སྤྱི་ཚེས་༣ ཉིན་ཁམས་རྟའུ་བྲོ་ཆོ་གྲོང་ཚོའི་རང་ལོ་ ༣༥ ཡིན་པ་ཕ་ཇོ་ནའི་དང་མ་ཀོས་ལན་གཉིས་ཀྱི་བུ་མོ། རྟའུ་བྱང་ཆུབ་ཆོས་གླིང་གི་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་རྟའུ་རྣམ་རྒྱལ་མཆོད་རྟེན་གྱི་ཉེ་འགྲམ་དུ་མི་མང་གིས་སྨྱུང་གནས་ཚོགས་ཏེ་གྲོལ་ལ་ཉེ་བ་དང་བསྟུན། སྐུ་ལུས་བོད་མི་རྩམ་གཟན་ཡོངས་ཀྱི་ཆེད་དུ་སྤྱིན་བསྲེགས་བྱས་བའི་དཔའ་བོའི་སྣང་བརྙན་ངོ་མ།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།
དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།།
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།
མཐོང་བ་ཙམ་གྱིས་ཚོར་སྣང་གི་མེ་ལྕེ་འབར་བ་་་་དཔར་འདི་འདྲ་མཁོ་སྤྲོད་ཐུབ་པ་ཧ་ཅང་བཟང་་་དག་པའི་ཞིང་ལ་སྐྱེ་རྒྱུ་མ་འདི་་་བླ་མ་མཁྱེན་ནོ། བླ་མ་བསྟན་འཛིན་རྒྱ་མཚོ་མཁྱེན་ནོ།
འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །འོད་དཔག་མེད་པའི་ཞིང་ཁམས་ཡོད། །སུ་ཞིག་དེ་ཡི་མཚན་འཛིན་པ། །ཞིང་མཆོག་དེ་རུ་སྐྱེ་བར་ཤོག
མི་རིགས་འདིའི་ཆེད་དུ་དཔའ་མོའི་རང་ལུས་མེ་སྲེགས་བཏང་བའི་དམིགས་ཡུལ་སྒྲུབ་མཁན་གྱི་མི་རིགས་དེ་སུ་ཡིན་ངེས་འཛིན་ཡོངས་བར་ཤོག
སྐུ་པར་མཐོང་བ་ཙམ་གྱིས་དངངས་སྐྲག་སྐྱེས་སོང་མ་་ཎྀ ་འདོནམཁན་ཡོངས་ཀྱིས་ཁོང་གི་ཆེད་དུ ་་་་་་་་་་་་་་་་་་་།
གྲོགས་པོ་ལགས། རྟའུ་བཙུན་དགོན་བྲག་དཀར་ཆོས་གླིང་རེད་། བྱང་ཆུབ་ཆོས་གླིང་ཟེར་བ་དེ་ནོར་འདུག།
འཁྲུངས་པ་བཀྲ་ཤིས་ཤིང་། གཤེགས་པ་དོན་ཆེན་ལྡན།
འབར་བཞིན་པའི་སྐུ་ཕུང་མཐོང་ཐེངས་རེ་བཟོད་མི་ཤེས་པའི་ཚ་ཟུག་ཅིག་སྙིང་ནས་སྐྱེས། ངའི་ལུས་ཐོག་ལ་ཚེར་མ་ཞིག་ཟུག་ན་ཡང་གཡས་གཡོན་གྱི་ཁྱིམ་མཚེས་གོ་ཐུབ་པའི་ཨག་སྐད་ཅིག་འདོན་ངེས། མེ་ལྕེ་དྲག་པོའི་གསེང་ན་ཅི་འདྲའི་ཚ་གཟེར་ཡ་ང་བ་ཞིག་ཡོད་དམ། དཔའ་མོ་དང་དཔའ་པོ་དག་ཤུལ་གྱི་ཐུགས་རེ་རྣམས་འབྲས་མེད་དུ་ནམ་ཡང་འཇོག་མི་ཉན་པ་ང་ཚོ་སྤུན་ཟླ་ཡོངས་ཀྱི་ལས་འགན་དུ་གྲུབ་ཡོད་པའི་མི་རེ་ངོ་རེའི་ནུས་བ་ཅི་ཡོད་ལྷན་ཏུ་སྤུངས་རན་འདུག།
༄༅། གཞིས་ལུས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་ལ་གུས་བཏུད་ཞུ།
རྟའུ་བཙུན་དགོན་བྲག་དཀར་ཆོས་གླིང་ཡིན་མིན་ཐེ་ཚོམ་འདྲ་ཡོད་ཚེ་ཁམས་རྟའུ་ནས་ཡིན་པའི་གྲྭ་བཀྲ་ཤིས་ལགས་སུ་སྐད་ཆ་དྲིས་དང་ཁ་གསལ་ཡོང་ངེས་།ཁ་པར་ཨང་༨༥༥༣༤༨༤༨༨༦ ཁོང་ནི་བློ་འཁེལ་ཆོག་པའི་དགེ་འདུན་པ་ཡག་པོ་ཞིག་རེད་ལགས།
བཙན་མ་འདིའི་སྐུ་པར་མཐོང་རྗེས་སྐྱོ་སྣང་དང་སྙིང་རྗེ་འདྲེས་མ་ཞིག་བྱུང་། ང་དང་མོ་བསྡུར་ན་ཁ་ནས་
བོད་དོན་བཤད་དགོས་ན་ཕལ་ཆེ་ང་མཁས་རྒྱུ་རེད། འོན་ཀྱང་བཙུན་མ་ཁོང་ལ་ཡོད་པའི་སེམས་ཤུགས་དང་ལ་ཞེན་གྱི་སྙིང་སྟོབས་ནི་ང་ལས་ཧ་ཅང་ཐོད་བརྒལ།
རང་ལ་སེམས་ཤུགས་ཡོད་བསམས་ཀྱང་རང་སྲོག་ཕལ་ཞོག་སྐད་འབོད་ཙམ་ཡང་འགྲོ་མ་ཐུབ་ཐལ།
དང་པོར་གཟན་ཤམ་དམར་པོ་སྐུ་ལ་མནབས། །
བར་དུ་རྒྱ་མི་དམར་པོའི་གདུག་རྩུབ་མྱངས། །
མཐའ་མར་མེ་ལྕེ་དམར་པོས་སྡུག་བསྔལ་གྱེར། །
སྲིང་མོ་ཁྱེད་རང་བོད་མི་ཀུན་གྱིས་དྲན། །
སེམས་ནས་བཟོད་དཀའ་བའི་ན་ཟུག་བར་མེད་དུ་ལྡིང་གི་་་་་་་་་་་་་་་
པར་འདི་མཐོང་དུས་ངོ་མ་མིག་ཆུ་རང་དབང་མེད་པར་ཤོར་གྱི་འདུག ངས་དངོས་གནས་གང་བཤད་དགོས་ཤེས་ཀྱི་མི་འདུག གང་བྱེད་དགོས་དེ་བས་ཀྱང་ཤེས་ཀྱི་མི་འདུག ང་ལ་འདིར་མཆན་ཞིག་འབྲི་འདོག་ཡོད་མོད། འོན་ཀྱང་ངས་གང་འབྲི་དགོས་ཤེས་ཀྱི་མི་འདུག ད་ལྟ་ངའི་ངོ་གདོང་མཆི་མས་རླན་བཞིན་༧གོང་ས་མཆོག་ལ་གསོལ་བ་སྨོན་ལམ་འདེབས་པ་དང་། གློག་ཀླད་སྟེང་ཟག་པའི་ངའི་མིག་ཆུའི་ཐིག་པ་འདི་དག་མཆན་ཡིན། ངས་འདིར་གང་ཡང་འབྲི་ཐུབ་ཀྱི་མི་འདུག ངོ་མ་ལུས་སེམས་ཡོངས་རྫོགས་འདར་ཀྱི་འདུག
ངོ་མ་དཔའ་བོའི་བྱས་རྗེས་རང་རེད། པར་འདི་མཐོང་བ་ཙམ་གྱིས་འཇིགས་སྐྲག་སྐྱེ་ཡོང་གི པར་ཞེ་དྲག་ཡག་པོ་རྒྱག་འདུག་པ་མ་ཟད་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱེད་པ་དེ་ཡང་བྱས་རྗེས་ཆེན་པོ་རེད། དེ་མིན་བྱུང་མྱོང་བ་རེད་ལབ་པ་ཙམ་གྱིས་འཛམ་གླིང་ཕྱི་ཡིས་ཡིད་ཆེས་བྱེད་རྒྱུ་ཁག་པོ་རེད། འདི་ནི་དཔང་རྟགས་གསལ་པོ་རེད། འཛམ་གླིང་རྒྱལ་སྤྱི་ལ་མིག་ཡོད་ན་མཐོང་རྒྱུ་དང་རྣ་བ་ཡོད་ན་གོ་རྒྱུ་ཡོང་དགོས་ངེས་རེད།
པར་འདི་མཐོང་ལུས་གཉིས་ཀ་ན་གིན་འདུག ད་ངས་གང་བཤད་དགོས་ཤེས་ཀྱི་མི་འདུག་ལ། གང་བྱེད་དགོས་དེ་བས་ཀྱང་ཤེས་ཀྱི་མི་འདུག ངའི་ངོ་གདོང་མཆི་མས་རླན་བཞིན་༧གོང་ས་མཆོག་ལ་གསོལ་བ་སྨོན་ལམ་འདེབས་པ་ལས་ང་ལ་གང་ཡང་ནུས་པ་མི་འདུག ངས་འདིར་མཆན་ཞིག་འབྲི་དགོས་བསམ་མོད་གང་yf འབྲི་ཐུབ་ཀྱི་མི་འདུག ང་ངོ་སྐྱོ་གི་འདུག གློག་ཀླད་སྟེང་ཏུ་ཟག་པའི་ངའི་མིག་ཆུ་དང་༧གསོལ་འདེབས་ཀྱི་སྨོན་ཚིག་འདི་དག་ཁྱོད་ལ་གདུང་སེམས་མཉམ་བསྐྱེད་ཆེད་ཡིན། ད་ངས་ངོ་མ་འབྲི་ཐུབ་ཀྱི་མི་འདུག་་་ང་ཧ་ཅང་སྐྱོ་གི་འདུག་
ང་ཚོས་ཁྱེད་ནམ་ཡང་བརྗེད་མི་སྲིད་
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།
དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།།
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།
ངས་པར་འདི་མཐོང་དུས། ལུས་སེམས་དྲན་མེད་དུ་སྦྲིད། ང་ང་ཚ། ང་ངོ་གནོང། ངས་རང་དོན་ལས་མི་རིགས་འདིའི་ཆེད་དུ་ལས་དོན་གང་ཡང་སྒྲུབ་མྱོང་མེད། མི་རིགས་འདི་ལ་བཟོད་གསོལ་ཞུ། དཔལ་པོ་དཔལ་མོ་ཁྱེད་ཅག་ལ་དགོངས་དག་ཞུ། ང་ནི་ཁྱི་རྒན་ཞིག་ལས་ཅི་ཡང་མིན། གཞིས་ལུས་བོད་མི་དགོངས་དག
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།
དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།།
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།
ཕ་ལོས་གསུང་ན་ཡོད་ཡོད་འདྲ་ལ། །
མ་ལོས་བཤད་ན་མཐུ་རྩལ་ཆེ་རབས། །
དོན་གྱིས་བོད་ལ་ལྷ་ཞིག་ཡོད་ན། །
ནུས་པ་བཏོན་པའི་དུས་ལ་བབ་འདུག །
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།
དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།།
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།
ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ། ཨོྀམཎིཔདྨེཧཱུཾ།
སྔར་ནས་ད་བར་བཙུན་མའི་མཛད་རྗེས་དེ།། སྟག་ཤར་དཔའ་བོ་རྣམས་ཀྱིས་འགྲན་པར་དཀའ།།
འདས་པའི་བཙུན་མ་འཕྲིན་ལས་ཆོས་ཀྱི་སྒྲོན།། བར་གྱི་བཙུན་མ་ངག་དབང་གསང་སྒྲོན་དང་།། ད་ལྟའི་བཙུན་མ་དཔལ་ལྡན་ཆོས་མཚོ་སོགས།། པུར་རྒྱལ་དཔའ་བོ་དཔའ་མའི་རྩེ་ཕུད་ཡིན།། གཤེགས་ཤིག་འདི་ནས་ནུབ་ཕྱོགས་ཞིང་གི་ཁམས།། བདེ་བ་ཅན་ཞེས་གྲགས་པའི་གནས་མཆོག་ཏུ།། རྣམ་ཤེས་འཇའ་སྐས་རྨུ་ཐག་བརྒྱུད་བྱས་ཏེ།། པདྨའི་ཟེ་འབྲུའི་ཁྱེའུར་འཁྲུངས་པར་ཤོག
ང་ཡི་ཡུལ། ང་ཡི་མི། ང་ཡི་སྤུན་ཟླ།
ང་ཡི་རུས། ང་ཡི་ཤ། ང་ཡི་ཁྲག།
མགོ་ནག་བོད་མིར་སྐྱེས་པ་འདྲ་ན་ཡང།།
སྙིང་སྟོབས་ཁྱད་དུ་འཕགས་པས་གཅེས་པའི་སྲོག།
འཇིགས་རུང་མེ་རུ་བསྒྲོན་པའི་དཔའ་རྒོད་མ།།
ནམ་ཡང་སྙིང་གི་དཀྱིལ་ལ་དྲན་བཞིན་ཡོད།།
རང་ལུས་མཆོད་མེར་ཕུལ་བའི་བསོད་ནམས་ཀྱིས།།
དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར།།
མགོན་པོ་སྤྱན་རས་གཟིགས་ཀྱིས་རྗེས་བཟུང་སྟེ།།
དལ་འབྱོར་བརྒྱུད་དེ་གོ་འཕང་མྱུར་ཐོབ་ཤོག།
བདག་སོགས་བོད་མིས་བསགས་པའི་དགེ་རྩ་རྣམས།།
ཁྱེད་ཅག་དཔའ་རྒོད་རྣམས་ཀྱི་རྗེས་ཆོས་སུ།།
ཕུལ་བས་སླར་ཡང་བོད་མིའི་ལུས་བླངས་ཏེ།།
ཟུང་འཇུག་གོ་འཕང་མཛོད་ལ་མངའ་བརྙེས་ཤོག།།
རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་རྨད་བྱུང་སྙིང་སྟོབས་ལ་སུ་ཞིག་གིས་ཀྱང་མགྲན་པར་དཀའ་ལ། ཁོང་རྣམས་ཀྱི་མཛད་རྗེས་ནི་བསྐལ་བ་བརྒྱ་ཕྲག་མང་པོར་གནས་ཤིང་ཐུགས་སྨོན་མྱུར་དུ་འགྲུབ་པའི་སྨོན་ལམ་དང་། སངས་རྒྱས་ཀྱི་གོ་འཕང་ཐོབ་པར་སྨོན།
རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་སྙིང་ནས་རྗེས་དྲན་ཞུ།
ངས་སྤུན་ཟླ་དཔའ་བོ་དཔའ་མོ་ཁྱེད་རྣམས་ཀྱིས་སྙིང་སྟོབས་དང་ལྷག་བསམ་ནི་
ང་ཚོས་རྒྱལ་རབ་དང་ལོ་རྒྱུས་ནང་ལ་ལོས་འགྲོ།
ད་ཡིན་ཀྱང་སེམས་པ་མི་བསྐྱོ་ ངས་སྨོན་ལམ་གཅིག་བཏབ་
”ང་ཡི་འདི་ཕྱིས་བསྐྱབས་གནས་ སངས་རྒྱས་དང་ཆོས་ དགེ་འདུན་ཀུན་གྱི་ངོ་བོར་
གོང་ས་མཆོག་ཁྱེད་ཀྱིས་ཐུགས་རྗེ་དང་སྨོན་ལམ་ལ་བརྟེན་ནས་
སྤུན་ཟླ་ཁྱེད་རྣམས་ཀྱིས་ཡང་སྲིད་དེ་ང་ཚོས་གང་རེའི་བུ་ཕྲུག་རྣམས་ཀྱི་ནང་དུ་སྐྱེ་བ་ལེན་པར་ཤོགས”
ངས་སྤུན་ཟླ་ཚོ་ སེམས་པ་མ་སྐྱོ་ ང་ཚོས་རྡོག་རྩ་གཅིག་དུ་བསྒྲིལ་ མགོ་འཕོངས་ཡལ་ལ་སྟོད་ རང་བཙན་གཉམ་དུ་ལེན་
God bless Tibet and Tibetans.
དཔའ་བོ་དཔའ་མོའི་སྙིང་སྟོབས་ལ་བསྔགས་བརྗོད་ལོས་ཞུ། དཔའ་མོ་ཁྱེད་སླར་ཡང་བོད་མིར་སྐྱེ་བ་ལེན་པར་ཤོག བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མཁྱེན་ནོ།།
ངའི་སྙིང་ལ་གནས་པའི་སྲིང་མོ་ལགས་་་་་་་་་ཨ་ཙི་་་ཁྱོད་་་་་ཁྱོད་་་་་་་དེ་ལྟར་ཇི་ལྟ་དྲན་པ་ཡིན་་་་་་ངའི་སེམས་སྐྱོ་ལ་ཚད་དང་ཡིད་ཕངས་པ་ལ་ཚད་ཅིག་སུས་ཀྱང་གཟུང་དཀའ།
ཀ་དག་གདོད་མའི་དབྱིངས་ན་ཡེ་ཤེས་སྤྱན་དང་ལྡན་པའི་ལྷ་ཞིག་ཡོད་ཚེ།
ཁ་མིན་དོན་གྱི་དཔའ་བོ་དམར་ཆུང་སྙིང་གི་ཆ་ཤས་འདི་ལ་གཟིགས་དང་།
ག་ས་ག་བར་འབར་བའི་བསྐལ་བའི་མེ་ཆེན་དབུས་ནས་དཔའ་སྐད་གྱེར་བཞིན།
ང་ཚོའི་བོད་མིའི་སེམས་ཀྱི་ལྐོགས་གྱུར་སྡུག་གི་རི་མོ་ཕྱི་ལ་མངོན་སོང་།
ཀྱེ་མ་ འདི་འདྲ་བའི་སྡུག་བསྔལ་དེ་སུས་དོན་དུ་རེད། གྲུ་འཛིན་མགོན་པོ་ལ་སོགས་སྐྱབས་ཡུལ་རྣམས་ལ་ཐུགས་རྗེ་ཡོད་ན་ད་གཟིགས་རན་འདུག བཀའ་བློན་ཁྲི་བ་ལ་སོགས་དབང་ཆེན་རྣམས་ལ་ནུས་པ་ཡོད་ན་ད་འདོན་རན་འདུག ཆབ་སྲིད་སྐྱག་རྫུན་བཤད་མཁན་སྐྱབས་བཅོལ་བོད་མི་རྣམས་ལ་སེམས་ཞིག་ཡོད་ན་ད་རན་འདུག
ཁ་བཤད་མཁས་པས་དོན་གྱི་སྙིང་པོ་སྒོར་མོ་ནོམ་དུ་བླངས།
དོན་གྱི་དཔའ་བོས་གཅེས་སྲོག་ཕྲ་མོ་བོད་མིའི་དོན་དུ་ཕུལ།
ཆབ་སྲིད་མཁས་པས་དོན་གྱི་སྙིང་པོ་གྲགས་པའི་གོ་ས་བླངས།
ལ་རྒྱའི་དཔའ་བོས་ལོ་རྒྱུས་རྡོ་རིང་གོ་ལའི་སྒང་དུ་བཙུགས།
ཁ་བཤད་འདྲ་ཡང་དོན་གྱི་དམིགས་ཡུལ་ནི་ཁ་ཁ་རེད། བསམ་པ་དགེ་དང་མི་དགེ་བྱེ་བྲག་ལས། དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། གསུངས་པ་དེ་ཅི་མི་བདེན།
གུས་པར་འོས་པའི་རྒྱལ་བཅས་དཔའ་བོ་དཔའ་མོ་རྣམས་ལ་སྙིང་དབུས་ནས་
གུས་བསྐུར་དང་རྗེས་སུ་ཡིད་རང་ཞུ་བཞིན་ཡོད།།
དཔའ་མོ་ཁྱེད་རྣམས་སྐུ་ལུས་བསྲེགས་ཁོ་ནས།།
རྒྱལ་སྲས་རྟག་ངུའི་སྙིང་སྟོབས་མཚུངས་མིན་ཏེ།།
བོད་མིས་མཚོན་པའི་མནར་གཅོད་མྱོང་རྣམས་ལ།།
ཞི་བདེའི་རྒྱུ་ཚོགས་སྲོག་གིས་བསྐྲུན་འདིས་ཀྱང།།
ཡ་ཐོག་བསྐལ་པར་རྒྱལ་སྲས་དཔའ་བོ་རྣམས།།
བར་གྱི་ཚེ་ན་སྙེ་མོའི་ཨ་ཎི་མཆོག།
དེང་གི་སྐབས་སུ་རང་ལུས་བསྲེགས་རྣམས་ཏེ།།
གཞན་བདེ་འབའ་ཞིག་བསྐྲུན་མཛད་སྐྱེས་མཆོག་ཉིད།།