<<གཟའ་ཉི་མའི་གླེང་མོལ>>ཞེས་པ་འདི་ནི་ཡུལ་འདིར་དེ་རིང་གསར་དུ་དབུ་བརྙེས་ཤིང་བོད་རང་གི་སྤྱི་ཚོགས་ཀྱི་བདེ་སྡུག་གླེང་སའི་སྟེགས་བུ་ཞིག་དང་།བོད་ནང་དུ<<གཟའ་ཉི་མའི་ཁ་བརྡ>>སོགས་ཡོད་པ་ནང་བཞིན་དེ་ལ་མེ་ཏོག་མཉམ་བཞད་ཀྱི་ཚུལ་དུ་ན་གཞོན་རྩོམ་དགའ་བ་འགའ་ཞིག་གིས་རང་མོས་ཀྱིས་སྒྲུབ་ཅིང་རང་རང་གི་སེམས་གཏམ་གློད་སའི་ལྡིང་ཆ་ཞིག་ཀྱང་ཡིན་པ་རེད། དེ་རིང་གི་བགྲོ་གླེང་ངམ་ཁ་བརྡ་འམ་གླེང་མོལ་འདི་ནི<<གཟའ་ཉི་མའི་གླེང་མོལ>>གྱི་དབུ་ཁྱུད་དང་འགོ་འཛུགས་བྱེད་ཙམ་ཞིག་ཡིན་པ་དང་འགྲོ་སོང་སོགས་ཀྱང་བགྲོ་གླེང་བ་རང་ངོས་ནས་ཕུད་པས་ན་ཕྱོགས་ཡར་མར་ནས་ཆེད་དུ་བགྲོ་གླེང་བ་མང་བོ་ཞིག་སྐད་གཏོང་ཐུབ་མེད་ལ། མ་འོངས་བའི་འཆར་དུས་ཚོད་ངེས་མེད་དུ་གཟའ་ཉི་མ་ནམ་ཁོམ་ལ་ཚོགས་འཆར་ཡོད་འདུག ཐེངས་འདིའི་<<གཟའ་ཉི་མའི་གླེང་མོལ>>སྟེང་ཚོགས་ཞུགས་པ་རེ་རེས་ཐེངས་འདིའི་བརྗོད་གཞི་སྟེ་<<བཙན་བྱོལ་བོད་ཀྱི་རྩོམ་པ་པོའི་འགན་འཁྲི་གླེང་བ>>ཞེས་པ་ལས་འཕྲོས་ཏེ་རང་རང་གི་བསམ་ཚུལ་དག་ལྷུག་བརྗོད་གནང་ཡོད་པ་རེད། སྟབས་བདེ་ཡིན་ལ་མྱི་སྐད་ཀྱིས་ཕྱུག་པའི་བགྲོ་གླེང་འདི་ལ་མི་འདྲ་ས་ཞིག་ཡོད་པ་ནི་འདི་རུ་ཆེད་དུ་ཕེབས་པའི་མཁས་པ་དང་ཆེད་ལས་པ་སོགས་འཛོམས་མེད་རུང་ཡར་འཁོར་བའི་མི་སྨྲ་བའི་རྟུལ་ཞུགས་འཛིན་མཁན་ཀྱང་མེད་པས་བགྲོ་གླེང་བ་ཡོངས་ཀྱིས་རང་རང་གི་ལྟ་ཚུལ་དག་སེམས་དྲང་བོ་དང་བློ་ཉེ་བོའི་སྒོ་ནས་གླེང་སྟེ་བགྲོ་གླེང་འདི་འཁྲུག་ཆ་དོད་པོ་བྱུང་ཡོད་པ་རེད།
ཚོགས་ཡུལ། ཞི་བདེ་ཟ་ཁང་།
ཚོགས་དུས། ༢༠༡༡ ༡༡ ༢༠ ཉིན། གཟའ་ཉི་མ།
གཙོ་སྐྱོང་པ། བཀྲ་ཤིས་ཀླུ་བྱམས།
བརྗོད་གཞི། བཙན་བྱོལ་བོད་ཀྱི་རྩོམ་པ་པོའི་འགན་འཁྲི་གླེང་བ།
བགྲོ་གླེང་བ། གཉན་པོ། སྟག་འབུམ་རྒྱལ། ཁ་བ་སྐམ་པོ། ཁྲོ་གཏམ། བཀྲ་ཤིས་ཀླུ་བྱམས། མྱི་ལྟིག འབྲུག་འབུམ་སོགས།
ནནནནནནནནནནནནནནནནནནནནནནནནན
བོད་ཀྱི་རྩོམ་པ་རྣམ་པའི་འགན་འཁྲི་གཅིག་རང་སྟེ། བོད་ཀྱི་དོན་དངོས་འཚོ་བའི་སྣང་རིས་གསོན་པོ་དེ་བོད་ཡིག་གིས་འབྲི་བཞེངས་བྱེད་པའོ། ཡང་ན་བོད་ཡིག་གིས་བོད་མཚོན་རྒྱུ་དེ་ཡིན།
གྲོགས་པོ་ལྷན་རྒྱས་ཀྱིས་རང་ནུས་ཅི་ཡོད་ཀྱི་ལས་འགུལ་འདི་ལྟ་བུ་ཞྀག་བཀོད་སྒྲིག་བྱས་པར་བཀའ་དྲིན་ཆེ།
ཧ་ཧ་ཧ་ འཆར་གཞི་ཡག་པོ་འདུག ངོ་སོ་བསྟོད། འོན་ཀྱང་ཉམས་མྱོང་མེད་པའི་རྟགས་ད་ལྟ་ནས་ཕྱི་རུ་བཏོན་འདུག ཡིན་ནའང་སྡུར་རུས་ཡོད་ན་ཉམས་མྱོང་ཡུན་གྱིས་བསླེབ་ཡོང་རྒྱུ་རེད།
གླེང་མོལ་འཚོགས་སའི་ཁ་བྱང་ལ་ཞི་བདེ་ཟ་ཁང་རྐྱང་པ་བྲིས་འདུག གོ་ལ་ཧྲུལ་བོའི་སྟེང་ན་ཞེ་བདེ་ཟ་ཁང་གཅིག་ལས་མེད་ན་མ་གཏོགས་ཧ་གོ་ཁག་པོ་རེད། ཁོ་བོས་ཀྱང་ལྷ་ས་དང་ཟི་ལིང་རྒྱ་གར་སོགས་སུ་ཞི་བདེ་འབོད་པའི་ཟ་ཁང་ཁ་ཤས་མཐོང་སོང་། ཁྱེད་རྣམ་པས་གཟའ་ཉི་མའི་གླེང་མོལ་གྱི་དབུ་བརྙེས་ས་དེ་ཡུལ་ལུང་གང་གི་ཞི་བདེ་ཟ་ཁང་ཡིན་ད་དུང་མ་ཤེས།
ལར་ཚོགས་པ་འཛུགས་པར་བྱེད་པ་ལ་ཁ་བྱང་དང་། དུས་ཚོད། དམིགས་འདུན། ཁྱབ་བསྒྲགས་སོགས་ལེགས་པ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད།།
ལས་འགུལ་འདི་ལྟ་བུ་ལ་རྒྱབ་སྐྱོར་ཡོད།འོན་ཀྱང་།བོད་ཀྱི་རྩོམ་པ་པོའི་འགན་འཁྲི་གླེང་དུས་བོད་ཀྱི་སྤྱི་ཚོགས་དང་དེའི་གནས་པུ་ཙམ་གླེང་ན་རྩོམ་པ་པོའི་འགན་འཁྲིའི་ཁྱབ་རྒྱ་ཅུང་ཙམ་ཆུང་འདུག་སྙམ་པའི་ཚོར་བ་ཡོང་གིན་འདུག་
དགོངས་དག་་གནས་བབས་རེད་་གནས་པུ་མ་རེད།