བོན་རྒྱ་བསྟན་འཛིན་རབ་རྒྱས།
རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་ཚོགས་འདུ་ཐེངས་དང་པོ་དེ་ ༡༩༨༧ ལོར་བཞུགས་སྒར་རྡ་རམ་ས་ལར་འཚོགས་ཡོད། ཐེངས་གཉིས་པ་ ༡༩༩༢ ལོར་ཨི་ཊ་ལིར་འཚོགས་ཡོད། ཐེངས་གསུམ་པ་དེ་ཟླ་བ་འདིའི་ཚེས་ ༩ ནས་ ༡༤ བར་ཨ་རིའི་ནིག་ཡོག་གི་ Columbia University ནང་འཚོག་ལ་ཉེ་ཞིང་། ཐེངས་འདིའི་ཚོགས་འདུར་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྐོར་གྱི་མཁས་པ་དང་ཉམས་ཞིབ་པ། དགེ་རྒན། རྩོམ་སྒྲིག་པ། ཡིག་སྒྱུར་བ་སོགས་མི་གྲངས་དགུ་བཅུར་ཉེ་བ་ཚོགས་འཛོམས་གནང་གི་ཡོད་པ་རེད་འདུག
ད་རེས་ཀྱི་ཚོགས་འདུའི་སྐབས། སྐད་ཡིག་དང་ནུས་པ། རྩོམ་འབྲི། སྐད་ཡིག་གི་འགྱུར་བ་གསར་པ། རིག་རྩལ་རིན་ཐང་སྲུང་སྐྱོབ། བརྡ་ཆད་དང་ཐ་སྙད་གཅིག་གྱུར། གཅེས་ནོར་བསྟན་བཅོས་ཉར་ཚགས། བོད་ཀྱི་སྐད་ཡིག་སྐད་ཡིག་དང་པོའི་ངོ་བོ་ནས་སློབ་ཁྲིད་བྱ་སྟངས། བོད་ཀྱི་སྐད་ཡིག་སྐད་ཡིག་གཉིས་པའི་ངོ་བོ་ནས་སློབ་ཁྲིད་བྱ་སྟངས། རྩོམ་སྒྲིག་བྱེད་སྟངས། བརྡ་སྤྲོད། ཚིག་མཛོད་དང་དག་ཡིག་གི་སྐོར་སོགས་ནས་གླེང་རྒྱུ་ཡིན་པ་གསལ་འདུག ཞིབ་ཕྲའི་གནས་ཚུལ་ཤེས་འདོད་པ་དག་གིས་དྲ་ཚིགས་ཁ་བྱང་ http://www.languageconference.org འདི་ལ་གཟིགས་དང་དེར། མཁས་པ་དང་ཉམས་ཞིབ་པ། དགེ་རྒན་སུ་དང་སུ་དག་ཕེབས་ཀྱི་ཡོད་པ་དང་། དེ་དག་གིས་བརྗོད་གཞི་གང་ཞིག་གླེང་རྒྱུ་ཡིན་པ་བཅས་གསལ་པོར་བཀོད་འདུག
དྲ་ཚིགས་ཀྱི་སྒྲོམ་གཞི་དབྱིན་ཡིག་སྟེང་ན་ཡོད་རུང་ཚོགས་འདུའི་ལས་རྟགས་དང་། གཞས་ཀྱི་དགོང་ཚོགས་ཟེར་བའི་ཁྱབ་བསྒྲགས་སྟེང་ན་བོད་ཡིག་གི་ཡིག་འབྲུ་འགའ་རེ་མཐོང་རྒྱུ་མཇལ་རྒྱུ་འདུག ད་དུང་ཡིག་ནོར་རེ་ཡང་མཐོང་གི་འདུག འདི་ཡང་དྲ་གྲོགས་ཚོའི་བསོད་ནམས་དང་བོད་ཡིག་གི་ལས་དབང་ལོས་ཡིན་སྙམ་པ་ཞིག་རེད། གང་ལྟར་དོ་སྣང་བྱེད་མཁན་ཚོས་http://www.languageconference.org/www/content/webcast འདི་ལ་གནོན་དང་། ཚོགས་འདུའི་སྐོར་དུས་ཐོག་ཏུ་བལྟ་ཉན་ཐུབ་ཀྱི་ཡོད་པ་རེད་འདུག
ཡ་ཡ། ཧྲ་གི ཧྲ་གི
ཡང་ད་རེས་གྲགས་ཅན་རྩོམ་པ་པོ་དང་མཁས་དབང་ག་ཚོད་ཀྱི་ཕྱི་སྐྱོད་ལག་འཁྱེར་བོར་བརླག་འགྲོ་གི་ཡོད་ནཱ།།
བོད་མིའི་ལ་རྒྱ་ཤིན་ཏུ་ཟབ་པའི་བཙན་བྱོལ་ཁྲོད་ཀྱི་ཤར་ཕྱོགས་སུ་གནས་པའི་རྩོམ་པ་པོ་རྣམས་ཚོགས་འདུ་གྲོལ་རྗེས་མི་ཀྱུས་མའི་རིན་ཐང་ཡང་བརླག་ཉེན་ཆེ་བས་ཚོགས་ཐེངས་
རྗེས་མའི་སྐུ་འགྲོན་རྣམས་ལའང་བོད་མིའི་གཞུང་དྲང་གི་རིན་ཐང་ཅུང་ཙམ་འཇོག་
ཐུབ་པ་གནང་རོགས་གནང་།། དེ་མིན་སྐབས་རྗེས་མའི་སྐུ་འགྲོན་དང་ཚོགས་བཅར་བ་རྣམས་ལ་མཐོངས་ཆེན་རག་ཐབ་
བྲལ་བས་མཐོངས་ཆེན་ཚང་མ་མཉམ་དུ་མ་བཞེས་རོགས་གནང་ཞེས་ནན་ཞུ་བྱ་རྒྱུ་ཡིན།
ང་ལ་ཐེངས་འདིར་ཚོགས་འདུ་དེར་ཞུགས་རྒྱུའི་ཤེས་ཡོན་གྱིས་ལྡེང་མ་སོང་།
བོད་ཀྱི་སྐད་ཡིག་གི་ཚོགས་འདུ་འཚོག་ན། རེ་མིག་དང་བརྡ་ཁྱབ་དབྱིན་ཡིག་གིས་སྤེལ་དགོས་པ་ཨེ་རེད། ངོ་མ་མགོ་འཐོམ་སོང་། ཚོགས་འདུའི་སྒྲོགས་སྦྱོང་སོགས་ཀྱང་ཕལ་ཆེར་དབྱིན་སྐད་ཡིན་རྒྱུ་རེད་པ།
ཁྱེད་ཀྱི་ སྐད་ཡིག་ནི་ ངའི་ གླུ་དབྱངས་ ཡིན་ཡང་། ངའི་ སྐད་ཡིག་ འདི་ ཁྱེད་ཀྱི་ གླུ་དབྱངས་ རེད་པེ། རེད་དང་ ཡིན་ལ་ ཁྱད་པར་ མེད་དམ། བོན་རྒྱ་ལགས།
གཞོན་སྐྱེས་མཁས་པ་བོན་རྒྱ་ལགས་ནས་གནས་ཚུལ་ཡག་པོ་མཁོ་སྤྲོད་གནང་འདུག་ཐུགས་རྗེ་ཆེ་ཞུ།
བོད་སྐྱོབ་དགོས་ན་ཐོག་མཐའ་བར་གསུམ་དུ་བོད་ཡིག་ལ་སྐྱབས་བཅོལ་དགོས། སུ་ཞིག་བོད་ཡིག་ལ་སྐྱབས་ན་དེ་ནམ་ཡང་གཞན་དུ་མི་འགྱུར། ཆེས་གལ་ཆེ་བ་དེ་མི་རིགས་ཀྱི་རིག་གཞུང་ཡིན། རིག་གཞུང་དེ་མི་རིགས་ཀྱི་སྲོག་རྩ་ཡིན། ས་ཆ་ཤོར་ན་ཡང་རིག་གཞུང་མ་ཤོར་བ་བྱེད་དགོས། བོད་མི་རེ་རེའི་ལུས་ངག་ཡིད་གསུམ་ལ་རང་གི་རིག་གཞུང་ཡོད་ན། ད་གཟོད་བོད་མི་རིགས་ཟེར་བ་དེ་ནམ་ཡང་འཆི་མེད་རྒས་མེད་ཀྱི་འཛམ་གླིང་མི་རིགས་ཀྱི་གཙུག་རྒྱན་དུ་གནས་ཐུབ། དེས་ན་དགོན་སྡེ་དང་སློབ་གྲྭ་ཁག་ནི་ང་ཚོས་ཆེས་གལ་ཆེར་འཛིན་དགོས་པ་དེ་ཡིན།
དེ་བས་ཚོགས་ཆེན་འདི་རིགས་ཧ་ཅང་གལ་ཆེན་རེད། ཡི་རང་ཞུ། ཕན་ཐོགས་པར་སྨོན།
བོད་སྐྱོབ་དགོས་ན་ཐོག་མཐའ་བར་གསུམ་དུ་བོད་ཡིག་ལ་སྐྱབས་བཅོལ་དགོས། སུ་ཞིག་བོད་ཡིག་ལ་སྐྱབས་ན་དེ་ནམ་ཡང་གཞན་དུ་མི་འགྱུར། ཆེས་གལ་ཆེ་བ་དེ་མི་རིགས་ཀྱི་རིག་གཞུང་ཡིན། རིག་གཞུང་དེ་མི་རིགས་ཀྱི་སྲོག་རྩ་ཡིན། ས་ཆ་ཤོར་ན་ཡང་རིག་གཞུང་མ་ཤོར་བ་བྱེད་དགོས། བོད་མི་རེ་རེའི་ལུས་ངག་ཡིད་གསུམ་ལ་རང་གི་རིག་གཞུང་ཡོད་ན། ད་གཟོད་བོད་མི་རིགས་ཟེར་བ་དེ་ནམ་ཡང་འཆི་མེད་རྒས་མེད་ཀྱི་འཛམ་གླིང་མི་རིགས་ཀྱི་གཙུག་རྒྱན་དུ་གནས་ཐུབ། དེས་ན་དགོན་སྡེ་དང་སློབ་གྲྭ་ཁག་ནི་ང་ཚོས་ཆེས་གལ་ཆེར་འཛིན་དགོས་པ་དེ་ཡིན།
དེ་བས་ཚོགས་ཆེན་འདི་ཡང་ཧ་ཅང་གལ་ཆེན་རེད། ཡི་རང་ཞུ། ཕན་ཐོགས་ཡོང་བར་སྨོན།།
ཨ་ལགས་ཀླུ་སྨྱོན་ལགས་༼ང་ལ་ཐེངས་འདིར་ཚོགས་འདུ་དེར་ཞུགས་རྒྱུའི་ཤེས་ཡོན་གྱིས་ལྡེང་མ་སོང་།༽ལབ་ན་ག་རེ་ཟེར་གི་ཡོད་པ་རེད། སུ་ཞིག་ལ་ཏེངས་འདིར་ཚོགས་འདུ་དེར་ཞུགས་རྒྱུའི་ཤེས་ཡོན་གྱིས་ལྡེང་ཡོད་པ་རེད། ལྡེང་དང་མི་ལྡེང་དེ་སུས་ཐུག་བཅད་པ་རེད། ཐག་གཅོད་པ་པོ་ཞིག་ཡོད་ན། དེའི་ཤེས་ཡོན་གྱི་ཚད་གང་འདྲ་རེད། དྲི་བ་རྫོགས་མེད་ཅིག་གིས་ཨ་ལགས་ཀླུ་སྨྱོན་ལགས་ཀྱི་གསལ་བཤད་ཚིག་ཕྲེང་གཅིག་འདི་བསྔོགས་ཀྱང་ལན་མ་རྙེད།
ཨོ་ད་ཤེས་སོང་། ཕལ་ཆེར་མཁས་པ་རྩེར་སོན་རྩོམ་པ་ཕུལ་བྱུང་ཁྱུ་གཅིག་གདན་འདྲེན་ཞུས་ཡོད་པ་རེད་འདུག ད་ཐེངས་མཁས་པ་དང་རྩོམ་པ་ཚོས་བྱས་རྗེས་ཟེར་ན་འདི་ཟེར་བ་ཞིག་སྟོན་གི་རེད། གྲུབ་རྟགས་ཟེར་ན་འདི་ཟེར་བའི་རྡོག་རྡོག་ཅིག་བཤད་ཀི་རེད། ཡག་པོ་རེད།
རོལ་ཚོག་མ་རེད་རོལ་ཚོགས་རེད། ད་རེས་ཚོགས་ཞུགས་པ་ཚོས་དག་ཆའི་ནོར་འཁྲུལ་འདི་ནས། བོད་ནང་ནས་ཕེབས་མཁན་ཚོས་བདེ་འཇགས་རྐང་ཚའི་བར་གླེང་བ་དང་། རྒྱ་གར་ནང་ནས་ཕེབས་མཁན་ཚོས་བོད་ཀྱི་དུས་བབ་བར་གླེང་ངེས་རེད། ཡིག་ནོར་ཟེར་བ་འདི་རྒྱ་ཡན་དུ་བཏང་ན། སྐད་ཡིག་ཉམས་རྒུད་ཀྱི་བྱེད་གཏེ་ཆགས་ཀྱི་ཡོད། ཚོགས་ཞུགས་པ་ཚོས་སྐད་ཡིག་ཡར་རྒྱས་སྐོར་གླེང་གི་ཡོད་ཀྱི་རེད། དགའ་བསུ་ཡོད།
Susanna Zaraysky ཡི་དེབ་བྱང་ཞེས་པ་འདིར་བླངས་ནས།Music་གླུ་དབྱངས་ལ་བསྒྱུར་བ་ནི་རན་པོ་མི་འདུག་ལ་དོན་གྱིས་ཀྱང་གོ་བ་ལོགས་སུ་གྱུར་འདུག
ཡོངས་གྲགས་བཞིན་Music་རོལ་དབྱངས་སམ་སྒྲ་དབྱངས་ལ་ཅིའི་ཕྱིར་མ་བསྒྱུར་བ་ཡིན་ནམ།
སྐད་ཡིག་ནི་གླུ་དབྱངས་ཡིན་ཞེས་པར་གོ་རྒྱུ་ཆེར་མེད་ཁར་Susanna Zaraysky་ཡིས་Language is Musicགསུངས་པ་ཅི་ཞིག་ལ་ཟེར་གྱི་ཡོད་པ་མ་གོ་བའི་བཟོ་ཞིག་ཀྱང་མཐོང་གིན་འདུག
ཐེངས་འདིའི་ཚོགས་འདུའི་ཟུར་སྙན་གྱི་གྲས་སུ་མིང་ཐོ་བཀོད་ཡོད།
ཀླུ་སྨྱོན་ཧེ་རུ་ལ་ལེགས།
ང་ལ་ཐེངས་འདིར་ཚོགས་འདུ་དེར་ཞུགས་རྒྱུའི་ཤེས་ཡོན་གྱིས་ལྡེང་མ་སོང་། ཞེས་པར་བློ་ཕམ། འདི་ནི་ལྡང་བ་ལ་ལྡེང་ཞེས་པ་སོགས་ཁ་སྐད་གཙོ་བོར་འཛིན་པའི་འབྲས་བུར་སྣང་། བོད་རིག་གཞུང་སྐད་ཀྱི་དག་ཆ་གཙོ་བོར་འཛིན་ན། ཁྱེད་ལྟ་བུ་བོད་སྐད་རྩོམ་ཡིག་འབྲི་བ་ལ་ཐོགས་རྡུགས་མེད་པས་བོད་སྐད་རྩོམ་ཡིག་འབྲི་བ་ལ་དགོངས་འཆར་གྱི་སྐྱེས་བཟང་སྦྱིན་པར་ཐེ་ཚོམ་ག་ལ་དགོས། རྒྱ་གར་ནས་འབྱོར་མ་ཐག་པས་ངལ་བ་དང་གཉིད་མ་སངས་ངང་ནས་བྲིས་པར་ནོར་བ་དག་ལ་ཞུས་དག་མཛོད་ཅིག
ཀླུ་སྨྱོན་ལགས་ཀྱིས་གདང་འདང་ཞེས་འབྲི་བགྱིད་ཡོད་པ་ལ། འདི་རིང་མཆན་བུ་གསུམ་པར་ལྡེང་ཞེས་བྲིས་འདུག སང་ཉིན་ལྡང་ཞེས་འབྲི་བགྱི་ཡིན་པེ། འདང་ལྡེང་ལྡང་དོན་གཅིག་ཡིན་ནམ་ཀླུ་སྨྱོན་ལགས།
ཡང་ན་དོན་ཐ་དད་དུ་ཡིན་པ་ཁུངས་བསྐྱལ་གནོངས་དང་། རྒན་འཇམ་དཔལ་ལགས། ཧ་ཧ་སྐུ་རྩེད་དང་བཅས་འདྲི་འདོད་བྱུང་ལགས།
ད་ཐེངས་ཀྱི་རྒྱལ་སྤྱིའི་བོད་སྐད་འཚོགས་ཐོག་ན་མཁས་པ་མང་པོ་མི་འདུག འབྲེལ་བ་མང་པོ་མང་པོ་འདུག རྩིས་དང་ཤེས་གསལ་རེད།
ཀརྡོ་རབ་འབྱམས་པ་ལེགས།
ལྡང་ནི། སྤྱོད་འཇུག་ན།
དེ་སྙེད་ཀོ་བས་ག་ལ་ལང་།
ཞེས་པ་དེ་ཟུར་མ་ཆག་པར་འདོན་པ་མངོན་སུམ་ཚད་མས་གྲུབ། ལྡེང་ནི། བདག་གིས་དབུས་གཙང་སོགས་ཀྱིས་ཨ་ཡིག་ཨེ་ཡིག་ཏུ་འབོད་ཅེས་ལན་དུ་མར་བྲིས་པ་ལས་མཁྱེན་ངེས། འདང་བ་ནི། སངས་པའམ་རྙོག་པ་མེད་པར་བྱེད་པའི་དོན་ཏེ། དེ་ཡི་འདས་མ་འོངས་སྨོན་ཚིག་བཅས་ནི་རིམ་བཞིན། དྭངས། དང་། དྭངས། ཞེས་པར་འགྱུར། དེ་ཡང་། བྱང་སེམས་སྤྱོད་ཡུལ་ལམ་བདེན་པ་པོའི་ལེའུ་ལས།
དཔེར་ན་ནོར་བུ་ཆབ་འདང་བ།
ཤིན་ཏུ་རྣམ་དག་ཆུ་འདང་བགྱིད།
དེ་བཞིན་དྲང་སྲོང་ཐུགས་དག་པ།
སྐྱེ་བོའི་རྙོག་པ་དང་བར་མཛད།། ༤༠ །། ལེའུ་ ༩ པ།
བོད’ཀྱི’སྐད’ཡིག’ནི’སྦྲང’རྩིའི’སྦྲང’ཤུན’འདྲ།། བོད’བརྒྱུད’ནང’བསྟན’ནི’ནང’གི’སྦྲང’རྩི’འདྲ།།
སྦྲང’རྩིའི’བྲོ’བ’ནི’ངེས’པར’མྱོང’འདོད’ན།། བོད’བརྒྱུད’ནང’བསྟན’ལ’མ’སྦྱང’ཐབས’མི’འདུག
‘དེ’རིང’གི’ཉིན’མོ’འདི’ནི’
རྒྱལ’བ’ཡེ’ཤེས’ནོར’བུ’ལ’ནོ’སྦེལ’ཞི’བདེ’གཟེངས’རྟགས’ཕུལ’བའི’ཉིན’མོ’ཡིན’པས།
ཞི’བདེ’ལ’དགའ’བའི’འཛམ’གླིང’མི’མང’ཡོངས’ཀྱིས’
‘དུས’དྲན’སྲུང’བརྩི’ཞུ། ཨ’ཙི’དེ’རིང’ཡང’རྒྱ’དམར’གཞུང’གིས’བོད’ནང’གི’བོད’མི’
རྣམས’ལ’དམ’བསྒྲགས’བྱེད’ཀྱིན’ཡོད’པར’ཐག’གི’ཆོད།
བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་ད་རེས་སྐད་ཡིག་ཚོགས་འདུའི་སྐོར་བཀོད་པ་དང་། དག་ཆའི་ནོར་འཁྲུལ་གསལ་སྟོན་གནང་བ་ཐུགས་རྗེ་ཆེ། ད་དུང་སྐད་ཡིག་ཚོགས་འདུ་གཙོ་སྐྱོང་བ་ཚོས་དག་བཅོས་གནང་འདུག་པའང་ཐུགས་རྗེ་ཆེ། མདོར་ན་ཕྱོགས་གཉིས་ཀར་ཐུགས་རྗེ་ཆེ།
ཚོགས་འདུའི་སྐོར་གྱི་གནས་ཚུལ་གསར་བ་དུས་ཐོག་ཏུ་གཏོང་མཁན་རེ་ཡོད་ན་ཤིན་ཏུ་ལེགས། འདིའི་སྐོར་ཤེས་འདོད་བྱེད་མཁན་དོ་སྣང་ཅན་མང་།
༡༥༽ ལ་དྭགས་བློ་བཟང་འཇམ་དཔལ་ནས།
དེ་སྙེད་ཀོ་བས་ག་ལ་༼ལྡང༽ལང་། ཞེས་དང་།
ལྡེང་ནི།
བདག་གིས་དབུས་གཙང་སོགས་ཀྱིས་ཨ་ཡིག་ཨེ་ཡིག་ཏུ་འབོད་པས་ནོར་བ་གསུངས་འདུག
འདང་བ་ནི།
རྙོག་ཆུ་འདང་བ་ལ་གོ་བ་སོགས་གོ་དོན་སོ་སོར་ཡིན་པའི་བློ་བསྐྱེད་གནང་བར་བཀའ་དྲིན་ཆེ་ལགས།
ཀླུ་སྨྱོན་ལགས་ཁྱེད་ཐེངས་འདིར་ཚོགས་འདུ་དེར་ཞུགས་རྒྱུའི་ཤེས་ཡོན་གྱིས་ལྡེང་མ་སོངམ་རེད། སྐུ་ཞབས་པདྨ་འབུམ་ལགས་ཀྱིས་དྲན་པ་བརྗེད་སོང་བ་མིན་ནམ།