སྦེལ་རྗམ་དུ་གནས་སྡོད་སྐུ་ཞབས་འཛམ་ལྷ་ལགས་ཉེ་ཆར་བོད་ནང་ཡུལ་བསྐོར་ཏུ་བསྐྱོད་པ་དང་། ཁོང་རང་རྒྱ་ནག་གྲོང་ཁྱེར་ཁྲིན་ཏུར་འབྱོར་རྗེས། ཆེད་དུ་ཁམས་དཀར་མཛེས་དགོན་པར་ཕྱིན་ཏེ་རང་ལུས་མེར་བསྲེགས་བཏང་བའི་དགེ་འདུན་པ་ཟླ་བ་ཚེ་རིང་ལགས་སུ་ཐུག་འཕྲད་བྱས་པ་དང་། ཟླ་བ་ཚེ་རིང་ལགས་རང་ཤག་ཏུ་བོད་པའི་སྨན་པར་བསྟེན་ནས་སྨན་བཅོས་བྱེད་བཞིན་ཡོད་འདུག བརྙན་འཕྲིན་དུ་འཆར་བ་ནི་དགེ་འདུན་པ་ཟླ་བ་ཚེ་རིང་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་ཉིན་ལྔ་ཕྱིན་རྗེས་ཀྱི་སྐུ་གཟུགས་གནས་སྟངས་རེད་འདུག
ཁ་བརྡ་ཚང་། གང་མགྱོགས་དྲ་ཐོག་ཏུ་བཞག་པར་ཐུགས་རྗེ་ཆེ།
དཔའ་བོ་ཁྱེད་གསོན་པོར་བཞུགས་པ་མཐོང་སྐབས་བོད་ཞེན་ཅན་ཞིག་ཡིན་ན་མི་དགའ་མཁན་སུ་ཡོད། གང་མགྱོགས་དྲག་སྐྱེས་ཡོང་བ་དང་སྐུ་ཚེ་རིང་དུ་འཚོ་བའི་སྨོན་འདུན་ཞུ་བཞིན་མཆིས།
སྐྱེས་བུ་དེ་དག་ཐམས་ཅད་ནི།།
ཚེ་ཡང་དཔག་མེད་རིང་བར་ཤོག།
རྟག་ཏུ་བདེ་བ་འཚོ་འགྱུར་ཞིང་།།
འཆི་བའི་སྒྲ་ཡང་གྲག་མ་གྱུར།། །།
བདེ་བ་༼བདེ་བར་བཅོས༽
དཔའ་བོ་ཁོང་གི་སྐུ་པར་མཐོང་དུས་རང་ཤུགས་ཀྱིས་སེམས་ལ་འཇིགས་སྣང་སྟེར་གྱིན་འདུག དཀོན་མཆོག་མཁྱེན་་་་
ཁབ་རྩེ་ཙམ་གྱི་ན་ཟུག་མི་ཐུབ་པའི། །
སྙིང་མེད་སྡར་མ་འདྲ་བའི་བུ་ངན་ངས། །
སྐྱོ་བ་དྲག་པོས་སྐྱབས་གནས་དཀོན་མཆོག་ལ། །
གསོལ་བ་འདེབས་རྒྱུ་ཙམ་ལས་མི་འཇོན་གི །
སྙིང་ཁུང་རུས་པའི་གཏིང་ནས་ཁྱེད་ཅག་ལ། །
ལག་གཉིས་ཐལ་མོ་སྦྱར་ནས་དགོངས་དག་ཞུ། །
ང་འདྲ་གསོན་ཡང་ཕན་ཐོགས་མེད་ན་ཡང་། །
གཤིན་རྗེའི་ཕོ་ཉ་དག་ལ་མ་འཁོར་ཐལ། །
འཛམ་ལྷ་ལགས།
སྔོན་སྦི་རེའི་སློབ་གྲ་ནས་ཁྱེད་ཀྱིས་༡༩༨༩་ལོར་བོད་ནང་ལས་འགུར་སྤེལ་བ་ཧ་གོ་ཀི་ཡོད་ལ་ད་ཐེངས་ཡང་པར་འདི་བཏང་ཡོད་པར་དགའ་བོ་བྱུང་།
ཁོང་སྨན་ཁང་དུ་གདན་འདྲེན་ཞུ་དགོས་འདུག གྲོངས་མེད་པའི་རིགས་སྨན་ཁང་དུ་འཁྲིད་རྒྱུ་གལ་ཆེ་གི
དེས་ན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན། །
མ་གྱུར་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་ཀུན། །
མ་ལུས་ད་ལྟ་བདག་ལ་སྨིན་པ་དང་། །
བདག་གིས་བདེ་དགེ་གཞན་ལ་བཏང་བ་ཡིས། །
འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས། །
ཞེས་སོགས་ཡིད་འདོན་གནང་བཞིན་པ་ལྟར་སྣང་། རིགས་ཀྱི་བུས་མི་ལུས་དོན་ལྡན་བྱས་ཟིནད་ཀྱང། ད་དུང་སེམས་ཤུགས་མ་ཆག་ཨང་། །
འདི་ལྟར་གནས་ཚུལ་གསལ་བོ་སྐུར་རྒྱུ་ཧ་ཅང་གལ་ཆེན་རེད། བཀའ་དྲིན་ཆེ། ད་ཁོང་གི་སྐུ་གཟུགས་ཡག་པོ་སོས་པར་སྨོན།
སྐུ་ཞབས་ཟླ་བ་ཚེ་རིང་ལགས་ཀྱིས་བོད་བསྟན་པ་ཆབ་སྲིད་ཀྱིས་ཆེད་དུ་རང་ལུས་མེ་བསྲེགས་བཏང་བ་རེད། བོད་ནང་གི་བོད་པའི་སྨན་པ་ཚོས་དང་བླང་གི་ཐོག་ཁོང་ལ་སྨན་བཅོས་ཀྱི་རོགས་རམ་གང་ཐུབ་ཞུ་རོགས་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིན།
སྤུན་ཟླ་ཚོ། ང་ཚོས་རང་སྲོག་བཏངནས་ལས་འགུལ་སྤེལ་བ་དང་། གསར་བསྒྲགས་སྐྱོང་བ་གཉིས་བྱ་ཞིག་ལ་མཚོན་ན་གཤོག་པ་གཡས་གཡོན་གཉིས་དང་གཅིག་པ་རེད། རང་སྲོག་དོར་ཡང་གསར་བསྒྲགས་སྐྱོང་མ་ནུས་ན་སྙིང་པོར་མེད་པ་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་རེད། དེས་ན་སྲོག་བཏང་བ་དང་པར་ལེན་བྱེད་པ་གཉིས་ཡིན་ཅིག་གལ་གནད་ཆེ་ཆུང་གཅིག་པར་ངོས་འཛིན་བྱེད་དགོས།
མིའི་ཚེ་སྲོག་ནི་ཆེས་རྩ་ཆེ་བའི་ཁྱད་ནོར་ཞིག་ཡིན་པ་དང་། དེ་ནི་ནང་ཆོས་ནས་བཤད་ན་ཧ་ཅང་འཐོབ་དཀའ་བ་ཞིག་རེད། མིའི་མི་ཚེ་ནི་རིང་ཞིང་དོན་སྙིང་ལྡན་པའི་བྱ་བཞག་བསྒྲུབ་ནུས་པ་ཡིན་དུས། དེ་ཉིད་གཅེས་སྤྲས་ཀྱིས་བོད་དོན་བསྒྲུབ་ན་ལེགས་སྙམ།
མི་ཡུལ་གྱི་སེམས་པ་ཆེན་པོ་གུས་འདུད་ཡོད།
རྒྱལ་གཅེས་དཔའ་བོ་ཁོང་གི་སྐུ་ཚེ་མྱུར་ཏུ་དྲག་སྐྱེལ་ཡོང་བའི་སྨོན་འདུན་གྲངས་མེད་དང་ཁོང་གི་བསམ་པའི་དོན་རྣམས་འགྲུབ་པར་གྱུར་ཅིག་གུ །
འཛམ་ལྷ་ལགས་ ༢༠༠༨ ལོ་ ཨོ་ལིམ་པིག་གི་དཔལ་འབར་དེ་ པ་རི་སིའི་གྲོང་ཁྱེར་ནང་འཁྱེར་སྐབས་ ཁྱེད་ནས་ངོ་རྒོལ་གནང་སྐབས་ ཉེན་རྟོགས་པའི་རླངས་འཁོར་ནང་བཅུག་འདུག་ལ་ སྐབས་དེར་གུས་ཀྱང་རླངས་འཁོར་དེ་ནང་བཅུག་བྱུང་ལ་ ཁྱེད་རང་གུས་པའི་སྦི་རི་སློབ་གྲའི་སློབ་གྲོགས་དེ་ཡིན་པ་ངོ་ཤེས་ཏེ་དཀའ་མོལ་ཚིག་འགའ་ཞུས་པ་ཡིན་ དྲན་སྐུལ་ཙམ་ཡིན་ མཐའ་དོན་རྒྱལ་གཅེས་པ་ཁྱེད་སྐུ་གཟུགས་ལ་ཐུགས་གཅགས་དང་ བསམ་འདུན་འགྲུབ་པའི་སྨོན་འདུན་ཞུ་
ཁ་རྡ་གི་ཕྱགས་ལས་གནང་ཁན་རྣམས་པ་ལ་བཀྲིས་བདེ་ལེགས་ཞུ་་་་
ངོ་མ་ཡིད་སྐྱོ་ཞིང་སེམས་ཕང་བ་ཞིག་རེད་ཁྱོད་ཚོས་བསམ་དོན་ཡིད་བཞིན་འགྲུབ་པར་སྨོན