སྐྱོ་བྲག་དགའ་དབང་།
གང་གི་གཟུགས་བྱད་གཤིས་སྤྱོད་སོགས། །སྔོན་ནས་ཡིད་ལ་མཛའ་དྲགས་པས། །ད་ལྟ་འདི་ན་ཡོད་པ་བཞིན། །ཡིད་ཀྱི་མེ་ལོང་ངོས་ན་གསལ། །
ཡུན་རིང་བྲལ་བའི་དངོས་པོ་དག །ཡིད་ཀྱི་ཁྱིམ་ནས་ཡལ་འགྱུར་མོད། །ལོ་ཟླའི་ཕྲེང་བ་དེ་ཟད་ཀྱང་། །འདི་ན་ཡོད་བཞིན་ཅིའི་ཕྱིར་སྣང་། །
མཚམས་རེ་ལྷང་ལྷང་གྲག་པའི་སྒྲ། །རྣ་བའི་བུ་གར་ཕྱིན་པ་ན། །འདི་ན་ཡོད་པའི་ཞེན་སྣང་གིས། ཨ་ལན་སྟེར་བའི་ཚུལ་འདི་ཅི། །
འདས་པ་དྲན་པའི་འདུ་ལོང་ཁྲོད། །སེམས་ཁ་བསྒྱུར་བའི་ཚོར་བ་ཡང་། །བདེ་བར་མྱོང་བ་འདིར་བསམ་ཚེ། །འགྲོགས་པའི་དགའ་བ་ཇི་འདྲ་ཨང་། །
སོ་སོའི་སྐྱེ་བོའི་གཤིས་སྤྱོད་དག །འགྲོགས་ན་སྐྱོན་རྣམས་བསླངས་གྱུར་པས། །ཡི་ག་ཟློག་པའི་ཚུལ་མང་ཡང་། །ང་ལ་མ་བྱུང་བ་འདི་ཅི། །
ཆོས་ཀུན་མི་རྟག་འགྱུར་རོ་ཞེས། །བདེན་པའི་ངག་གིས་གསུངས་ན་ཡང་། །གང་གི་གཟུགས་རིས་ཕྲ་ཞིབ་ནས། །ད་དུང་ཡིད་ལ་གསལ་འདི་ཅི། །
འདུ་བྲལ་འཁོར་བའི་ཆོས་ཚུལ་དག །སྔ་ནས་མང་དུ་ཤེས་མོད་ཀྱང་། །ཁྱོད་ཉིད་བྲལ་བའི་སྐད་ཅིག་རེར། །ལོ་ཟླའི་སྣང་བས་མནར་བ་ཅི། །
མ་མཐོང་སེམས་ཀྱི་ཞེན་པ་འདིས། །དམ་པོར་བཟུང་བ་འདི་བས་ན། །ཞེན་པའི་གདོས་ཐག་ཆེ་འོ་སྐད། །དོན་ལྡན་ཉིད་དུ་ཅིས་མི་འགྱུར། །
མཁན་པོ་ལགས། བདེ་སྡུག་ཚོར་བ་ཆུ་རླབས་ཆུ་ཐིམ་རེད། །འདུ་ཞིང་བྲལ་བ་འཇིག་རྟེན་ཆོས་ཉིད་རེད། །དེས་ན། ཁོ་ཐག་ཆོད་པ་བློའི་རྒྱལ་པོ་རེད། །ལྷང་ལྷང་དྲན་པ་དེའི་ངོ་བོར་ལྟོས། །
སྐྱོ་བའི་སེམས་ཀྱི་རི་མོ། །
བྲག་ལ་བརྐོས་པ་ཡིན་ནམ། །
དགའ་བའི་ངང་ཚུལ་ཕྱི་རུ། །
དབང་མེད་ཤོར་བ་ཡིན་ནམ། །
སྐྱོ་བྲག་སྐྱོ་ས་གང་ཡིན། །
མཛེས་མར་བྲལ་བ་ཡིན་ནམ། །
དགའ་དབང་དགའ་ས་གང་རེད། །
ན་ཆུང་བུ་མོ་མིན་ནམ། །
གང་སྒྲའི་འཇུག་ཡུལ་གང་ཡིན། །
ད་དུང་ང་ཚོས་མ་ཤེས། །
མཁན་པོ་མཁན་ས་ངོ་མ། །
ད་དུང་ང་ཚོས་མ་ཤེས། །
ཕྱི་ཚུལ་མཁན་པོའི་མིང་གིས་རབ་རྒྱན་ཡང་། །
ནང་དུ་འདོད་ལྷ་རྒན་པོའི་མྱོས་གར་ཚོགས། །
བཀག་བཞིན་བཀའ་བཞིན་ཁ་ཡི་ཕྱི་རོལ་ལུད། །
དེ་ལྟའི་ངང་ཚུལ་འདི་ལ་སྐྱོ་བའི་གནས། །
འབམ་རོམ་བཀའ་བརྒྱུད་ཀརྨའི་ཞལ་དུ་བཏབས། །
རང་ཉིད་ལྟོ་གོས་ཙམ་གྱིས་མཆོག་འཛིན་ཀྱང་། །
བསམ་བཞིན་བསམ་བཞིན་ཕ་འགོ་རྡོ་ཞུ་མཁན། །
ཅི་འདྲའི་བྱ་སྤྱོད་འདི་ལ་སྙིང་རླུང་ལྡང་། །
ཨོ་ཁྱད་མཚར། འདི་ཚོས་གཞན་པའི་འགན་གང་མ་ཁུར་བ་ཡིན་ནའང་། ཀློག་གིན་པའི་ཡི་གེ་འདིར། མཛའ་བོ་མཛའ་མོ། ཕ་མ་སྤུན་སྲིང་། བླ་མ་མཆེད་གྲོགས་གང་ཡིན་གསལ་ཁ་མེད་པའང་མ་ཤེས་པ་ཡིན་ནམ།
ཁྱད་མཚར་ངོ་མ་ཁྱོད་ལ་འདུག །ཆགས་པའི་རང་འཁྲུལ་ལྡང་བ་དག །ཡི་གེའི་རིས་སུ་ཕབ་པ་ན། །བསླབ་གཞི་ཡོད་མིན་གཟོད་ནས་ཤེས། །
སི་ཏུའི་ཀརྨ་པར་ཞེན་ནས། །རྐུ་མས་ཇག་པར་རྒྱབ་སྐྱོར་ལྟར། །ཡབ་མེས་གོང་མ་རྨ་འབྱིན་མཁན། །འབམ་རོམ་བཀའ་བརྒྱུད་ཇི་གཏེ་དངོས། །
ཁྱད་མཚར་ངོ་མ་ཁྱོད་ལ་འདུག །ཆགས་པའི་རང་འཁྲུལ་ལྡང་བ་དག །ཡི་གེའི་རིས་སུ་ཕབ་པ་ན། །བསླབ་གཞི་ཡོད་མིན་གཟོད་ནས་ཤེས། །
སི་ཏུའི་ཀརྨ་པར་ཞེན་ནས། །རྐུ་མས་ཇག་པར་རྒྱབ་སྐྱོར་ལྟར། །ཡབ་མེས་གོང་མ་རྨ་འབྱིན་མཁན། །འབམ་རོམ་བཀའ་བརྒྱུད་བྱེད་གཏེ་དངོས། །
དྲ་གྲོགས་ཀ་དག་ཆོས་དབྱིངས་ལགས་གདོ་རྒྱུར། ཁྱོད་ཀྱི་དགའ་དབང་ལ་འདི་ལྟར་ཟེར། སི་ཏུའི་ཀརྨ་པར་ཞེན་ནས། །རྐུན་མའི་ཇག་པར་རྒྱབ་སྐྱོར་ལྟར། །ཞེས་བྲིས་འདུག་པ་ནི་ཧ་ཅང་ཐལ་ཆེ་བའི་སྐད་ཆ་མ་རེད་དམ། དགའ་དབང་དང་འབའ་རོམ་འབྲེལ་ཡང་། དེ་དང་ལྷན་དུ་༧རྒྱལ་དབང་ཀརྨ་པ་འབྲེལ་དགོས་དོན་ཅི་ཡིན། མ་གཞི་སི་ཏུ་ཀརྨ་པར་ཞེན་ཟེར་བ་ལ་གཞིག་ན་ཁྱོད་རང་ལངས་ཕྱོགས་ཕོ་རོག་དཀར་པོའི་གྲས་ཡིན་པ་གསལ་པོ་འདུག དགའ་དབང་རྐུན་མའི་གཟུགས་སུ་བཀོད། ༧རྒྱལ་དབང་ཀརྨ་པ་ཇག་པའི་གཟུགས་སུ་བཀོད་པ་དེ་ལྟར་ཡིན་ན། འཛམ་གླིང་ཞི་བདེའི་དེད་དཔོན་༧གོང་ས༧མཆོག་གི་དབུས་རིས་མེད་བླ་ཆེན་༧སྐྱབས་མགོན་རྣམ་པ་དང་། ཁྱོད་ཙམ་མ་གཏོགས་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་རྫོགས་ཇག་པ་ལ་རྒྱབ་སྐྱོར་དང་རེ་བ་བྱེད་མཁན་ཡིན་པ་ཁྱོད་ཀྱི་སྨྲ་ཕོད་དམ། མཐུན་འབྲེལ་དང་ལ་རྒྱ་ལ་གནོད་ཅིང་། ཕྱོགས་རིས་ཆགས་སྡང་དང་ཕྲག་དོག་གཞན་དབང་ཁོ་ནས་དཔྱད་པ་གང་ཡང་མེད་པའི་གཏམ་འཆལ་གང་དྲན་དྲ་ཐོག་ཏུ་མཆན་བཀོད་པ་ནི། བློ་ཟུ་བོར་གནས་པའི་དྲ་གྲོགས་ཡོངས་ནས་མཆིལ་མ་དང་ལྷན་འཕོངས་ཕྱིས་པའི་རྡོ་བ་བཞིན་གཏན་དུ་འདོར་བར་འོས་སོ། །
སྐྱོ་བྲག་དགའ་དབང་འདི་མི་རྣམ་དཔྱོད་ཅན་ཞིག་མཐོང་བས་མང་པོ་མ་བཤད། འབའ་རོམ་བཀའ་བརྒྱུད་དང་ཀརྨ་པའི་སྐོར་དེ་ཙམ་གལ་ཆེར་མ་མཐོང་། ཡིན་ན་ཡང་རྒྱལ བ་ཀརྨ་པའི་ཞབས་ཕྱི་བརྒྱ་ཆ་དགུ་ཅུ་གོོ་ལྔ་ཡན་ནས་བོད་གཞུང་དང་རྒྱལ་བ་རིན་པོ་ཆེ་ལ་སྐུར་འདེབས་དང་མི་དགའ་བ་ཡིན་སྐད། དེ་ལྟར་ན་ཀརྨ་པའི་དགོངས་པ་གང་ཡིན་ནམ། ཀརྨ་པའི་བོད་དོན་ཀྱི་བཀའ་སློབ་རྣམས་ཁོང་གི་དགོངས་པ་དངོས་ཡིན་ནམ། ཡང་ན་ཚིག་ཙམ་དང་། ཡང་ན་སོ་སོའི་ཁེ་ཕན་ཆེད་ཡིན་ནམ། ང་འགོ་ཐོམ་སོང་། ཡང་སྐད་ཅ་གོ་ཡ་ལ་ཁོང་གིས་བཀའ་རྒྱུད་སྤྱི་ཚོགས་ནང་ཤེས་ཡོན་པ་རྣམས་ལ་སྔར་དང་མ་འདྲ་བ་མཐོང་ཆུང་དང་། ཐོབ་དང་མེད་པ་བཟོ་བ་ཐོས་པས་གང་ཡིན་ནམ་། འདི་ལ་དཔྱོད་ལྡན་རྣམས་ནས་ལན་ཞིག་གནང་རོགས་།
ཤེས་རབ་མིག་ཅེས་པ་མིང་རང་རེད་དོན་ལ་སྐད་ཆ་ཚང་མ་ཐེ་ཚོམ་དང་། གཡོ་སྒྱུ་ཁོ་ན་ལས་མ་འདས་པས་ཤེས་རབ་མིག་ལྡོངས་ཞེས་ཟེར་ན་འགྲིག་ས་རེད།
དེ་ཡང་ཁྱོད་ཀྱིས་རྒྱལ་དབང་ཀརྨ་པའི་ཞབས་ཕྱི་རྒྱ་ཆ་དགུ་བཅུ་གོ་ལྔ་བོད་གཞུང་དང་། རྒྱལ་བ་རིན་པོ་ཆེ་ལ་ཁ་གཏོང་མཁན་རེད་ཟེར་བ་ནི། ཆོས་ལུགས་དང་། གཞུང་སྒེར་དབར་དཀྲུག་ཐབས་ཀྱི་སྐད་ཆ་ཁོ་ན་ཡིན་པ་དཔྱོད་ལྡན་ཀུན་གྱི་གསན་གཟིགས་ལྟར་རེད། ༧རྒྱལ་དབང་ཀརྨ་པའི་བོད་དོན་སྐོར་གསུང་པ་རང་དོན་རེད་ཅེས་ཟེར་འདོད་པ་ནི། རྒྱལ་དབང་མཆོག་སྐུ་སྲོག་ལ་ལྟོས་པ་མེད་པར་བོད་མིའི་རྩ་དོན་ཁོ་ནར་དགོངས་བཞེས་ཀྱིས་གནང་བ་ཡིན་པ་བླུན་པོ་དག་སྣང་གི་མིག་ལྡོངས་པ་ཁྱོད་ཀྱིས་ག་ལ་མཐོང་། ཁོང་རང་དོན་ངོ་མ་བྱས་ན་རྒྱ་དམར་འོག་ཏུ་རྒྱལ་མཚན་ནོར་བུ་བཞིན་བྱས་ནས་བཞུགས་ན་དེ་ཡག་ཚོད་རེད། མ་གཞི་རྒྱལ་དབང་ཀརྨ་པ་ནི་༧གོང་ས༧མཆོག་གི་ཐུགས་ཀྱི་དཀྱིལ་དུ་ཡོད་ཡོད་པའི་སྐྱེས་བུ་ཚད་ལྡན་ཞིག་ལ་ཁྱེད་ཚོ་ལྟ་བུ་ཕོ་རོག་མགོ་དཀར་ཚོས་གནོད་ཅི་ཐུབ་བྱེད་པ་ནི་བསྟན་སྲུང་རྣམས་ཀྱིས་མགོ་བོ་ཚལ་པ་བརྒྱར་འགས་པར་བྱོས་ཤིག །
ད་དུང་འདི་བསྙེད་པར་བྱ་སྟེ། རྒྱལ་དབང་ཀརྨ་པའི་བཀའ་བརྒྱུད་པའི་སྤྱི་ཚོགས་ནང་ཤེས་ཡོན་ཅན་ལ་ཐོབ་གོ་ས་འཕྲོགས་པའི་སྐད་ཆ་ནི་ཁུངས་དང་ལུང་བཤོད་དང་ཁྱོད་བདེན་པ་ཡིན། དེ་མིན་ཟེར་སྐད་ཟེར་སྐད་ཐོས་བྱུང་སོགས་གཞན་གྱི་སྟེང་དུ་གཡུག་རྒྱུ་ཁོ་ནས་གཡོ་སྒྱུ་མ་བྱས་ལ་ལེགས། མ་གཞི་མཐུན་པ་རྣམས་མི་མཐུན་པ་བྱེད་པ་དང་། མི་མཐུན་པ་རྣམས་གཏན་བྲལ་དུ་གཏོང་མཁན་ནི་ཁྱོད་དང་ཁྱོད་འདྲ་བ་རྣམས་ཡིན་པས་ཚོད་ཟིན་ན་མི་ཡག་གམ།
དེང་སང་དྲཱ་ཐོག་ཏུ་སྒེར་གྱི་ན་ཚ་འཁྱེར་ནས་སྤྱི་ཚོགས་སྟེང་གཏམ་འཆལ་གྱི་ནད་
ཡམ་བཟོ་མཁན་ཚོགས་པ་ཞིག་ཡོད་ཚོད་འདུག་པས་དྲཱ་ལམ་རྒྱལ་སའི་དགའ་ཚལ་སློབ་
གླིང་གི་སློབ་སྤྱི་མཆོག་གིས་གཙོས་།
དགེ་སློབ་ལས་བཟོ་ཡོངས་ཀྱིས་ནད་ཡམ་དེ་དག་སྔོན་འགོག་དང་། རྩ་མེད་བཟོ་ཆེད་
དུག་སེལ་སྨན་པའི་ཆེད་ལས་དཔུང་སྡེ་ཞིག་འཕྲལ་དུ་འཛུགས་བསྐྲུན་བྱེད་དགོས་པ་
དང།
སེམས་ལ་ནད་དུག་ཕོག་ཟིན་པ་རྣམས་ལོགས་སུ་འཇོག་གལ་ཤིན་ཏུ་ཆེ་བར་
མཐོང་ངོ།
རང་ས་ལྷ་ཡུལ་བཞག་ནས་གཞན་ཡུལ་དུ་གྱར་ཞིང་།
ཕ་མ་སྤུན་མཆེད་མེད་པའི་རྒྱུས་མེད་ཀྱི་ལུང་པར།
ཉིན་མོ་འཁྱོལ་ཡང་མཚན་མོ་འདའ་བ་རང་དཀའ་བ།
ཚེ་སྔོན་བདག་གིས་ལས་ངན་ཅི་འདྲ་ཞིག་བསགས་སམ།
སུ་ཡིན་བརྗོད་དཀའི་འཆལ་གཏམ་སྣ་ཚོགས་ཤིག་མཐོང་རྐྱེན། །སུ་ལ་ཕོག་ཀྱང་ཚིག་ཚོན་སྣ་ཚོགས་ཤིག་ཤོར་ཐལ། །སུ་ཞིག་ཡིན་ཀྱང་སྤྱི་ཚོགས་དཀྲུག་ཐབས་དེ་ཞོགས་དང་། །སུ་ཞིག་ཡིན་རུང་ཞི་བདེ་མཛའ་མཐུན་རང་མཁོ་ངེས། །
མངའ་རིས་ལགས། ཕོ་རོག་དཀར་པོའི་གྲས་དེ་སུ་སུ་རེད། གཅིག་གསུང་དང་། སི་ཏུའི་ཀརྨ་པ་སི་ཏུས་ངོས་འཛིན་བྱས་པ་མ་ཡིན་པས་ཁྱེད་ལ་སྒྲུབ་བྱེད་དང་། དཔང་རྟགས་ག་རེ་སྟོན་ཡག་ཡོད། གལ་ཏེ་སི་ཏུས་ངོས་འཛིན་བྱས་པ་ཡིན་ན་སྐྱོན་ག་རེད་ཡོད་རེད།
དགའ་དབང་ཞེས་པ་འབམ་རོམ་བཀའ་བརྒྱུད་ངོ་མ་ཡིན་ཀྱང་ཁོང་ཉིད་སི་ཏུའི་ཀརྨ་པར་ཞེན་གྲགས་ནས་འབམ་རོམ་བཀའ་བརྒྱུད་རྨི་ལམ་ནང་དུ་འཁོར་མྱོང་མེད་པར་ཕྱི་གསལ་ནང་གསལ་དང་། ད་དུང་སི་ཏུའི་རྗེས་འབྲངས་ཚོར་སྐྱོན་མེད་སངས་རྒྱས་ཀྱི་འདུ་ཤེས་བཟུང་ནས་སྐྱག་གཅིག་ཡན་ཆོད་གོང་སྐུར་ཞུ་ཞོར་སྐུར་ནག་རྒྱ་ཆ་ཁ་ཤས་ཤིག་ཁོང་གིས་ཟུར་དུ་གསོལ་རས་ཚུལ་དུ་མཆོད་ཀྱི་ཡོད་སྐད་འདུག་ག
བསྐུར་འོས་མངའ་རིས་ཕྲིན་ལས་ལགས། ཁྱེད་ཀྱི་སྐད་ཆ་འདི་དངོས་གནས་གསུངས་པ་ཨེ་ཡིན་ནམ། ༼ ཁོང་རང་དོན་ངོ་མ་བྱས་ན་རྒྱ་དམར་འོག་རྒྱལ་མཚན་ནོར་བུ་བཞིན་བཞུགས་བྱས་ན་དེ་ཡག་ཚོད་རེད་། ༽འོ་ཛི་འདི་གང་འདྲ་ཡིན་ནམ། ཁྱ྄ེད་ཀྱིས་རྒྱལ་བ་ཀརྨ་པ་ལ་དེ་འདྲ་མ་གསུངས། བཀའ་རྒྱུད་པའི་ཤེས་ཡོན་པ་རྣམས་ལ་ཀརྨ་པའི་གཟིགས་སྟངས་བསྐོར་གྱི་འདྲི་བ་དེ་སྡོན་ལོར་རྡོར་གདན་དགུ་བརྒྱའི་དུས་དྲན་སྐབས་ཀྱི་གནས་ཚུལ་རྣམས་ཀརྨ་པ་ལ་དྲི་བ་ཞུས་དང་གསལ་ངེས། ཁོང་གིས་ཞལ་རྫུན་ནི་ཕལ་ཆེར་གསུངས་རྒྱུ་མ་རེད ཡང་ གཅིག་བྱས་ན་འདི་འདྲའི་ནོོར་འཁྲུལ་རྣམས་ཞབས་ཕྱི་ཀླད་མེད་དེ་ཚོས་བྱས་ཡོད་རྒྱུ་རེད། དཔྱོད་ལྡན་གཅིག་གིས་དུས་རབས་ཉེར་གཅིག་པ་ལ་འདི་འདྲ་བྱེད་མདོག་མ་རེད། ང་ནོར་ན་དགོངས་དག་ཞུ།། འཛམ་བུ་གླིང་དམངས་གཙོ་ལ་ཕྱོགས་དུས་ཁྱེད་རྣམས་པ་གཅིག་པུ་དམར་ཤོགས་བྱས་ནས་བཞུགས་ཐུབ་རྒྱུ་མ་རེད།
ཤེས་རབ་མིག་ལགས་ཞུ་རྒྱུ། རྒྱལ་དབང་ཀརྨ་པ་ནི་རྒྱལ་བསྟན་རིགས་གཞུང་དང་བཅས་པ་མི་ཉམས་སླར་གསོའི་ཆེད་༧གོང་ས་༧མཆོག་གི་དབུ་འོག་དཔུང་འདེགས་ཆེད་སྐུ་སྲོག་བློས་བཏང་ནས་བཙན་བྱོལ་ཕེབས་པ་ཞིག་ཡིན་པ་དཔྱོད་ལྡན་ཀུན་གྱི་མཁྱེན་གསལ་རེད། ད་དུང་ཁོང་གི་གང་གནང་བ་སྐྱོན་མེད་སྐྱོན་འདོག་སྣ་ཚོགས་ཤིག་བྱེད་པ་ནི་དེང་དུས་རང་རེ་བོད་མིའི་གནས་བབ་འདི་ལྟ་བུའི་སྐབས་གཡས་ཐེན་གཡོན་ཐེན་བྱེད་པ་ནི་ཧ་ཅང་བློ་ཕམ་པ་ཞིག་མ་རེད་དམ། དེ་བས་ཁོང་བོད་དུ་བཞུགས་ཡོད་ན་རྒྱ་དམར་གཞུང་གི་ཐོབ་གོ་ས་དང་། ཆབ་སྲིད་བེད་སྤྱོད་སླད་ཁོང་རང་ཉིད་ཀྱི་མདུན་ལམ་ཁོ་ན་ལ་དགོངས་པ་བཞེས་མཁན་ཞིག་ཡིན་ན་དེང་སང་བོད་དུ་བཞུགས་པའི་བླ་ཆེན་སྤྱི་མཚུངས་ལས་ལྷག་ཅིག་ཡོད་པ་ཤེས་གསལ་རེད། དེས་ན་གང་བྱུང་གསུང་ན་ཡག་པོ་མི་འདུག་གོ།
ཀ་དག་ལགས་ཞུ་རྒྱུ། ཕོ་རོག་དཀར་པོ་ནི་༧གོང་ས༧མཆོག་གི་དབུས་གཞིས་བྱེས་གཉིས་ཀས་རེ་བ་དང་ཡིད་ཆེས་གནང་ས་རྒྱལ་དབང་ཀརྨ་པ་ལ་སྡང་གཞུགས་བྱེད་མཁན་ཁྱོད་དང་ཁྱོད་འདྲ་བ་རེ་ཟུང་གོ་དགོས།
རྒྱལ་དབང་ཀརྨ་པ་ངོས་འཛིན་གནང་མཁན་ནི་གཙོ་ཆེ་སི་ཏུ་རིན་པོ་ཆེའི་གནང་ཡང་། ༧གོང་ས༧མཆོག་གི་དག་སྣང་བླ་ཆེན་སུ་ལའང་བྱུང་མ་མྱོང་པའི་དག་པའི་གཟིགས་སྣང་གང་བྱུང་བ་ཀུན་གྱི་མཁྱེན་གསལ་ལས་བཤད་དགོས་པ་མ་མཐོང་། ལོག་ལྟ་ཅན་ལ་བདུད་ལྷས་སྦྱིན་དང་ལེགས་ཀར་བཞིན་ལས་མ་འདས་སོ།།
ད་དུང་ཁྱོད་ཀྱི་སྐུར་ནག་རྒྱ་ཆ་ཁ་ཤས་མཆོད་ཟེར་བ་སོགས་གོ་རྒྱུ་མེད་པའི་ཚིག་སྦྱོར་དག་ནི་དག་ཆ་བཅོས་ན་མ་གཏོགས་སུ་ཞིག་གི་ཤེས་པར་ནུས།།
སླར་ཡང་མཚམས་འདྲི་བཀྲིས་བདེ་ལེགས་ཞུ།།།
ཧཧཧ་མངའ་རི་ལགས། ཀརྨ་པ་སྐུ་སྲོག་བློས་བཏང་བྱས་ནས་གསུང་པ་དེ་དངོས་གནས་དགོད་བྲོ་ཡག་རང་རེད། ཁོང་སྐུ་སྲོག་བློས་མ་བཏང་སྟེ་ཉེས་མེད་རྒྱ་གར་དུ་སླེབས་པ་རེད། དངོས་གནས་ཁོང་ལ་མཁྱེན་པའི་བདག་པོ་ཞིག་དང་དགོངས་པའི་རླབས་ཆེན་ཞིག་ཡིན་ན་བོད་རང་ལ་བཞུགས་ནས་བོད་རང་དབང་བདེ་སྐྱིད་སྐྲུན་ཐབས་ཀྱི་མཛད་འཕྲིན་སྣ་ཚོགས་པ་ཞིག་བྱས་ན་བཀུར་འོས་པ་ཞིག་རེད། མ་གཏོགས་འདིར་རང་ཉིད་གཏམ་འདོད་ཀྱི་ཆེད་དུ་སླེབས་ཀྱང་སྐབས་ཤིག་ཀརྨ་པ་རྒྱ་མིའི་ཉུལ་མ་ཡིནརབས་ལབ་པ་མ་བདེན་ནའང་ཞབས་གྲས་ནང་དུ་དངོས་སུ་རྒྱ་མི་དང་འབྲེལ་བ་ཡོད་པའི་མི་སྣ་འགའ་ཞིག་དོན་པ་དངོས་གསལ་རེད། ད་དུང་ན་ནིང་དངུལ་གྱི་སྐོར་ཡང་དེང་བར་བྱུང་མྱོང་མེད་པའི་རྙོགས་གྲ་ད་དུང་གཏམ་ཁྱད་མཚར་ཅན་དག་དེང་བར་མ་གྲགས་པ་ཞིག་རེད། དེ་ཚང་མ་ངས་བཟོས་པ་མ་རེད། ཁྱོད་ཉིད་ཡག་པོ་སོམས་དང་ཧ་ཞིག་གོ་ཡོང་། སྤྱིར་སྟངས་ཁྱེད་ཉིད་ཀརྨ་པ་ཡི་ནང་མའི་འབྲེལ་བ་ཧ་ལམ་མཁྱེན་འདོག་མ་རེད་དེ་ལུགས་དགོངས་འཇགས་ཡོད་པ་མཁྱེན།
ཀར་མ་པའི་སྐོར་ཞེ་དྲག་མ་གསུང་ན་ཡག་པོ་རེད། མཚོར་ཕུའི་རྒྱལ་ཚབ་དང་སི་ཏུ་གཉིས་ཀྱི་ངན་པ་ལག་འབྲེལ་བྱས་ནས་ངན་ཇུས་སྣ་ཚོགས་ཀྱིས་ད་ལྟའི་སི་ཏུའི་ཀརྨ་པ་འདི་ཁྲི་འདོན་བྱས་པར་ཤེས་ལྡན་ཀུན་གྱིས་རྟོགས་ཀྱིན་ཡོད། ད་དུང་སྐབས་དེ་དུས་༧གོ་ས་མཆོག་ལ་ཡང་མ་ཡིན་དགུ་ཡིན་དང་མ་འགྲིག་དགུ་འགྲིག་དང་མ་རེད་དགུ་རེད་སོགས་བཟང་པོ་སྣ་དུ་མའི་མི་ཆོས་བླ་མའི་རྫུན་གྱིས་༧གོ་ས་མཆོག་གི་ཕྱག་བྲིས་མི་གནང་རང་གནང་ཐུག་ཡོད་པར་ཁྱོད་ཀྱིས་ཤེས་ཀྱི་རེད་ལ་བོད་མི་མང་གིས་ཀྱང་མཁྱེན་གྱི་རེད།
སི་ཏུའི་རྗེས་འཇུག་ཀམ་ཚང་སང་གི་ན་ནིང་ཡོ་རོབ་ཁུལ་དུ་ཁྱབ་བསྒྲགས་ནང་ཀརྨ་པ་ལ་ཆེ་བསྟོད་༼ 2nd Dalai Lama༽ ཞེས་བྲིས་ནས་གང་སར་བཀྲམ་འདུག མཁྱེན་ལྡན་རྣམ་པའི་དེ་དོན་འབྲེལ་བཤད་རེ་གནང་རོགས། ང་ནི་ལས་མ་དག་པ་ཡིན་སྲིད་པས། དཔེར་ན་ཁྱི་ཡིས་སེང་གེ་གོ་སར་ནམ་ཡང་མི་སླེབས་པ་ལྟར་རྩོད་རྙོགས་ཅན་གྱི་ཀརྨ་པ་ནག་རིལ་ཁོང་གིས། དེ་ལྟ་བུར་མི་བོས་པར་སེམས་ཐག་སྒོར་མོ་རྡོ་རེད་བསམ་གྱིན་འདུག མ་ཟད་རྙོགས་གླེང་ཆེ་བའི་ཀརྨ་པ་ནི་སྐུ་སྐྱེ་མང་པོ་ཡོད་ནི་རེད། གཅིག་ཞྭ་དམར་ཀརྨ་པ་དང་། གཅིག་འབྲས་ལྗོངས་ཀརྨ་པ་དང་། གཅིག་ཀ་ལིང་པོན་ཀརྨ་པ་དང་། གཅིག་ནི་སི་ཏུའི་ཀརྨ་པ་བཅས་རེད། ཁོང་རྣམ་པ་ཚང་མས་ང་ཆེ་དང་ང་བཙན་ཤ་སྟག་བྱེད་ཀྱིན་ཡོད་རེད། དེ་དག་ནང་ནས་ཀརྨ་པ་སུ་རེད། ང་ནི་འགོ་འཐུམ་འགྲོ་གིན། ད་དུང་འབྲས་ལྗོངས་ཀརྨ་པ་དེས་ཀརྨ་པ་ཁོང་རང་ཡིན་པས་གདན་ས་རུམ་སྟིགས་ཁོང་ལ་དབང་བའི་འབྲས་ལྗོངས་གཞུང་ལ་སྙན་ཞུ་དང་མི་མང་ནང་ནས་སྐད་འབོད་དང་སྦྱར་ཡིག་སྣ་ཚོགས་པ་ན་ནིང་བཀྲམ་སོང་། ཁོང་ཉིད་ཀྱང་ཡུའུ་ཏྲོབ་སོགས་ནང་དུ་ཁོང་གི་ལོ་རྒྱུ་དང་དབང་སྐུར་སོགས་འདྲ་མིན་སོགས་ལྟ་རྒྱུ་འདུག དེ་དག་དངོས་གནས་ལབ་ཡིན་མ་གཏོགས་ད་ག་སེ་རྩ་ནས་ལབ་པ་མིན།
དྲ་གྲོགས་རྣམས། ཀརྨ་པ་ལ་ཚིག་ངན་མ་སྦྱོར་རོགས། འོག་གིས་ཞབས་ཞུ་འགའ་རེེའི་ལྟོ་གོས་ཙམ་མོ།།
སྨད་འཚོང་མ་དེ་ངར་བ་རེད།
ཉེ་ལམ་རྒྱ་ནག་གི་ཁྲིམས་རྭ་ཞིག་གི་ནང་དུ་སྨད་འཚོང་མ་ཞིག་གི་སྐད་སྒྲ་ལྷང་ལྷང་དུ་གྲགས་ཏེ་ཡོད་སྐད་ཐོས་ཤིང་། སྨད་འཚོང་མ་དེ་ཡི་བདེན་པའི་སྐད་སྒྲ་མང་པོ་ཞིག་གིས་མགོ་གཙོ་གང་མང་ཞིག་བློང་བློང་པོར་བྱས་པར་མ་ཟད། ཁོ་མོའི་སྐད་ཆ་བཤད་བཞིན་པའི་བར་སྐབས་ཤིག་ན་ཁྲིམས་དཔོན་ཀྱང་འཚབ་འཚུབ་ཏུ་གྱུར་ཏེ་ཡར་ལངས་ནས། “བློ་མཐུན་ཉེན་རྟོག་པ། ཉེས་ཅན་པ་མོ་མར་འཁྲིད་རོགས”ཞེས་སྨྲ་དགོས་བྱུང་འདུག དེ་ཡི་སྐད་ཆ་འགའ་བཀོད་ན་གཤམ་ལྟར།
ཁོ་མོས་ཐོག་མར་ལམ་བུ་འདིར་མི་འདོད་བཞིན་ཞུགས་དགོས་པའི་ཐབས་མེད་ཀྱི་རྒྱུ་རྐྱེན་དག་འདི་ལྟར་བཤད་འདུག་སྟེ། “ངས་ལོ་ལྔའི་རིང་ལུས་ཚོང་གི་བྱ་བ་གཉེར་བ་མ་ཟད། དེ་སྔོན་ང་ལོ་གཉིས་ནང་གྲོང་ཁྱེར་འདིའི་འགན་གཙོ་གཞོན་པ་ཝེའུ་ཅུན་ཤིན་གྱི་གསང་བའི་སྨད་ཚོང་མ་ཨང་གསུམ་པའམ་བཞི་པ་དེ་བྱས་པ་རེད། འོན་ཀྱང་ལུས་ཚོང་བྱ་བ་འདི་ངའི་བྱེད་འདོད་པ་ཞིག་རྩ་བ་ནས་མིན། ལམ་ཁ་འདིར་རྒྱུ་དགོས་པ་འདིས་ངའི་ཁྱིམ་མི་དང་སོ་སོར་དཀའ་ངལ་དང་ངོ་ཚ་ཧ་ཅང་ཆེན་པོ་བཟོས་མྱོང་བ་མ་ཟད། དངོས་གནས་བརྗོད་ན་དེ་ནི་འཚོ་བའི་དཀའ་ངལ་གྱིས་ང་རང་བཙན་འདེད་བྱས་པ་ཞིག་ཡིན། ངའི་ཁྱིམ་ལ་དགུང་ལོ་བརྒྱད་ཅུའི་རྨོ་རྨོ་ཡོད་ཅིང༌། ངའི་འོག་ལ་ཅི་ཡང་མི་དྲན་གང་ཡང་བསམ་ཤེས་མེད་པའི་གཅུང་པོ་ཡོད། རྨོ་རྨོ་རྒས་འཁོག་གཡོག་སྐྱོང་དགོས་ལ་གཅུང་པོ་སློབ་གྲྭར་འགྲོ་དགོས་པ་རེད། འོན་ཀྱང་ང་དང་པ་ལགས་གཉིས་ཀྱིས་ཉིན་མཚན་བསྟུད་མར་ཞིང་ཁར་ངལ་རྩོལ་ལོ་གཅིག་ཙམ་བྱས་ཀྱང་། ལོ་མཇུག་གི་འབྲུ་རིགས་ཡོངས་བབས་དེ་གྲོང་ཚོའི་ནང་གི་དཔྱལ་ཁྲལ་དང་གྲོང་ཚོ་སྲིད་གཞུང་གི་ཁྲལ་མཇལ་བའང་འདང་གི་མེད། གལ་ཏེ་དུས་ཐོག་དཔྱལ་ཁྲལ་མ་སྤྲད་ན། གྲོང་ཚོ་སྲིད་གཞུང་ལས་བྱེད་མི་སྣ་ཁྱིམ་དུ་ཡོང་སྟེ་ནང་གི་བྱ་དེ་དང་ར་ལུག་བཙན་འཁྲིད་བྱེད་པ་དང༌། དེ་བཞིན་འབྲུ་རིགས་བཙན་འཕྲོག་བྱེད་ཀྱི་རེད།ཅེས་བཤད་འདུག” ཅེས་བཤད་འདུག ཁོ་མོའི་སྐད་ཆ་དུམ་ཚན་དེའི་སྟེང་ནས་ང་ཚོས་མགོ་གཙོ་ཞིག་གི་རུལ་སུང་གི་གསང་རྣམ་ཞིག་མཐོང་བར་མ་ཟད། ཁྱིམ་ཚང་དེ་དང་དེ་ཡི་ཉེ་འཁོར་གྱི་འཚོ་བའི་དཀའ་ངལ་དང་། ཁོ་ཚོའི་འཚོ་བ་སྡུག་པོ་དེ་ཡི་སྟེང་གི་ད་དུང་ཁྲལ་གྱི་དཀའ་ངལ་དང་། ཁྲལ་ལས་མ་འཇལ་ཚེ་ས་གནས་ལས་བྱེད་དག་གིས་ལུགས་མེད་ཀྱི་ལས་ཀ་ལག་ཏུ་བསྟར་ལུགས་དག་ཀྱང་མཐོང་ནུས། འདི་དག་གི་ཐད་ནས་བཤད་འདོད་པ་མང་ནའང་སྐད་ཆ་དུམ་བཀོད་དང་དེ་ཡི་གནད་དག་ཟུར་བསྟན་ཙམ་གྱིས་སུས་ཀྱང་གོ་བར་སྙམ་ནས་མ་བཤད་ལ། འོག་མ་དག་ཀྱང་དེ་བཞིན་ནོ། །
ཡང་ཁོ་མོས་འདི་ལྟར་བཤད་འདུག་སྟེ། “དེ་རྗེས་ང་གྲོང་ཁྱེར་ནང་གཡོག་མོའམ་བུ་རྫི་མ་བྱས་ཤིང༌། སྐབས་དེར་ཁྱིམ་བདག་གིས་ང་ལ་ཐེངས་མང་བཙན་གཡེམ་བྱས་ཀྱང་ངས་བཤད་ས་རག་གི་མི་འདུག དུས་དེ་ནས་བཟུང་ང་རང་ངན་ལམ་འདིར་མི་རྒྱུ་ག་མེད་བྱུང་བ་རེད། ངས་འདིར་ཁྲིམས་དཔོན་ལགས་ལ་དྲི་བ་ཞིག་བཀོད་འདོད་ཡོད། ང་ཉམ་ཆུང་ནུས་མེད་ཀྱི་བུད་མེད་ཅིག་ཡིན་པའི་ངོས་ནས་འཚོ་སྤྱོད་ཁོ་ནའི་ཆེད་དུ་ངའི་ལང་ཚོ་འཚོང་རྒྱུ་ལས་དེ་མིན་ང་འདྲ་བ་ཚོས་ད་དུང་བཙོང་རྒྱུ་ཞིག་ག་རེ་བསྡད་ཡོད་དམ། འགོ་དཔོན་ཝེའུ་ཅུན་ཤིན་ལ་ཉིན་གསུམ་འཆམ་ནད་ཕོག་དུས་ཀྱང་གཞན་གྱིས་སྒོར་ཁྲི་ལྔ་བཅུའི་འཚམས་འདྲི་ཟེར་བ་རག་ཡོད་པ་རེད། རྫོང་རིམ་པའི་འགོ་ཁྲིད་བརྗེ་བསྒྱུར་སྐབས་སུ་ཁོས་སླར་ཡང་སྒོར་ཁྲི་ལྔ་བརྒྱ་ཐབས་ཤེས་བྱས་པ་རེད། གལ་ཏེ་ང་ལ་སྒོར་མོ་དེ་དག་གི་བཅུ་ཆ་གཅིག་ཙམ་བྱུང་ནའང༌། སྨད་ཚོང་གི་ལམ་བུར་རྩ་བ་ཉིད་ནས་འགྲོ་སྲིད་ཀྱི་མ་རེད།”ཅེས་བཤད་འདུག སྐད་ཆ་དུམ་ཚན་འདི་ལས་གྲོང་ཁྱེར་ཁྲོད་ཀྱི་ཕྱུག་བདག་དག་གི་ལོག་སྤྱོད་མཐོང་ནུས་པར་མ་ཟད། ཉམ་ཆུང་བའི་བྲན་གཡོག་དག་ནི་ཇི་ལྟར་བཀོལ་ཞིང་གང་ལྟར་མནར་ཀྱང་ཤོད་ས་གཏུགས་ས་ཅི་ཡང་མེད་པའི་མགོན་མེད་ཅིག་ཡིན་པ་ཤེས་ཐུབ་པ་མ་རེད་དམ།
ཡང་ཁོ་མོས་འདི་ལྟར། “མི་ཚོས་ང་ཚོ་སྨད་ཚོང་ལས་ཀ་བྱེད་མཁན་གྱི་བུད་མེད་ཚོས་སྲིད་གཞུང་གི་ལས་བྱེད་ཚོར་གནོད་སྐྱོན་བཟོས་པ་དང༌། འཁྲིག་སྤྱོད་བརྒྱུད་ནས་ནད་རིགས་བརྒྱུད་སྤྲོད་བྱེད་པ། དེ་མིན་སྤྱི་ཚོགས་ཀྱི་ལམ་ལུགས་བཟང་པོར་གཏོར་བརླག་གཏོང་བ་རེད་ཟེར། ངས་དེ་ནི་དངོས་ཡོད་གནས་སྟངས་ལ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་འཇིག་རྟེན་འདིའི་ཐོག་ལུས་ཉོ་མཁན་མེད་ན་གཟུགས་པོ་ཚོང་མཁན་ག་ནས་ཡོད་དམ། གཟུགས་པོ་ཉོ་མཁན་གྱི་སྐྱེས་པ་མེད་ན། ལུས་པོ་བཙོང་མཁན་གྱི་བུད་མེད་གང་ནས་ཡོང་དགོས་སམ། སྨད་ཚོང་གི་དར་སྲོལ་ཆེན་མོ་འདི་ང་ཚོས་བསྐུལ་སློང་བྱས་པ་མིན། དེ་ནི་ལག་ཏུ་དབང་ཆ་དང་རྒྱུ་ནོར་ཡོད་མཁན་གྱི་ཕྱུག་བདག་ཚོས་བཟོས་པའི་གནས་སྟངས་ཤིག་རེད།”ཅེས་བདེན་ཅོག་ཅོག་ཅིག་བཤད་འདུག
ཡང་ཁོ་མོས་རང་སྐྱོན་ངོས་ལེན་དང་བསྒྲགས་ཆེན་པོ་ཚོའི་ཉེས་ཆ་བསྔོགས་པ་དང་ ། སློབ་ཆེན་གྱི་མིང་རྟགས་དང་གོ་གནས་ཀྱི་སྟེགས་བུ་སོགས་ཀྱང་རྫུན་རྫུས་འབའ་ཞིག་ཡིན་ཚུལ། ད་དུང་ཁྲིམས་ཀྱི་མདུན་ས་ནས་འདྲ་མཉམ་མིན་ཚུལ་སོགས་ཀྱང་འདི་ལྟར་ རྒོལ་ཞིང་བཤད་འདུག་སྟེ། “ཁྲིམས་གཏུག་མཁན་གྱིས་ངས་གཞན་ལ་མགོ་སྐོར་གཏོང་བའི་ནག་ཉེས་བསགས་འདུག་ཟེར། ངས་རང་ཉིད་གཞན་ལ་མགོ་སྐོར་གཏོང་མཁན་ཡིན་པར་ངོས་ལེན་བྱེད་ཀྱི་ཡིན། ང་ལ་མཚོན་ན་སློབ་ཆུང་གི་ཤེས་ཡོན་སློབ་གསོའང་རག་མྱོང་མེད་མཁན་ཞིག་རེད། ཡིན་ཡང་ད་ལྟ་ང་ལ་སློབ་ཆེན་གྱི་ལག་འཁྱེར་ཡོད། འོན་ཀྱང་དེང་དུས་ཀྱི་སྤྱི་ཚོགས་ཐོག་ལག་འཁྱེར་རྫུན་མ་འཁྱེར་མཁན་སྟོང་ཕྲག་མང་པོའི་ཡང་ཚད་ཀྱི་མ་རེད། དཔོན་པོ་ཝེའུ་ཅུན་ཤིན་ཁོ་སློབ་འབྲིང་ཡང་ཐོན་ཐུབ་པ་བྱུང་མེད། ཡིན་ཡང་ད་ལྟ་ལས་གནས་ཐོག་གི་ཞིབ་འཇུག་སློབ་མ་ཟེར་བ་དེར་གྱུར་ཚར་བ་མ་རེད་དམ། ཁྲིམས་ཀྱི་མདུན་སར། ང་དང་ཁོ་ཚོའི་དབར་ལ་འདྲ་མཉམ་ཟེར་བ་དེ་འདྲ་འདུག་གམ། ཁྱོད་ཚོས་ང་ལ་ངོ་ཚ་མི་འདུག་ཟེར་བ་དེར་ངས་ངོས་ལེན་བྱེད་ཀྱི་ཡིན། འོན་ཀྱང་ངས་བསམ་པར་ང་ལས་ངོ་ཚ་དང་ཁྲེལ་གཞུང་མེད་པ་ནི་ ཝེའུ་ཅུན་ཤིན་དང་འདྲ་བ་ལྐོག་ཟ་རུལ་སུངས་ལ་བྱང་བའི་དཔོན་ངན་ཆེ་ཆེ་ཆུང་ཆུང་དེ་དག་རེད། མི་དེ་ཚོས་ཁ་ནས་མི་མང་ལ་ཞབས་འདེབས་ཞུ་ཡི་ཡོད་ཚུལ་བཤད་ཅིང༌། ལྐོག་ཏུ་ཇག་པ་དང་རྐུན་མ་སོགས་ཀྱི་ཁྲམ་པའི་ལས་ཀ་སྣ་ཚོགས་བྱེད་ཀྱི་ཡོད་པ་རེད། ”ཅེས་བཤད་འདུག
མཇུག་མཐར་ཁྲིམས་དཔོན་ཀྱང་བློང་བློང་པོར་བྱེད་པའི་སྐད་སྒྲ་འདི་འདྲ་ཞིག་གིས་ཁོ་མོའི་སྐད་ཆ་མཇུག་བཅད་འདུག་སྟེ། “ཝེའུ་ཅུན་ཤིན་ཁོ་ཉིན་མོར་མི་གཞན་ལ་སྙན་སེང་ཞུ་སྐབས་སྐད་ཧ་ཅང་མཐོན་པོ་ཡོད་ཀྱང༌། མཚན་གཞུང་དུ་ངའི་སྡོད་སར་སླེབས་དུས་ཐབས་ཤེས་ཡོད་རྒུས་ང་ལ་མནར་གཅོད་དང་མཐོང་ཆུང་བྱེད་ཀྱི་རེད། ཁོ་འདྲ་བའི་སྤྱང་ཀི་ལྟ་བའི་ཕྱི་པགས་གྱོན་པའི་གཡོ་རྫུས་ཅན་དེ་འདྲ་ངས་ཧ་ཅང་མང་པོ་མཐོང་མྱོང༌། དེ་རིང་འདིར་ཡོད་མིའི་ནང་དུ་ཡང་དེ་སྔོན་ངའི་མགྲོན་པོ་བྱེད་མྱོང་མཁན་དེ་འདྲ་ཡོད། འོན་ཀྱང་དེ་རིང་ཁོ་ཚོས་ང་ལ་ཁྲིམས་གཅོད་བྱེད་ཀྱི་ཡོད་པ་རེད།” ཅེས་བཤད་སྐབས་ཁྲིམས་དཔོན་ལམ་སེང་ཡར་ལངས་ནས། བློ་མཐུན་ཉེན་རྟོགས་པ་ལགས། ཉེས་ཅན་མོ་མྱུར་དུ་མར་ལ་ཁྲིད་ཅེས་སྐད་ཆའི་མཇུག་བཅད་འདུག གལ་ཏེ་ཁོ་མོར་མུ་མཐུད་དུ་བཤད་བཅུག་ན་ཁྲིམས་གཅོད་མཁན་གྱི་ཚོགས་གྲལ་ན་ཆེ་མདོག་བསྟན་པའི་མི་བུ་ག་ཚོད་ཅིག་ལྐུགས་པོར་བཏང་ཡོད་པ་འདྲ།
སྐད་ཆ་འདི་ཆ་ཚང་ལ་གཟིགས་འདོད་ན་རང་གྲོལ་དྲ་བའི་སྟེང་དུ་གཟིགས་རོགསhttp://www.rdrol.net/node/569
མཚོ་སྔོན་ཟིན་བྲིས་ནང་བཀོད་འདུག བཀོད་པ་པོ། གློག་དམར་སུམ་སྒྲོག
ཁ་བརྡ་ཚང་གིས་གནང་སྟངས་དེ་གང་རེད། དང་པོ་ཀརྨ་པའི་སྐོར་རྙོག་བཟོ་མཁན་ཀ་དག་གི་མཆན་རང་འཇག་བཞགས་ཏེ་ཕྲན་གྱི་མཆན་གཉིས་ཕྱིར་བསྡུ་བྱས་འདུག་པར་བློ་ཕམ་ཡོད། ཡང་མིན་ན་རྒྱལ་དབང་ཀརྨ་པ་སོགས་ལ་ཁ་གཏོང་བ་དེ་ཁ་བརྡ་ཚང་གི་ལང་ཕྱོགས་ཡིན་གྱི་རེད། དེ་མིན་ཁ་བརྡའི་སྒྲིག་ཁྲིམས་དང་འགལ་ཡོད་ཚེ་ཕྱོགས་གཉིས་ཀ་བཀག་དགོས་པ་མ་ཡིན་ནམ།