http(S)སྟེ། གསང་བ་དང་བདེ་འཇགས། བདེ་སྲུང་བཅས་ཀྱི་ཆེད་དུ་། Posted on 2011-11-212011-11-23 By ཁ་བརྡ་ 19 Comments on http(S)སྟེ། གསང་བ་དང་བདེ་འཇགས། བདེ་སྲུང་བཅས་ཀྱི་ཆེད་དུ་། བོད་དོན་ལས་འགུལ་བསྟི་གནས་ཁང་། གསར་འགྱུར།
བཙན་བྱོལ་ནང་གི་བོད་མི་ཁྱོད་འདྲ་བས་བོད་མི་རིགས་ཀྱི་རིགས་གནས་དང་། ནང་པ་སངས་རྒྱས་ཀྱི་གཞུང་ལས་གསུངས་པའི་དཀོན་མཆོག་ལ་འདི་འདྲའི་བརྙས་བཅོས་ཆེན་པོ་ཞིག གཞིས་བཞུགས་བོད་མིས་མཐོང་ན་སེམས་ཁུངས་ནས་མཆི་མ་འཆོར་བ་འདུག བཙན་བྱོལ་བོད་རིགས་འདིས་ཉི་མ་གཅིག་བོད་ཀྱི་ནང་ཆོས་དང་། སྐད་ཡིག་འདི་གཙང་ཕྱགས་གཏོང་ས་རེད།
དངོས་གནས་སེམས་པ་སྐྱོ་བ་ལ། འཕགས་པ་སྤྱན་རས་གཟིགས། ༧གོང་༧སྐྱབས་མགོན་ཆེན་པོ། བོད་མི་རིགས་ཀྱི་ལས་དབང་ལ་གཟིགས་དང་། ང་ཚོའི་བཙན་བྱོལ་ནང་ཆོས་དང་རིགས་གཞུང་སྲུང་སྐྱོབ་ཟེར་བའི་མིང་ཚིག་སྙན་པོ་དེའི་འོག མི་རིགས་འདིའི་རིགས་གནས་དང་སྐད་ཡིག་བརླག་རན་འདུག ད་ངོ་མ་བརླག་རན་འདུག ད་ཅི་དྲག་རྒྱུ་རེད། བོད་མི་སེམས་ཡོད་རེ་ཟུང་གིས་བརྙན་ཕྲིན་འདི་མཐོང་ན་སེམས་ཁོངས་ནས་མིག་ཆུ་ཤོར་ས་རེད། བོད་དོན་ལས་འགུལ་ཁང་གི་འགུལ་སྐྱོད་དེ་དེ་འདྲའི་འགུལ་སྐྱོད་སྟབས་བདེ་ཞིག བོད་ནང་མི་རིགས་དང་། སྐད་ཡིག་གི་དོན་ལུས་སྲོག་ལོངས་སྤྱོད་དོན་བློས་བཏང་བྱས་པའི་དཔའ་བོ་ཕོ་མོ་དེ་ཚོ་ལ་ངོ་གནོངས་དགོས་པ་འདུག ད་ཡིན་ན་ཅི་དྲག
བོད་ཀྱི་སྐད་ཡིག་ལ་ཤུགས་ཤིག་མ་རྒྱབ་ན་ནམ་ཞིག་བོད་ལ་རང་དབང་ཐོབ་དུས་དབྱིན་སྐད་དང་རྒྱ་སྐད་བཤད་དགོས་པའི་དུས་ཤིག་ཤར་ཚེ་བོད་པའི་མིང་ཙམ་ལས་མ་ལྷག་པ་རེད། དེ་འདྲའི་རང་དབང་ཞིག་གིས་དགོས་པ་འདུག་གམ།
བརྙན་འཕྲིན་འདི་ནུབ་ཕྱོགས་སུ་གནས་པའི་བོད་རིགས་གཞོན་སྐྱེས་ཚོས་བོད་སྐད་བཤད་སྟངས་ཀྱི་དཔེ་མཚོན་ལེགས་པོ་ཞིག་རེད།
རྩ་བའི་དམིགས་ཡུལ་དང་ཀུན་སློང་བཟང་པོ་ཞིག་ལ་ངོས་འཛིན་བྱེད་ཆོག ཡིན་ནས་སྐད་ཆ་་དང་ཚིག་བེད་སྤྱོད་གཏོང་སྟངས་ལ་རྗེས་སུ་གཟབ་གཟབ་བྱེད་རྒྱུ་གལ་ཆེའོ།།
བོད་མི་ཚོའི་ཉིན་རེའི་དཀའ་ངལ་སེལ་རྒྱུ་དང་རང་དབང་བག་ཕེབས་ཀྱི་གནས་དུས་ཤིག་ཡོང་རྒྱུ་གལ་ཆེ་ཡིན་པ་མ་གཏོགས།འབྱུང་འགྱུར་བོད་མིས་སྐད་ཡིག་གང་འདྲ་ཅིག་བེད་སྤྱོད་དང་ཆོས་གང་ལ་དད་མིན་སོགས་ནི་ཁོ་རང་ཚོའི་འདོད་མོས་དང་དེ་དུས་ཀི་གནས་སྟངས་ནས་ཁ་གྲགས་ཀྱི་རེད་སྙམ།
བྲག་ཞོལ་སྤེན་པ་ཟེར་བ། མ་འོངས་བོད་མི་རིགས་ཀྱི་བདེ་དོན་ལ་ཐད་ཀར་འབྲེལ་བའི་སྐད་ཡིག་དང་ཆོས་ལུགས་གང་ལའང་མནོ་བསམ་གཏོང་མི་དགོས་པར། ཉིན་རེའི་འཚོ་བ་འཁྱོལ་ཙམ་ཞིག ལྷོད་དལ་སྡོད་རྒྱུ་བྱུང་ན་བསམ་པའི་མི་བུ་དེ་སྤྲེའུ་ཞིག་གི་ཀླད་རྒྱ་ཙམ་ལས་ཅི་ཡོད།
བོད་ཕྱི་ནང་གང་ཡིན་ན་ང་ཚོ་ཕན་ཚུན་རྒྱུས་ཡོད་རེད།བོད་ཀྱི་ས་གནས་ཁ་ཤས་ནང་བོད་ཡིག་ཁོ་ན་ལ་དོ་སྣང་ཡོད་པ་བདེན་པ་རེད།ཡིན་ནའང་།བོད་ཡུལ་བརྒྱ་ཆ་བརྒྱད་ཅུ་ཙམ་ནང་ཕ་མ་ཚོས་ཕྲུ་གུ་རྒྱ་ཡིག་སློབ་གྲྭར་གཏོང་གི་འདུག་ལ།དེའི་དམིགས་ཡུལ་ཀྱང་རྗེས་ཕྱོགས་ཕྲུ་གུའི་མདུན་ལམ་གྱི་ཆེད་ཡིན་པ་མངོན་གསལ་དོད་པོ་རེད། གནས་ཚུལ་དེ་ཚོ་བོད་ནང་ལ་དངོས་སུ་སོང་ནས་ལྟོས་དང་གསལ་པོ་ཤེས་ངེས་རེད་ལགས།བོད་ཕྱི་ནས་བོད་ནང་གི་ཆབ་སྲིད་དང་མ་འབྲེལ་བའི་གནས་ཚུལ་མང་པོ་ཅིག་ཆབ་སྲིད་ལ་བསྒྱུར་ཏེ་ཕར་བོད་ནང་འུར་འདྲོགས་བསླངས་ནས་བརྒྱུད་སྐུལ་བྱེད་ཀི་ཡོད་པ།དེ་འདྲའི་སྐབས་བོད་ནང་གི་མི་ཚོས་མུན་ནག་ནང་དུ་རེ་བ་ཅིག་འདུག་སྙམ་ནས་ཡར་ལངས་འདྲ་བརྒྱབ།རྒྱ་ནག་གཞུང་གིས་གནམ་གྱིས་ས་བཀབ་པ་ལྟ་བུའི་དྲག་གནོན་བྱེད་སྐབས།སུ་གང་གིས་བོད་ནང་གི་མི་ཚོ་སྐྱོབས་ཐུབ་མཁན་མེད་པ། ལར་བོད་ནང་གི་མི་ཚོའི་བྱེད་སྒོ་ཐམས་ཅད་ཆབ་སྲིད་ཡིན་རབས་ཀྱི་སྟག་སྐད་གཟིག་སྐད་ཚང་མ་ཕྱི་ནས་བརྒྱབ་ཏེ་རྒྱ་ནག་གཞུང་ལ་འདྲོགས་འགོ་སློང་མཁན་སུ་རེད།གནས་ཚུལ་དེ་ཚོ་བློ་གཟུ་བོར་གནས་མཁན་ཅིག་ཡིན་ན་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་རེད། ཡང་ཁ་ཤས་ནས་ཉིན་རེའི་འཚོ་བའི་བདེ་དོན་ལས་མི་བསམ་མཁན་དེ་དུད་འགྲོ་ནང་བཞིན་ལ་བརྩི་ཀི་འདུག་མོད།ཅི་ཁག་སྙིང་རྗེ།ཉམས་མྱོང་དང་དཔྱད་པ་མ་བྱས་པའི་གཏམ་རེད།ཞིབ་འདང་ཅིག་རྒྱོབ་དང་འཛམ་གླིང་ནང་མི་ཐེར་འབུམ་བདུན་ཡོད་པ་ལས་ཚང་མ་སོ་སོའི་སེམས་ལ་བདེ་སྐྱིད་འཐོབ་ཐབས་དང་ལུས་ལ་ལྟོ་གོས་ཆེད་མ་ཁོམ་པར་འདུར་རྒྱུགས་བྱེད་བཞིན་པ་དབང་པོའི་མངོན་གསུམ་རེད་པ། མིའི་ཉིན་རེའི་འཚོ་བའི་ནང་ལུས་སེམས་ལ་དཀའ་ངལ་མེད་པར་འཚོ་བ་ཞི་ལྷོད་ཡོང་རྒྱུ་ལས་ལྷག་གི་ཆོས་དང་རིག་གཞུང་ཞིག་འཚོལ་བ་ནི།རྣམ་དཔྱོད་ཅན་ཅིག་ཡིན་ན་རྩ་བ་བོར་ནས་ཡལ་ག་འཛིན་པ་རང་རེད་གྲོགས་པོ། དེང་སང་ཆབ་སྲིད་པ་ཁྲམ་པ་ཁ་ཤས་མ་གཏོགས་ཆེ་ས་ནས་དཔོན་པོ་མཐོ་ཚད་སོ་སོའི་འབངས་མིའི་འཚོ་བའི་བདེ་དོན་ཆེད་རྒྱུགས་ཀི་ཡོད་ཅིང་།ཆུང་ས་སྤྲང་པོ་ཚོ་ཚུན་ཚད་རང་གི་ནང་མིའི་བདེ་དོན་ཆེད་རྒྱུགས་བཞིན་པ་མིག་གཉིས་ཞ་ར་མིན་ན་མཐོང་ཆོས་མྱོང་གྱུར་རེད་ལགས།
ཡ་དྲ་གྲོགས་ཚོར་ད་ལས་ཀ་མེད་པ་འདྲ། གཞན་ལས་འགུལ་གང་སྤེལ་ཀྱང་རྩ་དོན་ཆེད་དུ་ཡིན་པར་ཕལ་ཆེར་ཐོ་ཚོམ་མེད་པ་འདྲ་པོ་རེད། གཅིག་བྱས་ན་ ད་ལྟའི་སྐབས་འདིར་ལས་འགུལ་སྤེལ་སྐབས། རྣ་འགྱུར་སྟོན་སྟང་དང་། སྐདཀྱི་སྒྲ་གདང་། གེའི་ཚིགས་སྦྱོར་ སོགས་ཀ་ཅ་ཚོའི་འདོད་པ་འཁེང་ན་ཕལ་ཆེར་འགྲིག་གི་ཡོད་པ་འདྲ། དེར་རྟེན་ལས་རིམ་གང་དང་གང་ཡིན་ཡང་ འགྲོ་སྟང་རྣམས་འདི་འདུ་སེ་རེད། དེ་འདྲ་མ་རེད་སོགས་རྫུབ་མོ་རིས་བསྟོན་བྱེད་ཐུབ་ན་མི་ལེགས་བསམ་ཡ་ད་མཚམས་འདིར་འཇོག་རྒྱུ་ཡིན་ནོ།།
ད་ལྟའི་དུས་འདིར་དེ་འདྲའི་དཀོན་མཆོག་ཅིག་ཡོད་ན། ངེས་པར་དུ་བོད་ནང་ལ་དགོས་གལ་ཤིན་ཏུ་ཆེ།
བཙན་བྱོལ་ནང་གི་བོད་མི་ཁྱོད་འདྲ་བས་བོད་མི་རིགས་ཀྱི་རིགས་གནས་དང་། ནང་པ་སངས་རྒྱས་ཀྱི་གཞུང་ལས་གསུངས་པའི་དཀོན་མཆོག་ལ་འདི་འདྲའི་བརྙས་བཅོས་ཆེན་པོ་ཞིག གཞིས་བཞུགས་བོད་མིས་མཐོང་ན་སེམས་ཁུངས་ནས་མཆི་མ་འཆོར་བ་འདུག བཙན་བྱོལ་བོད་རིགས་འདིས་ཉི་མ་གཅིག་བོད་ཀྱི་ནང་ཆོས་དང་། སྐད་ཡིག་འདི་གཙང་ཕྱགས་གཏོང་ས་རེད།
ཡ་ཡ་ཧ་གོ་བྱུང།
བོད་དོན་ལས་འགུལ་བསྟི་གནས་ཁང་ནས་ལས་འགུལ་གྱི་རྣམ་གྲངས་རྫོགས་པ་མིན་འགྲོ།
བོད་སྐད་དག་མ་ཞིག་བཤད་ཤེས་མི་འདུག ཨ་ཁ་ཁ། ད་དངོས་གནས་ཚར་འགྲོ་གི་འདུག
དངོས་གནས་སེམས་པ་སྐྱོ་བ་ལ། འཕགས་པ་སྤྱན་རས་གཟིགས། ༧གོང་༧སྐྱབས་མགོན་ཆེན་པོ། བོད་མི་རིགས་ཀྱི་ལས་དབང་ལ་གཟིགས་དང་། ང་ཚོའི་བཙན་བྱོལ་ནང་ཆོས་དང་རིགས་གཞུང་སྲུང་སྐྱོབ་ཟེར་བའི་མིང་ཚིག་སྙན་པོ་དེའི་འོག མི་རིགས་འདིའི་རིགས་གནས་དང་སྐད་ཡིག་བརླག་རན་འདུག ད་ངོ་མ་བརླག་རན་འདུག ད་ཅི་དྲག་རྒྱུ་རེད། བོད་མི་སེམས་ཡོད་རེ་ཟུང་གིས་བརྙན་ཕྲིན་འདི་མཐོང་ན་སེམས་ཁོངས་ནས་མིག་ཆུ་ཤོར་ས་རེད། བོད་དོན་ལས་འགུལ་ཁང་གི་འགུལ་སྐྱོད་དེ་དེ་འདྲའི་འགུལ་སྐྱོད་སྟབས་བདེ་ཞིག བོད་ནང་མི་རིགས་དང་། སྐད་ཡིག་གི་དོན་ལུས་སྲོག་ལོངས་སྤྱོད་དོན་བློས་བཏང་བྱས་པའི་དཔའ་བོ་ཕོ་མོ་དེ་ཚོ་ལ་ངོ་གནོངས་དགོས་པ་འདུག ད་ཡིན་ན་ཅི་དྲག
གོང་ས་
དོན་དུ་
ལོངས་སྤྱོད་བློས་བཏང་
སྔོ་ལོ་ལང་ནས་ཕྱར་འདུག
འོ་་་་་་་་ཆེད་ལས་བ་ཞིག་གི་གོམ་ཁ་བསྙེག་གིས་ཡོད་བསམ་ན་ད་རུང་གོར་ཐིག་རེད།
ལགས།
བོད་སྐད་གཙང་མ་ཞིག་བསྐྱོན་ཤེས་ཀྱིན་མི་འདུག ཤ་ཚ་མི་རིགས་དང་སྐད་ཡིག་འཕྲོག་བརླག་བཟོ་མཁན་ཞིག་རེད་འདུག
བོད་ཀྱི་སྐད་ཡིག་ལ་ཤུགས་ཤིག་མ་རྒྱབ་ན་ནམ་ཞིག་བོད་ལ་རང་དབང་ཐོབ་དུས་དབྱིན་སྐད་དང་རྒྱ་སྐད་བཤད་དགོས་པའི་དུས་ཤིག་ཤར་ཚེ་བོད་པའི་མིང་ཙམ་ལས་མ་ལྷག་པ་རེད། དེ་འདྲའི་རང་དབང་ཞིག་གིས་དགོས་པ་འདུག་གམ།
བརྙན་འཕྲིན་འདི་ནུབ་ཕྱོགས་སུ་གནས་པའི་བོད་རིགས་གཞོན་སྐྱེས་ཚོས་བོད་སྐད་བཤད་སྟངས་ཀྱི་དཔེ་མཚོན་ལེགས་པོ་ཞིག་རེད།
རྩ་བའི་དམིགས་ཡུལ་དང་ཀུན་སློང་བཟང་པོ་ཞིག་ལ་ངོས་འཛིན་བྱེད་ཆོག ཡིན་ནས་སྐད་ཆ་་དང་ཚིག་བེད་སྤྱོད་གཏོང་སྟངས་ལ་རྗེས་སུ་གཟབ་གཟབ་བྱེད་རྒྱུ་གལ་ཆེའོ།།
བོད་མི་ཚོའི་ཉིན་རེའི་དཀའ་ངལ་སེལ་རྒྱུ་དང་རང་དབང་བག་ཕེབས་ཀྱི་གནས་དུས་ཤིག་ཡོང་རྒྱུ་གལ་ཆེ་ཡིན་པ་མ་གཏོགས།འབྱུང་འགྱུར་བོད་མིས་སྐད་ཡིག་གང་འདྲ་ཅིག་བེད་སྤྱོད་དང་ཆོས་གང་ལ་དད་མིན་སོགས་ནི་ཁོ་རང་ཚོའི་འདོད་མོས་དང་དེ་དུས་ཀི་གནས་སྟངས་ནས་ཁ་གྲགས་ཀྱི་རེད་སྙམ།
སྒྱུ་རྩལ་གྱི་ཉམས་སྣང་མེད་ཁར་སྐད་ཆ་ཡང་ར་མ་ལུག་ལྟ་བུ་རེད་འདུག
བྲག་ཞོལ་སྤེན་པ་ཟེར་བ། མ་འོངས་བོད་མི་རིགས་ཀྱི་བདེ་དོན་ལ་ཐད་ཀར་འབྲེལ་བའི་སྐད་ཡིག་དང་ཆོས་ལུགས་གང་ལའང་མནོ་བསམ་གཏོང་མི་དགོས་པར། ཉིན་རེའི་འཚོ་བ་འཁྱོལ་ཙམ་ཞིག ལྷོད་དལ་སྡོད་རྒྱུ་བྱུང་ན་བསམ་པའི་མི་བུ་དེ་སྤྲེའུ་ཞིག་གི་ཀླད་རྒྱ་ཙམ་ལས་ཅི་ཡོད།
བོད་ཕྱི་ནང་གང་ཡིན་ན་ང་ཚོ་ཕན་ཚུན་རྒྱུས་ཡོད་རེད།བོད་ཀྱི་ས་གནས་ཁ་ཤས་ནང་བོད་ཡིག་ཁོ་ན་ལ་དོ་སྣང་ཡོད་པ་བདེན་པ་རེད།ཡིན་ནའང་།བོད་ཡུལ་བརྒྱ་ཆ་བརྒྱད་ཅུ་ཙམ་ནང་ཕ་མ་ཚོས་ཕྲུ་གུ་རྒྱ་ཡིག་སློབ་གྲྭར་གཏོང་གི་འདུག་ལ།དེའི་དམིགས་ཡུལ་ཀྱང་རྗེས་ཕྱོགས་ཕྲུ་གུའི་མདུན་ལམ་གྱི་ཆེད་ཡིན་པ་མངོན་གསལ་དོད་པོ་རེད།
གནས་ཚུལ་དེ་ཚོ་བོད་ནང་ལ་དངོས་སུ་སོང་ནས་ལྟོས་དང་གསལ་པོ་ཤེས་ངེས་རེད་ལགས།བོད་ཕྱི་ནས་བོད་ནང་གི་ཆབ་སྲིད་དང་མ་འབྲེལ་བའི་གནས་ཚུལ་མང་པོ་ཅིག་ཆབ་སྲིད་ལ་བསྒྱུར་ཏེ་ཕར་བོད་ནང་འུར་འདྲོགས་བསླངས་ནས་བརྒྱུད་སྐུལ་བྱེད་ཀི་ཡོད་པ།དེ་འདྲའི་སྐབས་བོད་ནང་གི་མི་ཚོས་མུན་ནག་ནང་དུ་རེ་བ་ཅིག་འདུག་སྙམ་ནས་ཡར་ལངས་འདྲ་བརྒྱབ།རྒྱ་ནག་གཞུང་གིས་གནམ་གྱིས་ས་བཀབ་པ་ལྟ་བུའི་དྲག་གནོན་བྱེད་སྐབས།སུ་གང་གིས་བོད་ནང་གི་མི་ཚོ་སྐྱོབས་ཐུབ་མཁན་མེད་པ།
ལར་བོད་ནང་གི་མི་ཚོའི་བྱེད་སྒོ་ཐམས་ཅད་ཆབ་སྲིད་ཡིན་རབས་ཀྱི་སྟག་སྐད་གཟིག་སྐད་ཚང་མ་ཕྱི་ནས་བརྒྱབ་ཏེ་རྒྱ་ནག་གཞུང་ལ་འདྲོགས་འགོ་སློང་མཁན་སུ་རེད།གནས་ཚུལ་དེ་ཚོ་བློ་གཟུ་བོར་གནས་མཁན་ཅིག་ཡིན་ན་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་རེད།
ཡང་ཁ་ཤས་ནས་ཉིན་རེའི་འཚོ་བའི་བདེ་དོན་ལས་མི་བསམ་མཁན་དེ་དུད་འགྲོ་ནང་བཞིན་ལ་བརྩི་ཀི་འདུག་མོད།ཅི་ཁག་སྙིང་རྗེ།ཉམས་མྱོང་དང་དཔྱད་པ་མ་བྱས་པའི་གཏམ་རེད།ཞིབ་འདང་ཅིག་རྒྱོབ་དང་འཛམ་གླིང་ནང་མི་ཐེར་འབུམ་བདུན་ཡོད་པ་ལས་ཚང་མ་སོ་སོའི་སེམས་ལ་བདེ་སྐྱིད་འཐོབ་ཐབས་དང་ལུས་ལ་ལྟོ་གོས་ཆེད་མ་ཁོམ་པར་འདུར་རྒྱུགས་བྱེད་བཞིན་པ་དབང་པོའི་མངོན་གསུམ་རེད་པ།
མིའི་ཉིན་རེའི་འཚོ་བའི་ནང་ལུས་སེམས་ལ་དཀའ་ངལ་མེད་པར་འཚོ་བ་ཞི་ལྷོད་ཡོང་རྒྱུ་ལས་ལྷག་གི་ཆོས་དང་རིག་གཞུང་ཞིག་འཚོལ་བ་ནི།རྣམ་དཔྱོད་ཅན་ཅིག་ཡིན་ན་རྩ་བ་བོར་ནས་ཡལ་ག་འཛིན་པ་རང་རེད་གྲོགས་པོ།
དེང་སང་ཆབ་སྲིད་པ་ཁྲམ་པ་ཁ་ཤས་མ་གཏོགས་ཆེ་ས་ནས་དཔོན་པོ་མཐོ་ཚད་སོ་སོའི་འབངས་མིའི་འཚོ་བའི་བདེ་དོན་ཆེད་རྒྱུགས་ཀི་ཡོད་ཅིང་།ཆུང་ས་སྤྲང་པོ་ཚོ་ཚུན་ཚད་རང་གི་ནང་མིའི་བདེ་དོན་ཆེད་རྒྱུགས་བཞིན་པ་མིག་གཉིས་ཞ་ར་མིན་ན་མཐོང་ཆོས་མྱོང་གྱུར་རེད་ལགས།
ཡ་དྲ་གྲོགས་ཚོར་ད་ལས་ཀ་མེད་པ་འདྲ། གཞན་ལས་འགུལ་གང་སྤེལ་ཀྱང་རྩ་དོན་ཆེད་དུ་ཡིན་པར་ཕལ་ཆེར་ཐོ་ཚོམ་མེད་པ་འདྲ་པོ་རེད། གཅིག་བྱས་ན་
ད་ལྟའི་སྐབས་འདིར་ལས་འགུལ་སྤེལ་སྐབས། རྣ་འགྱུར་སྟོན་སྟང་དང་། སྐདཀྱི་སྒྲ་གདང་། གེའི་ཚིགས་སྦྱོར་
སོགས་ཀ་ཅ་ཚོའི་འདོད་པ་འཁེང་ན་ཕལ་ཆེར་འགྲིག་གི་ཡོད་པ་འདྲ། དེར་རྟེན་ལས་རིམ་གང་དང་གང་ཡིན་ཡང་
འགྲོ་སྟང་རྣམས་འདི་འདུ་སེ་རེད། དེ་འདྲ་མ་རེད་སོགས་རྫུབ་མོ་རིས་བསྟོན་བྱེད་ཐུབ་ན་མི་ལེགས་བསམ་ཡ་ད་མཚམས་འདིར་འཇོག་རྒྱུ་ཡིན་ནོ།།