ཤར་ཕྱོགས་ཁུག་རྟ།
སྲིད་བྱུས་ཉམས་ཞིབ་ཁང་ནི་བཀའ་བློན་ཁྲི་པ་གསར་པས་འོས་བསྡུའི་སྐབས་ནས་བཏོན་པའི་ལས་འཆར་སྙིང་རྗེ་ཤོས། ཤེས་ཡོན་ཡོད་མེད་ཀུན་གྱིས་དོ་སྣང་བྱེད་ས། རྒྱ་གར་བོད་མི་དང་ཕྱི་གླིང་བོད་མི་ཚོས་མིག་གིས་གང་ཆགས་ལྟ་ན་འདོད་ས་དེ་ཡིན་པ་ནི་ཡོངས་གྲགས་ཡིན་ལ། དེ་དང་འབྲེལ་ནས་རྒྱ་གར་བོད་མི་ཤེས་ཡོན་པའི་སྡེ་ནས་སྲིད་བྱུས་ཉམས་ཞིབ་ཁང་དེ་ལ་བློས་བསླངས་སྣ་ཚོགས་པ་ཞིག་བྱས་ཡོད། དེ་བཞིན་ཕྱི་གླིང་བོད་མི་ཚོས་ཀྱང་གུང་གསེང་དང་སྟབས་བསྟུན་ནས་གངས་ཅན་སྐྱིད་གཤོངས་སུ་ཉམས་མྱོང་བསགས་ཡུལ་དང་། སྲི་ཞུ་སྒྲུབ་ས་གཉིས་ཀ་ཡོད་པའི་ཁོག་རྩིས་ཀྱང་གང་འཚམས་རྒྱབ་མྱོང་བ་རེད། དེ་ལས་གཞན་ཞིག་ནི་བཀའ་ཁྲི་གོང་མ་མཁས་པ་ངོ་མ་སློབ་དཔོན་ཟོམ་གདོང་རིན་པོ་ཆེའི་ལས་རྒྱུན་རིང་། རྒྱ་གར་དང་ཕྱི་གླིང་གི་བོད་མི་ཤེས་ཡོན་ཅན་ཚོར་འབྲེལ་འདྲིས་བྱ་ཕྱོགས་ཀྱི་སྲིད་བྱུས་ལའང་སྐད་ཆ་རེ་འགའ་བྱུང་ཡོད། ཡིན་ནའང་། གངས་སེང་གི་ངར་སྐད་གངས་རིའི་རྩེ་ནས་གྲགས་པ་དང་འདྲ་བའི་སྲིད་བྱུང་ཉམས་ཞིབ་ཁང་གང་དེའང་མདོར་དེད་ན་ཁྲལ་སྒྲུབ་ཁང་ལྟ་བུ་ཞིག་གི་ལམ་དུ་ཆས་ཤིང་། གངས་སེང་གི་ངར་སྐད་འདམ་སེང་གི་ཧང་སྒྲར་གྱུར་མིན་ཡང་ཆ་མ་འཚལ་བ་ལྟ་བུ་ཞིག་ནི་འདུག་ཀྱང་།
རང་གི་གཞི་རིམ་མི་མང་ལ་ལས་འབྲས་དཔང་དུ་བཞག་ནས་ཁྲལ་སྒྲུབ་ཁང་དེ་ངོ་སྤྲོད་ཐན་ཐཱན་ཞིག་བྱེད་ན་འདོད་བྱུང་། དེའང་། གོང་དུ་ཅི་སྐད་སྤྲོས་པ་བཞིན། སྲིད་བྱུས་ཉམས་ཞིབ་ཁང་འཇིག་རྟེན་འདིར་འབྱོན་ལ་ཉེ་དུས། དེ་ནི་བཀའ་ཁྲི་གསར་པ་འདི་དང་དེ་མིན་རིམ་བསྟུད་དུ་ཕེབས་རྒྱུའི་བཀའ་ཁྲིའི་ཤག་གི་ཆབ་སྲིད་ཀྱི་བློ་འདྲི་བྱེད་ས་དང་། རྒྱལ་སྤྱི་དང་རྒྱ་ནག དེ་བཞིན་ཨེ་ཤ་ཡ་དང་བཅས་པའི་ཆབ་སྲིད་ཀྱི་གནམ་ངོ་ཡག་བཙོག་ནས་བོད་གཞུང་གི་གནས་བབ་གང་དུ་ཟགས་མིན་གྱི་ལྟ་བ་རྒྱང་མཐོང་དང་། གནས་བབ་དེ་གང་ན་འཇིགས་སུ་རུང་བའི་ཉེན་ཁ་ལྷགས་རླུང་གི་ཤུགས་སྒྲ་ལྡིང་གི་ཡོད་མེད་ཐོས་བྱེད་ཀྱི་ཉན་པ་རྣ་རིང་ཡང་ཡིན་ཞེས་བཤད་མྱོང་སྟེ། མི་ཡི་རྗེ་བོ་བཀའ་ཁྲི་གསར་བས་བཀའ་ཁྲིའི་རྐུབ་སྟེགས་ཉམས་ཀྱིས་བསྒྱུར་བའི་རྒྱུ་རྐྱེན་དངོས་པོ་གོང་ན་མེད་པ་དེའང་ཡིན།
བར་སྐབས་ཤིག་ནས་བརྒྱུད་ལམ་སྣ་ཚོགས་གཙོ་བོར་གྱུར་བའི་འཛམ་གླིང་ཤར་ནུབ་ཀྱི་བོད་མི་ཤེས་ལྡན་དོ་སྣང་ཅན་ཚོས་ཅེར་གྱིས་གཟིགས་ཤིང་ནན་གྱིས་ཉན་པའི་རླུང་གི་གཡུག་ཕྱོགས། བོད་མི་མང་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཁ་ར་ཁོར་ཡུག་ཀུན་ཏུ་གཡོས་པ་ན། སྤྱི་འཐུས་རྒྱུན་ལས་རྣམས་པའི་ལས་ཁུངས་ཀྱི་རྩིག་ངོས་ཀྱི་རྩི་དང་གནམ་ཤིང་གི་སྲུབ་ཀྱང་གད་དེ་ལྷུང་འགོ་ཚུགས་པས། རླུང་དེ་ངར་ཤུགས་ཆེན་པོས་གྲོས་ཚོགས་རྭ་བར་སླེབས། སྲིད་བྱུས་ཉམས་ཞིབ་ཁང་གཙོ་བོ་ཡིན་པའི་ལས་དོན་བྱ་ཕྱོགས་ནང་སྙིང་རློན་པར་མཆུ་ཏོས་འབྲེད་ཅིང་། མཆུ་ཏོ་བཙུགས་ཤུལ་རེ་ནས་ཁྲག་ཐོན་ཅིང་། མཆུ་ཏོའི་ངར་ཤུགས་དང་བཙུགས་པས་ན་ཟུག་གིས་གངས་སེང་གི་ངར་སྐད་དམན་སར་བཀོད་ཅིང་། གསལ་བཤད་རབ་རིབ་མས་བཀུར་འོས་སྤྱི་འཐུས་ཚོའི་ཐུགས་འདོད་མ་ཁེངས་པས་རྡ་རམ་ས་ལའི་གནམ་ངོ་ད་ལྟ་ད་དུང་ཡང་དྭངས་ཚོད་མེད་ནའང་།
བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གི་ཁར། གོ་ཐོས་བྱས་ན་བཀའ་ཤག་ལན་འདེབས་ཚོགས་ཆུང་། ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་དང་ཁོར་ཡུག་སྡེ་ཚན་བཅས་ར་ལུག་ཡོད་ཚད་དེད་ནས་སྲིད་བྱུས་ཉམས་ཞིབ་ཁང་དུ་བཅོས་འཆར་ཡོད་པ་འདྲ། བཀའ་ཤག་ཧྲག་གེར་བསྡུས་ནས་ཉམས་ཞིབ་ཁང་གི་ལས་དོན་བྱེད་ཕྱོགས་ལ་གྲོས་བསྡུར་ད་ལྟ་ད་དུང་མ་ཚར་གོང་། དམངས་ཁྲོད་དུ་བྱས་ཚར་བ་དང་འགོ་བཙུགས་ཟིན་པར་བསྒྲགས་པས་གངས་ཅན་སྐྱིད་གཤོངས་ཀྱི་གནམ་ངོ་སྨག་ནས་སྨག་ཏུ་ཕྱིན། སྐབས་དེར་བདེ་སྲུང་ཉམས་ཞིབ་ཁང་གིས་བུ་མོ་ལོ་ཆུང་ཞིག་གིས་”ཨ་ལེ། ང་བཀའ་བློན་ཁྲི་པར་སློབ་སྟོན་འབུལ་རྒྱུ་ཞེད་སྣང་འདུག་ཅེས་”སྨྲས་པས། ལས་བྱེད་ཚང་མ་གད་མོ་བགད་པའི་བྲག་ཆ་གངས་སྐྱིད་ན་ད་དུང་འདུག་ཟེར། སྐབས་དེར་བཀའ་ཁྲི་གསར་པ་ཕྱི་གླིང་པར་ཐུག་འཕྲད་ལ་བྲེལ་བའི་སྒང་ཡིན་པས། ཁོང་གིས་གཅིག་བྱས་ནས་འདི་དག་གོ་མེད་སྲིད།
འོ་ན། སྲིད་བྱུས་ཉམས་ཞིབ་ཁང་གིས་ག་རེ་གནང་དགོས་ཀྱི་རེད། ངས་གོ་ཐོས་བྱས་ན། སྐབས་དེར་ངའི་སྔོན་མའི་ཚོགས་གཙོ་མཆོག་དེའི་འགན་འཛིན་དུ་བསྐོ་བཞག་གནང་བ་ཙམ་གྱིས་ནང་དོན་ལས་ཀ་བྱེད་ཕྱོགས་ཀྱི་ལམ་སྟོན་ཕར་ཞོག ཐ་ན་འདུག་གནས་གང་ཡིན་ཀྱང་གསལ་འཁོད་མེད་སྟབས་འཚུབ་ཆ་ལངས་འདུག་ཟེར། དེ་ལྟར་སྲིད་བྱུས་ཉམས་ཞིབ་ཁང་འགོ་བཙུགས་ཚར་བ་རེད། ཡིན་ནའང་། ཚང་མས་མཁྱེན་གསལ་བཞིན། བདེ་སྲུང་ཉམས་ཞིབ་ཁང་གིས་བདེ་སྲུང་གི་ལས་དོན་དང་འབྲེལ་བའི་གནས་ཚུལ་གང་འཚམས་བསྡུ་རུབ་བྱས་པ་མི་མང་གིས་མ་མཁྱེན་པའི་གནས་ཚུལ་མིན་ཡང་། ཡིད་སྐྱོ་བ་ཞིག་ལ་ད་བར་འབྱུང་འགྱུར་ལོ་དུས་རྒྱས་བཅད་ཀྱི་ནང་དུ་རྒྱ་ནག་གི་འགྱུར་བ་དང་རྒྱལ་སྤྱི། དེ་ལ་བརྟེན་པའི་བོད་ལ་གང་ཡོང་གི་སྲིད་བྱུས་ཉམས་ཞིབ་གནང་བཞག་པ་ཞིག་མངོན་པར་གསལ་བར་མ་མཐོང་བ་དང་། བཀའ་ཤག་སྐབས་གོང་མ་དག་ལའང་དེའི་མཐུན་རྐྱེན་སྒྲུབ་བཞག་པ་ཆབ་སྲིད་དང་འབྲེལ་བའི་གཏམ་བཤད་དག་ལས་མ་ཚོར། བཀའ་ཁྲི་གོང་མར་དེའི་ཐད་དྲི་བ་ཐད་ཀར་གཏོང་མཁན་བྱུང་སྐབས་ཀྱང་། ཁྱབ་ཁོངས་ལས་ཁུངས་ཤིག་ནས་དེའི་ཐད་ཉམས་ཞིབ་གནང་གི་ཡོད་ཚུལ་གསུངས་མེད། ༡༼ ༢༠༠༨ ལོའི དམིགས་བསལ་ཚོགས་ཆེན་སྐབས་རྒྱ་ནག་སྐོར་ཤེས་མ་ཤེས་དང་འབྲེལ་བའི་དྲི་བ་ཞིག་ལ་བཀའ་ལན་ཞིབ་རྒྱས་ཤིག་གནང་ཡོད།༽ དེ་ལ་གཞིར་བཞག་ན་བདེ་སྲུང་ཉམས་ཞིབ་ཁང་ནས་སྲིད་བྱུས་ཉམས་ཞིབ་ཀྱི་ཕྱག་ལས་གནང་ཐུབ་ཀྱི་རེད་དམ་མ་རེད་ཅེས་པ་འདི་ང་ཚོར་རང་བཞིན་གྱིས་ཡོང་བའི་དྲི་རྟགས་ཤིག་རེད།
དེ་བཞིན། བདེ་སྲུང་ཉམས་ཞིབ་ཁང་གི་ཟུར་སྣོན་དུ་འབུལ་འཆར་ཡོད་པའི་ལན་འདེབས་ཚོགས་ཆུང་དང་ཕྱི་དྲིལ་ལས་ཁུངས་ཀྱི་སྡེ་ཚན་རེ་འགའ་ཚང་མས་མཁྱེན་གསལ་ལྟར། སྐབས་བབ་ལས་དོན་དཔྲལ་བར་ཟགས་པ་རྣམས་ཁོར་ཡུག་སྡེ་ཚན་དང་རྒྱ་ཡིག་སྡེ་ཚན་གྱི་འགན་འཛིན་སྔོན་མའི་སྐབས་བཅས་ལ་རྒྱལ་སྤྱི་དང་། བཙན་བྱོལ་བོད་མི་མང་། དེ་བཞིན་རྒྱ་ནག་ཤེས་ལྡན་པའི་ངོ་ཤེས་པ་ཞིག་བྱུང་སྐད་འདུག་ཀྱང་། དེང་སང་འདྲ་གཟུགས་ནས་འདྲ་གཟུགས་སུ་འཕོས་འགྲོ་བའི་གནས་སྟངས་ནི་ཧ་ཅང་གསལ་རྗེན་ཞིག་རེད་འདུག་པས་ཞིབ་ཏུ་སྤྲོས་ན་ཞི་བ་ཅན་རྣམས་དྲག་པོར་འགྱུར་ངེས་པས་བཞག་པ་ཡིན།
ངས་ཡུན་རིང་ལས་དོན་བྱས་མྱོང་བའི་ལན་འདེབས་ཚོགས་ཆུང་ལྟ་བུར་མཚོན་ནའང་། ཨིན་ཡིག་ཐོག་རྩོམ་འབྲི་བ་གཅིག་དང་། དེ་བཞིན་ཚོགས་གཙོ་ཟུར་པས་རྒྱ་བོད་གཉིས་ཐོག་རྩོམ་ཡིག་སྤེལ་བ་ལས་གཞན་སྟོང་པའི་ས་ཆ་ད་དུང་སྟོང་པ་རང་བསྡད་ཡོད་བསམས་སོང་། གང་ལྟར་མདོ་རྩ་བཀའ་ཁྲི་གསར་པས། སེང་གེའི་ང་རོ་ལྟ་བུའི་སྲིད་བྱུས་ཉམས་ཞིབ་ཁང་གང་དེ་ཉིད་དྲི་བའི་ཚ་འདེད་ལ་གཡོལ་ཐབས་ཀྱི་ཁྲལ་སྒྲུབ་ཁང་ཞིག་ཏུ་སྒོ་ཕྱེས་པ་ཡིན་ན། དེ་ལ་རྣམ་དཔྱོད་ལྡན་པའི་ཕྱག་ལས་སུ་ངོས་འཛིན་གནང་རྒྱུར་ཁེག་པོ་རེད་འདུག་པས། སྲིད་བྱུས་ཉམས་ཞིབ་ཁང་འདི་དུས་ཚོད་བཏང་ནས་ལྷན་རྒྱས་གྲོས་ཁ་བསྡུར། ལས་བྱེད་ཚོགས་འདུ་བསྐོང་ནས་མར་ལས་འོ་མ་ཐོན་ཐབས་གནང་ན་མཆོག་ཏུ་སེམས།
ལར་ནས་སྲིད་བྱུས་ཉམས་ཞིབ་ཁང་དུ་འཛིན་སྐྱོང་གི་ཁྱབ་ཁོངས་གཅིག་པུ་ནས་ལས་བྱེད་བཀྲབས་ཐོན་དགོས་གལ་ཡང་མི་འདུག་བསམས་ལ། དེ་བཞིན་གྲོས་ཚོགས་དང་བཀའ་མོལ་རེ་གནང་རྒྱུ་ལོས་ཡོད་བསམ་ཁར། ལས་བྱེད་པ་ཡོངས་རྫོགས་རང་དབང་ཅན་གྱི་ལས་དོན་གནང་ཕྱོགས་ཤིག་གི་ངོ་བོར་འཇོག་མ་ཐུབ་དུས། བཀའ་ཁྲི་གསར་བའི་སྲིད་བྱུས་རེ་འགའ་དོགས་འཆར་བྱུང་བ་ཡིན་ན། བར་ནས་གསོད་ཀྱི་ཡིན་ནམ། གྲོས་ཁ་བསྡུར་ཏེ་བསྐྱར་ཞིབ་གནང་རྒྱུ་ཡིན་ནམ་ཞེས་པ་འདི་རེད། དེ་གནང་མ་ཐུབ་དུས་སྲིད་བྱུས་ཉམས་ཞིབ་ཁང་དགོས་དོན་ཀྱང་ཡོད་པ་མ་རེད། མདོ་དོན་སྲིད་བྱུས་ཉམས་ཞིབ་ཁང་དེ་འཛུགས་ན་སྲིད་བྱུས་ཉམས་ཞིབ་ཁང་ཞིག་དང་། དེ་མིན་འཛུགས་མི་ཐུབ་ཀྱང་། སྲིད་བྱུས་ཉམས་ཞིབ་ཁང་འཛུགས་ཐུབ་དུས་བཙུགས་ཆོག་པའི་ལམ་ཁ་ཡོད་པ་ཞིག་མ་གནང་དུས། ལོ་རྒྱུས་ལ་གླེང་རྒྱུ་བཞག་ཚར་བ་རེད།
༡ ༽ ༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་གྲོལ་ཁའི་བཀའ་ཤག་གི་གཏམ་བཤད་ལ་གཟིགས།
ཐན་བྱ་ནག་པོས་ནམ་ཕྱེད་སྐད་ངན་འབྱིན། བཀྲ་ཤིས་གཡང་གི་མི་རྣམས་རྣ་བ་ཁོབས།
ཁུག་རྟ་ལགས། སྙིང་རྗེ། སྲིད་ཇུས་ཉམས་ཞིབ་ཁང་ཞིག་འཛུགས་ཀྱང་རེ་བ་ཡོད་མ་སོང་།
དུག་སྦྲུལ་ལ་སྙིང་རྗེ་སུས་བྱེད།
ད་བགད་ཀྱང་ངུ་མདོག་ལས་མ་འདས།
མ་གཞི་བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་ཉམས་ཞིབ་ཁང་ཟེར་པ་ཅིག་དེ་སྔ་ནས་ཟམ་གདོང་རིན་པོ་ཆེས་འབད་བརྩོན་གནང་སྟེ་བཙུགས་ཡོད་རུང་།སློབ་ཕྲུག་ཚོར་ཟབ་སྦྱོང་གནང་རྒྱུ་དང་པདྨ་ཚེ་དབང་གི་དེབ་རེ་ཟུང་པར་བསྐྲུན་བྱས་པ།ཕྱིས་སུ་སྤེན་པ་ཚེ་རིང་ཚོགས་གཙོ་ཡིན་དུས་བཀྲ་བྷ་ནས་བསྒྲིགས་པ་རྒྱ་ནག་ངོ་སྤྲོད་གནད་བསྡུས་སོགས་པར་བསྐྲུན་བྱས་ཙམ་ལས།ཞིབ་འཇུག་པ་བསྐྱེད་བསྲིངས་དང་གནད་འགག་འདྲ་མིན་ཐོག་ཕུགས་འཕེར་གྱི་ཞིབ་འཇུག་གཏིང་ཟབ་གནང་བ་གང་ཡང་མི་འདུག་པ་ལྟ་བུ་ཕངས་གནས་རེད།
མཁས་དབང་བཀའ་ཁྲི་བློ་སེང་མཆོག་ནས་གཏམ་བཤད་རིམ་སྤེལ་ནང་གསུངས་གསལ་སྲིད་ཇུས་ཞིབ་འཇུག་ཁང་དེ་ལ་ངེས་པར་ཞིབ་འཇུག་པ་ཚད་ཐུབ་ཡིད་ཆེས་འཕེར་ངེས་དང་ཉམས་མྱོང་བློ་གྲོས་ལྡན་པ་ཞེ་གཅིག་བཙལ་ཏེ།མཐུན་རྐྱེན་གྱིས་མ་ཕོངས་ངང་དོན་ཐོག་ཏུ་ལེན་རྒྱུ་ཡོད་པ་དང་བཙན་བྱོལ་གཞུང་མང་ལ་ཆབ་སྲིད་ཐད་བསམ་བློའི་ཡར་རྒྱས་དང་འགྱུར་པ་གསར་པ་ཅིག་གཏོང་ཐུབ་རྒྱུ་གལ་ཆེ།
དཔེར་ན།མ་མཐའ་རྒྱ་ནག་དང་རྒྱལ་སྤྱིའི་སྐོར་དེབ་ཡག་པོ་ཁག་ཅིག་མ་གཏོགས་འདོན་མ་ཐུབ་རུང་ཕན་རླབས་ཆེན་པོ་ཡོང་གི་འདུག
ད་སྔ་བཙན་བྱོལ་ནང་ཨ་མྱེས་རྨ་ཆེན་གྱིས་ཕྱི་རྒྱལ་གྱི་བསྒྱུར་རྩོམ་སྐོར་ཅིག་བཏོན་པ་དང་བདེ་སྲུང་ཉམས་ཞིབ་ནས་རྒྱ་ནག་གི་མཁས་པའི་དཔྱད་རྩོམ་སྐོར་ཅིག་བོད་བསྒྱུར་གནང་པ།ཆུང་ཚེ་རིང་གིས་བོད་མི་གསར་བརྗེ་པ་བསྒྱུར་པ་དང་རབ་གསལ་གྱིས་སངས་རྒྱས་ཀྱི་དཔའ་བརྟུལ་བསྒྱུར་པ།འབའ་པ་བསྐལ་བཟང་གིས་ཝང་ལི་ཞོན་གྱི་རྩོམ་ཁག་བསྒྱུར་པ་བཀྲ་བྷ་ནས་ཐེ་ཝན་གྱི་བུ་སོགས་བསྒྱུར་པ་ལ་བརྟེན།བཙན་བྱོལ་ནང་བློ་གཟུ་བོས་ཕྱིར་བལྟས་བྱས་ན་མངོན་གསལ་དོད་པོས་ནམ་རྒྱུན་དོ་སྣང་ཅན་ཚོར་འགྱུར་བ་ཆེན་པོ་འགྲོ་བཞིན་འདུག་ལགས།
ཁུག་རྟ་དྲིན་ཆེན་པོ་ཁ་ཚུམ་ལ་སྡོད། ཁུག་རྟ་ཡིན་ན་འདི་ལ་ངོ་ཚ་རྒྱུ་ཞིག་མི་འདུག མི་ཤེས་ཤེས་མདོག་དང་མི་འཇོན་འཇོན་མདོག་བྱེད་པར་དགའ་བ་ཅིག་འདུག ཁོ་རེ་་་ད་ཁ་ཚུམ་ན་དགའ་གི་རེད།
ཁུག་རྟ་ལགས། ད་བཀའ་ཁྲི་ལ་གཞུང་གི་ལས་དོན་ལྷོད་པོ་བྱས་ནས་བསྒྲུབ་འཇུག་རོགས་གནང་།
ཚིག་གྲུབ་ཀྱིས་རྒྱུ་མཚན་ཞིག་ཤོད་མི་འདུག ཕར་བལྟས་ཚོད་ལ། མི་ཨུ་ཚུགས་བརྟན་པ་ཞིག་ཡིན་པ་འདྲ། དགྲ་ཤ་ལེན་ན་ཨུ་ཚུགས་ཟེར་བ་འདི་དགོས་པ་རེད། ཨུ་ཚུགས་ལ་རྒྱུ་མཚན་དེ་ཙམ་དགོས་པའང་མ་རེད།
སྔོན་ཚེ་བོད་ཀྱི་མགྲིན་ཚབ་ཤར་ཁུག་ཞེས་།
སྙན་པའི་བ་དན་གངས་སྐྱིད་སྟེང་འོག་གཡོ།།
ད་ཆ་དབུ་མའི་ལས་འགུལ་མཚན་བསྣམས་ནས།།
རྣག་ཐོག་གཙག་འགེལ་སླད་དུ་ནང་ཆ་འདོན།།
ལན་འདེབས་ཚོགས་པའི་དཀྱིལ་འཁོར་ར་བ་ནས།།
ནང་ཆ་སྔོག་པའི་༼བཀའ་ཤག་མདུན་ལམ་༽གྲིས།།
འཕྲལ་མ་ཉིད་དུ་༼གླ་བ་༽༡ཚེ་ལས་འདས།།
ལྷ་༢༽ཚོགས་དྲིན་གྱིས་ཡང་སྲིད་འདི་དག་སྩལ།།
མཆན།
༡༽མྱུར་སྐྱོབ་སླད་ཐེངས་མང་བཀའ་ཤག་ཏུ་སྐྱོད་ཀྱང་ཉིན་གླའི་མི་ཚེ་ལས་བུད་པ་ལ་
ཟེར་བ་ཡིན།།
༢༽རྒན་ལྷ་མོ་སྐྱབས་སོགས་མྱུར་སྐྱོབས་ཚོགས་པའི་དྲིན་གྱིས་ད་ཆ་ནང་ཁུལ་ལན་འདེབས་ཚོགས་མིའི་ཡང་སྲིད་འདི་གནང་བ་ལའོ།།།
༸རྒྱལ་མཆོག་དགེ་འདུན་གྲུབ་ཀྱི་ཞལ་སྔ་ནས།
འདྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ལ།།
གླུད་ནུབ་སྒོར་གཏོང་བ་དོན་རེ་ཆུང་།།
དོན་དེ་ལྟར་གོ་བའི་བསེས་གཉེན་ང་།།
སྤྱིར་ལུས་ཅན་ཀུན་ལ་བཀའ་དྲིན་བསམ།།
སྒོས་ཆོས་མཛད་ཡོངས་ལ་དག་སྣང་སྦྱོངས།།
ཞེས་གསུངས་སོ།།
ཉིན་གཉིས་གསུམ་གྱི་སྔོན་སྤྱི་འཐུས་ཚོགས་གཙོ་ལགས་དང་མཉམ་དུ་དུས་ཡུན་མི་ཐུང་བ་ཞིག་ལ་བོད་ནང་གི་གནས་སྟེང་། རྡ་སའི་ལང་ཕྱོགས་སོ་གླེང་མོལ་བྱེད་སྐབས་ཁུག་རྟའི་རྙོག་འཛིང་སྐོར་ཡང་བརྗོད་རྒྱུ་བྱུང་། བདག་ངོས་ནས་ཁུག་རྟ་ཟེར་བ ་འདི་དྲ་ངོ་ནས་ཤིས་བ་ནས་སུ་ཡིན་ངོ་མི་ཤིས། གང་རྟར་སྤྱི་འཐུས་ཚོགས་གཙོས་བརྗོད་ཚུར་ལ་ཉན་ནཁུག་རྟ་ནི་སྐྱིད་ཀྱིས་སྡུག་ཉོ་མཁན་དང་མར་གྱིས་ཚིལ་ཉོ་མཁན་ཞིག་ཡིན་ཚོད་འདུག།
ཆོས་འཕེལ་དར་རྒྱས་ཀྱིས་མདོ་སྨད་ནང་ཁུལ་ལ་དཀྲུགས་ཤིང་རྒྱག་བཞིན་པ་ཁུག་རྟས་ཤེས་པར་གྱིས།
ཁུག་རྟ་དེ་ཙམ་མི་ཤེས་མཁན་ཞིག་ག་ལ་ཡིན།
ཁུག་རྟ་ལགས། ཁྱོད་ལ་བསམ་བློ་ཞིག་ཡོད་ན་ཁྱོད་ཀྱིས་གཟབ་གཟབ་གནོངས་མ་གཏོགས། ཁྱོད་ཀྱིས་དྲངས་བདེན་ལ་ཨུ་ཚུགས་ཅི་ཙམ་བརྒྱབ་ཀྱང་བཙན་བྱོལ་སྤྱི་ཚོགས་ཀྱི་དྲངས་བདེན་མེད་པའི་གད་སྙིགས་ཁྱོད་ཀྱིས་གཙང་བཟོ་མི་ཐུབ་པར་མ་ཟད། ཁྱོད་ཀྱིས་དྲང་བདེན་བཤད་ས་ན་མི་ངན་སྐྱག་པ་འདྲ་བ་ཁག་གཅིག་གིས་ཁྱོད་བཙོག་པ་བཟོས་ངེས་རེད།
ད་ནས་སྤྱི་དོན་བསྒྲུབ་རྒྱུར་དེ་ཙམ་ཁུར་ཐག་བྱས་ན་ཁྱོད་ཀྱིས་གྱོང་ཆེན་པོ་རག་ངེས་རེད། དཔེར་ན་མདོ་སྨད་སྤྱི་ཟུར་སྒྲོལ་མ་མཚོ་མོས་ལྷག་བསམ་རྣམ་དག་གིས་གྲོས་ཚོགས་ནང་གྲོས་འཆར་ཞིག་ཁུར་བའི་ཉེར་ལེན་ལ་བརྟེན་ནས་མོ་ལ་དཀའ་ངལ་ག་ཚོད་འཕྲད་སོང་ངམ། སྒྲོལ་མ་མཚོ་མོས་གྲོས་འཆར་དེ་སྤྱི་འཐུས་ཤིག་གིས་སྤྱི་དོན་ཆེད་སྤྱི་རྫས་ལ་བདག་པོ་བརྒྱབས་པ་ཙམ་ལས་ཁོང་སྒེར་ལ་ཁེ་བཟང་སྤུ་ཙམ་ཡོད་མ་རེད་དོ། འོན་ཀྱང་ང་ཚོས་མང་ཚོགས་ཀྱིས་དེ་མ་ཤེས་པར་ཕྱོགས་ཞེན་ཁོ་ནས་སྒྲོལ་མ་མཚོ་མོ་ལ་སྐྱོན་བརྗོད་སོགས་ག་ཚོད་བྱས་སོང་ངམ། ཁུག་རྟ་ཁྱོད་ཀྱིས་དེའི་སྐོར་ལོས་ཤེས། སྔ་ནས་ད་བར་བོད་སྤྱི་དོན་ལ་སེམས་ཁུལ་བྱེད་མཁན་ཚོར་གྱོང་འབའ་ཞིག་རག་ཡོད་པ་རེད་ཏ། ཁུག་རྟ་ལགས། བསམ་བློ་ཡག་པོ་ཐོངས།
ཁུག་རྟ་ལགས། ཁྱོད་ཀྱིས་ང་ལ་ཉན་ན་ད་ནས་རང་དོན་ལ་བསམ་བློ་ཡག་པོ་ཐོངས། སྤྱི་དོན་ལ་སེམས་ཁུལ་ཤུགས་ཆེན་བྱས་ན་ཁྱོད་ལ་མཇུག་འབྲས་ཅི་འབྱུང་ནི་ང་ཚོ་ཚང་མས་ཤེས་ཐུབ་པ་ཞིག་རེད། དེ་ལས་སྤྱི་དོན་རྒྱབ་ལ་ཞོགས་ལ་རང་དོན་ལ་ཁ་འཁོར་ན་མི་བཟང་ངམ། རྡ་སའི་བཀའ་སྤྱི་སོགས་ཕལ་ཆེ་བས་ཁ་ནས་སྤྱི་དོན་བཤད། ལག་ནས་རང་དོན་སྒྲུབ་བཞིན་པ་ད་ཁྱོད་ཀྱིས་ཤེས་དགོས་ཚོད་རེད། ཁྱོད་ས་མཐའ་ལ་ཡོང་ནས་ས་མཐའ་འདི་ནས་ཨམ་རྟགས་ཧ་ཅང་མ་བརྟན་ན་བཟང་བར་མཐོང་། གོ་སོང་ངམ།
བོད་གངས་ཅན་སྡུག་གིས་མནར་བའི་དུས། །
མྱི་སེམས་ཡོད་མི་སྐྱིད་སེམས་མེད་སྐྱིད། །
མྱི་སེམས་ཡོད་སེམས་ཁུར་བྱེད་པའི་དུས། །
མྱི་སེམས་མེད་སྔུར་བ་འཐེན་རྐྱང་ཡིན། །
གླུ་གོ་ན་རྣ་བའི་བུ་རམ་ཡིན། །
དོན་མ་གོ་སྙིང་གི་མཛེར་མ་ཡིན། །
གླུ་གོ་རུང་དོན་དག་མ་ཤེས་ཐལ།
སེམས་སྐྱིད་རུང་རང་ཡུལ་མི་སླེབས་ཀི།
ཡིད་སྐྱོ་རུང་རྒན་མོའི་རུམ་ནས་དྲོ།
ད་ཅི་བྱེད་ཀླུ་སྨྱོན་རིན་པོ་ཆེ།
ཤ་ཚ་བློ་ཆོས་ཁུག་རྟ་ད་ཅི་ལབ་འདི་ལབ་ཤིག་མི་འདུག དངོས་གནང་ཤ་ཚ། ད་དུང་ཐབས་ཤེས་ཡོ་རྒུ་རྩལ་དྲུག་བྱེད་ནས་འདྲ་མིན་བསྙད་ཡག་འདི་ངོ་མ་ཤ་ཚ་ཁོ་ཉིད་མི་ཞིག་རེད་ཡ། ཁག་མེད། ད་དུང་ཁྱེད་ཀྱི་ནང་ཆ་ཚང་མ་མར་འབྱིན་ཤོག་ཨ། ཡིན་ན་ཡང་ཁྱོད་ཀྱི་ལབ་པ་རྣམས་བསམ་ཡོད་མི་ཡིས་ནམ་ཡང་ཡིད་ཆེས་བྱེད་དཀའ། ད་དུང་ལབ་ཤོག ད་སྐྱུགས་ཤོག་བློ་ཆོས་ལས་ངན། སྐྱེས་འགྲོའི་ཁ་གཏད། ད་ཅི་བསམ་འདི་བསམ་ཚང་མ་ད་ལབ་ཤོག ཁྱོད་ལ་ཡ་ལན་འདེབས་ཤིག་ཞིག་བོད་མི་རྣམས་ཀྱི་གྲ་སྒྲིག་ཡོད་ཡ།
ལྷ་མཚོ་འདི་ཡ་མཚར།
ཆུ་ནང་ལ་ལྕེབ་པ་བོ་མི་འཇིག་ན་ཆུ་ཁ་ནས་ལྟ་མཁན་ག་རེད་བྱས་ནས་སྐྲག་དགོས་བ་རེད། ཧ་ཧ་ཧ། རྩེད་མོ་ཡིན། ཁུག་རྟ་ལ་ལམ་འགྲོ་ཡོང་བ་སེམས་ཁུང་ནས་སྨོན་ལམ་ཡོད།
ཀླུ་སྨྱོན་འདིs་ག་རེ་བཤད་ཀྱི་ཡོད་རེད། མ་གཞི་ནས་ཟ་རོའི་སྐད་ཆ་ལ་ཞེ་དྲག་བློ་གཏད་མེད་ཡ།
ཁུག་རྟས་གོ་ན་ལྷ་མཚོའི་སྐད་ཆ་དེ་ཤ་ཚ་བའི་གཏམ་རེད།
ལྷ་མཚོའི་མིང་ཅན་ལགས་ཨམ་གཤིས་ལབ་ཡག་གི་མང་ཚིག་དེ་མ་ལབ་ན་བཟང་། བདག་ཀྱང་ཨམ་གཤིས་ཁོ་ན་ཡིན་པས་སྤྱི་དོན་སླད་སྒེར་དོན་ནམ་ཡང་བློས་གཏང་ཡིན་པས་དེ་དོན་དགོངས་པ་བཞེས་ན་བཟང་།
ཕར་ལ་བཤད་ན་ཕ་རིའི་བྲག་ལ་གནོད།
ཚུར་ལ་བཤད་ན་ཚུ་རིའི་ཆུ་ལ་གཟན།
གདོང་ལ་བཤད་ན་མཐོ་བོའི་དཔོན་ལ་འཕོགས།
རྒྱབ་ན་བཤད་ན་སོ་བའི་མིང་བཟང་ཐོག
དཔོན་དང་དཔོན་ཆེན་སྐུ་དྲག་སྐུ་ཆུང་སོགས།
ལས་ཀྱི་སྣེ་མོར་གཏོགས་པའི་མི་སྣ་ཡི།
སྐྱོན་དང་ནོར་འཕྲུལ་འཚངས་སྦྱིན་སྡིག་ལས་སུ།
མཐོང་ནས་སླད་ཆད་མི་འགྱི་འགྱོད་པར་འཚལ།
མ་གཞི་མྱིའམ་ཚོགས་པ་གང་ཞིག་གི་བསྐོར་བཤད་སྐབས་བཤད་མཁན་དེའི་
བློ་དྲང་པོར་གནས་ནས་བཤད་ཀྱི་གལ་ཆེན་པོ་རེད་། གལ་སྲིད་བཤད་མཁན་མྱི་དེ་རང་དགའ་མིན་གྱིས་དབང་དུ་བཏངས་ནས་བཤད་པ་ཡིན་ན་སྐྱོན་ཁོ་ན་ལས་ནམ་ཡང་ཡོན་ཏན་མི་མཐོང་བ་ནི་ཆོས་ཉིད་ཅིག་རེད་ལ་། བློ་སྐྱོན་ཅན་པ་དེས་འུ་ཚང་གི་སྤྱི་ཚོགས་ཆུང་ཆུང་བོ་འདིའི་ནང་དུ་ནད་ཡམས་ཅི་བཞིན་མི་འཐུན་པའི་རྒྱུ་མང་བ་ལས་ཕན་པའི་འབྲས་བུ་ཞིག་གང་ན་
ཡོད་།
ཞིབ་འཇུག་ཁང་དེ་ཡར་རྒྱས་ཡག་པོ་ཞིག་བཏང་ནས་མིང་དོན་མཚུངས་པ་ཞིག་ངེས་པར་ཡོང་ཐུབ་པར་ཐུགས་བརྩོན་གནང་དགོས། གནང་ཐུབ་པའི་རེ་བ་ཡང་བྱེད་ཀྱིན་ཡོད། ཁུག་རྟས་འདི་ལྟར་གླེང་གིན་ཡོད་པ་ཡང་ཡར་རྒྱས་ཡོང་རེའི་ཆེད་དུ་ལོས་ཡིན།
ཤར་ཕྱོགས་ཁུག་རྟས་དྲང་གཏམ་མདའ་མོ་འདིས། །
ཤོག་བུའི་སེང་གེ་གཏེད་ནས་རླུང་ལ་བསྐུར། །
ཐེད་འཕྲོ་དྲ་འབུ་སྐྱག་ཟན་ཁ་ཤས་ཀྱིས། །
ཕྱོགས་ཞེན་བསྒྲིགས་ཀྱང་སེང་གེར་འགྱུར་དོན་མེད། །
ཤར་ཕྱོགས་ཁུག་རྟའི་དྲང་གཏམ་ངར་སྐད་འདིས། །
ཤེས་མེད་བླུན་པོའི་ཀླད་ཁྲག་ཐང་ལ་འཕོས། །
དྲ་འབུ་སྐྱག་ཟན་འགའ་ཡང་དྲན་མེད་དུ། །
ཁ་ནས་ཅི་བཤད་མེད་པར་འདི་ན་རྒྱུགས། །
ཤར་ཁུགས་རྟའི་སྤྲང་ཕོར་སེར་ཁ་བབས།
འདི་བྱ་ལག་མང་བའི་ལན་པ་རེད།
རྡོ་རང་མགོ་གཞུས་པའི་གཟུག་གཟེར་འདི།
འཇག་མ་ཐུབ་ངུ་སྐད་ད་དུང་གྲགས།
ལྷ་མཚོས་བཤད་པ་དེ་ཡང་འདྲ་པོ་རེད་ད། སྤྱི་དོན་ལ་སེམས་ཁུར་མེད་པའི་མི་དེ་ཚོས་རང་དོན་སྒྲུབ་ནས་སྡད་ན་ཏག་ཏག་རེད། ཕན་མ་ཐཽག་རུང་གནོད་བསྐྱལ་གྱི་མ་རེད།
ད་ནི་ངོ་མ་མཚམས་འཇོག་གྱིས། ཤར་ཕྱོགས་ཁུག་རྟས་བཀའ་ཁྲི་ལ་ཟུར་ཟ་དང་སྐྱོན་བརྗོད་དེ་ཚོ་མཚམས་འཇོག་གྱིས། དྲ་གྲོགས་རྣམས་ནས་ཀྱང་ཁུག་རྟ་ལ་ཁ་རྡུང་གཏོང་རྒྱུ་མཚམས་འཇོག་གྱིས། ང་ཚོ་ཚང་མ་བོད་གངས་ཅན་པའི་ལས་དབང་གི་བདག་པོ་ཡིན་པས་མཐུན་བསྒྲིལ་གྱི་ལམ་ལ་སྐྱོད་དགོས། ནོར་འཁྲུལ་ཐེང་གཅིག་ཤོར་རུང་ཡོ་སྲང་བྱེད་རྒྱུ་མེད་མཁན་ཞིག་གང་ན་ཡོད།
ཁུག་རྟས། གནད་ལ་འཁེལ་ཞིང་དོན་སྙིང་ལྡན་པའི་སྐད་ཆ་རྐྱང་རྐྱང་བཤོད་བཞིན་སྤྱི་དོན་ཁོ་ན་དང་། ཡང་སྒོས་བཙན་བྱོལ་སྤྱི་ཚོགས་ལ་ཕན་སེམས་ཀྱིས་ཀུན་ནས་བླངས་ཏེ་དུས་ནས་དུས་སུ་བསམ་ཚུལ་སྤེལ་བར་རྒྱབ་སྐྱོར་ཡོད། སྤྱི་ཚོགས་ཁྲོད་ཁྱེད་ལ་གླེང་སློང་བྱེད་མཁན་ཡོད་པ་ནི་དེ་ཙམ་གྱི་གནད་འགག་མ་ཡིན་ཡང་། རང་ཉིད་ཀྱི་ལངས་ཕྱོགས་དང་། དོན་དངོས་ལྡན་པའི་བོད་སྤྱི་མང་ལ་ཕན་སེམས་དང་། ལྷག་བསམ། སེམས་ཤུགས་དུས་ནམ་ཡང་ཆགས་མི་ཉན་ཡ། ཁྱེད་ལ་གཤོག་རྩལ་ཡོད་ཡ། གཤཽག་རྩལ་ངོམ་པར་ཁྱེད་ལ་བྱ་ར་བ་མང་ཙམ་ཡོད་ཀྱང་། ཁྱེད་ཀྱི་བདེན་པའི་ལམ་དུ་གཤོག་རྩལ་ཅིས་ཀྱང་ངོམས་ཆོག་ཕེབས་ཤོག་ཨ། མུ་མཐུད་དེ་ཡིན་ད།
སྐད་ཆ་ཤོད་པ་པའི་ཀུན་སློང་ལ་མ་གཞི་ནས་དོགས་པ་བྱེད་རྒྱུར་དགའ་བོ་མེད་པས་གླེང་སློང་མི་བྱ། དོན་རྩ་རྩོམ་ཡིག་འདིའི་བསྟན་དོན་ཐད་རྩོམ་པོ་ཁོང་གིས་བཤད་པར་བདེན་ཆ་ཡོད། བཀའ་ཁྲི་སེང་གེས་ཁ་ཡོད་ལག་ཡོད་ལ་ཕན་པའི་སྲིད་བྱུས་ཉམས་ཞིབ་ཁང་ཞིག་འཛུགས་འདོད་ཡོད་ན། ལས་ཁུངས་ལོགས་སུ་འཛུགས་རྒྱུ་དང། དངོས་པའི་མཐུན་རྐྱེན་འདེང་ངེས་སྦྱོར་རྒྱུ། ཤེས་ཡོན་ཅན་གང་མང་བསྐོངས་འགུག་བྱེད་དགོས་པ་མ་གཏོགས། ལས་ཁུངས་ཁ་ཤས་ཁུ་བསྡུ་བྱས་ཏེ་མིང་གསར་པ་ཞིག་བཏགས་ཀྱང་དོན་སྒོ་ཆུང། ལྷག་པར་དུ་རྒྱ་ནག་གི་སྐོར་དང་། བོད་ནང་གི་སྐོར་ལ་ཆེད་གཉེར་ཞིབ་འཇུག་ཚོགས་ཆུང་འཛུགས་རྒྱུ་གལ་ཆེན་པོ་ཡིན། ང་ཚོའི་ཕྱི་དྲིལ་བཀའ་བློན་དང་བཀའ་ཁྲི་བློ་སེང་སོགས་ཀྱི་དབྱིན་ཡིག་རང་མགོ་ཐཽན་ན་ལས་བོད་གནས་མི་ཤེས་ལ། བོད་སྐད་བོད་ཡིག་ཀྱང་རང་མགོ་མི་འཁྱོངས། ལྷག་པར་དུ་བོད་ཀྱི་རིག་གནས་སེམས་ཁམས་དང་གཞིས་ལུས་བོད་མིའི་གནས་ཚུལ་དང་སེམས་ཁམས་དེ་བས་ཀྱང་རྒྱུས་མེད། སོང་ཙང་ཆེད་གཉེར་ཉམསཞིབ་ཁང་ཚད་ལྡན་ཞྀག་འཛུགས་ཐུབ་ན་སྲིད་བྱུས་འཛིན་ཕྱོགས་དང་ལས་ཀ་བྱེད་ཕྱོགས་ལ་ཕན་ངེས་རེད། འོན་ཀྱང་རེ་བ་དེ་ཙམ་ཡོད་པ་མཐོང་མ་སོང།
རྒྱ་ཁ་གཅིག་བཅོད་མ་བྱེད་གྲོགས་པོ་ཚོ་་་་་་་་་དེ་ནི་གླེན་རྟགས་ལས་གཞན་གང་ཡང་མ་རེད།
༡བློ་སེང་༥བློ་ལ་བློ་འདོན་ཤར་ཁུག་༩བློ།།
༢བཟང་ལན་༦བཟང་ལ་མི་གོ་གཞན་ལ་༡༠བཟང།།
༣སེང་ཁྲི་༧སེང་གེས་མ་ཡིན་དམ་པའི་༡༡ཆོས།།
༤གེ་སར་རྒྱལ་པོ་ལས་ལྷག་༨གེ་སར་༡༢འབྱོར།།
ཞེས་བྱ་བ་བའི་མཚན་ཟུང་སྦྲེལ་བ་ནི་བློ་འདོན་གྱི་བརྒྱུད་ལམ་གཞན་ཞིག་དགོས་
གལ་ཆེ་བར་ཆེ་བར་མཐོང་བ་སྟེ་དཔལྡན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་གསུངས་པ་
ལྟར་བཀའ་ཤག་ཉིན་ལྟར་སྒོ་ཕྱེ་ནས་བཞག་ཡོད་པས་དེ་ལ་བསམ་ཚུལ་དང་རེ་བ་སློབ་སྟོན་སོགས་གང་ཞིག་གནང་ཡང་རུང་བ་ཡིན་པས་རང་ལ་ལྷག་བསམ་ཡོད་ན་གཞན་གྱི་གཞན་ཆ་དེ་དག་རྒྱ་བསྒྲགས་་བོད་བསྒྲགས་གནང་དགོས་དོན་གང་ཡང་མེད་ཅེས་པ་ལྟར་རོ།།
བློ་སེང་གི་ཨབ་ཕྲུག་སྤྱི་འཐུས་འཇམ་བཟོད་དངཁམས་པ་རྫུན་མ་གསེར་རྟ་ཚུལ་ཁྲིམས་སོགས་ཁ་ཤས་ཤིག་གིས་མིང་འདྲ་མི་འདྲས་ཤར་ཁུག་ལ་གཤེ་གཤེ་བཏང་བ་མ་གཏོགས། དེང་སང་བློ་སང་གིས་ཁུངས་འཁྱོལ་གྱི་མེད་པ་གསལ་བོ་རེད་འདུག་པས། བོད་མི་ཚང་བློ་སེང་བརྗེ་རྒྱུར་བསམ་བློ་ཡག་པོ་བཏང་ན་དགའ་ལེ་རེད།
བློ་སེང་གིས་དགའ་བོ་ཉེ་བོ་བཀའ་བློན་དུ་བསྐོས་བཞག་པ་དངོས་གནས་རུལ་སུངས་རེད། རྒྱ་ནག་ལའང་ངོ་ཚ།་ད་བཀའ་ཤག་ལ་རེ་ལྟོས་མེད་པ་གསལ་བོ་རེད།
བློ་སེང་གིས་དགའ་རོགས་བཀའ་བློན་དུ་བསྐོས་པ་ཟེར་བ་དེ་བདེན་པ་རེད་པས།
བརྩེ་བའི་དྲཱ་གྲོགས་ནོར་རྒྱལ་བཀྲས་ཁང་མཚན་ཅན་ལགས།།
ནོར་༡༽ལ་སྲེད་པས་ཡིན་ནམ་ཡང་ན་སྒེར་གྱིས་འཁོན།
༸རྒྱལ་༢༽བར་མི་ཞུ་རྣམ་རྟོག་སློང་དོན་ཅི།།
བཀྲ་༣༽མི་ཤིས་པའི་ཚིག་འདི་གནོད་པའི་མཛོད།།
ཁང་༤༽པའི་གཟུགས་སུ་གྲུབ་ཁྱེད་ཡང་སྙིང་སུ།།
ཐན་བྱས་སྐད་ངན་གོ་ན་སུན་གི།
སོག་རྒན་ཆབ་བྲག་རིག་ན་སུན་གི།
སྤུན་ཟླ་ཚོ། ཆིག་སྒྲིལ་གྱིས། ཆོལ་ཁ་གསུམ་གྱི་བོད་རིགས། རང་རིགས་ལ་ཞེན་དང་། རང་ཡུལ་ལ་སོམས་དང་། བསྟན་དགྲ་རྒྱ་མིས་མནར་གཅོད་གང་འདྲ་བཏང་བྱུང་། ད་དུང་་་་་ཨཨཨཨཨཨཨཨ
ཐན་བྱ་འདིས་ད་ཅི་བྱེད་བསམ།འཕུར་ས་མེད་ཀི ནང་དཀྲུགས་ཤི་དཀྲུགས་རྒྱག་པར་དམིགས་ཡུལ་ཡོད་རྒྱུ་རེད།
ད་ཡིན་ན་ཨམ་སྐད་སྐྱོན་མཁན་རེ་འགའ་འདུག་བཟོད་མེད་ནས་བོད་ནང་ཁུལ་དཀྲུག་ཤིང་གི་བྱ་བ་སྒྲུབ་ཀྱི་འདུག འདི་ཚོར་དམིགས་ཡུལ་ངེས་ཅན་རེ་ཡོད་ཚོད་འདུག་ན་རང་རེ་བོད་མི་རྣལ་མ་ཚོ་དོག་བཟོན་གྱིས།
འདི་དག་གིས་དམར་གཞུང་ལ་སྲི་ཞུ་སྒྲུབ་ཀྱི་ཡོད་པ་འདྲ། ཡང་ན་དོལ་ཚོགས་དང་ལག་འབྲེལ་ཡོད་པ་འདྲ།
བོད་མི་ཚོ་གཟབ་གཟབ་གྱིས། ངོ་མ་འདི་ཚོ་ལ་དམིགས་ཡུལ་ངེས་ཅན་རེ་ཡོད་ངེས་རེད། བསྟན་སྲུང་དམར་ནག་གཉིས་པོ་ཕྱི་ཡི་བྱ་ར་དང་ནང་གི་མེལ་ཚེ་གྱིས་ཤིག
ཁམས་པ་རྫུན་མ་གསེར་རྟ་ཚུལ་ཁྲིམས་དང་འཇམ་དབྱངས་བཟོད་པ་ཟེར་བ་དེ་གཉིས་བློ་སེང་གི་ཨབ་ཕྲུག་ཡིན་པ་གསལ་བོ་རེད། མ་ཟད། སྐུ་ཞབས་གསེར་རྟ་ཚུལ་འོད་ཀྱི་དེབ་རྒན་བྲག་རི་འདྲ་བོ་ལྟར་ན་དོལ་རྒྱལ་དང་སུ་འབྲེལ་མིན། སིད་སིར་སྡོད་པའི་མི་ངན་ཁ་ཤས་དང་སུ་འབྲེལ་བ་ཡོད་མེད་ཤེས་ཤེས་པ་རེད། དེ་བས་གཟབ་གཟབ་བྱ་ན་ཁམས་པ་ཁྲམ་པ་ཁ་ཤས་ལ་གཟབ་གཟབ་བྱེད་དགོས་རྒྱུ་རེད་གདའ།
ངས་ལྟོས་ན་ང་ཚོས་ང་ཚོའི་གཞུང་གི་བྱེད་ཕྱོགས་ལ་དོ་སྣང་དམིགས་བསལ་གནད་དུ་ཐོན་པ་མ་བྱས་དུས། བཀའ་ཁྲི་བློ་སེང་སོ་སོ་སྒེར་གྱི་ནོངས་ལ་ཅུང་ཙམ་རེག་དུས། སྒེར་འཁོན་གྱི་སྒང་དུ་ཁྲིད་མཁན་ཞིག་ཡིན་པ་ཚང་མས་གླེང་གི་མི་འདུག་གམ། རྒྱ་རི་རིན་པོ་ཆེས་སྔ་མོ་ནས་གསུངས་བ་ལྟར། ༧གོང་ས་མཆོག་དང་མི་ཐོག་རྒན་པ་ཚོས་དཀའ་ལས་རྒྱབ་པ་དེ་ཡར་རྒྱས་གཏོང་མི་ཐུབ་ཀྱང་། འཕྲོ་བརླག་ལ་གཏོང་མི་ཉན་ཞེས་བློ་སེང་གི་གདོང་ལ་གཏད་ནས་བཀའ་མངགས་གནང་ཡོད་པ་རེད། དེ་ཚོ་ཉམས་མྱོང་ཅན་དང་མཁས་པའི་འབེལ་གཏམ་རེད། ད་ལྟ་བློ་སེང་གིས་དོན་དག་ཆུང་ཆུང་ཞིག་བརྒྱུད་ནས་རང་ཉིད་བོད་མི་ཚོར་ག་འདྲ་ཞིག་ཡིན་མིན་བསྟན་ཚར་བ་འདི་དངོས་གནས་སྐྱུག་བྲོ་བའི་དོན་དག་ཅིག་རེད། ཁོང་གིས་རང་གི་བརྩི་བཀུར་འཕྲོ་བརླག་ཏུ་བཏང་བ་འདི་དཔེ་མཚོན་དུ་སྦྱར་ན། མ་འོངས་པའང་མི་འདིས་ག་རེ་གནང་གི་ཡོད་མེད་བཤད་ཚོད་དཀའ་བ་ཞིག་མི་འདུག་གམ། ཕྱི་དྲིལ་བཀའ་བློན་ཟེར་བའི་བུ་མོ་དེ་དང་ཁོང་གཉིས་ལ་འབྲེལ་བ་ཡོད་པ་མི་ཚང་མས་གླེང་གི་འདུག དེ་བཞིན་འཕྲོད་བསྟེན་བཀའ་བློན་ཀྱང་རང་གི་སྐྱེད་དམན་གྱི་ཉེ་འབྲེལ་ཞིག་རེད་ཟེར། འདི་དག་ཚང་མས་མི་རབས་གསར་བའི་གུ་ཡངས་དང་སྤྱི་ཕན། ཆིག་སྒྲིལ། ཀུན་སྤྱོད། བཅས་ལ་ནག་ཐིག་ཆེན་པོ་བཞག་ཡོད་པ་ནི་བསུབ་ཀྱང་མི་སུབ་པ་ཞིག་རེད། ང་ཚོས་ཅིའི་ཕྱིར་ཁོང་གིས་བྱེད་སྟངས་སྡུག་ཅག་འདི་དག་ལ་སྡིག་པ་མིག་བཙུམས་རྒྱག་དགོས་པ་རེད་དམ།
ཨ་རི་དང་ཁ་ན་སྒྲའི་ནང་སྡོད་པ་གཙོས་ཕྱི་བཞུགས་བོད་མི་ཚོས་ཁོང་ལ་ལྟ་སྟངས་དང་བརྩི་བཀུར་བྱེད་སྟངས་ལ་ལྟོས་དང་་། མི་དེ་དྲང་པོ་དང་ཡ་རབས་དང་ལྡན་པ་ཞིག་ཡིན་ན་དེ་ལྟར་བྱ་སྲིད་དམ། ཁ་ན་སྒྲར་ཨུ་རུ་ན་་ཅལ་གནས་སྡོད་བོད་མི་ཚོ་ལེན་འཆར་ཐད་བློ་སེང་གིས་བརྙན་འཕྲིན་བརྒྱུད་ནས་རོགས་རམ་གནང་རྒྱུར་འབོད་སྐུལ་བྱས་པ་རེད། འོན་ཀྱང་གཅིག་གིས་ཁོའི་ཁ་ལ་ཉན་ཡོད་པ་མ་རེད། ཕྱི་དྲིལ་བཀའ་བློན་ཟེར་བ་མི་ཡག་པོ་ཞིག་ཡིན་ན། ཁ་ན་སྒྲའི་བོད་མི་ཚོས་ཀྱང་ཉན་འཇོག་ཅུང་བྱ་སྲིད་པ་རེད། དེ་ལྟར་མ་བྱས་པའི་རྒྱུ་མཚན་ག་རེ་རེད་དམ།
དངོས་གནས་སྲིད་དབང་རྩིས་སྤྲོད་ཟིན་རྗེས། དར་དང་རྒུད་པའི་ལམ་ཁ་གང་དུ་འགྲོ་ཡི་ཡིན་ནམ་ཞེས་མི་ཤེས་ལྡན་བསམ་ཤེས་ཅན་མང་པོས་སེམས་ཁྲལ་བྱེད་ཀྱི་ཡོད་པ་རེད། ད་ལྟོས་དུས་སེམས་ཁྲལ་དེ་དག་དོན་དང་ལྡན་པ་མ་རེད་དམ། བློ་སེང་གིས་འུར་རྒྱབ་མགོ་བསྐོར་ནས་འོས་ཐོབ་པ་ཙམ་ལས་ཡ་རབས། དྲང་བདེན། ལྷག་བསམ། སློབ་སྦྱོང་སོགས་ཀྱི་ཁྱད་ཡོན་མེད་པ་ད་ལྟ་གཞི་ནས་གསལ་བོ་ཆགས་ཀྱི་འདུག ཅིའི་ཕྱིར་མི་དཀྱུས་མ་ཞིག་གིས་ཁོང་གི་ལས་འཆར་སྐོར་ལ་རྩོམ་བྲིས་མ་ཆོག་པ་རེད་དམ།
རྒྱ་ནག་དམར་ཕྱོགས་དང་གཅིག་པའི་བྱ་སྤྱོད་བསྟན་སྟེ། སྐྱོན་ཡོད་ན་མི་མང་ལ་སྦས། ཐད་ཀར་མགོ་ཁྲིད་ལ་ཤོད་ཟེར་བ་ནི་དངོས་གནས་ངོ་ཚ་བ་རང་རེད། ལྟ་ཚུལ་འདི་དང་བྱེད་སྟངས་འདི་ལྟར་ཕྱིན་དུས་བཀའ་ཤག་གི་འོག་ཏུ་འདུ་མཁན་བོད་མི་ཉུང་ཉུང་ཡིན་རྒྱུ་རེད། སྐབས་དེར་ཆོལ་གསུམ་ཆིག་སྒྲིལ་ཟེར་བ་དེའང་རི་བོང་གི་རྭར་འགྱུར་གྱི་རེད། དེ་བས་མགོ་ཁྲིད་རྣམ་པས་བསམ་བློ་ཡག་པོ་བཏང་། དབང་ཡོད་ན་ག་རེ་བྱས་ཆོག་ཆོག་མི་བསམ་རྒྱུ་དང་། དེ་བཞིན་རྩོམ་པ་པོ་ཚོས་ཀྱང་ཁོང་ལ་ནག་འདེད་ཞེ་དྲག་མ་བྱས་པར་གོ་སྐབས་རེ་སྤྲོད་ཐུབ་ན་རང་གཞན་གཉིས་ཕན་རེད། དེ་མིན། ང་ཚཽ་ཉམས་རྒུད་དུ་འགྲོ་དགོས་ན་དེ་ལ་དུས་ཚོད་དགོས་ཀྱི་མ་རེད། ཟླ་བ་་ཁ་ཤས་ཀྱིས་འགྲིག་རེད། དེ་བོད་མི་ཚང་མ་དང་བཀའ་བློན་ཁྲི་པའི་སེམས་ལ་ཟུངས། དགེ་བར་གྱུར་ཅིག།
ད་དུང་བཤད་འདོད་པ་ཞིག་ལ། མི་ལས་ངན་བྱབ་ཆུང་སློབ་སྦྱོང་མེད་མཁན་ཁག་ཅིག་གིས། ག་དུས་ཡིན་ནའང་། ཨ་མདོ་དང་ཁམས་ཟེར་བའི་སྐད་ཆ་བཤད་ཀྱི་འདུག དབྱེན་དཀྲུག་གི་འདུག འདི་དག་ནི་མི་ཤེས་ལྡན་ཚོས་སྐད་ཆར་མ་བརྩི་སྐྱག་པར་བརྩིས་ན་འགྲིག་གི་རེད་བསམས་སོང་།
གོང་གི་རྡོ་རྗེ་ཟེར་བ་དེ་བཀའ་ཤག་གི་ལས་བྱེད་ཅིག་རེད་ཅེས་བཤད་ཀྱི་འདུག
གྲོགས་པོ་ཚོ། ཉེ་ལམ་ང་དང་ངའི་གྲོགས་པོ་བཅོ་ལྔ་ཙམ་མཉམ་འཛོམས་བྱས་པ་ཡིན། ཚང་མ་སློབ་སྦྱོང་གི་གནས་ཚད་ཡོད་པ་ཤ་སྟག་རེད། འོན་ཀྱང་ཁ་བརྡའི་གནས་ཚུལ་རྩ་བ་ནས་ཤེས་ཀྱི་མི་འདུག དེར་བརྟེན་ཚང་མ་སེམས་ཁྲལ་དགོས་པ་མི་འདུག