2011 ལོའི་ཕྱི་ཟླ་11 ཚེས་3 ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་བའི་ཐོག སྦེལ་ལྗམ་གྱི་རྒྱལ་ས་སྦར་སིལ་གྱི་ཡུ་རོབ་གྲོས་ཚོགས་མདུན་ཐང་དུ་སྦེལ་ལྗམ་བོད་རིགས་ཚོགས་པ་དང༌། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང༌། སྦེལ་ལྗམ་ས་གནས་གཞོན་ནུ། ས་གནས་ཆུ་བཞི་སྒང་དྲུག་དང༌། སྦེལ་ལྗམ་བོད་ཀྱི་གྲོགས་པོ་ཚོགས་པ་བཅས་ཐུན་མོང་ནས་ཡུ་རོབ་གྲོས་ཚོགས་འཚོགས་བཞིན་པའི་སྐབས་དང་བསྟུན་ཉིན་ལྔའི་རིང་གི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འགོ་འཛུགས་གནང་སོང་ལ། ཉིན་དང་པོར་ས་གནས་བོད་མི་ཉེར་གཅིག་ཙམ་ཟས་བཅད་ངོ་རྒོལ་ནང་མཉམ་ཞུགས་བྱས་ཡོད་པ་དང༌། ངོ་རྒོལ་གྱི་ལས་འགུལ་འདི་དང་འབྲེལ་ཚོགས་པ་ཁག་ཐུན་མོང་གིས་ཡུ་རོབ་མཉམ་འབྲེལ་འཛིན་སྐྱོང་ལ་བོད་དོན་སྙན་ཞུ་དང༌འབྲེལ་ཡིག་ཆ་ཞིག་འགྲེམ་སྤེལ་གནང་བའི་ནང༌། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་བཅུ་ལྷག་གིས་ཉེ་བའི་ཟླ་འགའི་ནང་བོད་མི་རིགས་ཀྱི་རང་དབང་ཆེད་དུ་ལུས་སྲོག་ལོངས་སྤྱོད་བློས་བཏང་གིས་རང་ལུས་མེར་བསྲེགས་བཏང་བའི་ནང༌། རྒྱལ་གཅེས་དཔའ་བོ་དཔའ་མོ་དྲུག་འདས་གྲོངས་སོང་བ་དང༌། བཞི་རྒྱ་གཞུང་གིས་བཙན་ཁྲིད་འོག་གར་སོང་ཆ་མེད་དུ་གྱུར་བ་སོགས་ཀྱི་གནས་ཚུལ་གསལ་འཁོད་དང༌། ཡུ་རོབ་མཉམ་འབྲེལ་རྒྱལ་ཁབ་ཁག་གིས་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་བོད་གནང་འགྲོ་བ་མིའི་ཐོབ་ཐང་ཐོག་ལྟ་རྟོགས་དང༌། བོད་དོན་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཤུགས་ཆེར་ཞུས་འདུག ཕྱི་ཚེས་3་དང་4་། 7་8་9་བཅས་སོ་སོར་ཡུ་རོབ་གྲོས་ཚོགས་མདུན་ཐང་དུ་ཟས་བཅད་ངོ་རྒོལ་གནང་འཆར་ཡོད་པ་མ་ཟད། ཟས་བཅད་ངོ་རྒོལ་གྱི་ཉིན་མཐའ་མ་སྟེ་ཕྱི་ཚེས་དགུ་ཉིན་གྱི་དགོང་དྲོའི་ཆུ་ཚོད་4 ནས་6 པ་བར་ངོ་རྒོལ་སྐད་འབོད་ཞིག་ཀྱང་གནང་རྒྱུ་ཡིན་འདུག
Jampa gyaltsen
Tibetan community
Boulevard Mettewie-43/9
1080 Brussles
Belgium
www.tibetancommunity.be
belgiumtibetan@yahoo.com
Ph: 0032 487181141
ph: 0032 489852803
ཡག་པོ་འདུག ཡུ་རོབ་གྲོས་ཚོགས་ཀྱིས་བོད་དོན་སྐོར་ལ་གྲོས་ཆོད་རབ་དང་རིམ་པ་ཁ་ཤས་བཞག་ཡོད་རེད། གྲོས་ཆོད་དེ་ཚོ་ཐེམ་སྒམ་ནང་བཅུག་བཞག་ཡོད་པ་ལས་ལག་ལེན་ལ་བསྟར་གྱིན་མི་འདུག འབོད་སྐུལ་ཞུ་བ་ལས་གྲོས་ཆོད་སྔ་རྗེས་ཁག་ས་ཁར་བཏོན་ནས་ལག་ལེན་བསྟར་རོགས་གནང་ཟེར་ན་འགྲིག
We appreciate your solidarity and indeed thank you for the same. Others please follow the same with due respect as a common Tibetan person than Gossiping, Hope we all have the same feeling.
P.S:
There is not Tibetan font to type in Tibetan Language and hence I have written in English hope you donot mind it.