བའི་བྱ་སྤྱོད་དག་གིས་རྒྱུ་རྐྱེན་ལ་སེང་གེ་བཀའ་ཤག་གི་མདུན་ལམ་ལ་སྐྱོན་རྒྱག་པ་དང་བོད་མི་ཆོལ་ཁ་གསུམ་གྱི་ནང་དུའང་ཚིག་ངན་སྨྲ་བཞིན་པ་འདི་རེད། ད་དུང་མུར་མུར་སོང་ན་ཡག་པོ་མི་ཡོང་ཐག་ཆོད་ཡིན་པས།
བཀའ་ཤག་གིས་དག་ཐེར་གནང་རྒྱུར་བསྒུག་ཡོད་དོ། །
རྭ་ལོ།
༢༠༡༡/༡༠/༣༡ ཉིན་འདོན་སྤེལ་བྱས། ངས་བསམ་ན། བཀའ་ཁྲིས་གནང་སྟངས་འགྲིག་བསྡད་འདུག གངས་སྐྱིད་ན་ལས་བྱེད་ ༤༠༠ ཡོད་པ་དེ་དག་ཚང་མ་ཤར་ཁུག་འདྲ་བོ་ཞིག་ཡིན་ན་གང་འདྲ་ཡོང་ས་རེད། སོ་སོའི་ལས་ལ་མི་གཞོལ་བར་ཚང་མས་མགོ་ཚོས་ལ་མི་ཚོས་པ་འདྲ་བོ་རྐྱང་བཤད་ནས་བཀའ་ཁྲིའི་སྐྱོན་བགྲང་བསྡད་ན་གང་འདྲ་ཡོང་ས་རེད།
ངས་སྔོན་མ་ནས་ཤར་ཁུག་ལ་བཤད་ཡོད། བཀའ་ཁྲི་མ་བདམས་པའི་སྔོན་ལ་ག་རེ་བྱས་ནས་དོན་དག་འདིའི་རིགས་མ་གླེང་བ་ཡིན། ད་ནི་ཚར་ཚར་དུས་གནས་སྐབས་རིང་བསྒྱུར་དུ་ཡོད་པ་དང་བཅོས་སུ་འོས་པའི་ལས་དོན་གཞན་གླེང་ན་མ་གཏོགས། ཁོང་གི་བོད་ཡིག་གི་ཤེས་ཚད་གླེང་ནས་ཅི་ཡོང་།
ངའི་བསམ་པར། ད་ནི་ཤར་ཁུག་གིས་རུ་སྡེ་བ་གཉིས་ཀར་དགོངས་དག་ཞུས་ན་རེད། དྲ་ཐོག་གི་སྐད་ཆ་རྫོབ་རོ་འདིའི་རིགས་ཀྱང་ཤར་ཁུག་གི་ཁ་མ་བྲོ་བར་བྱུང་བ་རེད། མང་ཚོགས་ཀྱི་སྙིང་ལ་གནོད་པའི་གླེང་གཞི་འདི་ཁོའི་བྱས་ཉེས་ལས་བྱུང་བ་རེད། ཁོས་གཞུང་དམངས་གཉིས་ཀར་དགོངས་དག་ཞུས་པ་ཡིན་ན་དེ་ནས སེམས་ཀྱི་སྡུག་དང་གདོང་གི་རྡུལ་དག་སོང་བ་རེད།
རྗེས་ཕྱོགས་མི་སུ་ཡིན་རུང་བཀྲ་མི་ཤིས་པའི་ལས་དེ་ཚོར་རང་རང་གིས་གཟབ་རྒྱུ་གལ་ཆེན་པོ་རེད།
འཇམ་དབྱངས།
༢༠༡༡/༡༠/༣༡ ཉིན་འདོན་སྤེལ་བྱས། སྤྱིར་བཏང་ཚོགས་པ་གང་ཞིག་ནས་མི་སུ་ཞིག་ལས་གནས་ལས་གནས་དབྱུང་གཏོང་བའི་ལུགས་སྲོལ་ཡོད་པ་སུས་ཀྱང་ཤེས་པ་རེད། ཡིན་ན་ཡང་ང་ཚོ་ཧ་ལས་ཤིང་ཧོན་ཐོར་ནས་འཆད་བཞིན་པ་ནི།
གཅིག བློ་བཟང་སེངྒེ་ལགས་ཀྱིས་རང་གི་ཞན་ཆ་བཤད་པའི་རྩོམ་ཡིག་ཅིག་ལ་ཁ་གཡར་ནས། དམངས་གཙོའི་སྒྲིག་འཛུགས་དང་སྨྲ་བརྗོད་རང་དབང་རྩིས་མེད་དབང་བ།
གཉིས། བོད་ཀྱི་དྲྭ་རྒྱ་ཁག་ཏུ་བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་ལ་སྐྱོན་བརྗོད་སྣ་ཚོགས་ཡོང་བཞིན་པ་རྣམས་སྣང་མེད་དུ་བཞག་ནས། རང་ཉིད་ཀྱི་མཚང་ལ་ཕོག་དུས་ཅི་ཡང་བྱེད་ཕོད་པ་འདིས་ཁོའི་གཤིས་ཀར་སྲིད་དབང་སྒེར་འཛིན་པའི་གཡའ་ཡོད་པའི་རྣམ་པ་མངོན་པ།
གསུམ། རང་ཉིད་ལ་ཁ་གཏད་དང་འགྲན་བསྡུར་བྱེད་ས་མེད་ན་རང་ཉིད་ཀྱི་ལས་ཀའི་ངོ་བོ་དང་གནས་སྟངས་ཡར་རྒྱས་མི་འགྲོ་བའི་སྤྱི་ཚོགས་ཀྱི་རྒྱུན་སྲོལ་རྩིས་མེད་བཏང་བ།
བཞི་པ། བཀའ་ཁྲིར་ལངས་སྐབས་རང་ཉིད་སྡོད་སའི་ས་གནས་བོད་རིགས་ཚོར་རང་ཉིད་བཀའ་ཁྲིར་ལངས་པའི་འགྲན་རྩོད་སྐོར་གྱི་གཏམ་བཤད་གཅིག་ཀྱང་སྤེལ་མེད་པར་གསང་བ་ཞིག་ཡོད་པ།
ལྔ་པ། ལས་རོགས་བཀའ་བློན་དུ་དེ་སྔ་རྩོད་གཞི་དང་གླེང་རྙོག་ཡོད་པའི་མི་ཞིག་འདེམས་བསྐོ་བྱས་པ།
དྲུག་པ། རང་གི་ཉེ་འབྲེལ་ལ་བཀའ་བློན་གྱི་གོ་གནས་སྤྲད་པ།
འདི་ལྟ་བུའི་གནས་ཚུལ་ལ་བལྟས་ན་ཡང་། བློ་བཟང་སེངྒེས་རང་གི་སྲིད་དབང་བརྟན་ཡོང་བར་མི་སྣའི་རྒྱབ་རྩ་ངེས་ཅན་ཞིག་གྲ་སྒྲིག་བྱས་པ་རེད། བློ་བཟང་སེངྒེ་ཡང་མི་ཡིན་པས་སྐྱོན་ལོས་ཡོད། ཁོ་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས་ཀྱང་གང་ཐུབ་དྲང་བདེན་གྱི་སྐད་ཆ་བཤད་དགོས་པ་ནི་ “རེ་བ་བཟང་ས་ནས་རྒྱག་དགོས་” པའི་བཀའ་རྩ་རེད། ཡང་སོ་སོའི་སྐད་ཆར་སོ་སོས་འགན་ཁྱེར་དགོས་པ་རེད། ལྷག་པར་མི་ཉག་སྐལ་བཟང་དང་འཇམ་དཔལ་རལ་གྲི་ཟེར་བ་སོགས་ཀྱིས་དེ་བས་ཀྱང་རང་གི་སྐད་ཆར་འགན་འཁྱེར་དགོས་པ་རེད། དེ་ནི་འགན་ཆེན་པོ་རེད། དྲྭ་བདག་སོ་སོའི་ངོས་ནས་ཀྱང་མི་འདི་དག་ལ་རྒྱུས་ལོན་བྱེད་དགོས་པ་རེད། དེ་ནི་ “གྲ་སྒྲིག་སྡུག་ས་ནས་བྱེད་” དགོས་པའི་རྐྱེན་གྱིས་རེད། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག
ཉན་ཤེས་པ་དང་ལྟ་ཤེས་ན་ཚང་མ་བསླབ་བྱ་རེད། ཉན་མ་ཤེས་པ་དང་ལྟ་མ་ཤེས་ན་ཚང་མ་ཞེན་ཁོག་རྐྱང་རེད། འདྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ལ།།གླུད་ནུབ་སྒོར་གཏོང་བ་དོན་རེ་ཆུང་།།
ངས་བཀའ་ཁྲི་སེང་གེས་གཟབ་ནན་ངང་སྤྱི་ག་འདྲ་བྱས་ནས་བསྒྲུབ་དགོས་མིན་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཡིན་པ་ལས། ཁོ་རང་ལ་རྒྱབ་སྐྱོར་མེད་མཁན་རེ་རེར་ཉེན་བརྡ་དང་ཉེས་ཆད་གཅོད་པ་དང་། ཟུར་ཕུད་བྱེད་བཞིན་པའི་ངན་སྤྱོད་དེ་སྤངས་ན་ཡག་པོ་རེད། བློ་སེང་ལ་གླེང་རྙོག་འདི་འདྲ་ཡོང་དང་ཡོང་རྒྱུ་ཡིན་པ་གསལ་བོ་རེད། གང་ཡིན་ཟེར་ན་ཁོ་རང་གིས་བཀའ་ཁྲིའི་ལས་རོགས་འདམས་སྟངས་རྦེད་འགྲིག་ཡོད་པ་མ་རེད། ཁོས་ལས་རོགས་ཚོའི་ནང་བོད་མི་ཚོས་རེ་བ་མཐོང་བཞིན་མི་དྲགས་ཀ་གཅིག་ཀྱང་ཡོད་པ་མ་རེད། དེའི་ནང་ནས་ཀྱང་འཕྲོད་བསྟེན་བཀའ་བློན་ཟེར་བའི་སྨན་པ་དང་པད་མ་ཆོས་འབྱོར་གཉིས་ཀྱིས་ག་རེ་ཕན་ཐོགས་ཀི་རེད་དམ།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལས་རོགས་སུ་མ་འདེམས་པ་དེས་རང་བཞིན་གྱིས་བོད་མི་ཁྲི་གཉིས་ཙམ་རེ་སྟོང་ཆགས་བཅུག་ཡོད་པ་རེད། སྤྱི་བཏང་བཀྲས་མཐོང་ལ་སྒེར་ངོས་ནས་མི་དགའ་ན། བཀྲས་མཐོང་ལ་རེ་བ་བཅོལ་མཁན་བོད་མི་ཁྲི་གཉིས་ཙམ་གྱི་རེ་བ་དང་སྟོབས་ཤུགས་ཚུར་འགུག་བྱས་ཆེད། བཀྲས་མཐོང་བཀའ་ཁྲིའི་ལས་རོགས་སུ་འདམས་རྒྱུ་གལ་ཆེན་པོ་ཆགས་ཡོད་པ་རེད། ཡང་ན་བཀྲས་མཐོང་བེད་སྤྱོད་བཏང་ནས་བོད་མི་རྣམས་ཆིལ་སྒྲིལ་ཡོང་ཐབས་བྱེད་རྒྱུ་གལ་ཆེན་པོ་རེད། འོན་ཀྱང་བློ་སེང་གིས་བཀྲས་མཐོང་ལ་སྒེར་ནད་དང་འགྲན་སེམས་བཅིངས་ནས། བཀྲས་མཐོང་ལ་རེ་བ་མཐོང་མཁན་གྱི་བོད་མི་ཁྲི་གཉིས་མ་ཟིན་ཙམ་གྱིས། བློ་སེང་གིས་སྣེ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ལ་རེ་བ་བརླག་རྒྱུ་ཡིན་པ་ཤེས་བཞིན་དུ། འཛེམས་ཟོན་མེད་པར་སྤྱི་དོན་འཐུས་ཤོར་དང་ཆིག་སྒྲིལ་ཉམས་ཆགས་འགྲོ་རྒྱུར་སེམས་ཁུར་མེད་པར། བཀྲས་མཐོང་ཟུར་དུ་ཕུད་ཁུལ་བྱས་པ་རེད། བྱེད་སྟངས་འདི་ནི་སེང་གེ་སྒེར་ནས་ཞེད་དགོས་ཡ་དང་གྱོང་མེད་སྲིད་ཀྱང་། བོད་མའི་སྒྲིག་འཛུགས་ཆིལ་སྒྲིལ་ཡོང་རྒྱུར་གྱོང་ཆེན་པོ་ཕོག་ངེས་ཀྱང་སྣང་ཆུང་བཏང་བ་རེད།
དེ་ནས་བློ་བཟང་ཆོལ་འབྱོར་གྱི་ལས་ཀ་འཕྲོག་སྟངས་དེའང་གཅིག་པ་རེད། བློ་སེང་སྒེར་ངོས་ནས་བློ་བཟང་ཆོས་འབྱོར་གྱི་ལས་ཀ་འཕྲོག་རྒྱུ་ཞེད་དགོས་དོན་མེད་ཀྱང་། དེའི་རྐྱེན་གྱིས་བཀའ་ཁྲིའི་མཚན་གནས་ལ་མིང་ཆད་ཕོག་རྒྱུ་དང་། གཞུང་ལ་ཞེན་པ་ལོག་མཁན་དང་ཁ་གཏོང་མཁན་མང་དུ་འགྲོ་རྒྱུ་དང་། གཞུང་ཞབས་དགོངས་པ་ཞུ་མཁན་མང་དུ་འགྲོ་རྒྱུ་ཡིན་པ་གསལ་བོ་རེད། རང་ཉིད་ཀྱི་མི་ཚེ་དང་རང་ཉིད་ཀྱི་མདུན་ལམ་གཏན་པོ་ཡོང་ཆེད་བློ་སེང་འདྲ་བོ། མི་བྱེད་ཚོད་མི་ཟིན་པའི་སྨྱོན་པ་འདྲ་བའི་བཀའ་ཁྲི་ཞིག་གི་འོག་ནས་ལས་ཀ་ལས་རྒྱུར་བློ་བདེ་བོ་ཡོང་གི་མ་རེད།
མདོར་བསྡུས་ན་བློ་སེང་བཀའ་ཁྲིའི་དབང་ཆ་སྤྱད་དེ་འགྲན་སེམས་བཅིངས་ནས་སྒེར་ནད་སྒེརརྩོད་བཞིན་པ་འདི་ཡག་པོ་མ་རེད། མ་གཞི་ཁོ་རང་དགོས་མཁོ་མེད་པའི་བོད་མའི་ཆབ་སྲིད་པ་རྙོག་དྲ་ཚ་ཞིག་ཆགས་ན་འདོད་ཡོད་པ་ལས། བོད་སྤྱི་བའི་བཀའ་ཁྲི་ཆགས་ཐུབ་མིན་ལ་འབད་བརྩོན་བྱེད་ཤེས་ཀྱི་མེད་པའམ། བྱེད་འདོད་མེད་པ་དེ་རེད།
ད་རེས་ཆབ་བྲག་དང་རབ་གསལ་གཉིས་ཀྱི་བྱ་སྤྱོད་དེར་ངོ་རྒོལ་ཡོད། བོད་ནང་བཙོན་དུཡོད་པའི་མེ་ལྕེ་སོགས་ཀྱི་ཆེད་དུ་སྨྱུག་རྩེ་མི་འགུལ་བར་ཤར་ཕྱོགས་ཁུག་རྟ་ཁ་འཁྱེར་ནས་བཀའ་ཁྲི་གསར་བར་རྒོལ་བ་དེ་དྲང་བདེན་མ་མཐོང་།ལྷག་པར་རང་གི་ཨབ་ཕྲུག་རྣམས་པང་བསྒྲིགས་ཏེ་མདོ་སྨད་ཆོལ་ཁའི་མིང་འཁྱེར་བ་དེ་དེ་ལས་ཡག་རྟགས་མིན། ༧རྒྱལ་བའི་སྐུ་དབང་བརྩིས་སྤྲོད་དང་བློ་སེང་བཀའ་ཁྲི་ཕེབས་པའི་ལོ་རྒྱུས་ཀྱི་ངོས་དེར་ལ་ཕར་རྒྱབ་ན་དགྲ་བོས་གསལ་གཟིགས་བྱེད་ཀི་ཡོད་དུས་འུ་ཚོས་ཆིག་སྒྲིལ་གྱི་ལན་དང་མདོག་ཞིག་སྟོན་དགོས་མོ།འོན་ཀྱང་ཐབས་སྐྱོ་བ་ཞིག་ལ་ཤར་ཁུགས་ལྟ་བུ་ཞིག་གི་ཇ་ནེ་ལ་ལྟོས་ནས་དགྲ་བོ་མཁོ་བའི་དྲ་ངོས་འཐབ་རྩོད་འདི་དངོས་གནས་སྐྱུག་རྒྱུ་བྱུང་། ངས་གོ་སྐབས་འདིར་བརྒྱུད་ནས་ཆབ་བྲག་སོགས་ཀྱི་བྱ་སྤྱོད་ལ་དོགས་པ་ཡོད།ཁོས་རྩོམ་པ་པོའི་མཐུན་ཚོགས་ནང་ཕ་ཡུལ་གཅིག་པ་དང་རང་གི་ཟུར་བསྟེན་ཆུང་མ་བཞག་སྟེ་འཁྲབ་སྟོན་ཅི་ཞིག་བྱེད་ཀྱིན་པ་སུས་བཤད། ད་ེ་ནི་ཁོས་རྩོམ་པ་བོའི་མཐུན་ཚོགས་ཀྱི་མིང་བཟུང་ནས་དབྱེན་དཀྲུགས་བྱས་པའི་སྐྱུག་བྲོ་གནས་ཚུལ་འདི་ཡིན།
ད་ངས་མང་བོ་བཤད་མི་དགོས་ཆབ་བྲག་རིན་ཐང་ཅི་ཡོད་མེད་དྲ་ངོས་ནས་གསལ་བོ་ཆགས་ཀྱི་ཡོད།
བསོད་ནམས་གསོ་ཟད་ལགས། དགྲ་བོ་འཐབ་དུས་ནང་ནས་དབང་ཆ་སྒེར་གཅོད་བྱེད་ན་རྒྱ་ནག་ལ་འཐབ་རྒྱུ་དེ་ངོ་མི་ཚའམ། བོད་ཀྱི་དཔའ་བོ་དཔའ་མོ་དེ་ཚོས་ག་རེ་ཆེད་དུ་མེར་བསྲེགས་བཏང་བ་རེད་དམ། དྲང་བདེན་གྱི་ཆེད་དུ་བཏང་བ་རེད། བོད་ཀྱི་བདེན་པའི་གནས་ཚུལ་འདིའི་ཆེད་དུ་བཏང་བ་རེད། དེས་བོད་ཀྱི་དངོས་ཡོད་དཀའ་ངལ་བདེན་པ་ཡིན་པ་མེ་ལྕེ་ལྷབ་ལྷབ་ཀྱིས་སྒྲུབ་བྱེད་བཀོད་ཐུབ་ཀི་ཡོད་དུས། བློ་སེང་གིས་མ་དགའ་སྒེར་གཅོད་བྱེད་པ་འདིར་རང་ཅག་ཚོས་སྨྱུ་གུ་ཙམ་ཡང་འགྱོགས་མ་ཐུབ་ན་བླ་སྒུལ་མ་རེད་དམ། སྐད་ཆ་བཤད་ན་ཕྱོགས་སུ་མ་ལྷུང་བསམ་ནས་ཤོད་ལོ།
རྒྱ་གཞུང་གི་ལན་འདེབས་ཚོགས་ཆུང་དེ་མུ་མཐུད་དགོས་ངེས་ཡིན། ཤར་ཕྱོགས་ཁུག་རྟ་རང་ཡང་དོན་འདིར་སྤྲོ་བ་བརྟས་ཡོད། ནུས་པ་ཡང་ཐོན་གྱིན་པ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་བཀའ་ཤག་གི་ཡིག་ཆ་ལས་གསལ་རྟོགས་ཐུབ།
དེ་བས་གོང་རིམ་ནས་གཞུང་དོན་ལན་འདེབས་དེ་ཉིད་གལ་ཆེར་བརྩིས་ནས་ཁོ་ལ་རྩོམ་ཡིག་སྤེལ་ཕྱོགས་ལ་མཛུབ་སྟོན་ཞིག་གནང་སྟེ་ཁུག་རྟའི་བསམ་སྤྱོད་ལ་གཅིག་བལྟས་ནས་དེ་ནས་མི་ཡོང་ན་ལས་ཡུན་རྫོགས་པ་དང་མཉམ་དུ་ཁ་རོག་བཞག་བཞག་ན་ཡང་འོས་པ་ཞིག་རེད་མོད། གོང་རིམ་ནས་བསམ་ཤེས་མ་གནང་བར་ལས་ཡུན་མ་རྫོགས་གོང་གི་ཟླ་གཅིག་ལྷག་སྔོན་ལ་ཁྲིམས་འགལ་གྱི་ཉེས་མིང་འོག་ནས་ལས་མཚམས་འཇོག་དགོས་པའི་བཀའ་བཀོད་འདི་ཅུང་ཐལ་དྲགས་མི་འདུག་གམ། འདི་ལྟར་བྱས་པས་གཞུང་སྒེར་གཉིས་ལ་ཕན་རླབས་ཆེའམ།
ངའི་རེ་བ་ལ་གོང་རིམ་ནས་ཐབས་མཁས་དང་དཀྱེལ་ཡངས་སྒོས་ཤེས་ཡོན་ཅན་ལ་བདག་སྐྱོང་དགོས་རྒྱུ་གལ་ཆེར་མཐོང་གིན་ཡོད། ངས་འདིར་བདེན་པའི་རྒྱབ་ལངས་བྱེད་ཁུལ་བྱས་པའི་དམིགས་ཡུལ་གཙོ་བོ་ལས་བརྒལ་མེད། འདི་ལ་ཕྱོགས་ལྷུང་བར་ངོས་འཛིན་པ་དག་ནི་སོ་སོ་ཕྱོགས་སུ་ལྷུང་བའི་མཐོང་སྣང་ཞིག་ལས་མ་འདས།
གང་ལྟར་ཐེངས་འདིའི་གླེང་སློང་འདི་རིགས་ཀྱིས་གོང་རིམ་དབུ་ཁྲིད་ཁག་ཅིག་ལ་མ་འོངས་པར་ཤེས་ཡོན་ལ་ལྟ་སྟངས་ཡག་པོ་དང་བྱེད་ཐབས་འོས་འཚམས་བཀོལ་ནས་ཕྱག་ལས་གནང་དགོས་པའི་ཉམས་མྱོང་ཞིག་རག་ཡོད་པ་དང་དེ་བཞིན་ཤེས་ཡོན་ཅན་ཚོས་ཀྱང་གོང་རིམ་གྱི་ཞབས་འོག་ནས་སྙུག་རྩེ་ཇི་ལྟར་འཁྱུག་དགོས་པའི་བསླབ་བྱ་ཞིག་ཐོབ་ཡོད་ངེས།
ལོ་ལོན་གྱི་སྐད་ཆ་ལ་རྒྱ་ཆ་རྒྱ་རྒྱབ་སྐྱོར་ཡོད།
སུ་དང་གང་ལ་ངོ་རྒོལ་མ་མཆིས་ཀྱང་།།
བདེན་པ་མཐོང་བའི་བློ་མིག་མ་རྙེད་པར།།
ཡིག་རྙོག་འབྲི་བའི་ངལ་བ་བརྟེན་པ་ཡི།།
ཉ་ཉོག་ཁ་ནས་ནོར་བུ་ཇི་ལྟར་འབྱུང་།།
ཤེེས་རབ་ལགས།་ཕྱོགས་རུས་སུས་བྱེད་ཀི་ཡོད་མེད་ཡེ་ཤེས་ཀྱི་སྤྱན་མིག་ལྡན་པ་ཚོས་ཤེས་ངེས། ང་རང་ཉིད་མདོ་སྨད་པ་ཞིག་ཡིན། ངས་ད་རེས་འུ་ཚང་གི་འགོ་བྱེད་ཁ་ཤས་ཤིག་འགྲིགས་ཡོད་ནི་མ་རེད་ལབ་ཡིན། ཁྱེད་ཚོས་ད་དུང་ཤར་ཁུགས་ཀྱི་འཁྲབ་སྟངས་དང་དྲ་ངོས་ལ་དབྱེན་དཀྲུགས་བྱེད་ཚུལ་ཧ་མ་གོ་བསམ། མི་ཁ་མི་བྲོ་བ་འདིའི་རྐྱེན་བྱས་ནས་བོད་ཀྱི་ཆིག་སྒྲིལ་ལ་དུག་མ་བཏབ་རོགས།མདོ་སྨད་གཞིས་ལུས་རྒྱ་ཆེའི་མི་དམངས་ཀྱི་བོད་ནང་དུ་བཙན་རྒོལ་འཐབ་རྩོད་ཀྱི་མེ་ལྕེ་ཅི་འདྲ་འབར་གྱི་འདུག འུ་ཚོས་ཆབ་བྲག་སོགས་ཀྱི་ཁ་རྒྱུགས་ནས་ཡ་མཚན་ཞིག་འདོད་དགོས་ཀྱིམེད
ངས་ད་དུང་ཡིན་ན་ཡང་གོང་རིམ་དང་འོག་རིམ་གང་ཞིག་ཡིན་ན་ཡང་སྤྱི་ཚོགས་ཀྱི་སྐྱོན་མཚང་དང་ཞན་ཆ་ལ་སྙུག་ཁ་གཏོད་ངེས་ཡིན། འདི་ངས་སྤྱི་ཚོགས་ལ་འགན་འཁུར་སྟངས་ཡིན།
གལ་ཏེ་བཀའ་ཤག་གསར་བས་ཞིབ་འཇུག་ཚོགས་ཆུང་ཞིག་འཛུགས་རྒྱུ་ཟེར་བ་དངོས་སུ་བཙུགས་ན་དེའི་ནང་ལ་ཡང་ནུས་པ་འདོད་ཡོད། འདི་ངས་གཞུང་ལ་འགན་འཁུར་སྟངས་ཡིན།
གཞུང་བཀུར་སྟངས་ཤེས་དགོས་ལ་གཞུང་གིས་ཀྱང་སྐྱོང་སྟངས་ཤེས་དགོས། ངས་བཀའ་ཁྲི་སྒེར་ལ་སྐྱོན་བརྗོད་དང་དམའ་འབེབས་ཆེན་པོ་བྱས་བཞག་པ་ཅི་ཡང་མེད། ད་དུང་མཆན་ནང་ལ་སྐབས་དོན་ལས་བརྒལ་བ་དང་ཐལ་ཆ་ཅན་གྱི་སྐྱོན་བརྗོད་སྤེལ་མི་འོས་ཚུལ་ཡང་ཡང་ཡང་བཤད་ཡོད།
བསོད་ནམས་ལགས། ངོ་རྒོལ་ཡོད་ན་བདེན་ལུགས་བགྲངས་ནས་རྒོལ་དགོས། སྐབས་དོན་གྱི་བདེན་པས་ཕོངས་ནས་ཡར་བཤད་མར་བཤད་ཀྱི་ཉོག་གཏམ་གྱིས་མི་ཕན །མ་གཞི་བསོད་ནམས་ལགས་ཀྱི་བཤད་སྟངས་ལ་དཔགས་ན་ཕྲག་དོག་ཅིག་གམ་མ་དགའ་བ་རང་གི་གཡའ་ཞིག་འདུག
ལོ་ལོན་དང་བླ་རྒན་མགོ་སེ།ལུང་རྟོགས་སོགས་ནས་ཨ་མདོ་པ་ཚོ་ཞེས་རྒྱུགས་པ་ལེབ་རྡུང་བྱེད་པ་ནི་བོད་མི་ནང་ཁུལ་ཁ་བྲལ་ལོག་སྤྱོད་ཀི་བྱེད་སྟངས་ཁོ་ན་རེད།བོད་ནང་བོད་དོན་ཆེད་ཨ་མདོ་པ་ཚོ་མེ་ལ་བསྲེགས་རྒྱུ་དེ་བསྲེགས།ཆུ་ནང་མཆོངས་རྒྱུ་ཆུ་ལ་ལྕེབས།ཡང་མང་པོ་ཅིག་ནས་ཁ་ཆེམས་བཞག་སྟེ་རང་ཤི་བརྒྱབ་པ།སློབ་གྲ་དང་དགོན་སྡེ་གང་ས་ནས་རྒྱ་གཞུང་ངོ་རྒོལ་བྱས།ཐ་ན་ལོ་༨་༩ཅན་གྱི་ཕྲུ་གུ་བསམ་མེད་ཚོ་ཚུན་ཆད་ནས་བོད་རང་དབང་དང་༧རྒྱལ་དབང་བོད་ཕེབས་ཆེད་སྐད་འབོད་བྱེད་སྐབས།
བོད་ནང་དུ་ཅིག་ཅིག་མུག་མུག་མ་གཏོགས་ཨ་མདོ་ཟེར་བ་ཁ་ལ་ལེན་ཀི་མི་འདུག་མོད།སྲོག་ཕངས་མེད་ཨ་མདོ་པ་ཚོས་གཏོང་གི་ཡོད་པས།ཁྱོད་ཚོས་གྲངས་ཀིས་རྒྱུགས་དགོས་རེད་མཆོངས་དགོས་རེད་ཅེས་དཔའ་སྐད་མང་པོ་འཐེན་སོང་ང་།
ད་བཙན་བྱོལ་དུ་མི་རྗེ་བཀའ་ཁྲི་མཆོག་ལ་ཨ་མདོ་པ་ཞིག་གིས་རྩོག་ཆོག་ཅིག་བྲིས་པར་ཉ་འདར་འདར་ངང་སྔ་འགྱོད་ཕྱི་བསྡོམས་ཙམ་བྱས་པ་དང་མི་རེ་ཟུང་ནས་དེ་ལ་རྒྱབ་སྐྱོར་ཙམ་བྱས་པར།
ཨམ་ཕྲུག་སྐྱག་བཟན་ཚོ།རྒྱལ་ཚོང་དང་བོད་མི་ནང་དཀྲུག་མཁན།རྒྱ་མིའི་སོ་པ་སོགས་ཡར་སྐྱིད་སྡུག་བཤད་ས་ཅུང་ཙམ་ཡང་མེད་པར་མི་མང་ཉུང་གི་དཔུང་ངོམས་ཁོ་ན་བྱས་ཏེ།ཚུར་འབུར་འཇོམས་དང་མགོ་རྡུང་རྐྱང་དང་ཨ་མདོ་པ་ཚང་མ་ནག་པོ་བཟོ་རྐྱང་བྱེད་པ་འདི།བོད་མི་ནང་ཆོས་ཁས་ལེན་པ་དང་༧རྒྱལ་པ་རིན་པོ་ཆེར་དད་པ་ཅིག་ཡིན་ན།སེམས་ལྷོད་ལྷོད་བྱས་ཏེ་ཞིབ་འདང་རྒྱོབ་དང་འདི་ལས་རྒྱུ་འབྲས་ལ་འགྲོ་རྒྱུ་ཨེ་རེད།
ཨ་ལེ་ཆབ་སྲིད་ཕྱོགས་ནས་འདང་བརྒྱབ་ནའང་རང་ཕྱོགས་ཁོ་ན་བཟུང་སྟེ་གཞན་ཕྱོགས་དེ་ཅིག་ཕངས་མེད་བེད་སྤྱོད་གཏོང་རྒྱུ་དང་ལག་ཕྱིས་ཁོ་ན་འདྲ་བོ་བྱས་བསྡད་ན།བོད་ཆོལ་ཁ་གསུམ་ལྷན་དུ་གནས་ཐུབ་རྒྱུ་ཨེ་རེད།
གནད་འགག་དེ་ཚོར་དགོངས་པ་བཞེས་ཏེ་མཆན་གནང་ན་ཡག་པོ་རེད་སྙམ།
ལོ་ལོན་བསམ་ཤེས་ཀྱི་གསུང་དེ་ལེགས་བཤད་རྨ་མེད་པ་ཞིག་རེད་འདུག་པས་དྭང་དུ་ལེན་འོས་ཅིས་ཀྱང་ཆེ། འོན་ཀྱང་བདེན་པ་བཤད་ན་མི་མི་དགའ། འཁར་རྒྱུག་ཕྱར་ན་ཁྱི་མི་དགའ། ཞེས་པའི་དཔེ་ལྟར། གནས་ལུགས་ཉན་ཤེས་ཀྱི་མི་ནི་གནས་འདིར་ཡོད་ཚོད་མི་འདུག་པས་གསུང་བཟང་དེ་ཚོ་གསུང་པ་ཙམ་རེད། ཤར་ཁུག་གཅིག་པུའི་གནས་ཚུལ་གོང་དུ་ལོ་ལོན་གྱིས་གསུང་པ་ལྟར་ཡིན་བདེན་པ་རེད་པས་དེ་གཅིག་པུ་ལ་དེ་ཙམ་གྱི་ཧང་སང་དགོས་དོན་གང་ཡང་མི་འདུག། འོན་ཀྱང་ད་རེས་གནས་ལུགས་གང་ཡིན་ལ་མ་ལྟོས་པར་ལྷ་མོ་སྐྱབས་གཙོས་པའི་ཤེས་ཡོན་པ་འགའ་སྡིག་པ་མིག་བཙུམས་ཀྱིས་སྡེབ་ལངས་བྱེད་སྟངས་འདི་མདའ་མོ་འཕེན་འདོད་མ་རེད་གཞུ་མོ་གཅོག་འདོད་རེད། དོན་ངོ་མར་བཀའ་ཁྲི་ལ་སྙིང་ནད་རྩོད་ཀྱི་ཡོད་རེད། ཤར་ཁུག་ཁ་གཡར་ས་ཙམ་གྱི་ཁོ་པ་ཚོ་ལ་གོ་སྐབས་རག་པ་དང་དྲང་བདེན་སོགས་ཅིག་ཅིག་ཟེར་བ་དེ་ནི་མི་ངོ་འབྲིད་ཐབས་ཙམ་རེད། འོ་ན་ལྷ་མོ་སྐྱབས་དང་བཀའ་ཁྲིའི་བར་ན་འགལ་བ་ཅི་ཞིག་ཡོད་པ་རེད་ཟེར་ན། དེ་ནི་ལྐོག་གྱུར་རེད་འོན་ཀྱང་ད་རེས་ཀྱི་རྩོད་སྟངས་འདི་སྒེར་འཁོན་རྩོད་སྟངས་རང་རེད། གནས་ལུགས་ལ་རྣམ་དཔྱོད་ཀྱི་བློ་མིག་ཞར་བའི་ལོང་བ་ཐང་གང་ལྷ་མོ་སྐྱབས་ཀྱི་རྗེས་སུ་ལོང་འཆམ་བྱེད་བཞིན་པ་ནི་ཇི་འདྲའི་ཡ་ང་ཞིང་ཡིད་མུག་པ་ཞིག་རེད་ཨང་། དེ་མིན་བོད་བསྟན་པ་ཆབ་སྲིད་ལ་ཐུག་དུས་ལྷ་མོ་སྐྱབས་སོགས་མི་གཞི་གཏའ་མར་བཞག་སྟེ་དངུལ་ལོ་ཁོ་ནའི་རྗེས་སུ་ཁ་ཕྱིར་ལྟས་མེད་པར་རྒྱུག་འགྲོ་མཁན་རེད། ད་དུང་བཟང་སྤྱོད་ཡས་སུ་བོར་སྤྱོད་ངན་ཐོད་དུ་བླངས་ནས་མི་ཚོང་རྒྱག་བཞིན་པ་མ་ཡིན་ནམ། མི་འདྲ་ཞིག་གི་ད་རེས་བསྟན་དོན་ལ་བསྙད་པའི་འུད་སྒྲོགས་འདིའི་དམིགས་ཡུལ་ཅི་ཞིག་གཟུང་ཡོད་དམ། འདིའི་མཇུག་འབྲས་མཐོང་ཐོས་མི་འདོད་པའི་གནས་ཚུལ་ཡ་ང་ཞིང་སྐྱི་གཡའ་བ་ཞིག་ཡིན་ནམ།
ཆོལ་ཁ་ཆོལ་ཁ་ཟེར་མཁན་གྱི་ལོ་ལོན་གཙོས་གླེན་པ་གླེན་ནག་ཚོར།
༡ བླང་དོར་སྒྲིག་གཞི་ཟེར་ན་ཅི་ཞིག་རེད་དམ། དེ་ག་དུས་གཏན་འབེབས་བྱས་པ་རེད། དེའི་ཁྱབ་ཚད་གང་འདྲ་རེད་དམ།
༢ ཕྱི་སྡོད་རྒྱ་མིའི་ལག་ཁྱེར་བླང་ནས་པེ་ཅིང་དུ་འགྲོ་མཁན་བློ་སེང་ཡིན་པ་དེས་ཁོའི་ཞེན་ཁོག་རུས་པ་ར་སྤྲད་མི་འདུག་གམ།
༣ བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་པས་གསུང་བ་ལྟར། ཁོང་ཧ་ཝ་ཌིའི་བར་དུ་ཐའེ་ཝན་གྱི་ཚོགས་པ་ཞིག་འདུག་ཅེས་པ་དེ་ག་རེ་རེད་དམ།
༤ ཁོང་གིས་ང་ཚོར་མ་བཤད་ཅིང་གདམ་གསེས་བྱས་ནས་རང་གི་ལོ་རྒྱུས་བཤད་དགོས་པའི་རྒྱུ་མཚན་ག་རེ་རེད་དམ།
༥ ཁོས་ཁོང་ཧ་ཝ་ཌིའི་དགེ་རྒན་ཡིན་ཟེར་དོན་ཅི་རེད་དམ། ཁོང་ཞིབ་འཇུག་ལས་རོགས་ཤིག་ལས་མིན་པ་ཁྱེད་ཚོས་མཁྱེན་ཡོད་དམ།
༦ ཁོང་གིས་བོད་ཡིག་མི་ཤེས་པ་འདི་ཁོང་བོད་ཡིག་ལ་མ་དགའ་བས་ལན་པ་རེད། མ་དགའ་བ་དེའི་རྒྱུ་མཚན་ཅི་ཞིག་རེད་དམ།
༧ ཁོས་ཅིའི་ཕྱིར་བཀྲས་མཐོང་བཀྲ་དབང་གི་རྒྱབ་སྐྱོར་བ་ཚོར་མཛུབ་མོ་བཙུགས་ནས་སྡང་གཟུགས་བྱེད་ཀྱི་ཡོད་པ་རེད་དམ།
༨ ཁོ་ལ་ཅིའི་ཕྱིར་གངས་སྐྱིད་ལས་བྱེད་ཚོས་བརྩི་བཀུར་མ་བྱས་པ་རེད་དམ།
༩ ཁོས་ཅིའི་ཕྱིར་རང་གི་དགའ་རོགས་དང་གཉེན་ཉེ་འབྲེལ་བཀའ་བློན་དུ་བསྐོས་པ་རེད་དམ།
༡༠ དོན་དག་འདིའི་ནང་ཁོང་གི་བཀའ་དེ་བཀའ་དྲུང་གིས་མ་འཁུར་བ་རེད་དམ། ཅིའི་ཕྱིར་བཀའ་དྲུང་གིས་ཁོང་གི་བཀའ་ལ་རྟིང་གནོན་མ་བྱས་པ་རེད་དམ།
༡༡ བཀའ་བློན་ཉམས་མྱོང་ཅན་ཚོས་ཅིའི་ཕྱིར་ཁོང་ལ་ཁུག་རྟ་ཕུད་ཐབས་ཀྱི་རིག་པ་ཡག་པོ་ཞིག་མ་བསླབ་པ་རེད་དམ།
༡༢ གཞུང་ཞབས་ལས་བྱེད་མང་པོས་དེ་རིང་སང་ཉིན་ཐག་གཅོད་འདིར་ཡིད་ཐང་ཆད་ནས་སྡོད་པ་མ་ཤེས་སམ།
༡༣ བློ་སེང་གིས་གཞུང་ཞབས་བཞུགས་མོལ་ཚོགས་འདུ་སྐོང་སྐབས་ཅིའི་ཕྱིར་ཤེས་རིག་ཀརྨ་དགེ་ལེགས་སོགས་ཀྱིས་མཐོང་ཆུང་བཏང་གཞུང་ཞབས་ཚོ་གད་མོ་བགད་པ་རེད་དམ། གནས་ཚུལ་འདི་དག་ཁྱེད་ཚོས་མ་གོའམ།
༡༤ བླང་དོར་སྒྲིག་གཞི་ཉིན་གླའི་ལས་བྱེད་ལ་ཁྱབ་ཐུབ་ཀྱི་འདུག་གམ།
༡༥ ཁ་སང་ཧིན་བོད་མཛའ་ཚོགས་འཚོགས་སར་རྡ་ས་ས་གནས་འགོ་འཛིན་ལ་མཛུབ་མོ་བཙུགས་ནས་ཁོ་བཀྲ་ཤིས་དབང་འདུད་ལ་རྒྱབ་སྐྱོར་བྱེད་མཁན་རེད་ཅེས་གསུངས་པ་རེད་དམ།
༡༦ ཁོས་ག་དུས་ཡིན་ནའང་ང་དང་ངའི་ཨ་ཞང་པ་ལགས་ཞེས་གསུངས་དགོས་དོན་ག་རེ་རེད་དམ།
༡༧ ཁོས་མདོ་སྨད་སྤྱི་འཐུས་མཛེས་མ་ཁ་ཤས་ལ་ཅིའི་ཕྱིར་ལྐོག་ནས་ཁ་པར་བཏང་བ་རེད་དམ།
༡༨ ཁོ་ལ་ཅིའི་ཕྱིར་ཨ་རིའི་བོད་མི་རྣམས་ཀྱིས་བརྩི་བཀུར་མི་བྱེད་པ་རེད་དམ། འདི་དག་ཤེས་ན་ད་གཟོད་སྐད་ཆ་ཤོད་ལོ།
ལོ་ལོན་པས་བཤད་བདེན་པ་རེད། བྱིའུ་འདི་བཀྲ་ཤིས་པ་ཞིག་མ་རེད་འདོད། ད་དུང་ངོ་ཚ་རྒྱུ་མེད་པའི་ཆབ་བྲག་དང་རབ་གསལ་སོགས་ལུང་ཚན་མངོན་རྒྱུག་ཅན། དྲང་པོ་ཞུ་ན། ཨ་མདོ་བའི་བོད་ཡིག་ཆུ་ཚད་བཟང་བ་དང་། མང་ཆེ་བས་བོད་ཡིག་ཡག་ཙམ་ཤེས་ཀྱི་ཡོད་པ་བདེན་པ་རེད། ཡིན་ནའང་། མི་གཞིའི་ཐད་ལ་ཨ་མདོ་བ་ཟེར་བ་འདིར་ངོ་མ་ཞེན་པ་ལོགས་སྡད་ཡོད། ཡ་ང་བྱེད་གཅིག་རེད། ལོ་ངོ་འདི་ཚོའི་ནང་བཙན་བྱོལ་ནང་ཨ་མདོ་བ་ག་ཚོད་ཀྱིས་གོང་ས་མཆོག་ལ་བོད་གཞུང་ལ་ཁ་གཏད་ལྟ་བུ་ལངས་ཡོད་པ་རེད། འདི་དག་གིས་རྐྱེན་བྱས་ན། ད་ལྟ་མང་པོ་ཞིག་གིས་ཨ་མདོ་བ་ཡིན་ན་མི་དགོས་ཟེར་ས་ལ་སླེབས་འདུག
བསོད་ནམས་ལགས། ཁྱོད་བསོད་ནམས་དང་ང་ཡང་བསོད་ནམས་ཡིན། ངས་ཁ་སེང་སྔོན་མ་ནས་ང་ཚོ་གཉིས་ཀྱིས་མིང་བསོད་ནམས་སྤྱོད་བཞིན་ཡོད་པས་ཀ་ཁ་བཟོས་ན་ཞེས་ཞུས་མོད། ཁྱོད་ཀྱིས་སྣང་འཇོག་བྱས་མ་སོང་། དེ་རིང་ནས་ངའི་མིང་ལ་ བསོད་ནམས་ཀ་པ་ འཇོག་གི་ཡིན། རྒན་ལྷ་མོ་ལགས། གོང་གི་བསོད་ནམས་མིང་ཅན་གྱི་མཆན་བུ་རྣམས་བསོད་ནམས་ཀ་པའི་མིན་པར་དེ་དེ་དོན་དགོངས་འཇགས་ཞུ།
ད་ཨ་མདོ་དང་ཁམས་པ་ཞེས་པ་ཞིག་ངང་གིས་ཆགས་ཡོང་གིན་འདུག་ན། དེ་དག་གནས་ལུགས་རྒྱུ་མཚན་ཚང་མ་ཕོ་རབ་བློ་བཟང་ཆོས་འབྱོར་ལགས་དང་ཁོ་པར་གདོང་གྲོགས་བྱེད་མཁན་ལུང་ཚན་གཅིག་པ་ཁག་ཤས་ཤིག་གིས་འགན་འཁུར་གྲ་སྒྲིགས་ཚང་མ་བྱས་ཡོད་ཀྱི་རེད། མ་གཏོགས་ད་དུང་ཤེས་ལྡན་མི་སྣར་རློམ་ཞིང་ཁེངས་སེམས་ཀྱི་རྒྱུད་སྦོས་པའི་མི་སྣ་འགའ་ཞིག་གིས་མེ་འབར་བའི་སྟེང་དུ་ཡང་བསྐྱར་ཤིང་སྐམ་སྣོན་པ་གང་ཐུབ་རྒྱག་ཡག་འདི་དངོས་གནས་ཁྱད་མཚར་རེད། འདིའི་གནས་ལུགས་དེ་ཆོལ་ཁའི་སྒང་ལའང་མི་འགྲོ་བའི་ངེས་པ་མེད་པས། གལ་ཏེ་དེ་ལྟར་སོང་ན་རྙོགས་གླེང་འགོ་པ་ཁྱོད་ཚོས་བོད་བསྟན་པ་དང་ཆབ་སྲིད་གང་ལ་མི་གནོད་པའི་འགན་ལེན་ཚང་མ་འཁུར་ཐུབ་ས་རེད་པས། ཅི་སྟེ་འགན་འཁུར་མི་ཐུབ་ན་བློ་ཆོས་ལྟོ་ཁ་ཕུར་ཁ་གཅིག་པུས་བོད་བསྟན་སྲིད་གཉིས་ཕུང་གིས་རྒྱུ་འདིའི་རིགས་སྤེལ་བར་ཀྱེ་མ་ཧུད།
མཆན་ལ་བསྐྱར་ཞིབ་བྱས་ན། ལུང་ཚན་བཤད་མཁན་ཀ་དག་ཆོས་དབྱིངས་ཁྱེད་རང་རང་རེད་འདུག
ང་ལ་དོགས་པ་ཆེན་པོ་ཞིག་འདུག ཤར་ཁུག་འདི་ཅི་ལྟར་ལན་འདེབས་ཚོགས་ཆུང་གི་མི་ཆགས་པ་དང་རྩོམ་སྒྲིག་པ་ཆགས་པ་རེད། དེ་ན་དྲི་རྟགས་ཆེན་པོ་ཞིག་འདུག
ཤར་ཁུག་གིས་ས་འོག་དར་ཐག་གི་འབྲེལ་བ་བརྒྱུད་དེ་ལན་འདེབས་ཚོགས་པ་ཟེར་བ་བཙུགས། ས་འོག་དར་ཐག་གི་འབྲེལ་བ་བརྒྱུད་དེ་རང་ཉིད་རྩོམ་སྒྲིག་པ་ཡིན་ཁུལ་བྱས། རང་གིས་རྩོམ་ཉོག་དེ་ཚོ་རྒྱ་ནག་ལ་ལན་འདེབས་ཡིན་མདོག་བསྟན། ད་དུང་ཆབ་ལྷ་སོགས་ཀྱིས་ཁུག་རྟ་མེད་ན་རྒྱ་ནག་ལ་ལན་རྒྱག་མཁན་མེད་སོང་བ་དང་། ཡེ་རྡོར་དགའ་ཡོད་ཚུལ་གྱི་གླེན་རྟགས་རི་འདྲ་བ་བསྟན། ཆོ་མེད་པ་རང་རེད།
ཤར་ཁུག་ལ་དེའི་ཆུ་ཚད་ཡོད་དམ་མེད། ཤར་ཁུག་མེད་ན་བོད་གཞུང་ལ་མིག་མེད་སོང་བ་དང་རྒྱ་ནག་ལ་ལན་རྒྱག་མཁན་མེད་སོང་བའི་ཚུལ་བཤད་ཀྱིན་པ་ནི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོའི་མིང་ཅན་འདིའི་རང་གི་མིང་བརླགས་པ་དང་། ཚོགས་པའི་མིང་བརླགས་པ་རེད།
ཨོ་རེད། ཤར་ཁུག་འདི་འདྲེ་མགོ་རྡོ་ཡིན་པ་ཚང་མས་ཤེས་གསལ་རེད། འདྲེ་མགོ་མདོས་བུ་བཟང་བོ་མི་སྔུན་ནས་ལངས་ཏེ་གང་ཡང་ཞུ་མི་ཕོད་པར། ལྐོག་ནས་བོད་གཞུང་བཀའ་ཤག་ནས་རང་བཙན་རྩོད་མཁན་ཚོའི་སྟེང་དུ་གཤེ་གཤེ་སྣ་ཚོགས་བཏང་ཡོད། དེ་ཡང་བླེ་སེང་གིས་མཁྱེན་རྒྱུ་རེད་སྙམ།
ད་མདོ་སྨད་ཀྱི་ཞེན་ཁོོག་རྐྱང་རྐྱང་བཤད་མ་ཡོང་། དོན་ངོ་མར་བསམ་བློ་བཏང་སྟེ་རང་ཁར་བདག་པོ་རྒྱོབ། ཤར་ཁུག་སོགས་ཀྱིས་སྐྱུག་བྲོ་བའི་གནས་ཚུལ་ལ་རྒྱུས་ལོན་གནང་རོགས།
བསྟན་འཛིན་བསམ་གཏན་ཡ་བསམ་གཏན། རྫུན་བཤད་ནའང་ཡག་པོ་ཞིག་ཤོད་དང་། ཉིན་གཅིག་གཉིས་འཁྱོལ་མདོག་ཁ་བོ་རེད།
ཤར་ཁུག་གིས་བོད་གཞུང་གི་གཞུང་འབྲེལ་ལན་འདེབས་ཚོགས་ཆུང་བཙུགས་ཟེར་ན་དངོས་གནས་སྨྱོ་གཏམ་རང་མ་རེད་དམ། ཧཧཧཧཧཧཧ
ཆོལ་ཁ་དང་ཆོལ་ཁ། སུ་དང་སུ་ཆོལ་ཁ་གང་དང་གང་གི་རེད།
དོན་དག་འདི་སེང་གེ་དང་ཁུག་རྟ་གཉིས་ཁོ་ན་ལས།
སེང་གེའི་ཞོར་ལ་ཤིང་ནགས་མ་འབྲེག ཁུག་རྟའི་ཞོར་ལ་བྱ་ཚོགས་མ་དཀྲོག
གནས་ལུགས་ཤོད་ས་ནས་གླེན་བཤད་མ་རྒྱག བདེན་པ་བདར་ས་ནས་རལ་གྲི་མ་བརྡར།
རྩྭ་དང་རི་བོ་སོ་སོ་རེད། ཤིང་དང་ནགས་ཚལ་ཐ་དད་རེད།
ལྐུགས་པ་སྨྲ་མ་ཉུང་ན་མཛེས། ཞ་བོ་འགྲོ་སྡོད་དལ་ན་ལེགས།
གོ་ན་དཔེ་དོན་སྦྱར་ནས་སོམས། མ་གོ་ཚིག་ལ་འགྲེལ་བ་མེད།
ལོ་ལོན་གྱིས་གསུངས་པ་བདེན་དངོས་རེད། ལྷ་མོ་སྐྱབས་དང་། རབ་གསལ་ཚོ་མིང་གྲགས་ཅུང་ཡོད་མཁན་ཤ་སྟག་རེད་པས། གང་བྱུང་མ་བཤད་ན་ཡག་ག སྤྱིར་བཏང་བསམ་འཆར་བཏོན་ཆོག་པ་དང་། སྨྲ་རྗོད་ལ་རང་དབང་ཡོད་ཀྱང་། ཚོད་ལས་བརྒལ་མཐར་ལུང་ཚན་གྱི་སྐད་ཆ་་འདི་མགོ་འཛུགས་ངེས་རེད་པས་བློ་དང་ལྡན་པ་ཞིག་ཡིན་ཚེ་དྲང་བདེན་ལ་གཞི་བཅོལ་དགོས།
ང་ནི་དྲང་བདེན་ལ་དགའ་ཞིང་མི་གཞི་ལ་དམའ་འབེབས་བྱེད་རྒྱུར་རྩ་བ་ནས་དགའ་བོ་མེད་ལ གོང་ནས་བསོད་ནམས་མིང་ཅན་གྱི་མཆན་བུ་དེ་དག་མཐོང་སྐབས་རང་གི་མིང་གསལ་པོ་མ་བཟོས་ན་སེམས་པ་བདེ་བོ་བྱུང་མ་སོང་། དེ་འདྲ་སོང་ཙང་གུས་པའི་མིང་བསོད་ནམས་ལ་ཀ་སྦྱར་ནས་ བསོད་ནམས་ཀ་པ་ཞེས་བསྒྱུར་བ་ཡིན།
གཟན་ཤམ་འོག་གི་དམ་ཉམས་བློ་ཆོས་ཟེར་བ་དེ་དངོས་གནས་ལྟ་ཨ། ད་དུང་ལྷ་མོ་སྐྱབས་ལབ་ཡག་གི་ཕོ་མིན་མོ་མིན་དེ་ཡང་ཕོ་གཟུགས་ཡག་པོ་ཞིག་བཟོ་དགོས་ས་རེད། དེ་ཚོར་བོད་ལ་ལྷག་བསམ་དང་ཤ་ཚ་མེད་པ་ཕྱི་གསལ་ནང་གསལ་རེད།
ཆབ་བྲག་དང་ཀུན་མཐར་གཉིས་ཀྱིས་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ལ་བྱས་རྗེས་ག་རེ་བཞག་ཡོད་མེད་ལྟོས་ན་ཤེས། གོང་གི་བསོད་ནམས་ལགས་བཤད་པ་བཞིན་ཆབ་བྲག་གིས་དགའ་བོ་ས་རྭའི་སློབ་ཟུར་བསྟན་འཛིན་ཆོས་དབྱིངས་ཟེར་བའི་བུ་མོ་ཞིག་བཙན་གྱི་རྩོམ་པ་བོའི་མཐུན་ཚོགས་ནང་བཞག་ཡོད།་དེ་བདེན་པ་བདེན་རྐྱང་རེད།
བསྟན་འཛིན་ཆོས་དབྱིངས་ལགས་རྩོམ་པ་པོའི་ཚོགས་ཆེན་སྐབས་འོས་བསྡུའི་ལམ་ནས་འདེམས་ཐོན་བྱུང་བ་རེད། མི་ལ་སྐུར་འདེབས་བྱས་ན་བོད་ཀྱི་རིག་གནས་རྩ་ཆེན་ལས་རྒྱུ་འབྲས་ཟེར་བ་དང་འགལ་སོང་བ་རེད་གདའ།
དབྱངས་འཛོམས་དང་གསེར་འབྲུག་སྡེར་ལྔ་སོགས་མིང་གཅིག་ཕོ་མོ་གཉིས་ཀྱིས་མཉམ་ཏུ་སྤྱོད་མཁན་ཚོས་གཟབ་གཟབ་བྱོས། དཀྲུག་ཤིང་ཡིན་ན་དྲ་ངོས་འདིར་མིང་འདོན་གི་ཡིན།
ཨ་ཁ ད་ངོ་མ་རྙོག་འཛིངས་གྱུར་སོང་། དང་པོ་ནས་ངས་འདི་ལྟ་བུ་ཞིག་ཆགས་རྒྱུ་རེད་བསམ། ཅི་འདྲའི་མི་བསམ་མེད་རྐྱང་རྐྱང་རེད། ཚང་མའི་བསམ་ཤེས་རེ་བྱས་ན་མི་བསང་ངམ། སྐུ་མཁྱེན་དགྲ་དགའ་གཉེན་སྡུག་གི་ལས་དེ་སྐྱུར་རོགས། འུ་ཅག་ལ་རྒྱ་དམར་པོ་ཚང་གི་དགོད་བཞིན་བལྟས་འདུག
དངོས་གནས་ད་དྲ་མཆན་འདི་དག་ལ་ཐང་ཆད་སོང་། བཤད་དགོས་རྒྱུའི་དོན་དག་མི་བཤད་པར་རྐང་བཙུགས་ནས་ཆོལ་ཁ་དང་ཕྱོགས་ཁག དེ་ནས་མི་གཞི་སོགས་ལ་འཇུས་ནས་རང་ཉིད་མ་དགའ་བའི་ཞེན་འཁོན་བརྗོད་ཅི་ཐུབ་བྱེད་བཞིན་འདུག དངོས་གནས་སྐྱུ་བྲོ་བ་རང་རེད། དོན་དག་རྡོག་རྡོག་བཀའ་ཁྲིའི་ཐག་གཅོད་དང་ཁུག་རྟའི་བྱ་སྤྱོད་གཉིས་རེད། དེས་ན་གོང་དུ་ལོ་ལོན་བསམ་ཤེས་ཟེར་བའི་བསམ་མེད་ཅིག་རྐང་བཙུགས་ནས་ཆོལ་ཁའི་དབྱེན་དཀྲུགས་ཀྱི་ཉོག་རྡོག་ཅིག་ཉོག་མ་གཏོགས་མི་ཆོད་པའི་ལོ་ལོན་ཁོ་རང་འདྲ་བོ་སོ་མེད་རྐྱང་གི་མདུན་དུ་གཡུགས་ནས་ཆེད་དུ་ཉོག་དཀྲུགས་བཅུག་པ་རེད།
ཁོའི་སྐད་ཆ་དེ་ཚོར་ལྟ་དུས་ཕྱི་ཚུལ་ཙམ་ལ་བཀའ་ཁྲི་དང་རང་གཞུང་ལ་ཤ་ཚ་ཡོད་མདོག་དང་དྲང་པོ་ཡོད་མདོག་སྟོན་པ་ལས། དོན་དངོས་ཐོག་ཁོས་བཀའ་ཁྲིའི་རྩ་བའི་དམ་བཅའ་ཆིག་སྒྲིག་ལ་མངོན་པར་མི་གསལ་བའི་བར་ཆད་གཏོང་གི་ཡོད་རེད། དེ་བས་ཞེན་ཁོང་སྒེར་ནད་ཅན་ཁ་ཤས་ཀྱི་རྣ་བར་བདུད་རྩི་རུ་གྱུར་ཏེ་མགོ་འབུད་ལུས་ཀྱིས་རྒྱབ་སྐྱོར་དང་ཅང་བཤད་མི་ཤེས་ན་ཡང་ཟུག་གི་ཡོད་པ་རེད།
ངས་འདིར་གསལ་པོར་བཤད་རྒྱུར་ལོ་ལོན་གྱི་སྐད་ཆ་འདི་དག་གིས་བཀའ་ཁྲའི་ཆིག་སྒྲིལ་གྱི་དམ་བཅའ་ལ་གནོད་པ་ལས་ཕན་ཐོགས་མེད། ཁོར་བདེན་ཁ་སྟེར་མཁན་རྣམས་ཀྱིས་ཀྱང་བཀའ་ཁྲིའི་ལས་དོན་ལམ་འགྲོ་མི་ཡོང་བའི་ཆ་རྐྱེན་སྐྲུན་གྱི་ཡོད་པ་ལས་རྒྱབ་སྐོར་བྱེད་ཀྱི་མེད། དེ་ལས་གསལ་ཙམ་བཤད་ན། ལོ་ལོན་གྱིས་མདའ་གཅིག་གིས་བྱེའུ་གཉིས་གསོད་འདོད་དེ་རེད། དེས་བས་ཁོའི་ཉོག་དེ་ཟ་ཡག་རེད་དམ་གཡུག་ཡག་རེད་སོ་སོའི་ངོས་ནས་གཟབ་རོགས་ཞུ།
གཅིག་བྱས་ན་ལོ་ལོན་འདི་ཉིན་མོར་ལྷ་ལོར་ལྷ་ལས་རོགས་དང་། མཚན་མོར་འདྲེ་མོར་ཐགས་འཐག་རོགས་ཀྱི་ལྤགས་བྱེའུ་ཞིག་ཀྱང་ཡིན་སྲིད་པས་དྲ་གྲོགས་ཡོངས་ཀྱིས་གཡམ་རྒྱུགས་མ་བྱེད་པར་ཐུགས་བསམ་བཞེས་རོགས། སྤྱིར་ན་སོ་སོའི་བསམ་ཚུལ་ཅི་བཤད་ཀྱང་རང་དབང་རེད། འོན་ཀྱང་གོང་གི་ལོ་ལོན་གྱིས་བཤད་པ་ལྟར་དོན་དག་ཆུང་ཆུང་ཞིག་ལ་ཆོས་ལུགས་དང་ལུང་ཚན་སོགས་ཀྱི་མིང་སྤྱད་ནས་རྒྱུགས་པ་ལེབ་རྡུང་བྱེད་སྟངས་འདིས་ཕན་གྱི་འདུག་གམ་གནོད་ཀྱི་འདུག གཅིག་བྱས་ན་འདི་ནི་ཉེས་སྔོན་བྱུང་བའི་ཆབ་མདོའི་འབར་གས་དོན་རྐྱེན་དང་ཡང་གཅིག་པ་ཡིན་སྲིད། ཉོག་ཟ་མཁན་ཚང་མས་གཟབ་རོགས།
མིང་ལ་ལོ་ལོན་བསམ་ཤེས་བཏགས་རུང་རྩོམ་ཡིག་འདི་མགོ་ནས་ཅུང་ཟད་བཀླགས་པ་དང་། ཁྱོད་ཀྱང་མིང་དོན་མི་མཚུངས་པའི་ཕྱོགས་ཞེན་པ་ཞིག་གམ་ལོ་ལོན་ཧོན་ལོག་ཅིག་ཡིན་པ་ཤེས་སོང། ཁྱོད་ཀྱིས་མིང་འདོན་གནང་པའི་ཨ་མདོ་བ་རེ་ཟུང་དེ་དག་གིས་མདོ་སྨད་པ་སྤྱི་མཚོན་མི་ཐུབ་ལ། མདོ་སྨད་པའི་སྨྱུག་ཐོགས་པ་མང་པོས་་ཀྱང་སུ་བདེན་གྱི་་དབྱེ་འབྱེད་མ་བྱས་པར་དུ་ཟེར་སྒྲོས་སུ་མ་སོང་པར་ཁ་རོག་གེར་བཞུགས་ཡོད་པ་ཤེས་པར་གྱིས། ཁྱོད་ཀྱིས་ཁ་ནང་ནས་ཕྱོགས་ཞེན་དང་འཁོན་འཛིན། དཀྲུགས་ཤིང་ཞེས་པའི་ཐ་སྙད་འདི་དག་བེད་སྤྱོད་བཏང་འདུག་མོད། དོན་ལ་ཁྱོད་ཀྱང་དེའི་དབང་དུ་ཤོར་བའི་ཀླད་མེད་ཅིག་རེད་འདུག་ལ། མདོ་སྟོད་སྨད་གཉིས་ཀྱི་བར་ལ་གྱོད་ཀྱི་ས་བོན་འདེབས་མཁན་ཞིག་ཀྱང་ཡིན་པ་ཞུགས་ཀྱིས་རྟོགས་ཐུབ། དེ་མིན་ཤར་ཕྱོགས་ཁུག་རྟ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གང་ཟག་སྒེར་གྱི་མིང་མི་འདོན་པར་ཨ་མདོ་བ་ཞེས་པའི་ཐ་སྙད་སྤྱི་མཐུན་པ་ཞིག་བེད་སྤྱོད་གཏོང་དགོས་དོན་མི་འདུག
བདག་མེད་ཀྱི་གསུང་པ་བདེན་པ་བདེན་རྐྱང་རེད་དེ། རྙོགས་གླེང་འདིའི་ཐེ་རྟོགས་བྱེད་མཁན་དང་སྣེ་འཁྲིད་བྱེད་མཁན་དག་ཨ་མདོག་ཤ་སྟག་རེད་འདུག་ན་དེ་ལ་གསལ་བཤད་ཤིག་ཀྱང་བྱེད་རོགས། ཆབ་བྲག་ལབ་ཡག་མ་ཡིན་མིན་འདོག་དང་མ་མཁས་མཁས་འདོག་བྱེད་མཁན་ཕོ་མིན་མོ་མིན་དེའི་སྐོར་ལ་ཧ་གོ་གིན་ཡོད། མི་ངན་དེ་ཚོའི་གྲལ་དེ་དེང་བར་ཁ་ནས་ཅི་བཤད་དོན་ཡོད་ཡིན་ཁུལ་དང་སྤྱིའི་སྒྲིག་ཚོགས་སུ་རྐང་བརྐྱངས་ལག་བརྐྱངས་ཤ་སྟག་བྱས་ནས་སྐྱག་ལང་ཤོར་རྒྱོགས་གྲལ་དག་རེད། དེ་དག་མདོ་སྨད་ནང་གི་མི་གླུད་བྱུར་ངན་ཤ་སྟག་རེད།
སྤྱིར་ཁ་བརྡ་ན་མཁས་དབང་བློ་བཟང་སེང་གེ་དང་ཤར་ཕྱོགས་ཁུག་རྟ་ཞེས་མང་པོ་ཞིག་འབྲི་བཞིན་འདུག་
ངས་ཐེངས་མང་པོ་ཀློག་སྐབས་ཁ་མཁས་ཤིང་ཚིག་དོན་ལྡོག་ཕྱོགས་སུ་འགྱུར་བ་ནི་གསལ་དངས་ཆགས་ཤིང་འདུག་
སྤུན་ཟླ་ཚོ་་་་དེ་དག་འབྲི་མཁན་གྱི་སེམས་ནི་ངས་གསལ་པོ་བཀློག་ཐུབ་བོད་ཡིག་མཁས་ཀྱང་སེམས་ཀྱི་འཁྱེར་སྟངས་ནི་ཆེས་རྙིང་ལ་ཆེས་ཐབས་སྐྱོ་བའི་རང་བཞིན་ཏུ་འགྱུར་
ཨ་ཚི་་་་འབྲི་ཀློག་སློབ་སྦྱོང་ཅུང་ལྡན་ཡང་སེམས་ཀྱི་ཁམས་ན་ད་དུང་ནང་ཁུལ་ཕྱོགས་ཞེན་དང་འཁོན་འཛིན་དང་དཀྲུགས་ཤིང་གི་ས་བོན་རྙིང་པ་སྐྱེས་ཤིང་ཡོད་པ་ཀུན་གྱིས་མིག་མཐོངས་སུ་འགྱུར་་་་་བསམ་བློ་ལེགས་པོ་གཏོང་རོགས་རང་ཉིད་ཞེས་པའི་ཚིག་དེ་བོད་མི་རིགས་ཀྱི་དོན་དུ་འཁྱེར་མ་ཡོང་རོགས་
བསམ་བློ་ལེགས་པོ་གཏོང་ཏེ་འབྲི་མ་གཏོགས་ནམ་ཞིག་འགྱོད་པ་སྐྱེས་ན་ཕྱིར་དྲགས་རེད་ད་ད་ད་ད་ད་་གྲོགས་པོ་ལགས་་་་་་་་་་་་་་་་་་་