བཅར་འདྲི་བྱེད་མཁན་བྱ་མདོ་རིན་བཟང་།
སྤྱིར་ན་ལྷ་མཐོང་འདྲེ་མཐོང་ཞེས་ཆོས་པ་དང་འཇིག་རྟེན་པ་ཐམས་ཅད་ཀྱིས་རྫུན་དང་རྟོག་བཟོ་འབའ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ལ། ཐེངས་འདིར་ཁམས་ནང་ཆེན་ཚངས་གསར་གནམ་དགོན་དུ་བསྙེན་བསྒྲུབ་ལ་བཞུགས་མཁན་འགའ་རེར་ལྷའི་ཆོ་འཕྲུལ་དང་འབྲེལ་བར་ལྷ་ལ་གླེང་མོལ་བྱས་པའི་གནས་ཚུལ་དག་སྤྱི་ལོ་༢༠༡༡བོད་ཟླ་༧པའི་ཚེས་༡༢ཉིན་། སྐྱོ་བྲག་བཤད་གྲྭར་བསྙེན་སྒྲུབ་ལ་བཞུགས་མཁན་ཐུབ་བསྟན་དཔལ་བཟང་ལ་བཅར་འདྲི་བྱས་པ།
རིན་བཟང་། རྒན་བདེ་མོ།
ཐུབ་བསྟན་དཔལ་བཟང། བདེ་མོ། བདེ་མོ།
རིན་བཟང། སྤྱིར་ན་དེང་སང་ལྷ་མེད་སྨྲ་བ་ཧ་ཅང་དར་རྒྱས་ཆེན་པོ་བྱུང་བཞིན་འདུག་པས། ལྷ་དང་ལྷའི་བྱིན་རླབས་དང་སྲུང་མའི་མཐུ་ནུས་སོགས་ལ་ཡིད་ཆེས་ཡོད་པ་མ་རེད། ད་རེབས་ཁྱེད་རང་ཚོ་བསྙེན་སྒྲུབ་ལ་བཞུགས་སྐབས་གཞི་བདག་འགས་ཆོ་འཕྲུལ་དང་འབྲེལ་བར་བསྙེན་བསྒྲུབ་པ་ཨ་ནེ་བསམ་གཏན་བཟང་མོར་བརྒྱུད་ནས་ཁྱེད་རང་གིས་གཞི་བདག་འགའ་རེར་གནས་ཚུལ་དག་གླེང་མོར་བྱས་པའི་སྐོར་ནས་བདེན་པ་བདེན་དྲང་དག་གསུངས་རོགས་གནང།
ཐུབ་བསྟན་དཔལ་བཟང་། འོ་ལེགས་སོ། ད་ང་རང་གིས་སེམས་ན་ཡོད་པ་དེ་དག་བདེན་པ་བདེན་དྲང་ལབ་ཆོག་གི་རེད།
རིན་བཟང། དང་པོ་ཁྱེད་རང་གི་ཕ་ཡུལ་དང་དགོན་པ་གང་དང་གང་ཡིན་པ་འབྲེལ་ནས་མུ་འཐུད་ཏེ་གསལ་བོར་གསུང་རོག་གནང། ཐུབ་བསྟན་དཔལ་བཟང། ངའི་ཕ་ཡུལ་ཁམས་ནང་ཆེན་སྡོམ་པ་ཞང(ཡུལ་ཚོ)་དེ་ཡི་ནང་ནས་ཀ་སྨད་སྡེ་བ་ཟེར་བ་དེ་ང་ཡི་སྐྱེ་ས་རེད། ཕ་ཡི་མིང་ལ་ཚེ་རྒྱམ་དང་མ་ཡི་མིང་ཉི་མ་ཟེར་བ་རེད། ང་ལོ་བཞི་ལྔ་མཚམས་ནས་ཨ་མ་འདས་སོང་། ང་ཚོའི་ཕ་ཡུལ་བླ་མ་ཚངས་གསར་བློ་གྲོས་རིན་ཆེན་ཁོང་དུས་ཟིང་སྐབས་ཡུལ་ཕྱོགས་གཞན་དུ་བྱོན་ནས་དགོན་པ་ལ་ཉམས་རྒུད་ཆེན་པོ་ཕྱིན། ཁོང་ལ་ཡང་དཀལ་ངལ་ཆེན་པོ་འཕྲད་ཡོད། དེ་ཞུ་མ་དགོས་བ་དེ་འདྲ་རེད། རིན་པོ་ཆེེ་ཁོང་ཕ་ཡུལ་ལ་ཚུར་བྱོན་ནས་རང་གི་ཕ་མ་གཉིས་ཆོས་ལ་དད་པ་ཡོད་པའི་ཆ་ནས་ང་རང་(རབ་ཏུ་བྱུང)སེར་གོས་གྱོན་ཤེས་སུ་འཚར་ལུང་བྱུང་ཨེ་ཡོངས་བསམ་ནས་བླ་མ་རིན་པོ་ཆེའི་མདུན་ནས་སྐྲ་བཅད་མིང་ལ་ཐུབ་བསྟན་དཔལ་བཟང་གནང་བ་དེ་འདྲ་རེད། ང་རང་གི་དགོན་པ་འབའ་རོམ་བཀའ་རྒྱུད་ཀྱི་དགོན་སྡེ་ཚངས་གསར་གནམ་དགོན་ཟེར་བ་དེ་རེད། དེ་དུས་དགོན་པ་ཉམས་རྒུད་ཆེན་པོ་ཕྱིན་ནས་སྦྲ་ནང་དུ་དུས་མཆོད་འཚོགས་པ་མ་གཏོགས་ཁང་པ་མི་འདུག དེ་ནས་རིམ་གྱིས་ཁང་པ་ལ་སོགས་པ་བཞེངས་ནས་སྒྲུབ་ཁང་བཞེངས་མཛད་དེ་སྒྲུབ་ཐེངས་དང་པོ་ལ་སྒྲུབ་བླ་བདུན་ཙམ་བཞུགས། སྐབས་དེར་སྒྲུབ་དཔོན་ཟེར་ན་ཡང་འདྲ། བླ་མ་ཟེར་ན་ཡང་འདྲ་སྟེ་ཚང་མ་བླ་མ་རིན་པོ་ཆེ་ཚངས་གསར་བློ་གྲོས་རིན་ཆེན་ཁོང་རང་གིས་འགན་ཁུར་མཛད་ནས་ལོ་གསུམ་གྱི་སྒྲུབ་གྲྭ་མཐར་ཕྱིན་པ་རེད། དེ་ཡི་འཇུག་ཏུ་སྒྲུབ་ཐེངས་གཉིས་པ་ལ་ང་ཚོ་གྲས་སྔོན་མ་ལས་མང་བ་མི་བརྒྱད་སྒྲིག་འཛུགས་མཛད་པ་རེད། ལོ་གསུམ་གྱི་དང་པོ་བློ་ལྡོག་རྣམ་བཞི་སྒོམ་རྒྱུ་ལ་ཐུག་དུས་རིན་པོ་ཆེའི་གདན་ས་བསམ་འགྲུབ་མཐོང་སྨོན་གླིང་ཟེར་བ་མར་དགོན་ཞིག་ཡོད་པ་རེད། དེ་ལ་ཕྱིར་ཕེབས་ནས་རིན་པོ་ཆེ་དགོངས་པ་གཞན་དོན་(མྱ་ངན་ལས་འདས་སོང)དུ་ཕེབས་སོང་། ང་ཚོ་ལོ་གསུམ་ཞག་གསུམ་ཟླ་གསུམ་ཚང་ནས་ང་ལ་ལས་སྣེ་ཞིག་གི་མིང་བཏགས་ནས་དགོན་པའི་དབུ་མཛད་ལོ་དྲུག་ལ་བྱས་པ་ཡིན། དེ་རྗེས་གསེར་རྟ་བླ་རུང་སྒར་ལ་ཡིད་བཞིན་ནོར་བུ་(འཇིགས་མེད་ཕུན་ཚོགས)མཇལ་དུ་སོང་། ལོ་གཅིག་ཙམ་སོང་། དེ་ནས་ཡར་ཡོང་དུས་བསམ་འགྲུབ་མཐོང་སྨོན་གླིང་དུ་ཇོ་དགོན་གསར་པ་ཞིག་བཏབས་འདུག་དེར་སོང་སྐབས་སྒྲུབ་བླ་ཆེ་གྲས་རྣམ་པ་འགའ་ཤས་(སློབ་གཉེར)ཐོས་བསམ་ལ་སོང་འགའ་ཤས་ཉམས་ལེན་བྱེད་དུ་སོང་ནས་མ་བཞུགས་པ་དང་ཐུག་དུས་ཡིན་ཅིག་མིན་གཉིས་(ངེས་པར་དུ)བྱིས་པ་ཡིག་གེ་སློབ་མཁན་ཡན་ཆད་དགོས་པས་བསྡོད་གསུངས། ང་རང་སྒྲུབ་ཁང་ནང་ལ་བསྡད་པ་རེད་དེ། ང་རང་ལ་སློབ་སྦྱོང་ཆེན་པོ་གང་ཡང་ཡོད་པ་མ་རེད་ཡིན་ན་ཡང་དགེ་མ་རྣམ་པ་ཚང་མ་གསར་པ་སོང་ཙང་འདོན་ལུགས་བརྗོད་ལུགས་བསླབ་ནས་ལོ་གསུམ་སྒྲུབ་བླ་རྣམ་པ་ཚང་མས་འགན་ཁུར་དགོས་པས་ཁྱེད་རང་ཡང་བསྡོད་གསུངས་ནས་དགོན་པས་བཀའ་གནང་བྱུང། དེ་དུས་དགེ་མའི་སྒྲུབ་ཐེངས་དང་པོ་ཡོལ་ནས་གཉིས་པ་རེད། སྒྲུབ་ཁང་ནང་ནས་ཉམས་ལེན་ཐབས་ལམ་ནཱ་རོ་ཆོས་དྲུག་དང་གྲོལ་ལམ་ཕྱག་རྒྱ་ཆེན་པོ་གཉིས་གཙོར་མཛད་ཡི་དམ་གྱི་ནང་ནས་འཁོར་ལོ་བདེ་མཆོག་དེ་དངོས་གཞི་ལ་བསྙེན་པ་གཏོང་དགོས་པ་དེ་འདྲ་རེད། ལོ་གསུམ་ལ་བཞུགས་རྒྱུ་སྒྲུབ་ཁང་གི་ཚད་གཞི་རེད། ལོ་དང་པོའི་ནང་ལ་ངས་ཏོག་ཙམ་འདོན་ཤེས་པ་དེ་ཚོ་སློབ་པ་མ་གཏོགས་སྒྲུབ་ཁང་ནང་ལ་མཉམ་དུ་བསྡད་ཡ་རྒྱ་ཆེན་པོ་དེ་འདྲ་རེད་མ་བྱུང་དགེ་མ་རྣམས་ལ་ཡང་ན་ཚ་མང་པོ་མི་འདུག། ལོོ་གསུམ་གྱི་ནང་ནས་བར་པ་ལ་དམ་འཛིན་ཆེན་པོ་ཞིག་བྱེད་ཀྱི་ཡོད་པ་རེད། ང་ཚོས་ནམ་རྒྱུན་སྔོན་འགྲོ་དངོས་གཞི་མཇུག་ཟེར་ནས་བཤད་པ་ནང་བཞིན་སྒྲུབ་ཁང་ནང་ནས་དངོས་གཞི་ཆོས་དྲུག་དང་ཕྱག་ཆེན་གཉིས་རེད། དེ་ཡི་སྔོན་དུ་འཁོར་ལོ་སྡོམ་པ་ཚད་ལྡན་བསྙེན་པ་གཏོང་དགོས་གསུངས་ནས་བདེ་མཆོག་སྐབས་གལ་འགངས་ཆེན་པོ་མཛད་ནས་མཚམས་ཐོ་ཁ་གསོ་རྒྱུ་དང་རྒྱག་བསྐྱེལ་བ་(སྦྱིན་བདག)སྒྲུབ་ཁང་ཕྱི་ལོགས་སུ་ཡོད་པ་རྣམས་དང་ཕྱི་ལོག་གི་ཅ་ཁ་(ཅ་ལག)ནང་དུ་ཁྱེར་བ་ཚང་མ་ལ་ཁྲུས་དང་བདུག་པ་བྱས་ནང་དུ་ཡོད་པའི་མཚམས་པ་རྣམས་ཀྱིས་ཟླ་བ་དྲུག་ལ་ངག་བཅད་དགོས་པ་རེད་། ཁོང་རྣམས་ཚང་མ་གསར་པ་ཡིན་དུས་མཚམས་རེར་བསྙེན་པ་བྱེད་སྟངས་སོགས་ཀྱི་ཐད་ལ་སློབ་ཁྲིད་རེ་མ་བྱས་ན་ཕྱག་ལེན་མང་པོ་ཡོད་པས་ཤེས་ཀྱི་མི་འདུག དེས་ན་ང་རང་ཡང་ཁོང་རྣམས་དང་མཉམ་དུ་བདེ་མཆོག་བསྙེན་ནས་བསྡད་པ་ཡིན། སྤྱིར་གཏང་ཆོས་གང་སྒྲུབ་ལ་བགེགས་ཆེ་ཟེར་བའི་དཔེ་ལྟར་ཡོད་རེད་དེ་ཁྱད་པར་དུ་སྒྲུབ་ཁང་ནང་དུ་ཅི་ལྟར་དམ་འཛིན་ཆེ་ན་ཡང་བར་ཆད་ཆེན་པོ་འདྲ་བོ་འདུག ང་རང་གིས་བསམ་ཚུལ་ལ་ཡང་དགོན་པས་རང་ལ་འགན་ཞིག་བཀལ་ཡོད་པ་རེད། སྒྲུབ་གྲྭ་རྣམ་པ་ཡིན་ན་ཡང་ཡག་པོ་ཞིག་ཨེ་ཡོང་བསམ་ནས་བསྡད་ཡོད་དུས། དུས་ཚོད་ཆུད་བཟོས་སུ་མ་སོང་བར་ཡག་པོ་ཞིག་ཨེ་ཡོང་བསམ་ནས་དཀོན་མཆོག་ལ་རེ་ལྟོས་བཅོལ་ནས་སྒྲུབ་པ་ལ་བར་ཆད་མེད་པར་མཐར་ཕྱིན་པར་ཤོག་བསམ་ནས་གསོལ་འདེབས་སྨོན་ལམ་འདྲ་བྱས་ནས་བསྡད་པ་ཡིན། ཡིན་ན་ཡང་ན་རྒྱུ་ཚ་རྒྱུ་བར་ཆད་ཇེ་ཆེ་རེད། དེའི་ནང་ནས་ཀྱང་ཚབ་ཆེན་པོའི་ན་ཚ་ནི་སྙིང་ནད་རྐྱང་རྐྱང་རེད། དཔེར་ན་དགོང་ཟས་ཟོས་མཚམས་སོ་སོའི་ཐུན་ཁང་ལ་ཕྱིན་ནས་བསྡོད་སྐབས་ཇོ་མོ་རྣམས་དགོང་མོ་རེས་མོོོས་ལྟར་བྱས་ནས་ན་གྱི་འདུག དེ་དུས་ཇོ་མོ་གཉིས་ན་གྱིན་འདུག་དུས་གཉིས་ཀས་ཨེ་བྱིས་པ་མང་པོ་རྒྱུག་གི་འདུག་ཟེར་སྣང་བ་ལ་ཡང་དེ་ལྟར་ཤར་གྱི་འདུག་ཟེར། དེ་སྐབས་བསྲུངས་འདུད་ཕྱག་མོ་ཞུ་ས་བླ་མ་རྩལ་ཆེན་དེ་འདྲ་ཡོད་པ་མ་རེད་ཞབས་བརྟེན་འདྲ་རྒྱག་པ་མ་གཏོགས་ཐབས་ཤེས་གང་ཡང་མེད་པ་དེ་འདྲ་རེད་སོང། དེ་ནས་འཚུབ་སློང་ཇེ་ཆེ་ལ་སོང་ནས་ཇོ་མོ་གཉིས་གསུམ་ཙམ་མཉམ་དུ་བསྡད་འདུག་དུས་དངོས་སུ་མཐོང་རྒྱུ་ཡོད་པ་འདི་ན་བྱིས་པ་ལྔ་དྲུག་ཙམ་གོས་གཏན་ནས་མེད་པ་གཅེར་བུ་མ་ལ་དངོས་སུ་འདུག་ཟེར་གྱི་འདུག ང་རང་ནི་མིག་གིས་མཐོང་གི་མི་འདུག་ཀྱང་ཁོ་རང་ཚོ་ཚང་མ་ཁ་འགྲིགས་ནས་དེ་འདྲ་ལབ་ཀྱི་འདུག་མར་མེ་བསད་མཚམས་ཇོ་མོ་ཚོའི་སྟེང་ལ་ལྡིང་གི་འདུག་ཟེར་ནས་སྐྲག་ཚག་ཨུ་ངར་དེ་འདྲ་བྱེད་ཀྱི་འདུག དེ་གདོན་ཁ་དང་བར་ཆད་འདྲ་ཡིན་པ་ཤེས་ཀྱི་འདུག་སྟེ། གདོན་གྱི་ནང་ནས་རྒྱལ་བོའི་གདོན་ཟེར་བ་དེ་ང་ཚོས་ནམ་རྒྱུན་བྱིས་པ་དང་སྤྲེའུ་དེ་ཚོ་རེད་ཟེར་གྱི་འདུག་པས་དེ་འདྲ་ཡིན་རྒྱུ་རེད་བསམ་སོང་། དེ་འདྲ་བའི་སྒོ་ནས་བར་ཆད་ཆེན་པོ་རེད་ནས་ཇོ་མོ་རྣམས་ལ་སྙིང་གི་ནད་ཚ་རྒྱབ་ནས་མཚམས་རེ་ངུ་། མཚམས་རེ་དགོད། མཚམས་རེ་ལྷམ་དེ་ཚོ་སོ་བཏག་ནས་འཆའ་བ་དེ་འདྲ་བྱས་ནས་ཚབ་ཆེན་པོ་བྱུང་ང་རང་གིས་གང་ས་གང་ལ་ཞབས་བརྟེན་འདྲ་རྒྱབ་མཚམས་སྒྲུབ་ཉམས་ལེན་ཤེས་མཁན་དེ་ཚོ་གདན་དྲངས་ནས་གཏོ་ཟློག་པ་འདྲ་བྱས་བསྟན་བསྲུང་དེ་ཚོ་མི་གཙང་བས་གོས་པ་ཨེ་ཡིན་སྙམ་ནས་བླ་མ་འདྲ་གདན་ནས་རབ་གནས་དང་ཁྲུས་བྱས་པ་ཡིན་ཏེ་ཕན་གནོད་ཅི་ཡང་མི་འདུག་དེ་འདྲའི་སྒོ་ནས་ལོ་དེའི་དགུན་ཁ་ལ་དཀའ་ལས་ཆེན་པོ་འཕྲད་སོང། ཇོ་མོ་གཅིག་ནི་ཐག་པས་བཀྱིག་འདུག་དགོས་པ་བྱུང་སོང་མཐོང་ཚད་ཚང་མ་ལ་རྡོ་བཞུ་བ་དང་མོོ་རང་ལ་མོ་རང་གི་གྲི་བཙུགས་གྲབས་བྱེད་ནས་ལས་ཀ་སྡུག་ཆགས་(ངན་པ)་དེ་འདྲ་བྱེད་ཀྱིན་འདུག དེ་ནས་་ཤིང་ལེབ་ངོས་སུ་དམ་པོར་བསྡམ་ནས་གྲོལ་མི་ཐུབ་པ་དེ་འདྲ་བཟོས་ན་ཡང་ཏོག་ཙམ་ནས་ཡང་ཁོ་རང་གིས་གྲོལ་ནས་ཙོག་པུར་ལངས་གི་འདུག དེ་འདྲའི་སྒོ་ནས་བར་ཆད་ཆེན་པོ་བྱུང། དེ་ཚོའི་ནང་ནས་ཕ་ཡུལ་ཀ་གཞུང་ནས་ཡིན་པ་མིང་ལ་བསམ་གཏན་ཟེར་བ་ཐོས་བསམ་དྲགས་ཤོས་གཞུང་གི་གོ་བ་བྱས་ན་ཡང་དྲགས་ཤོས་ཁོང་ཚོའི་ནང་ནས་སྒྲུབ་དཔོན་བླ་མ་བྱས་ན་ཡང་བྱེད་ཆོག་པ་ཞིག་ཡོད། སྤྱིར་མོ་རང་ནད་པ་ཞིག་རེད། དགོས་སུ་བྱེད་དུས་ཕྱི་དྲོ་དུས་ཚོད་དྲུག་དང་བདུན་ནས་དགོང་མོ་དུས་ཚོད་དང་པོ་དང་གཉིས་པའི་བར་རྟག་པར་ན་གི་འདུག དང་པོ་ལྷ་བབས་པ་དང་ཨ་རག་གི་བཟི་བ་འདྲ་བོ་ཞིག་ཆགས་ནས་དེ་མཚམས་འདྲ་མི་འདྲ་ལབ་ཀྱིན་འདུག གཙོ་བོ་བྱེད་དུས་མོ་རང་གི་སྣང་བ་ལ་ག་རེ་འདུག་ཟེར་ན་རལ་པ་སྔོན་པོ་མི་སྔོན་པོ་ཨམ་གཙིགས་བསྡམས་པ་ཞིག་གིས་གསོད་གི་ཡིན་ཟེར་བའི་སྣང་བ་ཤར་ནས་མོ་རང་གིས་འདི་ཕར་ཁྲིད་རོགས་ཟེར་བ་དང་མཚམས་རེར་འདི་གསོད་ཀྱི་ཡིན་ཟེར་བ་དང་མཚམས་རེར་དམོད་མོ་བྱེད། མཚམས་རེར་མཆིལ་མ་འདེབས་པ་དེ་འདྲ་བྱེད་ཀྱིན་འདུག་དེའི་སྔོན་ཇོ་མོ་གཞན་པ་དག་ལ་གཅོད་འདྲ་བཏོན་ན་ཏོག་ཙམ་ཕན་པའི་བཟོར་འདྲ་པོ་འདུག མོ་རང་ལ་དེ་འདྲ་བྱེད་དུས་མི་སྔོན་པོ་དེ་གནོད་ནས་མིག་གཡོར་བྱེད་ཀྱི་འདུག་ཟེར་ཞེས་ང་ལ་མོ་རང་གིས་ཚུར་བཤད་ཀྱི་འདུག དེ་ནས་ཅི་བྱེད་འདི་བྱེད་གང་ཡང་མི་འདུག ཉི་མ་གཅིག་གཉིས་གསུམ་བཞི་ལྔ་དྲུག་ཙམ་ལ་རྟག་པར་ན་བའི་དུས་ཚོད་གཅིག་པ་རབ་ཆད་བྱེད་མཁན་གཅིག་པ་དགོང་མོ་དྲག་པའི་དུས་ཚོད་གཅིག་པ་ཉིན་བཞིན་ཚབ་ཇེ་ཆེ་ཇེ་ཆེ་རེད་སོང་ང་རང་གིས་ཡང་ན་སྨྱོས་པ་དང་ཡང་ན་འཆི་བ་གང་རུང་ཡོང་ས་རེད་བསམ་སོང་། དེ་སྐབས་སུ་ང་ཚོས་སྡུག་པ་འདྲ་སྡུག་སྐུ་རིམས་འདྲ་བྱས་ཀྱང་ཕན་གནོད་མི་འདུག་ང་རང་གི་སེམས་ལ་སྔ་མོ་བླ་མ་རིན་པོ་ཆེ་བཞུགས་པའི་དུས་ཡིན་ན་བླ་མ་ལ་ཞུས་ནས་ཁོང་གིས་ཅི་དགོངས་པ་དེ་འདྲ་བྱེད་ཆོག་གི་རེད་ད་ལྟ་སྒྲུབ་བླ་མང་ཆེ་ཤོས་ནི་བཞུགས་མེད་ང་ལྟ་བུ་བསྡད་ན་ཡང་ཅི་བྱེད་འདི་བྱེད་གང་ཡང་མེད་པ་དེ་འདྲ་བོ་རེད་ནས་ཚོར་བ་དྲག་པོ་(སེམས་ཁྲལ)བྱུང་སོང་། ཉིན་ཞིག་ལ་ང་རང་གིས་བསམ་བློ་འགའ་བཏང་འགའ་བཏང་བས་ཇོ་མོ་དེ་ལ་ཚིག་པ་ཟ་སོང་། ཏོག་ཙམ་རྒོད་རྒོད་བྱེད་རྒྱུ་མེད་པར་མི་སྐྱ་ཕལ་པའི་བྱ་བ་བཞིན་ཆོ་འཕྲུལ་འདྲ་མིན་རིག་ན་ཡང་མཐུ་དང་རྨོད་མོ་ཁུ་ཚུར་གཡུག་པ་དེ་ཚོ་སྤྱོད་ནང་གི་བྱ་བ་ཆོས་ཀྱི་དྲི་མ་མེད་པའི་བྱ་བ་རེད་འདུག་དེ་འདྲ་ང་རང་གཅིག་པུ་ཐུན་ཁང་ནང་ལ་བསྡད་སྐབས་དྲན་བྱུང་། དེ་ནས་ཇོ་མོ་དེ་ཤོག་ལབ་པ་ཡིན་སྔ་དྲོ་དང་ཉིན་དགུང་ཐུ་གི་མ་རེད་མོ་རང་ལ་བསམ་གཏན་བཟང་མོ་ཟེར་གྱི་རེད་རོགས་པ་(ཆོས་གྲོགས)ལ་ཡེ་ཤེས་ཆོས་མཚོ་ཟེར་གྱི་རེད་ཁོང་གཉིས་སླེབ་བྱུང་དེ་ནས་ང་རང་གིས་རྩ་བ་བྱེད་དུས་ཉིན་བཞིན་ཁྱོད་རང་ལ་ཆོ་འཕྲུལ་འདྲ་མིན་སྟོན་གྱི་འདུག་ཅིག་བྱས་ན་ཁྱོད་རང་གིས་ཆོ་འཕྲུལ་སྟོན་མཁན་ལ་འདྲེ་རེད་བསམ་ནས་ཁུ་ཚུར་གཡུག་པ་དང་རྨོད་མོ་བྱེད་པ་དེ་ཚོ་མི་སུས་ལྟས་ན་ཡང་ངོ་ཚ་ལྟས་སྡུུག་(ཐབས་སྡུག)གི་བྱ་བ་རེད་ཁྱོད་རང་ཚེ་འདི་ལ་དགེ་འདུན་མང་པོའི་དབུས་སུ་ཡང་སྐྲག་སྣང་འཇིགས་སྣང་དེ་འདྲ་ཡོད་ན་ཟེར་ན་མ་ཟེར་ན་ཁྱེད་རང་མི་སྐྱ་ཞིག་ལ་མ་འདྲ་བ་ཁྱིམ་ཕ་མ་ཡིན་ན་ཡང་འདིས་ཉམས་ལེན་ཞིག་བྱེད་ཉམས་ལེན་གྱི་འབྲས་བུ་ཁྱེད་རང་ལ་ཡང་ཕན་ཕ་མ་ལ་ཡང་ཕན་པ་ཞིག་ཨེ་ཡོང་བསམ་པའི་དམིགས་ཡུལ་བཏང་ཡོད་པ་རེད། དེ་འདྲ་བཏང་དགོས་པ་གཙོ་བོ་ནི་ཕྱི་མ་རང་གཅིག་པུ་འཁྱམས་གོས་མེད་གཅེར་བུ་ཟས་མེད་ལག་སྟོང་མཆན་དུ་གཅུག་ནས་འགྲོ་བའི་སྐབས་སུ་རེད། དེ་དུས་ཁྱོད་ཀྱི་གང་འདྲ་བྱེད་བསམ་གྱི་ཡོད། ད་ལྟ་དགེ་འདུན་མང་པོའི་དབུས་སུ་ཡང་བཟོད་རྒྱུ་མེད་པ་མཐུ་དང་དམོད་གཡབ་དེ་འདྲ་བྱེད་ན་ཁྱེད་རང་གཏན་ནས་འཇོན་གྱི་མི་འདུག་ལབ་པ་ཡིན་ང་རང་(ཁོང་ཁྲོ་ལངས་སོང)དཔེ་གནོད་བྱུང། གཙོ་བོ་བྱེད་དུས་ད་ལྟ་ཁྱོད་ལ་གནོད་འཚེ་ཡོང་བ་དེ་ཁྱོད་རང་གིས་ལས་ལེན་རེད་སྔོན་མ་ཁྱོད་ཀྱིས་ཕར་ལ་རྒྱག་རྡུང་འབེབས་གསུམ་གང་བྱས་པའི་རྣམ་སྨིན་དེ་འདྲ་ཚུར་ལ་སྨིན་པ་རེད། མང་པོ་བཤད་དགོས་ཀྱི་མི་འདུག རང་གིས་བྱས་པའི་རྣམ་སྨིན་དེ་རང་ལ་སྨིན་པ་མ་གཏོགས་གཞན་ལ་སྨིན་པ་དེ་འདྲྲ་གཞུང་གང་ལ་ཡང་བཤད་མེད་པ་དེ་ང་ཚོ་ཡིད་ཆེས་ཀྱི་རེད། རྩ་བ་ང་རང་ལེན་པ་རེད་ཁྱེད་རང་བྱང་ཆུབ་ཀྱི་སེམས་སྤུ་རྩེ་ཙམ་ཡང་མེད་པར་མཐུ་དམོད་བྱས་གཡབ་ཁུ་ཚུར་གཡུག་རྒྱུ་དེ་ཚོ་རྐྱང་རྐྱང་བྱས་པས་ཁྱེད་རང་ལ་ཕན་པ་མི་འདུག་ལབ་པ་ཡིན། གཞི་ནས་ཚིག་དེ་ཡིས་རྐྱེན་བྱས་ནས་མོ་རང་རང་ཐོག་ཏུ་སྒོམ་ཐོབ་པ་དེ་འདྲ་བྱུང་ནས་དངོས་གནས་དེ་འདྲ་རེད་ད་ནི་ཆོ་འཕྲུལ་ཅི་འདྲ་བསྟན་ན་ཡང་སྐྲག་ས་མ་རེད་ལབ་བྱུང་། ནམ་རྒྱུན་མོ་རང་ཐུན་ཁང་ཞོལ་གྱི་ཁང་པ་ནང་ལ་ཡོད་རེད་དེ་ན་བསྡད་ཡོད་པ་རེད། དེའི་དགུང་མོ་རང་ཡིན་གཅིག་མིན་གཉིས་(ངེས་པར་ཏུ)ངའི་སར་བསྡོད་ལབ་པ་ཡིན། དེ་ནས་ཁོ་རང་གཉིས་དང་ང་རང་བཅས་ཕྱི་དྲོ་ཐུན་བཟུང་ནས་བསྡད་པ་ཡིན་སྔོན་མ་མོ་རང་ན་བའི་དུས་ཚོད་དྲུག་ཡས་མས་ཞིག་ལ་རེད་དེ་ཡི་དུས་ཚོད་ཐོག་སྔར་བཞིན་བཟི་བ་འདྲ་བོ་ཆགས་ནས་ཐོམ་ཐོམ་འདྲ་རེད་སོང་ས་རུབ་པའི་སྐབས་སུ་ད་ཆུས་ཁྲི་རྐེ་(ས་མིང་ཞིག)ནས་རྐྱ་མི་དཀར་པོ། དམར་པོ། སྔོན་པོ་གཙོ་བོ་གསུམ་ལ་འཁོར་སོ་སོས་མདོག་དང་མཚུངས་པ་བརྒྱ་ཕྲག་སྟོང་ཕྲག་མང་པོའི་བསྐོར་ནས་སླེབས་འདུག་ཟེར། ང་ཚོ་བསྡད་ས་བསམ་འགྲུབ་མཐོང་སྨོན་གླིང་ཟེར་བའི་ཐང་ཞིག་ཡོད་པ་རེད། དེ་ཡི་ཐང་མགོ་དེ་ན་སླེབས་འདུག་ཟེར་བ་དང་ཁྱི་ཚང་མ་འུར་སྒྲ་འཚུབ་བེ་དེའི་ཕྱོགས་ལ་རྒྱུག་སོང་ད་ཁྱེད་རང་སྐྲག་གི་འདུག་གམ་ལབ་པ་ཡིན། ཅི་ཡང་སྐྲག་གི་མི་འདུག་ཉི་མ་དོ་དགུང་ང་རང་གི་ལུས་ཚང་མ་ཟོས་སོང་ན་ཡང་བཟོད་རང་བྱས་རང་ལ་སྨིན་པ་ཧ་གོ་གི་འདུག ཁོ་རང་ཚོ་ལ་སྐྲག་ཡང་མི་སྐྲག་གནོད་ཡང་མི་གནོད་ཟེར་ཀྱིན་འདུག ང་རང་གིས་ལྟས་ཚོད་ལ་ཡང་མོ་རང་སྐྲག་གི་མི་འདུག་སྒྲུབ་ཁང་རྒྱབ་ལོག་ལ་འདུག་ཟེར་བ་དང་ཁྱི་ཚང་མས་སྒྲུབ་ཁང་རྒྱབ་ལོག་ན་སྐད་རྒྱག་གི་འདུག ནམ་རྒྱུན་ང་རང་གི་སེམས་རྒྱ་ཆུང་ཆུང་ཞིག་ཡོད་ཙང་། དོ་དགོང་ནོར་ནས་ཁོ་རང་ཚོ་མོ་རང་བསྡད་སའི་ཁང་པ་ཞབས་སར་འགྲོ་ཨེ་ཡོང་བསམ་བྱུང། ད་སྒྲུབ་ཁང་སྒོ་རྭ་ནང་དུ་སླེབས་འདུག་ཟེར་ཁྱི་ནང་དུ་ཐར་ས་ཡོད་མ་རེད་ཁྱི་ཚང་མ་སྒྲུབ་ཁང་ཕྱི་ལོག་ལ་བསྐོར་བ་རྒྱག་གི་འདུག ད་སྐས་ཐོག་ནས་ཡར་ལ་འཛེགས་བྱུང་ཟེར་དེ་སྔོན་ང་རང་དཀའ་ངལ་མང་པོ་འཕྲད་ནས་འུ་ཐུག་སོང་བས་སྐྲག་ཡ་མི་འདུག ཆ་ལུགས་ལ་བསམ་ན་ཀ་གནམ་ལྗིག་གསུམ་མིན་འགྲོ་བསམ་བྱུང་ཡིན་ན་ཡང་དེ་རྣམས་ནི་རིགས་འཛིན་གོང་མ་རྣམ་པས་བཀའ་བསྲུངས་ལ་དམ་བཅས་བསྐོ་བཞག་ཡོད་དུས་བར་ཆད་མི་བྱེད་པ་འདྲ་བོ་བསམ་ནས་ཐེ་ཚོམ་སྐྱེས་སོང། དེ་ནས་ཏོག་ཙམ་(ཅུང་ཙམ་ནས)འཇམ་ཏིང་ངེ་ཆགས་སོང་། ད་གང་དུ་འདུག་ལབ་པ་ཡིན་འདི་ན་ལངས་འདུག་ཟེར། ང་རང་གིས་དོ་དགོང་མཐོང་ས་རེད་བསམ་བྱུང་ལྟས་པ་ཡིན་ཏེ་ང་རང་གིས་མཐོང་གི་མི་འདུག ཇོ་མོ་གཅིག་ཡོད་རེད་དེ་ནི་ཁ་གཏན་ནས་མ་གྲགས་པར་བསྡད་འདུག་ང་རང་གིས་ཆ་ལུགས་ལ་ལྟས་ན་ལྷ་འདྲེ་རེད་འདུག་བསམ་བྱུང་། ཁྱེད་ཚོ་དཀར་ཕྱོགས་ཀྱི་ལྷ་ཡིན་ནམ་ནག་ཕྱོགས་ཀྱི་ལྷ་ཡིན་ཞེས་ཇོ་མོ་ལ་ཁོ་རང་ཚོ་ལ་དྲིས་ལབ་པ་ཡིན། ཇོ་མོས་དེ་འདྲ་དྲིས་སོང་། དེ་ནས་སྐྱ་མི་དེ་ཚོས་ང་ཚོ་དཀར་ཕྱོགས་ཀྱི་ལྷ་ཡིན་ལབ་ཀྱི་འདུག་ཟེར། ཁྱེད་རང་བཤད་པ་ཚང་མ་ཁོ་རང་ཚོས་ཐོས་ཀྱིས་འདུག་ཟེར། ས་ཕྱོགས་གང་ནས་ཡིན་ནམ་ལྷ་འདྲེ་དྲག་རྩལ་ཆེན་པོ་ཞིག་འདུག་བསམ་བྱུང། ཁྱེད་ཚོ་དཀར་ཕྱོགས་ཀྱི་ལྷ་ཡིན་ན་བླ་མ་སུ་ལ་བརྟེན་མྱོང་ཆོས་གང་འདྲ་ཞུ་མྱོང་ཟེར་ནས་ཨ་ནེ་ལ་དྲིས་ཟེར་བ་ཡིན། ཨ་ནེས་དེ་འདྲ་དྲིས་བྱུང་། གཞི་བདག་ཁོ་ཚོས་གཙོ་བོ་བོད་ཀྱི་གཞི་བདག་ཡོངས་སུ་རྫོགས་པ་གུ་རུ་པདྨ་འབྱུང་གནས་ཀྱིས་བཀའ་བསྒོས་དམ་བཞག་བྱས་ཡོད་པ་རེད། ཁོང་ཚོ་ཡང་གུ་རུ་པདྨ་འབྱུང་གནས་ལ་སྟེན་མྱོང་བ་དང་ཡང་དགོས་སུ་འབའ་རོམ་བཀའ་བརྒྱུད་རྗེས་འཛིན་ཡིན་པ་དང་ཁྱད་པར་དུ་ཚངས་གསར་བླ་མ་བློ་གྲོས་རིན་ཆེན་གྱིས་སྤྱིར་ནི་བོད་གངས་ཅན་ལྗོངས། ཡང་དགོས་སུ་ཆོས་རྒྱུད་འཛིན་པ་རྣམས་སྡོང་གྲོགས་བྱེད་མཁན་ཉིད་དུ་བཞག་པ་རེད་ལབ་ཀྱིན་འདུག་ཟེར། དེ་ནས་ང་རང་གིས་ཨོ་་་་་་་ ཀ་གནམ་ལྗིག་གསུམ་ཡིན་ས་མ་རེད་དམ་བསམ་བྱུང་། ཁྱོད་ཚོ་ཀ་གནམ་ལྗིག་གསུམ་ཡིན་ནམ་ལབ་པ་ཡིན། ཇོ་མོས་ཡིན་ལབ་ཀྱིན་འདུག་ཟེར། དེ་ནས་ང་རང་དཔེ་(ཞེ་གཏིང་ནས)ཁོང་ཁྲོ་ལང་བྱུང་། ང་རང་གིས་དེ་ཡིན་ན་ང་ཚོ་བཤད་རྒྱུ་མང་པོ་འདུག་ཞེས་ལབ་པ་ཡིན། ཁྱེད་ཚོ་ཀ་གནམ་ལྗིག་གསུམ་རེད་འདུག ཚངས་གསར་བླ་མས་བཀའ་བསྒོས་དམ་བཞག་བྱས་འདུག ང་ཚོར་ཚངས་གསར་བླ་རྒན་བཞིན་ཉམས་རྟོགས་པ་ཅི་ཡང་ཡོད་མ་རེད་དེ། མ་ཎི་རེ་བཏོན་ནས་བསྡད་ཡོད་པ་རེད། བླ་མ་ཞིང་ལ་ཕེབས་ཚར་པ་རེད། ཚངས་གསར་དགོན་པ་དེ་ད་ལྟ་བཤད་ན་ཡག་ཀྱང་འདྲ་སྡུག་ཀྱང་འདྲ་ཉམས་དམའ་པོ་རེད་། ཁྱེད་རང་ཚོས་ཀྱང་ནུས་ཤུགས་འདོན་ན་ང་ཚོས་ཀྱང་ནུས་ཤུགས་འདོན་པའི་དུས་རེད་བླ་མ་ཞིང་ལ་ཕེབས་ཁར་ཁོང་གིས་ཁྱེད་ཚོར། ང་ཞིང་ལ་གཟིགས་ཚར་དུས་ཁྱེད་རང་ཚོས་ཅི་ཐུབ་ཅི་ནུས་གནོད་པ་བྱོས་ཟེར་བའི་བཀའ་ཡོད་དམ་ཁྱེད་རང་ཚོ་ལ་གཏན་ནས་ཡག་པོ་མི་འདུག་བླ་མ་གཤེགས་པ་རེད་དེ་ཁྱེད་རང་ཚོ་ལ་ཡིད་ཆེས་ཡོད་པ་རེད། ང་ལ་ཡང་ཡིད་ཆེས་ཡོད་བླ་མ་ད་ལྟ་ནམ་མཁའ་འདི་ནས་གཟིགས་ཡོད་པ་རེད། ཁྱེད་རང་ཚོས་རྫུན་ལབ་ཕོད་ཀྱི་མ་རེད། སྐྲག་ཆེ་བ་ཕྱི་མ་དམྱལ་བ་ལ་སྐྲག་གི་རེད་ངས་བཤད་དགོས་ཀྱི་མ་རེད་ཁྱེད་རང་ཚོ་ལ་ངོ་ཚ་ཁྲེལ་ཡོད་གཏན་ནས་མི་འདུག་ཞེས་ལབ་པ་ཡིན། དེ་འདྲ་ཕར་ལ་ཤོད་ཞེས་བཤད་པ་ཡིན། ཨ་ནེས་ཁྱེད་རང་ལབ་པ་ཁོ་རང་ཚོས་གོ་གི་འདུག་ཟེར། ཨ་ནེས་གཞི་བདག་ཁོ་རང་ཚོ་ཕར་ལྟ་ཚུར་ལྟ་བྱས་ནས་གད་མོ་ཤོར་གྱི་འདུག་ཟེར། གཞི་བདག་གིས་ཚུར་ལ་ཁྱེད་རང་གིས་བཤད་དགོས་པ་མ་རེད་ང་ཚོ་ཚང་མས་ཁྲིད་དབང་ལུང་མཉམ་ཞུ་བྱས་ཡོད་པ་རེད། དེར་མ་ཟད་ཚངས་གསར་བླ་མས་ནམ་མཁའ་དང་མཉམ་པའིསེམས་ཅན་ཐམས་ཅད་ལ་འཁོར་བ་མ་སྟོང་བར་དུ་འགྲོ་བའི་དོན་རྒྱ་ཆེན་པོ་བྱེད་པའི་ཐུགས་བསྐྱེད་བྱས་ཡོད་པ་རེད། དེ་དང་མཐུན་པའི་ང་ཚོས་ཀྱང་སྡོང་གྲོགས་བྱེད་པར་ཁས་བླངས་ཡོད། འོན་ཀྱང་མི་ཡིས་ལྷ་ལ་མཆོད་ན་ལྷས་སྡོང་གྲོགས་བྱེད་ཟེར་བ་དེ་ཁྱེད་རང་ཧ་གོ་གི་འདུག་གམ་ཟེར་ནས་ལབ་ཀྱི་འདུག་ཟེར་ནས་ཨ་ནེས་ང་ལ་ལབ་སོང། དེ་ནས་ང་རང་གིས་བསམ་བློ་མང་པོ་གཏང་བ་ཡིན། དེ་སྔོན་ཡིན་ན་ཉིན་གཅིག་ལ་ཡང་རྣམ་རྟོག་མ་རབས་(བསམ་ངན)ཁོ་རང་ཚོ་ལ་སྐྱེས་མ་མྱོང་། འགའ་ཤས་ཀྱིས་དྲེགས་པ་སྡེ་བརྒྱད་མཆོད་ན་ཕན་ཐོག་ཡོད་པ་མ་རེད་ཟེར་བ་ཡང་གོ་མྱོང་། ཡིན་ན་ཡང་རིགས་འཛིན་གོང་མ་རྣམ་པས་བཀའ་སྒོ་དམ་བཞག་བྱས་ནས་བཀའ་བསྲུང་ལ་བསྐོས་ཡོད་པས་ང་འདྲ་བོ་མི་ཞིག་གིས་མི་ཉེན་པའི་སྨད་པ་བྱས་ན་ངོ་ཚ་བའི་རྒྱུ་རེད་སེམས་གཏིང་ནས་དྲན་གྱི་ཡོད། རྟག་པར་མཆོད་ཀྱི་ཡོད་ཟེར་ན་རྫུན་རེད་མ་གཏོགས་ཡིད་ཆེས་ཡོད། ཏོག་ཙམ་(ཅུང་ཙམ)ཕོག་ཐུག་བནོལ་གྲིབ་(འགྲམ་འཁྲུལ་)ཤོར་བ་དེ་ཚོ་ང་རང་ཚོས་མཐོང་གི་མ་རེད། དེ་འདྲ་བཟོ་བསམ་པ་ང་ཚོ་ལ་ཡོདཔ་མ་རེད། དེ་ཙམ་ལ་བཟོད་མ་ཐུབ་ན་བྱིས་པའི་ལས་བཀའ་རེད་འདུག དེ་ཡིན་ན་ཁོང་ཁྲོ་མི་ལང་བའི་དུས་ཡོད་པ་མ་རེད་ཞེས་ལབ་པ་ཡིན། དེ་ནས་གཞི་བདག་གིས་ཚུར་ལ་དེ་འདྲ་མ་རེད་ཞེས་ལབ་ཀྱིན་འདུག་ཟེར། དེ་ནས་ང་རང་གིས་ག་རེ་རེད་ཞེས་ཕར་ལབ་པ་ཡིན། གཞི་བདག་གིས་དེ་ཡི་ལན་ལ་ཁྱོད་རང་ཚོས་སྒྲུབ་དགོས་རྒྱུ་གསོལ་ཁ་དེ་ཡག་པོ་སྒྲུབ་དགོས་རྒྱུ་རེད་ཟེར་གྱིན་འདུག་ཞེས་ཨ་ནེས་ཚུར་ལ་ལབ་བྱུང། དེ་ནས་ང་རང་གིས་གཞི་ནས་ཧ་གོ་བྱུང་དེ་སྔོན་ང་རང་གིས་རི་གསོལ་བཅད་བཞག་པ་རེད་འདོན་ཆོག་མང་དྲགས་པས་ཡི་དམ་བསྙེན་པ་མང་པོ་གསོགས་དགོས་དུས་ཆ་ཚང་འདོན་མ་ཐུབ་པར་ཀ་གནམ་ལྗིག་གསུམ་གསོལ་ཁ་རེས་མོས་བྱས་ནས་བཏོན་པ་རེད། དེའི་ནང་ནས་གནམ་རྒྱལ་གསོལ་ཀ་བླ་མའི་དུས་ནས་བཅད་མྱོང་ཡོད་པ་མ་རེད། སྔ་མོའི་གཏམ་རྒྱུད་ལ་ཡང་ནུབ་གཅིག་ལ་ཡར་གནམ་དུ་སྐྱེས་ནས་སོང་བ། ཨོ་རྒྱན་པདྨས་མགོ་ལ་ཐོ་བས་རྒྱབ་ནས་ཡར་རིངས་པོ་སྐྱེས་མ་ཅུག་པ་རེད་ཟེར་བའི་བཤད་སྲོལ་ཞིག་ཡོད་པ་རེད། ཁོ་རང་རི་དྲག་རྩལ་ཆེན་པོ་རེད་ཟེར་གྱི་འདུག ཁོ་རང་ཚོ་རྩེད་མོ་ཟེར་ནས་གད་མོ་ཤོར་གྱི་འདུག་ཟེར་ནས་ཨ་ནེ་བསམ་བསམ་གཏན་བཟང་མོས་ལབ་བྱུང། དེ་ནས་ང་རང་སྐྲག་དགོས་དོན་མི་འདུག་བསམ་བྱུང་། ང་རང་གིས་དེ་བཅད་མཁན་སུ་རེད་ཞེས་ཕར་ལབ་པ་ཡིན། དེ་ནས་གཞི་བདག་ཁོ་ཚོས་ཁྱེད་རང་རེད་ལབ་ཀྱིན་འདུག་ཟེར། ཨོ་་་་་་་་་་་་དེ་ང་རང་གིས་ཁས་ལེན་བྱས་ཆོག་ཁྱེད་རྣམ་པ་སྒྲུབ་ན་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་ཕན་ཐོག་མི་འདུག་བསམ་པ་དང་ཁྱེད་ཚོ་ལ་མ་དགའ་ནས་བཅད་པ་གཏན་ནས་མིན་ཁྱེད་རྣམ་པ་ལས་ཡི་དམ་སྒྲུབ་པ་དགའ་ས་རེད་བསམ་བྱུང་། ཡི་དམ་བསྙེན་པ་ཇེ་ཉུང་ལ་བུད་འགྲོ་བ་དང་ཁྱེད་རྣམས་ཀྱི་གསོལ་ཀ་འདོན་པ་ལ་དཀའ་ལས་ཏོག་ཙམ་(ཅུང་ཙམ)ཡོད་དུས་བཞག་པ་རེད། ཁྱེད་རྣམས་ལ་འཁུ་ལྡོག་དེ་འདྲ་ཡོད་པ་བསམ་ཤེས་མ་(མ་བསམ)བྱུང་། མ་ཆད་ཙམ་རེ་བྱས་ན་འགྲིག་གི་འདུག་བསམ་ནས་རེས་མེས་བྱས་པ་ཡིན་ཞེས་ལབ་པ་ཡིན། དེ་ནས་ཁོང་ཚོས་དེ་དངོས་གནས་རེད་གཙོ་བོ་ཡི་དམ་རེད། ཡིན་ན་ཡང་གསོལ་ཁ་དེ་མ་བཅད་ན་ཡག་པོ་འདུག་ཟེར། ཨ་ནེ་ཚོར་མཚན་མོར་བྱིས་པའི་ཆོ་འཕྲུལ་སྟོན་པ་དེ་ཚོ་ང་ཚོ་མིན་དགོང་མོ་ཀོ་གྱོང་དྲུད་པའི་རྒོག་སྒྲ་སྡིང་སྒྲ་དེ་ཚོ་ང་ཚོ་ཡིན། དེ་འདྲ་བྱས་ན་ཇོ་མོ་སྐྲག་གི་འདུག་རྒྱུ་མཚན་དེས་ན་ཆོ་འཕྲུལ་བསྟན་པ་ཡིན་ཟེར་གྱི་འདུག་ཟེར་ནས་ཨ་ནེས་ལབ་བྱུང་། ཇོ་མོ་རྣམས་ཀྱིས་དགོང་མོ་རྒོག་སྒྲ་སྡིང་སྒྲ་བྱེད་ཀྱིན་འདུག་ཟེར་ནས་ཚང་མ་ཁ་འགྲིག་(གཅིག་མཐུན་རེད)གི་འདུག ངས་ནི་ཅི་ཡང་གོ་གི་མ་འདུག་ཀྱང་ཡིད་ཆེས་ཡོད། དེ་ནས་ཁོང་རྣམ་པ་སྐས་འཛེག་ཐོག་ཁ་ལ་བཞེངས་པ་ཡོད་རེད་ངས་བསམ་པ་ལ། དཀོན་མཆོག་གི་ཐུགས་རྗེས་ཚངས་གསར་ལྷ་བཀའ་བསྲུངས་འདིར་ཕེབས་ཡོད་དུས་ཞེ་གཏིང་ནས་དགའ་བ་འདུག་ཏེ་ད་གང་འདྲ་དགོས་ན་བསམ་བྱུང་། དུས་རྒྱུན་སྣང་བ་ལྟར་ཡིན་ན་ཁང་པ་ཆུང་ཆུང་ཞིག་མ་གཏོགས་ཡོད་པ་མ་རེད། དེ་ཡིན་ན་ཡང་ང་ཚོས་གཏོ་ཟློག་པ་འདྲ་བཅའ་དུས་ཡང་གཏོར་མ་འདྲ་བཅོས་ནས་དམིགས་རིམས་འདྲ་བྱས་ན་ཕན་གྱི་རེད་ཟེར་གྱི་འདུག་པས། ཚང་མ་སེམས་ཀྱི་རང་བཞིན་ཡིན་རྒྱུ་རེད་བསམ་ནས་བཀའ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དཔའ་བོ་མཁའ་འགྲོ་ཁྱེད་རྣམས་ཀྱི་ཐུགས་རྗེས་བྱིན་རླབས་ཀྱིས་ཚངས་གསར་དགོན་པའི་ཆོས་རྒྱུད་འཛིན་མཁན་རྣམས་ལ་སྡོང་གྲོགས་བྱེད་པའི་ལྷ་རྣམས་འདིར་ཕེབས་ཡོད་པ་རེད། ང་རང་ཁྱིམ་ལ་བཞུགས་ཆོག་པའི་འབྱོར་བ་དེ་འདྲ་ཡོད་པ་མ་རེད། ཁྱེད་རྣམས་ཀྱི་ཐུགས་རྗེས་རིན་པོ་ཆེ་སྣ་ཚོགས་པ་ལས་གྲུབ་པའི་ཁྲི་རེ་རེ་དང་ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་ཡིན་ཞེ་ནས་ཀྱང་འགྲུབ་རྒྱུ་རེད་བསམ་བྱུང། ཇོ་མོ་བསམ་གཏན་གྱིས་ཁྲི་དཔེ་ཡག་པོ་(ཧ་ཅང)རེ་རེ་བཞེངས་འདུག་ཟེར་གྱི་འདུག ཁྱེད་རྣམ་པ་དེ་ན་བཞུགས་ལབ་པ་ཡིན། ཁོང་རྣམས་དེ་ལ་བཞུགས་སོང་ཟེར་གྱི་འདུག ཡང་སྐྱར་ཞལ་ཟས་རོ་བརྒྱ་དང་ལྡན་པ་དཀར་གསུམ་མངར་གསུམ་བཟའ་བའི་རིགས་བཏུང་བའི་རིགས་ལ་སོགས་པ་མདོར་ན་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་གྱུར་ཅིག་ཞེས་སྨོན་ལམ་བཏབ་པ་ཡིན་ཇོ་མོས་བཟའ་བཏུང་བསམ་ཡུལ་ལས་འདས་པ་བསྒྲིགས་འདུག་ཞེས་ལབ་བྱུང། དེ་ནས་ཇོ་མོ་བསམ་གཏན་གྱིས་གཞི་བདག་གི་འཁོར་རྣམས་སྒྲུབ་གྲྭའི་སྒོ་རྭ་ནང་དུ་ཇོ་མོ་རྣམས་ཡར་མར་འགྲོ་དུས་རྟ་རྣམས་འགྲོགས་ནས་བག་མ་ཕེབས་པར་བསྡད་འདུག་ཟེར། ཡང་བསྐྱར་ང་རང་གིས་བླ་མ་དཀོན་མཆོག་ལ་གསོལ་བ་བཏབ་ནས་རྫིང་བུ་ཡིད་དུ་འོང་བའི་མཐའ་བསྐོར་དུ་མེ་ཏོག་དཀར་དམར་སྣ་ཚོགས་པ་ལྡན་པར་རྟ་རྣམས་བག་ཕེབས་དང་ལྡན་པར་གྱུར་ཅིག་ཟེར་ནས་སྨོན་ལམ་བཏབ་པ་ཡིན། དེ་ནས་ཇོ་མོ་བསམ་གཏན་གྱིས་མཚོ་ཆེན་པོ་ཞིག་གི་ཁ་ལ་མེ་ཏོག་སྣ་ཚོགས་པས་བསྐོར་བ་ཞིག་ན་རྟ་རྣམས་སྐྱིད་པོ་བདེ་མོ་ངང་བསྡད་འདུག་ཟེར། ད་རུང་གང་འདྲ་ཡིན་ན་བསམ་ཏེ་དྲི་བ་འགའ་ཤས་བཀོད་ནས་ཁྱེད་རྣམ་པ་ལྷ་འདྲེ་ཡིད་ཀྱི་མངོན་ཤེས་ཅན་ཡིན་དུས་བོད་གངས་ཅན་ལྗོངས་ཀྱི་བདེ་སྡུག་དེ་དག་ལ་ཁྱེད་རང་ཚོས་བལྟ་བརྟགས་དང་ནུས་ཤུགས་ག་འདྲ་འདོན་གི་ཡོད་ཟེར་ནས་དྲིས་པ་ཡིན། ཁོང་ཚོས་དེ་ནི་ཁྱེད་ཚོ་དང་སྐྱིད་སྡུག་མཉམ་གནས་རེད་ཟེར་གྱི་འདུག་ཟེར། ཡང་བསྐྱར་ང་རང་གིས་བོད་གངས་ཅན་གྱི་མ་འོངས་པའི་མདུན་ལམ་བདེ་སྐྱིད་ཀྱི་རྩ་བ་རང་དབང་དེ་ག་དུས་ཐོབ་ཀྱི་རེད། ཐོབ་རྒྱུ་ཡོད་རེེད་དམ་མ་རེད་ཟེར་ནས་དྲིས་པ་ཡིན། གཞི་བདག་ཁོང་ཚོས་དེ་ནི་མ་འོངས་པའི་གནས་ཚུལ་ཡིན་དུས་ཁོང་ཚོས་ཀྱང་ཤེས་ཀྱི་མ་རེད། ཡིན་ན་ཡང་དེ་ཚོའི་ཆེད་དུ་ཡར་དཀོན་མཆོག་ལ་མཆོད་པ་དང་དེ་ཚོ་ལ་སྡོང་གྲོགས་ལྷག་དུ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ལ་གང་ས་གང་ནས་སྡོང་གྲོགས་ཅི་ཐུབ་འདི་ཐུབ་བྱེད་ཀྱིན་ཡོད། འདི་ང་ཚོས་འོས་འགན་རེད་ཁྱེད་ཚོས་ཀྱང་རང་ས་རང་གི་བསྲུང་དགོན་པ་དེ་ཚོ་སྟོང་པ་ལ་མ་བཞག་པར་དགོན་པར་སྡོད་རྒྱུ་དེ་ང་ཚོས་ཀྱང་རེ་བ་ཡིན། ང་ཚོ་ཚང་མས་ཧུར་བརྩོན་བྱས་ན་མཐར་ཐུག་བདེན་དོན་ཞིག་བྱུང་རྒྱུ་ཡོད་ན་མ་གཏོགས་གཞན་དཀའ་མོ་རེད་ཟེར་གྱིན་འདུག་ཟེར་ནས་ཨ་ནེས་ཚུར་ང་ལ་ལབ་བྱུང་། དེ་ནས་ངས་ནད་པ་འགའ་ཤས་ལ་མོ་ཞུས་པ་ཡིན། ནད་པ་དེ་ཚོ་ན་ལུགས་དྲང་མོར་བཤད་ཀྱིན་འདུག
བསོད་ནམས་རིན་ཆེན། ནད་པ་སུ་ལ་མོ་ཞུས་པ་རེད།
ཐུབ་བསྟན་དཔལ་བཟང།
རོང་པོ་ཚེ་དབང་ཟེར་བ་གྲྭ་རྒན་ཞིག་ན་བཞིན་ཡོད་པ་རེད། དེ་ལ་མོ་ཞིག་ཞུས་པ་ཡིན། ནད་གཞི་དེ་ཚོ་ཕ་གཉེན་གྱི་ལྷ་མ་དགའ་བ་རེེད། དེ་ཚོར་གསོལ་མཆོད་དགོས་པ་རེད་ཟེར་གྱིན་འདུག་ཟེར་ནས་ཨ་ནེས་ལབ་བྱུང། གཞན་ཡང་རྒྱ་འབེལ་པདྨ་འོད་ཕུང་ཟེར་བ་གནས་རི་ཞིག་ཡོད་པ་རེད། དེ་ལ་ཕྱག་བསྐོར་དེ་འདྲ་བྱས་ན་ནད་པ་དྲགས་གི་རེད་ཟེར་གྱིན་འདུག་ཟེར་ནས་ཡང་ཨ་ནེ་རྒྱུད་ནས་ཚུར་ལབ་བྱུང་། རོང་པོ་ཚེ་དབང་ཁོ་རང་སྔོན་མ་མགོན་པོ་དགོན་ནས་རེད། དེས་རྒྱུ་མཚན་གྱིས་ཚངས་གསར་བཙུན་དགོན་དུ་བསྡད་ཡོད་པས་ལྷ་མ་དགའ་བ་ཡིན་ས་རེད། ཚངས་གསར་དགོན་དར་རྒྱས་བཙུན་གསུམ་གང་འདྲ་ཡོང་རྒྱུ་རེད་ཞེས་དྲིས་བ་ཡིན། དེ་མ་འོངས་པའི་གནས་ཚུལ་ཡིན་དུས་ཁོང་ཚོས་ཀྱང་གསལ་པོ་ཤེས་ཀྱིན་མི་འདུག་རྗེས་དཔག་དང་ཚོད་དཔག་འདྲ་བོ་བྱས་ནས་བཤད་ཀྱིན་འདུག ང་ཚོ་ས་ལ་གནས་རི་རྒྱ་འབེལ་པདྨ་འོད་ཕུང་ཟེར་བ་ཞིག་ཡོད་པ་རེད། དེ་ང་ཚོ་བོད་གངས་ཅན་ལྗོངས་ནས་ཡང་གནས་རི་རྩ་ཆེན་པོ་རེད། པདྨ་འབྱུང་གནས་ཐོག་མར་བོད་དུ་ཕེབས་དུས་དཀྱིལ་འཁོར་ཐོག་མར་ཞལ་ཕྱེ་སའི་ས་ཆ་རེད། གནས་རི་འདི་ལ་སྔོན་མ་ལས་ལྷག་པའི་ས་ཐོབ་ཀྱི་སེམས་དཔའ་བཅུ་གསུམ་བཞུགས་འདུག དེ་ལ་འཁོར་དགེ་འདུན་ཁྲི་ཕྲག་ལྷག་རྒྱས་འདུག་དེ་ལ་དཔག་ན་ཚངས་གསར་དགོན་པའི་བསྟན་པ་རྒྱས་རྒྱུ་རེད་ཟེར་གྱིན་འདུག་ཟེར། འདི་ལ་བསྐོར་བ་ཡག་པོ་རྒྱོབ་གནས་རི་བསྲུངས་སྐྱོབ་ཡག་པོ་གྱིས་ཟེར་གྱི་འདུག་ཟེར། ང་ཚོ་ཆུ་ཚོད་གཉིས་གསུམ་ཙམ་ཁ་བརྡ་བྱས་པ་ཡིན་ང་ལ་སྤོས་ཤེལ་ཕྲེང་བ་ཞིག་ཡོད། དེ་རོགས་པ་དེ་ཚོ་སྔོན་མ་གནམ་རྒྱལ་རི་བསྟོད་ལ་སོང་དུས་བོར་སོང་བ་རེད་དེ་གང་དུ་འདུག་ལབ་པ་ཡིན་དེ་རི་བསྟོད་སྐབས་སྲས་མཁར་རྩལ་འཕངས་བཞག་འདུག་དེ་རིན་པོ་ཆེ་ཞིག་རེད་འདུག་པས་རྟེན་འབྲེལ་ལ་བརྟག་ནས་གནམ་རྒྱལ་ཁོང་གིས་ཉར་ཡོད་ཞེས་ལབ་ཀྱིན་འདུག་ཟེར། དེ་ཁྱེད་ལ་ཕུལ་བ་ཡིན་ཞེས་ཕར་ལབ་པ་ཡིན་ཚུར་སྐད་ཆ་ལབ་པ་ཚང་མ་བདེན་པ་འདྲ་བོ་བཤད་ཀྱིན་འདུག ང་ཚོ་འདིར་ཡོད་པ་རྣམས་ཀྱིས་ཐོས་བསམ་འདྲ་བྱས་ནས་བསྡད་ཡོད་པ་རེད། ང་ཚོ་དགོན་པའི་བླ་མའི་མིང་ཅན་ཡོད་པ་འགའ་རེ་ང་ཚོ་དགོན་པའི་ཆེད་དུ་རྒྱུ་འབྱོར་བ་འདྲ་ཨེ་རག་བསམ་ནས་ཐེ་ཝན་སོགས་རྒྱ་ཕྱི་ནང་ཀུན་ན་ཡོད། ཁོང་ཚོ་ལ་ཁྱེད་ཚོས་སྦྱིན་བདག་འདྲ་ངོ་སྤྲོད་ཐུབ་ཀྱི་ཨེ་རེད་ཞེས་ལབ་པ་ཡིན། དེ་ཐུབ་ཀྱི་རེད། ང་ཚོ་ཉི་མ་ལྔ་རེའི་མཚམས་ནས་འཛམ་གླིང་ལ་བསྐོར་བ་རེ་རྒྱག་གི་ཡོད། དེ་ནི་གངས་ཅན་པའི་དོན་དག་དང་བསྟན་འཛིན་སྐྱེས་བུ་རྣམས་ཀྱི་ཞབས་ཞུ་སྒྲུབ་ནས་འགྲོ་བཞིན་ཡོད་ཟེར། དེ་ནས་ང་རང་གིས་གཞི་བདག་དེ་ཚོ་མཐོང་གི་མི་འདུག་ཀྱང་ཁ་བརྡ་མང་པོ་བྱས་པ་ཡིན། ཨ་ནེ་བསམ་གཏན་བཟང་མོས་གཞི་བདག་ཚོ་དང་ང་ཚོའི་བར་ནས་ལོ་ཙྭ་འདྲ་བྱས་ནས་གཞི་བདག་ཚོས་སྐད་ཆ་ཐམས་ཅད་ང་ལ་བཤད་པ་རེད། ངས་ཕར་ལབ་པ་ཁོང་ཚོས་གོ་གི་འདུག དེ་ནས་ཁོང་ཚོ་རེ་རེ་བཞིན་ཨ་ནེ་རྒྱུད་ཏེ་ངོ་སྤྲོད་འདྲ་བྱས་སོང། སྔོན་པོ་དེ་གནམ་རྒྱལ་རེེད། དམར་པོ་དེ་ཀ་རྒྱལ་རེད། དཀར་པོ་དེ་དུང་རི་རེད་ཟེར་གྱིན་འདུག་ཟེར། ཀ་གནམ་ལྗིག་གསུམ་གཏེར་སྲུང་རྫ་ནག་རལ་པ་མིན་པ་ཚངས་གསར་དགོན་པའི་སྡོང་གྲོགས་བྱེད་མཁན་གཞན་པ་ཡོད་དམ་ཞེས་དྲིས་པ་ཡིན་གཞན་པ་ཆེན་པོ་ཡོད་པ་མ་རེད་ལབ་ཀྱིན་འདུག་ཟེར།
རིན་བཟང། སྤྱི་ལོ་ག་དུས་རེད།
ཐུབ་བསྟན་དཔལ་བཟང། སྤྱི་ལོ༢༠༠༦ཟླ་ཚེས༢༨དུས་ཚོད་དགུན་ཁ་རེད། རིན་བཟང་། ཨ་ནེ་དེ་ད་ལྟ་གང་ན་བཞུགས་ཡོད་རེད།
ཐུབ་བསྟན་དཔལ་བཟང།
ཨ་ནེ་ན་རྒྱུ་འདྲ་ཡོད་པ་རེད། ཕལ་ཆེར་ད་ལྟ་ཕ་ཡུལ་ན་ཡོད་རྒྱུ་རེད་ཨ་ནེའི་རོགས་པ་ཡེ་ཤེས་ཆོས་མཚོ་ད་ལྟ་དགོན་པ་ན་ཡོད་པ་རེད།
བསོད་ནམས་རིན་ཆེན།
དགོང་སྙིང་དྲིས་པའི་གནས་ཚུལ་དེ་ག་འདྲ་རེད། ཐུབ་བསྟན་དཔལ་བཟང།
འོ་་་་་་་་་རེད རྒྱུན་དུ་བཤད་ཚུལ་ཞིག་ལ་རྒྱ་འབེལ་ལམ་འཕེན་པོ་དེ་ཙཱ་རིའི་གནས་ཀྱི་ཡན་ལག་ཞིག་ཡིན་ཞེས་བཤད་ནི་རེད། འཕེན་པོ་སུས་གནས་ཀྱི་ཡན་ལག་རེད་ཞེེས་གཞི་བདག་ཚོ་ལ་དྲིས་པ་ཡིན་དེ་ཙཱ་རིའི་གནས་ཡན་ལག་རེད་ཟེར་གྱིན་འདུག་ཟེར་ཏག་ཏག་འགྲིག་གི་འདུག ང་ཚོས་ནམ་རྒྱུན་ཙཱ་རིའི་དགོང་སྙིང་(ལོ་རུས)སྤྲེལ་དང་གངས་རིའི་དགོང་སྙིང་(ལོ་རུས)རྟ་ཡིན་ཞེས་བཤད་ནི་རེད། ང་རང་གིས་ད་དུང་ཡིད་མ་ཆེས་པར་ཡང་བསྐྱར་འཕེན་པོ་དགུང་སྙིང་གང་རེད་ཞེས་དྲིས་པ་ཡིན། དེ་སྤྲེལ་རེད་ཞེས་གཞི་བདག་ཚོས་ལབ་ཀྱིན་འདུག་ཟེར། དེ་ནས་ཇོ་མོ་བཟི་འདྲ་བོར་གྱུར་པ་དེ་དྭངས་ཚར་དུས་དགུང་སྙིང་ཟེར་བ་དེ་ཅི་རེད་ཅེས་ང་ལ་དྲིས་བྱུང། དེ་དུས་གཞི་བདག་གི་སྐད་ཆའི་ལན་སྤྲད་ཡོང་དུས་ཚང་མ་ཤེས་ཀྱི་འདུག མཇུག་ཏུ་ངས་བཀྲ་ཤིས་སྨོན་ལམ་ཤིས་བརྗོད་དེ་འདྲ་བྱས་པ་ཡིན། དེ་དུས་མེ་ཏོག་གི་ཆར་བ་བབས་པ་དང་འཇའ་འོད་ཤར་བ་བྱུང་ཟེར་ནས་ཨ་ནེས་ལབ་ཀྱི་འདུག གཞི་བདག་ཁོང་ཚོས་ཡང་དོ་དགོང་དགའ་མོ་སྐྱིད་པོ་རེད་སོང་ཟེར་ནས་ཚུར་ལ་ཡང་བྲལ་ཁའི་སྨོན་ལམ་འདྲ་བརྗོད་ཀྱིན་འདུག་ཟེར་ནས་ཨ་ནེས་ལབ་བྱུང། ངས་ཀྱང་མཇུག་ཏུ་གསོལ་ཁ་མི་གཅོད་རྒྱུ་ཁས་ལེན་བྱས་པ་ཡིན། ཀ་གནམ་ལྗིག་གསུམ་ལ་གསོལ་ཁ་འདུག་སྟེ་དུང་རི་ལ་མི་འདུག་དེ་གང་འདྲ་བྱེད་དགོས་ཞེས་དྲིས་པ་ཡིན་གཞི་བདག་ཚོས་དེ་ཡིད་ཀྱིས་མཆོད་ན་འགྲིག་གི་རེད་ཟེར་གྱི་འདུག་ཟེར། ང་རང་གིས་གསོལ་ཁ་ཟེར་བ་དེ་ཆགས་ལྷའི་ཆ་ལུགས་ག་འདྲ་ཡོད་ན་དེ་འདྲ་མཛད་དགོས་ཀྱི་རེད་བསམ་ནས། ཇོ་མོ་ལ་ཤྭ་ཕོ་དུང་རི་ལ་ཆ་ལུགས་གང་འདྲ་འདུག་ཞེས་དྲིས་བ་ཡིན། ཇོ་མོས་དེ་ལ་དར་ཁྲི་རྨོག་ཅན་ལག་ན་ཟངས་ཀྱི་མདའ་གཞུ་ཐོག་པ་ལུས་བེར་དཀར་པོ་གྱོན་པ་མི་དཀར་རྟ་དཀར་དེ་འདྲ་འདུག་ཟེར། དེ་ནས་ང་རང་གིས་དུང་རིའི་གསོལ་ཁ་ཞིག་བརྩམས་པ་ཡིན།
བསོད་ནམས་རིན་ཆེན།
གསོལ་ཁའི་མགོ་ལ་ག་འདྲ་ཟེར་བ་ཞིག་ཡོད།
ཐུབ་བསྟན་དཔལ་བཟང།
རབ་ལྡིང་ཤེལ་གྱི་ཕོ་བྲང་བརྩེགས་པའི་མཁར། ཚིག་བཅད་ཞིག་བརྩམས་ནས་གཞི་བདག་དེ་ཚོ་ལ་ག་འདྲ་ཞེེས་དྲིས་བ་ཡིན། ད་ཡག་པོ་རེད་འདུག་ཟེར་ནས་གད་མོ་ཤོར་གྱི་འདུག་ཟེར། གཞི་བདག་ཁོང་ཚོས་ཀ་གནམ་ལྗིག་གསུམ་ནང་ནས་ལྗིག་རྒྱལ་ད་ལྟ་ན་ཚ་བྱུང་ནས་བསྡད་ཡོད་པ་རེད། དེ་ལ་ཁྱེད་ཚོ་གྲྭ་བཙུན་ཚོས་བསངས་གསོལ་རེ་གཏོང་རོགས་གནོང་ཟེར་གྱི་འདུག་ཟེར། དེ་ལ་ངས་བརྟེན་འབྲེལ་བརྟགས་ནས། དེ་རང་ཉི་ཤུ་དགུ་རེད། སང་ཉིན་གནམ་གང་རེད་ཚེས་གསུམ་གྱི་ཉིན་མོ་ཟླ་བ་ཡར་ངོར་བརྟེན་འབྲེལ་ལ་བརྟགས་ནས་ཆོས་སྲིད་གོང་དུ་འཕེལ་བའི་རྟེན་འབྲེལ་ཆེད་བསངས་གསོལ་རྒྱས་པ་འདོན་ཡོང་ལབ་པ་ཡིན། ཁོང་ཚོས་ཀྱང་ཆོ་འཕྲུལ་འདྲ་མིན་མི་བསྟོན་རྒྱུ་ཁས་ལེན་བྱས་པ་ཡིན། དགོང་མོ་བྱིས་པའི་ཆོ་འཕྲུལ་ཁོང་ཚོ་མིན་ཟེར་གྱི་འདུག་ཟེར། འདི་གདན་ས་ཁྱད་པར་ཅན་ཡིན་པ་རེད། ལྷ་འདྲེ་འདུ་ལོང་ཆེན་པོ་ཡིན་དུས་ཁོ་ཚོས་ཀྱང་རྒྱ་ཆེན་པོ་ལས་ཐུབ་ཀྱི་མི་འདུག་ལབ་ཀྱིན་འདུག་ཟེར། དེ་ནས་ཉིན་གཉིས་ཀྱི་མཚམས་ཇོ་མོ་སྔར་བཞིན་དེ་འདྲ་ཆགས་སོང་། ཡིན་ན་ཡང་སྔོན་མའི་འཇིག་རྟེན་གྱི་སྣང་བ་རང་གི་ཁང་བ་སོགས་ཀྱི་སྣང་བ་དེ་འདྲ་མི་འདུག་ས་གཞི་ཐམས་ཅད་མེ་ཏོག་དང་ནམ་མཁའ་ནས་མེ་ཏོག་གི་ཆར་བབས་ཀྱི་འདུག་ཟེར་ང་ཡི་མིང་ལ་ཐུབ་བསྟན་ཟེར་བ་རེད། ཇོ་མོས་ང་ལ་ཐུབ་དགས་ཡོན་ཆབ་དཔག་ཏུ་མེད་པ་བཤམས་ཀྱིན་འདུག་ཇོ་མོ་རྣམས་ཀྱིས་ལས་རོགས་གཏན་ནས་བྱེད་ཀྱི་མི་འདུག་དེ་འདྲ་ཐབས་སྡུག་ལབ་ཀྱི་འདུག་མ་གཏོགས་གཞན་པའི་སྣང་བ་གཏན་ནས་མི་འདུག་ཟེར། དེ་ནས་ཉིན་གསུམ་འགོར་བའི་ཉིན་སྔར་བཞིན་དེ་འདྲ་ཆགས་སོང་དེ་སྐབས་ཚངས་གསར་དགོན་པར་མཆོད་རྟེན་ལེགས་པོ་བརྒྱད་བཞེངས་འདུག ཁྱེད་ཚོ་བསྐོར་བ་ལ་འགྲོ་གི་ཨེ་ཡིན་ཟེར་ནས་འགྲོ་གྲིབས་བྱེད་ཀྱི་འདུག་སྐབས་དེར་གཞན་པའི་ལྷ་འདྲེའི་སྣང་བ་གང་ཡང་མི་འདུག ཉིན་བཞི་པའི་སྐབས་སུ་ཇོ་མོ་ནད་དྲགས་འདུག་ཆོ་འཕྲུལ་གཞན་པ་ཡང་ཉུང་ངུར་ཕྱིན་འདུག ང་རང་གིས་ཀྱང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་ནུས་མཐུ་ཁྱད་པར་ཅན་ཡིན་པ་སེམས་གཏིང་ནས་ངེས་ཤེས་སྐྱེས་སོང། དེ་མིན་ན་ཅིག་གིས་མཐུ་བྱེད་ཅིག་གིས་ཨམ་གཙིགས་བསྡམས། དེ་འདྲ་བྱས་ན་མཐུན་ཐབས་གཏན་ནས་ཡོད་པ་མ་རེད། ཇོ་མོ་དེར་རྗེས་མ་དེའི་བསྐོར་དྲིས་ན་གཏན་ནས་བཤད་གི་མི་འདུག རྒྱུ་མཚན། དེ་རྗེས་མཁན་པོ་ཞིག་གདན་འདྲེན་ཞུས་པ་རེད། མཁན་པོས་ལྷ་རིག་འདྲེ་རིག་བཤད་མ་ཡོང་(མ་བཤད)ལབ་པ་རེད། དེ་ནས་བཟུང་སྡུག་ཅག་(ངན་པ)ཡིན་ས་རེད་བསམ་ནས་བཤད་ཀྱི་མི་འདུག ད་དེ་འདྲ་རེད།
བསོད་ནམས་རིན་ཆེན།
ཡ་ད་རྗེས་མ་ཨ་ནེ་དེ་ལ་བཅར་འདྲིའི་གོ་སྐབས་ཤིག་ཨེ་ཡོད་ལ་རེ་བ་ཡོད། དེའི་ཐད་ནས་ཐབས་ཤེས་ཤིག་གནང་རོགས།
ཐུབ་བསྟན་དཔལ་བཟང་།
ཡ་ཡ་དེ་ངས་ཧུར་ཐག་བྱས་ནས་རོགས་བྱེད།
བསོད་ནམས་རིན་ཆེན། ཡ་ཡ་ད་བདེ་བྱོས། །
མཚོ་སྔོན་པོ་ཟིན་བྲིས་ཀྱི་བྱ་མདོ་རིན་བཟང་གི་ཟིན་བྲིས་ལས་བཤུས།།
བོད་ཀྱི་བྲིས་ཐོ་འབྲི་མཁན་དང་རྒྱལ་གཅེས་དཔའ་བོ་རྩོམ་པ་པོ་རིན་བཟང་ལགས་ཀྱི་བཅར་འདྲི་ལ་གོ་རྒྱུ་འདུག འོན་ཀྱང་ཡིག་ནོར་ཧ་ཅང་མང་གི ཡིན་ནའང་། བཅར་འདྲི་འདི་དམངས་ཁྲོད་ནས་བྱས་པས་བཅོ་རྒྱུའི་ངལ་བ་བྱས་མེད་ལ་བྱེད་ཀྱང་མི་ཤེས་པས་བཏང་སྙོམས་སུ་བཞག་པ་ཡིན།
གལ་སྲིད་བཅོ་དགོས་ཚེ་འབའ་སྲས་ལགས་སྐད་ཐོངས།
ད་ཐེངས་ཨ་རིག་གིས། ཞུ་དག་བྱེད་པའི་གོ་སྐབས་བཟང་པོར་དམ་འཛིན་མ་བྱས་ཞིང་། སྨྱུག་རྩེ་དག་ནོར། རྟགས་ནོར་ལ་གཏད་མ་སོང་། དེ་ནི་ཨ་རིག་དམ་པ་མཆོག་གིས་བྱ་མདོར་ཉེས་པ་གུ་ཡངས་བཏང་སོང་ལ། ཁྱེད་ཀྱིས་བཤད་པའི་སྐད་ཆ་སྙན་མོ་དེ་དང་བར་ཐག་རིང་དུ་སོང་བའི་རྟགས་མཚན་ཞིག་ཏུ་ཁུམས།
ཨ་རིག་ལགས་སྐུ་རྩེད་ཡིན། ང་ནི་ཁྱེད་ཀྱིས་ལྷག་བསམ་དང་། རིག་གནས་ཀྱི་ཡོན་ཚད་ལ་དགའ་ཞིང་གུས་པའི་ཁ་བའི་བུ་ཆུང་ཞིག་ཡིན་པས། ངས་ཁྱེད་ཀྱིས་སྐད་ཆར་འབྲེལ་མེད་མཆན་བཏབ་པར་གུ་ཡངས་སུ་གཏོང་རོགས། འོན་ཀྱང་ངའི་ཡིག་ནོར། རྟགས་ནོར། དོན་ནོར་སོགས་ལ་གུ་ཡངས་ནམ་ཡང་མ་གཏོང་རོགས་ཨ་རིག་བུ་རྒོད།
ཀ་ནས་དག་པའི་བོད་ལྗོངས་བདག་འཐོབ་དེ།
ཁ་བ་ཅན་པར་ཡོད་པ་སྨྲོས་མེད་ཀྱང་།
གར་ནས་ག་ཡོང་མེད་པའི་གུང་ཇག་གིས།
ང་ཚོའི་བོད་ཡུལ་གློ་བུར་ཟང་ཟིང་བཟོས།
ཨ་རིག་ལགས་ཀྱིས་ནོར་བཅོས་དང་། སྡེ་པ་གཉིས་པའི་བཤད་པ་དེ་སྐུ་ཉིད་ཀྱི་བགོ་སྐལ་དུ་ཕུལ་ཡོད།
ངོ་མ་ལྷ་འདྲེ་ཞིག་ཡོད་ན་ལོས་བདེན་འདོད་ནི་ཞིག་རེད།
གསོལ་མཆོད་ཐོལ་འབྱུང་མ་བཞུགས་སོ། །
རྒྱ་འབེལ་པདྨ་འོད་ཕུང་གནས་རི་ལ། །
གུ་རུ་པད་འབྱུང་ཞལ་མཇལ་གསུང་ཐོས་པ། །
ཀོ་གྱོང་དྲུད་པའི་རྒོག་སྒྲ་སྡིང་སྒྲོག་བཞིན། །
ཀ་གནམ་ལྗིག་གསུམ་དམར་དཀར་སྔོན་པོའི་གཟུགས། །
སྟོན་ནས་བསྟན་སྲིད་སྤྱི་དང་ཡང་སྒོས་སུ། །
འབའ་རོམ་བཀའ་བརྒྱུད་བསྟན་པ་བསྲུང་བའི་ཕྱིར། །
བསྟོད་ཅིང་གསོལ་ལོ་མཆོད་དོ་གཞི་བདག་ཚོགས། །
ལུས་དང་གྲིབ་མ་བཞིན་དུ་སྡོང་གྲོགས་མཛོད། །
བོད་ཀྱི་ལྷ་མིའི་དབུ་འཕང་གོང་མཐོར་ཤོག །
སྙན་པོ་ཞེ་དྲག་འདུག་ཏེ་ཡིད་རང་ཆེས་མ་སོང་། གང་ལ་ཟེར་ན་ཚན་མོ་འཇའ་ཤར་འདུག་ཟེར་བ་སོགས་རྫུན་བཟོ་ཡི་རྣམ་པ་མང་པོ་འདུག་ང་རང་གི་བསམ་ཆུལ་ཙམ་ཡིན།
སློབ་དཔོན་པདྨ་འབྱུང་གནས་ཀྱིས། །
དམ་གཞག་ལྷ་སྲུང་ཐམས་ཅད་དང་། །
ཁྱད་པར་ཀ་གནམ་ལྗིག་གསུམ་ལ། །
གསོལ་ལོ་མཆོད་དོ་སྡོང་གྲོགས་མཛོད། །
སློབ་དཔོན་པདྨས་དམ་བཞག་ལྷ་དང་ཀླུ། །གཞི་བདག་རྣམས་ལ་མཐུ་ནུས་ལྡན་གྱུར་ན། །ད་ལྟ་དུས་སྐབས་ཉེན་ཕྲང་འདི་ལྟ་བུར། །སྡོང་འགྲོགས་འཕྲིན་ལས་མེད་པ་གང་ཡིན་ནམ། །
འཇིགས་མེད་ལགས།
ད་ལྟ་དུས་སྐབས ཉེན་ཕྲེང སྡོང་འགྲོགས་རྣམས་ནོར་འདུག
མཆན་བུ་དྲུག་པའི་ནང་གི་ཡིག་ནོར།
༼ སྙན་པོ་ཞེ་དྲག་འདུག་ཏེ་ཡིད་རང་ཆེས་མ་སོང་།༽ སྙན་མོ་ལས་སྙན་པོ་མ་རེད།
༼གང་ལ་ཟེར་ན་ཚན་མོ་འཇའ་ཤར་འདུག་༽ཚན་མོ་མ་རེད་མཚན་མོ་རེད། ༼ ང་རང་གི་བསམ་ཆུལ་ཙམ་ཡིན།༽ བསམ་ཆུལ་མ་རེད་བསམ་ཚུལ་རེད།
མཆན་བདུན་པའི་ནང་གི་ཡིག་ནོར། ༼ཉེན་ཕྲང་འདི་ལྟ་བུར།༽ ཉེན་ཕྲང་མ་རེད་ཉེན་འཕྲེང་རེད། འོན་ཀྱང་། འཕྲེང་འདི་དང་ཕྲེང་འདི་གཉི་ག་འདམ་ང་ཅན་ཡིན།
༼ སྡོང་འགྲོགས་འཕྲིན་ལས་མེད་པ་གང་ཡིན་ནམ། ༽ སྡོང་འགྲོགས་མ་རེད་བསྡོངས་གྲོགས་རེད་སྙམ།
ཨ་རིག་དགེ་མཐོང་ལགས། ཁྱོད་ཀྱང་ནོར་འདུག ཉེན་འཕྲེང་ བསྡོངས་གྲོགས ཉེན་ཕྲེང་མ་རེད་གཉན་འཕྲང་རེད། མི་བདེན་ན་ཚགས་ཤོག་ཁག་ལ་གཟིགས། བསྡོངས་གྲོགས་ཀྱི་སྡོངས་ལ་སྔོན་འཇུག་མི་དགོས་སྡོངས་གྲོགས་རེད།
ཨ་ར་དཀར་པོ། ཁྱེད་ཀྱིས་མ་ཤེས་སོང་། ང་ཚོའི་དག་ཡིག་མཁན་པོས་ནོར་མ་སོང་། འོན་ཀྱང་གཉེན་དེར་སྔོན་འཇུག་ཆད་པ་ནོར་བ་རེད་མིན་འདུག སྔོན་འཇུག་ཆད་པ་ཡིན་ས་རེད། རྒྱུ་མཚན་ནི་ཉེན་ནོར་བར་ནོར་བཅོས་བྱས་པར་རང་འཇགས་ལྷག་པས་ཤེས།
ད་དུང་སྡོངས་ནི་བསྡོངས་ཀྱི་སྐུལ་ཚིག་ཡིན་པས་ཨ་རིག་ལགས་ཀྱིས་བཤད་པར་བདེན་ཁ་ཡོད།
དོན་དུ་ཨ་ར་དཀར་པོ་ཁྱེད་ཀྱིས་མ་ཤེས་ཐལ། ལྐུགས་རྐྱལ་ཨ་ར་དཀར་པོ།
ཨ་རིག་དགེ་མཐོང་ལགས་ཐུགས་རྗེ་ཆེ་ནོར་བཅོས་གནང་བར། གུས་པའི་དམིགས་ཡུལ་གཙོ་བོ་ཡང་དག་ཆ་ཡག་པོ་ཡོང་སླད་དྲ་རྒྱ་ནང་ཞུགས་པ་ཡིན།
གནས་ཤེལ་དཀར་བརྩེགས་པའི་ཕོ་བྲང་ནས། ། འདྲེ་མགོ་རྡོ་མདུན་གྱི་ནམ་མཁར་བྱོན། །
དེ་མཐོང་བའི་བསམ་གཏན་རྣམ་གཉིས་ཀྱིས། ། ལྷ་འདྲེ་ཡི་གཏམ་རྒྱུད་ཆར་དུ་སྙིལ། །
ཁ་བའི་བུ། སྡོངས་བསྡོངས་ཀྱི་སྐུལ་ཚིག་མི་ཟེར། སྡོངས་སྡོང་གི་སྐུལ་ཚིག་ཟེར་དགོས། བསྡོངས་སྡོང་གི་འདས་ཚིག་རེད། ལྐུགས་རྐྱལ་ཁ་བའི་བུ།
བླ་རྒན་ཧོན་ལོག་ཅིག་གིས་ཇོ་མོ་སྨྱོན་མ་ཞིག་གི་ཁ་ལ་ཉན་ནས་ལྷ་མཐོང་འདྲེ་མཐོང་བཤད་བསྡད་པ་དེ་ཚོ་བཅར་འདྲི་བྱ་རིན་ཡོད་པ་ཞིག་མ་རེད་ལ་དྲ་བ་འདིའི་སྟེང་ལ་འགོད་རིན་ཡོད་པ་ཞིག་ཀྱང་མ་རེད། གྲོགས་པོ་ཚོ། འདི་འདྲ་འདིའི་ཁ་ལ་ཉན་མ་འདུག་རོགས། བོད་མི་ཚོས་གནའ་ནས་ད་བར་དུ་མཆོད་མཆོད་བསྟོད་བསྟོད་བྱས་བསྡད་པ་ལ་བྱ་དགའི་ཚབ་ལ་གནོད་འཚེ་གཏོང་བ། ས་གཉན་བསྔོགས། མཚོ་གཉན་དཀྲུགས། ཤིང་གཉན་བཅད་དེ་བོད་གངས་རིའི་ལྗོངས་ཀྱི་སྣོད་བཅུད་གཉིས་ཀ་ཐལ་ཕུང་འདྲ་ཞིག་བཟོ་མཁན་གྱི་རྒྱ་མི་དམར་པོ་ལ་ནི་སེན་འཐོག་གཅིག་ཀྱང་མི་ཐུབ་མཁན་གྱི་ཀ་གནམ་ལྗིག་གསུམ་སོགས་ལྷ་འདྲེ་གདོན་བགེགས་དེ་ཚོའི་ཁ་ལ་སྐྱག་པ་ཟོ་བ་གང་དང་གཅིན་རྫ་མ་གང་གིས་མཆོད་པ་འབུལ་དགོས་པ་ཡིན་རྒྱུ་རེད། ཆོས་བསྒྲུབ་བསམ་ན་ལྷ་འདྲེ་ལ་ཡིད་ཆེས་མ་བྱེད་རོགས། ཆབ་སྲིད་བསྒྲུབ་བསམ་ན་ལྷ་འདྲེ་ལ་ཡིད་ཆེས་མ་བྱེད་རོགས།
ཐོས་པའི་མེད་པའི་སྒོམ་པ་བས། །
བསྒོམས་པའི་སྙིང་བོ་འདྲེ་དང་ཐུག །
ཨ་ཁུ་གླེན་རྟགས་ཆེ་ལུགས་སོགས། །
འདི་ལ་བཀོད་པ་ངལ་བའི་རྒྱུ། །
ཨ་རིག་གིས་ཡིག་ནོར་དག་བཅོས་བྱས་པ་དེར་ཡག་པོ་འདུག
དྲྭ་གྲོགས་ཚང་མས་ཡིག་ནོར་ལ་གཟབ་དགོས།
འཕྲིན་བཅོལ།
དཀོན་མཆོག་གསུམ་གྱིས་བྱིན་བརླབས་དང་། །
རྩ་བ་གསུམ་གྱིས་དངོས་གྲུབ་སྩོལད། །
སྐྱེས་བུ་གསུམ་གྱི་སྲུང་མས་སྲུངས། །
ཀ་ནམ་ལྗིག་གསུམ་འཕྲིན་ལས་སྒྲུབས། །
དྲ་གྲོགས་རྣམས་ལ་འབོད་བསྐུལ་ཞུ་རྒྱུ་གཅིག་ལ་Macནང་རང་ལ་ཡོད་པའི་བོད་ཡིག་སྤྱོད་སྐབས་ཁ་ཤས་བྲིས་ཐུབ་ཀྱི་མིན་འདུག་པས་དེ་ལ་རོགས་སྐྱོར་གནང་རོགས་གནང་། དཔེར་ན་ཨོམ་བྲིས་སྐབས་ཐིག་ལེ་གང་འདྲ་བྱེད་ནས་བྲིས་དགོས་པ་དང་། ལོག་ཡིག་རྣམས་གང་འདྲ་བྱེད་ནས་བྲིས་དགོས་མིན་ལམ་སྟོན་གནང་རོགས་གནང་། །
འཇིགས་མེད་ལགས། ཁྱོད་ཀྱིས་སྤྱོད་པ་ཧི་མ་ལ་ཡ་ཡིག་གཟུགས་ཡིན་ན་ shiftཐོག་མར་མནན་ནས་ཏ་སོགས་མནན་ན་ལོག་ཡིག་ཡིན། m མནན་ནས་3མནན་ན་མ་གོར་ཡིན།
ཨ་ར་དཀར་པོས་དོ་སྣང་བྱེད་དགོས་པ།
སྡོངས།༽ ནི་བསྡོངས་ཀྱི་སྐུལ་ཚིག
སྡོངས་ནི། བསྡོངས་ཀྱི་ད་ལྟ་བ།
བསྡོངས།༽ ནི་སྡོང་གི་འདས་ཚིག
ཨ་ར་དཀར་པོ་ལགས་ཐུགས་ཆེ་གནང་། ཡིན་ན་ཡང་ད་ལྟ་ངས་སྤྱོད་བཞིན་པ་དེ་computer apple རྟགས་ཅན་ནང་གི་ Tibetan-QWERTY བྲིས་ཡོད་པ་དེ་རེད། དེ་ག་རེ་ཡིན་མིན་ཧ་གོ་གི་མེད། དེའི་ནང་ཁྱེད་ནས་གསུངས་པ་ལྟར་བྱེད་པ་ཡིན། ཡིན་ན་ཡང་ཡོང་གི་མིན་འདུག ཀུ་ཤུ་རྟགས་ཅན་ནང་གི་ཡི་གེ་གཉིས་ཀ་སྤྱོད་ན་ཡོང་གི་འདུག དེ་འདྲ་སོང་ཙང་གཉིས་ཀ་སྤྱོད་དགོས་པ་ཡིན་ནམ། གཉིས་ཀ་སྤྱོད་མ་དགོས་པར་སྤྱོད་ཐབས་གཞན་ཡོད་དམ། ཡོད་ན་སུངས་རོགས་གནང་ཐུགས་རྗེས་གཟིགས།།
ཆོས་ནང་གཏམ་བརྒྱུད་བཤད་ཚད་ཡིད་ཆེས་གླེན་པའི་རྟགས། །
དཔེར་ན་བྱིས་པའི་ཆེད་དུ་བཅོས་པའི་བྱིས་སྒྲུང་བཞིན། །
ཐོས་ཚད་གང་ཡང་ཡིད་མི་ཆེས་པ་ཀླ་ཀློའི་རྟགས། །
དཔེར་མང་ནང་ནས་ཀླ་ཀློ་མ་འོ་ཙེ་ཏུང་བཞིན། །
ཨ་རིག་ལགས་དུས་ཚོད་མང་སོང་བ་མིན་འགྲོ།
ལྷག་བསམ་དང་སེམས་ཤུགས་ཡོད་ན་དེ་ལས་རྒྱ་ཆེ་ཙམ་བསྒྲུབ་རྒྱུ་ལོས་ཡོད་བསམ།
གལ་སྲིད་པད་འབྱུང་བདེན་པ་ན། ལྷ་འདྲེ་ཡོད་པ་ཚད་མ་རེད། དཔེར་ན་ཧེ་པོ་རི་སོགས་སུ། ལྷ་སྲིན་མང་པོ་དམ་བཞག་མཛད། དེ་བཞིན་བརྟན་མ་བཅུ་གཉིས་སོགས། གཉུག་མར་གནས་དང་གློ་བུ་སོགས། བོད་ལྗོངས་མཐའ་དབུས་ཀུན་ཏུ་ཡང་། ལྷ་སྲིན་ཕ་ཆེར་བསྟན་སྲུང་བསྐོས། དེ་ལ་བསམ་ན་ལྷ་འདྲེ་གྲུབ། འོན་ཀྱང་ལྷ་འདྲེ་ཡིན་ན་ཡང་། མཐུ་ནུས་སྟོབས་རྩལ་ཅི་རིགས་ཡོད། གོང་གི་ཐུབ་བསྟན་དཔལ་བཟང་གིས། གསུངས་པ་བཞིན་དུ་ལྷ་འདྲེ་རྣམས། བསྟོད་ན་མགོན་ལ་སྨད་ན་ཕུང་། དེས་ན་སོ་སོའི་སྲུང་མ་རྣམས། མཆོད་ན་དགེ་མཚན་ཆེན་པོ་མཐོང་།
བོད་མིའི་བདེ་སྡུག་རང་དབང་སོགས། ཡོད་ཚད་ལྷ་འདྲེར་བཅོལ་ས་མེད། ཡོད་ན་ལྷ་འདྲེ་མཆོད་པ་ལས། གཙོ་བོ་ལས་འབྲས་སྲུང་དགོས་མེད། སངས་རྒྱས་མཐུ་དཔུང་ཟེར་སྲོལ་བཞིན། ལྷ་མི་ཀུན་གྱིས་དཔུང་བསྐྱེད་དགོས།།
དྲིས་ལན་གནམ་ལྕགས་ཐོབ་མདའ་ལས།
“ཡང་ཐེག་དགུ་དང་ཐེག་པ་ཆེན་པོ་མི་བདེན་ན། གཞི་ཐོག་ཏུ་གྲོལ་ནས་མངོན་པར་བྱང་ཆུབ་པའི་ཆོས་སྐུ་ཀུན་ཏུ་བཟང་པོ་ནམ་མཁའ་དང་དབྱེར་མེད་དུ་བཞུགས་པ་དེ་མི་བདེན་དགོས། དེ་མི་བདེན་ན། སྟུག་པོ་བཀོད་པར་རིགས་ལྔའི་སངས་རྒྱས་ངེས་པ་ལྔ་ལྡན་དུ་བཞུགས་པ་དེ་མི་བདེན་དགོས། དེ་མི་བདེན་ན་འོག་མིན་ན་རྡོ་རྗེ་འཆང་བཞུགས་པ་མི་བདེན། དེ་མི་བདེན་ན་མི་ཇེད་དུ་སངས་རྒྱས་སྟོང་རྩ་ཕེབས་པ་མི་བདེན། །དེ་མི་བདེན་ན་རྫོགས་ཆེན་གྱི་སྟོན་པ་བཅུ་གཉིས་མི་བདེན། དེ་མི་བདེ་ན་དམ་ཏོག་དཀར་མི་བདེན། དེ་མི་བདེན་ན་ཟས་གཙང་གི་སྲས་མཛད་པ་བཅུ་གཉིས་མཛད་པ་དེ་མི་བདེན། དེ་མི་བདེན་ན་རྒྱལ་པོ་ཛའི་ { 52r } ཁང་ཐོག་ཏུ་གླེགས་བམ་གྱི་ཆར་བབ་པ་མི་བདེན། དེ་མི་བདེན་ན་པཎ་ཆེན་ལྔ་བརྒྱ་རྩ་གཅིག་གིས་ཐོས་བསམ་སྒོམ་པ་མཛད་ནས་དངོས་གྲུབ་བརྙེས་པ་མི་བདེན། དེ་མི་བདེན་ན་པདྨ་འབྱུང་གནས་ཀྱི་ལོ་གསུམ་སྟོང་དྲུག་རྒྱའི་བར་དུ་མུ་སྟེགས་བཏུལ་ [གཏུལ་] ནས་བསྟན་པ་དང་སེམས་ཅན་གྱི་ [གྱིས་] དོན་མཛད་པ་མི་བདེན། དེ་མི་བདེན་ན་བོད་ཀྱི་རྒྱལ་པོས་པདྨ་འབྱུང་གནས་ཞི་བ་མཚོ། བྷི་མ་ལ་སོགས་པཎ་ཆེན་མང་པོས་བོད་དུ་སྤྱན་དྲངས་ནས་ཕེབས་པ་མི་བདེན། དེ་མི་བདེན་ན་ཀུན་ཏུ་བཟང་པོའི་སྤྲུལ་པ་ལྷ་ཐོ་ཐོ་ར་སྙན་བཙན་གྱིས་བསྟན་པའི་དབུ་བརྙེས་པ་མི་བདེན། དེ་མི་བདེན་ན་སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྲོང་བཙན་སྒམ་པོས་བསྟན་པའི་སྲོལ་བཏོད་ [སྟོད་] དེ་ལྷ་ས་ཁྲ་འཁྲུག བུ་ཆུ་བཀའ་རྩལ་བཞེངས། ཇོ་ཤག་གཉིས་གདན་དྲངས་ནས་བཞུགས་པ་མི་བདེན། དེ་མི་བདེན་ན་འཇམ་དབྱངས་སྤྲུལ་པ་ཁྲི་སྲོང་ལྡེ་བཙན་གྱི་དཔལ་བསམ་ཡས། མཐའ་འདུལ། ཡང་འདུལ། གཙུག་ལག་ཁྲི་འབུམ། རྟེན་གསུམ་རྟོགས་ཚད་ལོ་པཎ་གྱི་བསྒྱུར་ཚད། ཨོ་རྒྱན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱིས་བོད་འདྲེ་སྲིན་གྱི་གང་བ་བྱང་ཆུབ་སེམས་ཀྱི་རྫུ་འཕྲུལ། རྒྱུ་མ་རིག་པའི་སེམས་ཅན་འབྲས་བུ་སངས་རྒྱས་སྐུ་བཞིའི་རྒྱུ་འབྲས་ལ་ { 52v } ལ་བཀོད་པ་མི་བདེན། དེ་མི་བདེན་ན། ཨོ་རྒྱན་རིན་པོ་ཆེས་ལྷ་སྲིན་སྡེ་བརྒྱད་ཀྱི་རྫ་སྙིལ་བས་ཧཱུཾ་ཞེས་སྡིག་འཛུབ་མཛད་པས་རྫ་གྱེན་ལ་ལོག་ཧཱུཾ་རང་བྱོན་ཡོད་པ་མིས་མཐོང་བ་མི་བདེན། གྲོང་ཡུལ་སྡེ་དགོན་རྣམས་སུ་ཚེས་བཅུ་བྱེད་པ་མི་བདེན། དེ་མི་བདེན་ན། ཨོ་རྒྱན་གྱིས་ [གྱི་] བསྟན་མ་བཅུ་གཉིས་དམ་ལ་བཏགས་མུ་སྟེགས་བསྲུང་བར་བསྔགས་ས་པཎ་གྱི་བཏུལ་ [གཏུལ་] ནས་ཁྲིད་པ་བོད་དུ་སླེབ་མ་ཐག་ཤི་བའི་མགོ་དཔལ་ལྡན་ས་སྐྱ་ན་ཡོད་ཡ་གི་མི་བདེན། དེ་མི་བདེན་ན། དེ་དུས་ཀྱི་མདོ་སྔགས་ཐམས་ཅད་བསྒྱུར་བ་དང་འགྱུར་བྱང་ལྟ་རྒྱུ་ཡོད་པ་ཐམས་ཅད་མི་བདེན། དེ་མི་བདེན་ན་ཐང་ཡིག་རྣམས་དང་། ལུང་བསྟན། རིག་འཛིན་སློབ་དཔོན་བརྒྱད་ལ་བཀའ་བརྒྱད་བཀའ་བབས། དེ་དག་གི་གྲུབ་པ་བརྙེས་ཏེ་གྲུབ་རྟགས་སོ་སོར་འགྲོ་དོན་མཛད་པ་མི་བདེན། དེ་མི་བདེན་ན་རྫོགས་ཆེན་བཀའ་མས་སངས་རྒྱས་སྟོང་གི་བསྟན་པའི་བར་དུ་སྣོད་ལྡན་རྣམས་འཇའ་ལུས་གྲུབ་པ་དང་། ཨོ་རྒྱན་གྱི་སྤྲུལ་པ་གཏེར་བཏོན་རྣམས་བྱོན་ནས་སེམས་ཅན་གྱི་དོན་མཛད་པ་མི་བདེན། དེ་མི་བདེན་ན། ཞྭ་ནག་བདུན་རྒྱུད་སྔར་བྱོན་པ། ད་ལྟ་མི་སྐྱོད་རྡོ་རྗེ། སླད་ནས་ཆོས་དབྱིངས་རྡོ་རྗེ་འབྱོན་པ་ཡང་མི་བདེན། དེ་མི་ { 53r }བདེན་ན། སྔགས་འགྱུར་ཚར་བའི་མདོ་སྔགས་ལ་ཕྱིས་འགྱུར་གསར་དང་གསར་མར་མིང་བཏགས་པའི་ཐེག་པ་གསུམ་དང་རྒྱུད་སྡེ་བཞི་གཏོགས་ཚད་མི་བདེན་དགོས་ཏེ།”
ཞེས་སོགས་གསུངས་འདུག་གོ
དེའི་མཛད་པ་པོ་ནི་གཏེར་སྟོན་པདྨ་གླིང་པ་དང་གཙང་སྨྱོན་ཧེ་རུ་ཀ་གཉིས་ཀའི་དངོས་སློབ་ཏུ་གྱུར་པའི་བྱ་བྲལ་སྣ་ཚོགས་རང་གྲོལ་ཞེས་པ་དེ་ཡིན། འདིར་བཀོད་དགོས་དོན་ནི་གོང་དུ་འགའ་ཞིག་གིས་ལྷ་འདྲེ་ཡོད་པར་སོམ་ཉི་ཟ་བའི་རྣམ་འགྱུར་སྟོན་འདུག་པར་བརྒལ་ཕྱིར་དང་གངས་ཕྲུག་གི་རྒྱབ་སྐྱོར་དུ་བཀོད་པ་ཡིན་ནོ།།
གཡུ་འབྲུག་དཀར་པོ་ལགས། རྫོགས་ཆེན་གྱི་སྟོན་པ་བཅུ་གཉིས་ཟེར་ན་གང་དང་གང་ཡིན་ནམ།
མིག་བརྒྱད་པ་ལགས། རྫོགས་ཆེན་གྱི་སྟོན་པ་བཅུ་གཉིས་ནི། ༡ཁྱེའུ་སྣང་བ་དམ་པ། ༢སྟོན་པ་ཁྱེའུ་འོད་མི་འཁྲུགས་པ། ༣སྟོན་པ་འཇིགས་པ་སྐྱོབ། ༤སྟོན་པ་གཞོན་ནུ་རོལ་པ་རྣམ་པར་བརྩེ་བ། ༥སྟོན་པ་རྡོ་རྗེ་འཆང་། ༦སྟོན་པ་གཞོན་ནུ་དཔའ་བོ། ༧སྟོན་པ་དྲང་སྲོང་ཁྲོས་པའི་རྒྱལ་པོ། ༨སྟོན་པ་གསེར་འོད་དམ་པ། ༩སྟོན་པ་བརྩེ་བས་རོལ་པའི་བློ་གྲོས། ༡༠སྟོན་པ་འོད་སྲུང་བགྲེས་པ། ༡༡ སྟོན་པ་མངོན་རྫོགས་རྒྱལ་པོ། ༡༢ སྟོན་པ་ཤཱཀྱ་ཐུབ་པ་རྣམས་སོ།།
རྒྱ་བོད་ཚིག་མཛོད་ཆེན་མོ་ནས་དྲངས་པ་ཡིན།། རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་མཚན་མཇལ་བའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ།
ཡིག་ནོར་རེ་འཚོལ་དུ་ཡོང་བ་ཡིན་མོད། ཨ་རིག་དགེ་མཐོང་སྔོན་ལ་བསླེབས་འདུག ད་ང་ཆང་ས་དྲ་བར་འགྲོ་རྒྱུ་ཡིན།
བོན་ལུགས་པའམ་རྫོགས་ཆེན། ནང་པ་སུ་རུང་གིས་རང་གཞན་གྱི་ལྟ་གྲུབ་རྩོད་དུས་སྟོན་པ་ཤྰཀྱ་ཐུབ་འདི་རྫོགས་ཆེན་པའི་སྟོན་པ་༡༢པ་ལ་གྲངས་འདྲེན་གནང་བ་འདི་མ་བརྗེད་པ་གནང་དགོས་འདུག
ལྷ་འདྲེ།
ལྷ་འདྲེ་ཡོད་པར་ཐེ་ཚོམ་མེད། །
ཕན་ཆེ་གནོད་ཆེ་སུ་ཡིས་ཤེས། །
གཡུ་འབྲུག་དཀར་པོ་ལགས། ཁྱེད་ཀྱིས་རྒྱབ་སྐྱོར་ནུས་པ་ཅན་ཞིག་གནང་འདུག་ཐུགས་རྗེ་ཆེ། ཁུངས་ལུང་དང་རྒྱུ་མཚན་ཡོད་པའི་གཏམ་བཤད་ན་ཀུན་གྱིས་ཉན་ངེས་རེད། ཁུངས་ལུང་རྒྱུ་མཚན་ཡོད་བཞིན་དུ་ད་དུང་ཡང་བརྒལ་མཁན་ཞིག་ཡོད་ན་དེ་གླན་པ་ཨུ་ཚུགས་ཅན་ཡིན་པས་ན། ལན་གྱི་ངལ་བ་སྤངས་ཏེ་རེ་ཞིག་བཏང་སྙོམས་སུ་འཇོག་ན་ལེགས།
ལྷ་འདྲེ་མཐོང་རྒྱུ་ཡོད་པ་དང་ལྷ་འདྲེར་རང་རང་གི་ཚོད་ཀྱི་ནུས་པ་ཡོད་པ་དེ་སྐུ་མདུན་ཚུན་ཆད་ཀྱིས་ཁས་ལེན་གི་རེད། རྒྱལ་བ་རིན་པོ་ཆེས་ནང་ཆོས་ཉམས་ལེན་དང་སློབ་སྦྱོང་བྱེད་སྟངས་དེང་རབས་དང་མཐུན་པ་ཞིག་ཡོང་རྒྱུའི་སྐོར་ལ་བཀའ་སློབ་ཚར་སྟོང་ཕྲག་ཡན་གསུངས་པ་རེད་དེ། རྡ་ས་ནས་ད་དུང་བོད་པའི་སྤྱི་དོན་དང་རྒྱལ་བའི་ཞབས་བརྟན་སོགས་ལ་ལྷ་འབེབ་ལུང་ཞུ་གནང་གི་ཡོད་པ་དེ་ལ་གནད་འགག་ཅིག་ཡོད་དང་མེད། མེད་ན་སྐུ་མདུན་ག་འདྲ་ཞིག་ཆགས་སོང་། ལྷ་འདྲེ་མཐོང་རྒྱུ་ཡོད་པ་དང་མིའི་ཁོག་ལ་ཞུགས་རྒྱུ་ཡོད་པར་ངོས་ལེན་མེད་ན་རྡ་རམ་ས་ལར་སོང་ནས་གཞུང་འབྲེལ་སྲུང་མ་དེ་ཚོ་ལྷ་འབེབ་པ་དང་ལུང་བསྟན་རྒྱག་པ་དེ་ཚོའི་སྐོར་གླེང་སློང་བྱོས། ཆེ་ས་གཉན་སར་ཁ་བཙུམས་ནས་གོང་གི་གྲྭ་པ་གྲྭ་རྐྱང་དང་ཨ་ནེ་ཉམ་ཆུང་རྒྱབ་རྩ་ཅི་ཡང་མེད་པ་གཉིས་ཀྱི་སྟེང་དུ་ལྷ་མེད་སྨྲ་བ་དང་རྨོངས་དད་དགག་པའི་གྲི་དང་སྟ་རེ་ཁྱེར་ནས་མཆོང་མ་མཆོང་ཡོད་ནི་མ་རེད་འདོད།
༄༅།། ཡ་མཚན་རེད། བོད་ཀྱི་ལྷ་འདྲེ་དེ་ཚོས་བོད་མི་མ་གཏོག་མཐོང་ཐུབ་ཀྱི་མིན་འདུག །གོང་གི་གནས་ཚུལ་དེ་དང་འདྲ་བ་བོད་ཡུལ་སྟོད་སྨད་གང་སར་བྱུང་དང་འབྱུང་བཞིན་པ་རེད། ཕྲན་རང་གི་ནང་ལ་ཡང་གནས་ཚུལ་དེ་བྱུང་མྱོང་བ་མ་ཟད་ཐབས་ཤེས་གང་དྲག་བྱས་ཀྱང་ཕན་འབྲས་མ་ཐོན་པར་མཐར་དྲིན་ཆེན་གྱི་སྐྱེས་མ་དེ་ཕྱི་མའི་ལམ་དུ་བསྐྱལ་སོང་། ལྷ་འདྲེ་དེ་ཚོ་བོད་མིའི་གཤེད་མ་རང་རེད། དེ་ཚོར་མཆོད་ཅིག་སྲུང་ཤིག་ཟེར་བ་ལས་རྒྱ་མི་གུང་གྲན་ལ་རྩིས་སྤྲོད་བྱེད་ཀྱི་ཡིན་ཅེས་བརྗོད་ན་ཕན་ནམ་སྙམས། གུང་གྲན་གྱིས་མི་གསད་། རྒྱུ་འཕྲོག རྩི་ཤིང་གཅད་། གཏེར་དངོས་རྔོགས། རི་ཀླུང་སྟོང་པ་བཟོས་ཀྱང་གོ་མེད་འཚོར་མེད་དུ་སྡུག་རུས་བྱས་ཏེ་བསྡད། མཉམ་ཆུང་བོད་མི་ཐུག་དུས་འཇོན་མདོག་དང་། རྫིག་མདོག་སྟོན་ནས་འཚེ་བས་འདྲེ་ཡི་དྭགས་དེ་ཚོ་མྰར་ཡ་ཕཌ་།
ཁ་བརྡའི་ལས་བྱེད་རྣམ་པར་ཚོར་། ངའི་མཆན་དེ་ཅི་ཕྱིར་སུབ་དགོས་ཐུབ་སོང་རེད། འདི་རང་དབང་གླེང་སྟེགས་ཞིག་མིན་ནམ།
ཨ་ནེ་བསམ་བཟང་རྒྱལ་ལོ། སྐྱེས་མ་རྒྱལ་ལོ།།
ཀླུ་རིནཔོ་ཆེསགསུང་ལ་རྒྱབ་སྐྱོར་རྒྱ་ཆ100ཡོད།
གྲོགས་པོ་ལགས་་་་་་་་ཀླུ་རིན་པོ་ཆེའི་གསུང་ལ་ཞེས་བྲིས་ན་ལེགས་སོ་