བསྟན་དང་འགྲོ་བའི་ཆེད་དུ། ། ས་ཡ་དྲུག་གི་དོན་དུ། ། གངས་ཅན་ཁ་བའི་ལྗོངས་སུ། ། ༧སྐྱབས་གཅིག་བསུ་བའི་ཕྱིར་དུ། །
སྐད་ཅིག་ཙམ་ལ་བཟོད་དཀའ་བའི། ། ཚ་བའི་སྡུག་བསྔལ་རླབས་པོ་ཆེ། ། རང་རིགས་སླད་དུ་རང་གི་ལུས། ། ཆེད་དུ་བཏང་བ་ཨེ་མ་མཚར། །
མཐའ་མེད་འཁོར་བའི་ཕྲེང་ཐག། བརྒྱུས་པའི་ཚེ་སྲོག་དམར་ཆུང་།། གངས་ཅན་མར་ཁུའི་མཚོ་མོར།། སྡོང་ཤིང་ཞིག་ཏུ་ཕུལ་ལོ།། ཤ་རུས་གཅིག་པའི་སྤུན་ཟླ།། ཤ་ཁྲག་གཅིག་གི་བདག་པོ།། ཤ་དམར་མཆོད་མེར་ཕུལ་བ།། ཤ་ཞེན་མིན་ན་ཅི་ཡིན།།
དཔར་འདི་འདྲ་མཁོ་སྤྲོད་ཐུབ་པ་ཧ་ཅང་བཟང། མཐོང་བ་ཙམ་གྱིས་ཚོར་སྣང་གི་མེ་ལྕེ་འབར་ཡོང།
བསྟན་དང་འགྲོ་བའི་ཆེད་དུ། །
ས་ཡ་དྲུག་གི་དོན་དུ། །
གངས་ཅན་ཁ་བའི་ལྗོངས་སུ། །
༧སྐྱབས་གཅིག་བསུ་བའི་ཕྱིར་དུ། །
སྐད་ཅིག་ཙམ་ལ་བཟོད་དཀའ་བའི། །
ཚ་བའི་སྡུག་བསྔལ་རླབས་པོ་ཆེ། །
རང་རིགས་སླད་དུ་རང་གི་ལུས། །
ཆེད་དུ་བཏང་བ་ཨེ་མ་མཚར། །
མཐའ་མེད་འཁོར་བའི་ཕྲེང་ཐག།
བརྒྱུས་པའི་ཚེ་སྲོག་དམར་ཆུང་།།
གངས་ཅན་མར་ཁུའི་མཚོ་མོར།།
སྡོང་ཤིང་ཞིག་ཏུ་ཕུལ་ལོ།།
ཤ་རུས་གཅིག་པའི་སྤུན་ཟླ།།
ཤ་ཁྲག་གཅིག་གི་བདག་པོ།།
ཤ་དམར་མཆོད་མེར་ཕུལ་བ།།
ཤ་ཞེན་མིན་ན་ཅི་ཡིན།།