ནམ་མཁའ་ནས་བྲིས།
སྲིན་པོ་ཁྲོས་སྟེ་སྒྱོགས་རྡོ་འཕངས་ན་ཡང་།།
འཇིག་པར་མི་ནུས་ཟས་གཙང་སྲས་བོ་ཡི།།
བསྟན་པ་རྒྱ་མཚོའི་སྐེ་རག་འདུལ་བའི་སྡེ།།
ཤྰཀྱའི་བརྟུལ་ཞུགས་མིང་ཅན་རིགས་ཀྱིས་བཤིགས།།
ཀ་ལུ་སྤྲུལ་རྫུན ་རིགས་ཀྱི་སེམས་པ་ལ།།
དགའ་རབ་དབང་ཕྱུག་བདུད་ཀྱི་མེ་ཏོག་གི།
མདའ་ལྔ་འཕངས་ཚེ་ལུས་སེམས་ཡོངས་རྨོངས་ནས།།
༼ལུས་རྟེན་གཅིག་ལ་སྐྱེ་བ་གཉིས་བརྗེ་ཕྱིར།།༽
རང་སྐྱོན་སྦས་ཕྱིར་གཞན་མཚང་འབྱིན་པ་འདི།།
དགེ་འདུན་སྡེ་ལ་སྡང་བའི་སྐྱེ་ཚོགས་ཀྱིས།།
ཡ་མཚར་མཐོང་ནས་གང་འདོད་སྨྲ་བ་ཡི།།
རང་ཉིད་མཁས་བར་རློམ་པའི་བླུན་པོ་དག།
ཆུ་ཕྲན་བཞིན་དུ་ཀུ་ཅོ་རབ་ཆེ་ཡང་།།
འདུལ་བའི་སྡེ་ཡི་དགག་བྱ་ཕྲ་མོ་ཙམ།།
ལྷག་མ་བཅུ་གསུམ་སྤང་བའི་དང་པོ་ཡིན།།
མི་འདོད་བཙན་གྱིས་འཇོག་པ་རྒྱལ་བའི་ཁྲིམས།།
ཚེ་ཟད་བར་དུ་མི་འདོད་བཙན་གྱི་དབང་།།
མི་འདོད་ནན་གྱིས་མི་སྦྱིན་སྟོན་པའི་ཁྲིམས།།
སྲུང་དང་མི་སྲུང་རང་གི་སེམས་ལ་དབང་།།
ཤྭ་བོའི་རྭ་ལ་རྔམ་པའི་རྔོན་པ་དང་།།
འདོད་པའི་ཡོན་ལ་སྲེད་པའི་སྤྲུལ་རྫུན་གཉིས།།
ཕྱི་ཡི་མཐོང་ཚུལ་ཁྱད་པར་ཆེ་ན་ཡང་།།
ཕྱི་མའི་ཡུལ་ན་ལམ་ཕྲན་གཅིག་ཏུ་སྙེགས།།
ཚེ་རབས་སྔ་མའི་སྐལ་བའི་ལས་འཕྲོ་ཞེས།།
ཁྲི་བཞུགས་ཆགས་ཅན་ཀ་ལུ་འདི་རིགས་ལ།།
རྨོངས་བའི་དད་པའི་སྤུ་ལོང་རྒྱས་བ་ལས།།
བུ་ཕྲུག་སྐྱོང་བའི་ཕ་རྒན་དད་ན་ལེགས།།
གྲོག་མས་མངར་མོ་མཐོང་ནས་བང་རྩལ་འགྲན།།
ཁྱི་ཡིས་རུས་པ་མཐོང་ནས་ཁ་ཤེད་འགྲན།།
སྤྲུལ་རྫུས་མཛེས་མ་མཐོང་ནས་རྒྱུ་ནོར་འགྲན།།
འགྲན་པ་འདི་གསུམ་གངས་རིའི་ལྗོངས་ན་མཆིས།།
ཀ་ལུ་ལྟ་བུའི་སྤྲུལ་རྫུན་རིགས་མཐོང་ཚེ།།
བག་ཆགས་རྟེན་འབྱུང་རིག་པའི་ཐང་ཆེན་ཡང་།།
འབྲས་མེད་སྐྱ་བོ་བྱེ་མའི་ཐང་བཞིན་དུ།།
དགེ་བའི་བག་ཆགས་སྒོ་གཞི་ཨེ་ཡོད་སྙམ།།
མེད་མེད་བསམ་ནས་རིག་པས་དཔྱད་པའི་ཚེ།།
ཡོད་ཡོད་འདྲ་བའི་བློ་ལ་ཟློག་མ་ནུས།།
གཡོ་ཅན་སྤྲུལ་རྫུན་རིགས་ལ་ངོ་སྲུངས་ཚིག།
མཁས་རློམ་བླུན་པོའི་རིགས་ལ་གཅམ་པའི་ཚིག།
དབང་ཅན་སྐུ་ངོ་རིགས་ལ་བསྟོད་པའི་ཚིག།
ཆོས་འཇིག་གཉིས་མེད་བདག་ལ་ནམ་ཡང་མེད།།
༼འདིའི་རྟགས་ཀྱི་ཚིག་བཅད་དགེ་ཆོས་ཀྱི་ཚིག་ཡིན།༽
ལྷ་བླའི་ལུང་དང་མངོན་སུམ་བརྟགས་པ་སོགས།
ཁྱད་འཕགས་དགེ་མཚན་གང་ལ་མ་བསྟུན་པར།
གཟུགས་བཟང་རྒྱུ་ནོར་ངོ་ཆེན་ལ་བརྟེན་ནས།
ཐ་མལ་བྱིས་པ་བླ་མར་བསྐྱལ་པས་ནོངས།
ཀུ་ལུ་སྤྲུལ་སྐུ་ཞེས་སུ་བསྔགས་ཀྱང་རུང་། །
བདུད་ཀྱི་སྐྱེས་པ་ཞིག་ཅེས་སྨད་ཀྱང་རུང་། །
འཛམ་བུའི་གླིང་འདིར་བོད་ཀྱི་གྲྭ་བ་ཞེས། །
རྣམ་རྟོག་ཁུང་ནས་ལངས་པ་ཁོང་གིས་བྱས། །
སྤྲུལ་སྐུ་བླ་མ་གྲྭ་བ་དགེ་འདུན་ཞེས།།
སེམས་དང་ཁ་ནས་ཅི་ཙམ་བསྔགས་ན་ཡང་།།
དོན་དངོས་ཆགས་ལྡན་སོ་སྐྱེས་ངེས་བཟུང་ན།།
ལོག་ཚོའི་རྒྱུ་འབྱོར་མཛེས་མར་ཅི་འདྲའི་གཡོལ།།
སྤྲུལ་རྫིན་ཡིན་མིན་སྐུ་སྒེར་ཡིག་ཚང་གསལ།
སྤྱོད་ལོག་ཡིན་མིན་དྲང་བོར་དཔྱད་ན་ཤེས།
བཟང་ངན་གཉིས་འབྲེལ་ཀ་ལིའི་སྤྱོད་པར་མཐོང་།
བཟང་བ་གྲ་བ་ལོག་རྗེས་གྲ་གོས་ཕུད།
ངན་པ་གྲ་རིགས་སྤྱི་ལ་ཞ་ནག་བཀབ།
གྲ་ལོག་བྱས་རྗེས་གྲ་རྫིན་མ་ཁྲབ་བཟང་།
གྲ་བའི་རིགས་ཡོང་ལ་སྨོད་པ་ངན།
དགེ་འདུན་སྡེ་དང་མི་ནག་སྡེ། མི་ཚེའི་འཚོལ་སྙེག་ཐ་དད་ཅིང།
སོ་སོར་སོ་སོའི་ཁྲིམས་ཡོད་པས། འདི་ལ་ཇུས་གཏོགས་བྱེད་འོས་མིན།
བཟང་ངན་གང་ཡིན་སོ་སོས་ཤེས། དེ་ལ་ལམ་སྟོན་རིགས་མ་ཡིན།
སྟོན་པ་ལྟ་བུའི་བླ་མ་དང། མཁས་གྲུབ་དུ་མ་བཞུགས་པའི་མདུན།
སྐྱ་བོ་རྣམས་ཀྱིས་སྐྱོན་ཡོན་གྱི། བླང་དོར་དཔྱད་པ་འོས་སམ་ཅི།
སྐལ་མེད་ས་ལ་སྐེ་མ་སྲིངས། ཞེས་པའི་གདམས་པ་སེམས་ལ་ཟུངས།
ཀ་ལུ་ཡིན་ཞེས་མཐོ་པོའི་ཁྲི་ལ་གསོལ། །
སྤྱོད་པ་ལོག་དུས་རྫུན་རིགས་ལུང་སྣ་འདྲེན། །
བདེན་ཉེས་མི་ཤེས་དེང་སང་ཀ་ལུ་ལ། །
མཚན་མཐུན་ཆགས་སྤྱོད་བྱས་པའི་གྲྭ་བ་དེས། །
འཕགས་པའི་དགེ་འདུན་ཡོངས་ལ་ནག་ཐིག་བཟོས། །
ཡོབ་གླིང་ཕྱིར་ལ་འགྲེམས་པའི་ཀ་ལུ་ཡིས། །
ངོ་དེབ་དྲ་ལམ་འདས་པའི་བྱ་སྤྱོད་བསྒྲགས། །
ཀ་ལུ་བླ་མའི་མཚན་འཛིན་འབྲུག་ཕྲུག་གིས། །
སྐྱེས་ཆེན་དམ་པའི་བྱིན་ནུས་མེད་པར་བཟོས། །
འུ་ཚོས་གྲྭ་བའི་ཁྲིམས་ལུགས་མི་ཤེས་པས།། ཁ་རོག་ལྷོད་ཀྱིས་བསྡད་ན་ངོ་མཚར་ཆེ།། འུ་ཚོ་ཆོས་དང་བར་ཐག་རིང་སོང་བས།། ཆོས་ལ་སྐྱོན་འཛུག་དེ་བས་བྱེད་མི་རུང་།།
དང་པོར་སྙིང་རྗེ་བསམ་པའི་གདུང་སེམས་སྐྱེས།
བར་དུ་ཀྱེ་མ་སྙམ་པའི་མཚར་སྣང་སྐྱེས།
ཐ་མར་ཐན་ལྟས་ཁོ་ཞེས་སྡང་སེམས་སྐྱེས།
མདོར་ན་ཁོ་བོའི་སྤྱོད་པར་ཞེན་པ་ལོག
བསྟན་དང་དེ་འཛིན་སྐྱེ་བོར་ནག་ཉེས་བཀབ།
སྤྲུལ་སྐུའི་ལམ་ལུགས་གན་ཞེས་ཞེ་ནས་སྨད།
འོན་ཀྱང་ཀ་ལུ་བླ་མའི་ཁྲི་གདུགས་དེ།
རང་ཁེར་གཉེར་རྒྱུའི་ངན་སེམས་ཀུན་ནས་འཆང་།
འདི་ཡང་བོད་ཀྱི་སྐལ་ནོར་བརྐུས་པ་སྟེ།
བོད་རིགས་མིན་ཞེས་གླིང་ལ་བསྒྲགས་བཞིན་དུ།
བོད་ཀྱི་གདུགས་སེར་འོག་ནས་སྐྱིད་ཉལ་གྱིས།
བོད་ལ་སྐྱག་པ་སྟེར་འདོད་ཡིན་ནོ་ལོ།
རྐུབ་ངན་རྡོ་ཡིས་གཅུར་བར་གདུང་སེམས་ཡོད།
དགེན་གྱིས་གསོད་གྲབས་བྱས་པར་ངོ་རྒོལ་ཡོད།
གྲྭ་ཆས་ལྟེབ་རྩིས་བརྒྱབ་པར་མོས་མཐུན་ཡོད།
གནད་འདི་གླིང་ལ་བསྒྲགས་པར་དགག་པ་མེད།
བོད་རིགས་མིན་ལུགས་བསྒྲགས་པར་བློ་ཕམ་ཡོད།
བོད་ཟས་བཟས་ནས་འཚར་བ་སེམས་ལ་ཟུངས།
གྲྭ་བར་ཡིད་ཆེས་མེད་ལུགས་དགག་པ་ཡོད།
ཀ་ངོ་ཡིག་ངོ་ཆོད་པ་གྲྭ་པའི་དྲིན།
མདོར་ན་ཁྱོད་རང་ཀ་ལུའི་ཡང་སྲིད་མིན།
བརྒྱ་྄ཕྲག་ལོ་ཡི་བྱིན་བརླབས་དེ་ཡི་ཕྱིར།
སྐྱེ་བ་ཕྱི་མའི་རང་གི་བདེ་སྡུག་སླད།
དེང་ནས་ཀ་ལུའི་མཚན་དེ་མ་བཀོལ་རོགས།
དཔྱོད་ལྡན་དག། བོད་ཀྱི་སྤྲུལ་སྐུའི་ལུགས་དང་ཁྱད་པར་དེང་སང་སྤྲུལ་སྐུ་ངོས་འཛིན་འདི་དངོས་གནས་རུལ་སོང་རེད་ཤག། རྗེས་ལུས་ཀྱི་ལུགས་སྲོལ་རེད་འདུག
གང་ཡིན་ཟེར་ན་ཚང་མ་དངུལ་གྱི་དོན་རེད་འདུག། འདི་ནི་དཀའ་ངལ་དང་སློབ་སྦྱོང་འཇོན་ཐང་དང་སྡོམ་པ་དང་དམ་ཚིག་གང་ཡང་མི་དགོས་པའི་མིང་གི་དཔེ་ཤག་་བསྡུ་ཐབས་རེད་འདུག བྱས་ཙང་དེང་སང་སྤྲུལ་སྐུའི་མིང་ཐོབ་པའི་ཆེད་ཅི་འདྲའི་འཚང་ཁ་དང་སྙོགས་སྒྲ་འདུག། ཐ་ན་གསོད་རེས་དང་འཁྲུག་པ་རྒྱག་འདུག། བོད་པ་ཚང་ང་རང་་ཚོ་ཡང་འཛམ་གླིང་མི་སྤྱི་ཡི་གྲལ་ལ་གོམས་པ་སྤོ་ནས། རང་འགོ་རང་གིས་མི་བསྐོར་བར་འཛམ་གླིང་མི་མང་དུང་ཕྱུར་བདུན་ཅུ་དང་མཉམ་དུ་འགྲོ་ཡ། མཉམ་དུ་འཆོངས་ཡ། མཉམ་དུ་བསྐྱོད་ཡ། ང་ཡང་སྔོན་ཆད་སྤྲུལ་སྐུ་ལ་དད་མཁན་དང་། དགའ་མཁན་ཡིན། མི་གཞན་གྱི་སྤྲུལ་སྐུ་ལ་བཤད་ན་འཁྲུགས་པ་རྒྱག་མྱོང་ཡོད་། ད་ནི་སྤྲུལ་སྐུ་ངོས་འཛིན་ལུགས་དང་སྤྲུལ་སྐུའི་བྱ་སྤྱོད་རྣམས་མཐོང་དུས་ཞེན་པ་ལོག་འདུག། ཨ་ཁ་ཀ་ལུའི་སྤྲུལ་སྐུ་བཞག་མེད་ན་ཀ་ལུ་རིན་པོ་ཆེའི་མཚན་ལ་འདི་འདྲའི་ཞབས་འདྲེན་ཞུས་ཡོད་རྒྱུ་མ་རེད།
ཀ་ལུའི་སྤྲུལ་བ་ཡིན་མིན་མི་ཤེས་མོད།།
ཁ་ནས་བཤད་པའི་སྐད་ཆ་དྲང་མོ་རེད།།
ག་དུས་ཡིན་ཡང་དྲང་གཏམ་མི་འགྲོ་བ།།
ང་ཚོ་བོད་པའི་ནང་མཚང་སྲུང་ལུགས་རེད།།
ཧ ཧ ཧ ཧ འདི་ན་ཡང་ཐེའུ་རང་འགོང་བོ་ལན་ཆགས་ཅིག་གིས་སྡུག་སྨྲེ་འདྲ་ཞིག་འདོན་གིན་འདུག སྙིང་རྗེ། དོན་གྲུབ་མཚོ་མོ་ཟེར་བའི་སྐྱག་འབུ་ཁྱོད།
ཀ་ལུའི་བཙན་གཡེམ་བྱས་པ་ཞེས་པའི་དྲ་བརྙན་དེའི་ནང་མཆན་ཞིག་འཇོག་རྩིས་བྱས་ཀྱང་དྲ་བདག་གིས་མཆན་སྒོ་བརྒྱབས་ནས་འཇོག་མི་ཐུབ་ཐལ། ད་རེས་ཅུང་ཟད་ཞུ་ན་ཀ་ལུ་གོང་མའི་ཕྱག་འཛོད་རྒྱལ་མཚན་གྱི་བུ་དེ་ཀ་ལུའི་ཡང་སྤྲུལ་ལ་ངོས་འཛིན་བྱས་པ་རེད། ཁོ་པ་ཆུང་དུས་ཕར་རྒན་འདས་པོ་དེས་ཐོས་བསམ་གྱི་བྱ་བ་ཅི་ཡང་མ་བགྱིས་གོང་ནུབ་ཕྱོགས་སུ་ཀ་ལུ་གོང་མའི་ཆོས་ཚོགས་ཁག་ནང་གདན་དྲངས་ཏེ་མགོ་སེར་ཚོར་དབང་བསྐུར་གྱི་བྱ་བ་ཁོ་ནས་མགོ་འཁོར་ནས་བསྡད་སྐབས་ཕར་རྒན་འདས་པོ་བྱ་བྲལ་སངས་རྒྱས་རྡོ་རྗེ་མཇལ་ཞུ་ཞིག་སྐབས་བྱ་བྲལ་གྱིས་ཕར་རྒན་ལ། ཁྱོད་ཀྱི་བླ་མ་ཕྱི་རྒྱལ་ལ་བཙོང་ནས་སྡོད་བླ་མ་ཟེར་ན་ཌྷ་ལི་དགོན་པའི་ཐུགས་སྲས་རིན་པོ་ཆེ་འདྲ་ལེ་དགོས་ལེ་རེད་ཞེས་བཀའ་སྐྱོན་ནན་པོ་གནང་བ་རེད། དེ་ནས་ཕར་རྒན་འདས་རྗེས་རྡོར་གླིང་ས་ཁུལ་མི་རིགས་ཞེས་པར་འབོ་དཀར་རིན་པོ་ཆེས་བདག་པོ་སྐྱོན་ནས་བསླབ་པ་སློབ་གཉེར་འགོ་འཛུགས་གནང་བ་ཡིན་པ་ཡོད། ད་ཆ་འབོ་དཀར་རིན་པོ་ཆེ་ཡང་དགོངས་པ་རྫོགས་ནས་ལོ་ཤས་ཕྱིན་པ་རེད། དེ་ནས་སྤྲུལ་རྫུན་གྱི་རང་བཞིན་ཕྱིར་མངོན་ནས་ཤངས་པ་བཀའ་བརྒྱུད་ཀྱི་བསྟན་པའི་ཞབས་འདྲེན་འགོ་ནས་ཞུས་པ་རེད། སྤྱང་ཕྲུག་གསོས་ན་སྒོ་ཁྱི་མི་ཉན་ཟེར་བའི་ཁ་རྒྱུན་དེ་ཅིས་མི་བདེན།
ལར་ནས་མིང་འདོགས་རིང་ལུགས་པས་བྱིས་པ་སྣབས་ལྡུག་པ་ལ་སྐྱེ་སྤྲུལ་དང་ཡང་སྤྲུལ་ཞེས་པར་ང་ནི་ཡིད་ཆེས་སྤུ་ཙམ་ཡང་མེད། ཀ་ལུ་རང་ཉིད་ལ་མཚོན་ན་དགོན་པར་བཙན་གཡེམ་བྱས་ནས་སྡོད་བཟོད་མི་འདུག་ཅེས་པར་དོགས་གཞི་རེད། བླ་མ་བླ་ཆེན་ཞིག་ལ་ནམ་རྒྱུན་གམ་བཅར་བ་ཡོངས་འཛིན་དང་གསོལ་དཔོན་མ་གཏོགས་མེད་པ་རེད་ལ་དར་གོས་ཆེན་ནང་བསྒྲིལ་བཞག་པའི་མི་ཞིག་ལ་བཙན་གཡེམ་བཏང་བ་ཟེར་ན་ང་ནི་དོགས་པ་ཡོད། བྱས་ཙང་རང་ཉིད་སྐྱ་སར་བབ་འདོད་སྐྱེས་ཙང་ཁག་དཀྲི་ཞིག་དགོས་པ་རེད། རྒྱུ་མཚན་བླ་ཆེན་ཞིག་གིས་མིང་འཁུར་བས་ཕྱིར། དེ་དེ་བཞིན་ཁྲི་བྱང་སྤྲུལ་སྐུ་ཡང་ནུབ་ཕྱོགས་ན་སྐྱ་སར་བབ་ནས་ཡོད་སྐད། ནུབ་ཕྱོགས་ན་སྐྱེ་སྤྲུལ་ཡང་སྤྲུལ་ཡིན་ཟེར་མཁན་སྐྱ་མིན་སེར་མིན་མང་པོ་རིག་རྒྱུ་འདུག། བོད་ཀྱི་ནང་བསྟན་འདི་ཉམས་སོང་བ་ཡིན་ནམ་ནུབ་ཕྱོགས་ན་དར་སོང་བ་ཡིན་མི་ཤེས།
ཡང་གཅིག་བཤད་ན་གདན་ས་ན་ལྷ་མོ་དང་རྗེ་བཙུན་སྒྲོལ་མ་སོགས་ཡོད་སྐད། བོང་གསེབ་ངར་མ་ནང་བཞིན་གྱི་བླར་རྒན་རྩ་སྨྱོ་དེ་ཚོ་འདུག་ཚོད་མ་ཟིན་ན་ག་ལེར་ཁྲིམས་རྭར་སླེབས་རྒྱུའི་ཉེན་ཁ་ཡོད་པ་རེད། དཔེར་ན་ནུབ་ཕྱོགས་ལ་མཚོན་ན་སྐྱེས་པ་དང་སྐྱེས་པ་མཚན་མཐུན་འཁྲིག་སྤྱོད་བྱེད་མཁན་གྱི་རིགས་གཅིག་ཡོད་པ་རེད། སྐྱེས་པ་དེ་ཚོ་རང་བཞིན་གྱི་སྐྱེས་པ་ལ་ཆགས་པ་མ་གཏོགས་བུད་མེད་ལ་ཆགས་སྲེད་སྐྱེས་ཀྱི་མེད་པ་རེད། བུད་མེད་ཡང་དེ་དེ་བཞིན་གྱི་རིགས་གཅིག་ཡོད་པ་རེད། སྔ་མོ་ཡིན་ན་ཡེ་ཤུའི་ལྟ་གྲུབ་དང་འབྲེལ་ནས་དེ་ཚོ་ཁྲིམས་འགལ་ཆགས་ཀྱི་ཡོད་པ་རེད་ལ་མངོན་པར་མི་གསལ་བའི་སྒོ་ནས་འབྲེལ་བ་བྱེད་ཀྱི་ཡོད་པ་རེད། ད་ཆ་དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་ནས་ཁྲིམས་མཐུན་གྱི་གཉེན་བསྒྲིག་བྱས་ཆོག་པ་རེད་ལ་མངོན་གསལ་ཡང་དོད་དོད་བྱེད་ཀྱི་ཡོད་པ་རེད། ཡང་སྐྱེས་པ་རིགས་གཅིག་སྐྱེས་པ་དང་བུད་མེད་གཉིས་ཀར་མི་ཆགས་པར་བྱིས་པ་ཕོ་མོ་དབྱེར་མེད་ལ་ཆགས་སྲེད་སྐྱེས་ནས་བྱིས་པར་བཙན་གཡེམ་བྱེད་ཀྱི་ཡོད་པ་རེད་ལ་ཁྲིམས་འགལ་ཚབས་ཆེན་ལ་སོང་རང་ཉིད་ཀྱི་ནག་ཉེས་སྦས་སྐུངས་ཆེད་བྱིས་པ་ཕལ་ཆེར་བཙན་གཡེམ་བྱས་ནས་གསད། དེ་ནས་ཆུར་བསྐྱུར་བ་དང་གདོང་དུ་སྦས་པ་སོགས་མདོར་ན་བྱིས་པ་མང་པོ་བོར་བརླག་འགྲོ་གི་ཡོད་པ་རེད། དེ་ནི་ཁྲིམས་འགལ་ཚབས་ཆེན་རེད་ལ་ཧ་ཅང་གི་འཇིགས་སུ་རུང་བ་ཞིག་རེད། ནུབ་ཕྱོགས་ཀྱི་ཕྲུ་གུའི་ཕ་མ་ཚོས་སེམས་ཁྲལ་ཆེ་ཤོས་དེ་ཕྲུ་གུ་བོར་བརླག་ཕྱིན་མི་ཡོང་ངམ་སྙམ་ཕྲུ་གུ་སློབ་གྲྭ་སོགས་ལ་ཡར་མར་ཕ་མས་ངེས་པར་དུ་སྐྱེལ་ལེན་བྱེད་དགོས་པ་རེད། བོད་པའི་གྲྭ་པ་ཚོ་རིགས་སྔ་མར་བཞག་དགོས་སམ་ཡང་ན་ཕྱི་མར་བཞག་ན་མི་འགྲིག་པ་འདྲ་ཞིག་རེད། འོན་ཀྱང་ཨིན་ཆུང་བེད་སྤྱོད་བྱེད་ཀྱི་ཡོད་པ་བདེན་པ་ཡིན་པ་འདྲ།
ནོར་བཅོས། བྱིས་པ་ཕལ་ཆེར་བཙན་གཡེམ་བྱས་ནས་གསད་ཞེས་པར། བྱིས་པར་བཙན་གཡེམ་བྱས་པ་ཕལ་ཆེར་གསོད་ཀྱི་ཡོད་པ་རེད་ཞེས་བཅོས་ན་འབྲེལ་ཆགས་པ་འདུག།
ཁོང་ལོ་གཉིས་ཀྱི་སྟེང་ནས་ཀ་ལའི་ཡང་སྲིད་ངོས་ལ་སི་ཏུ་རིན་པོ་ཆེས་ངོས་འཛིན་གནང་གོང་ས་མཆོག་གིས་རྒྱབ་གཉེར་གྱི་བཀའ་ཡིག་གནང་། གལ་སྲིད་ཀ་ལ་ཡང་སྲིད་ངམ་སྤྲུལ་སྐུ་མིན་ཚེ་བོད་ཀྱི་རང་སྲིད་ཀུན་དེ་ལས་མ་འདས་བས་སྤྲུལ་རྫུན་ཟེར་བ་ནི། མཐའ་གཏུགས་ན་བོད་ཀྱི་སྤྲུལ་སྐུ་ཀུན་རྫུན་མ་ཡིན་པ་ཁོངས་སྐྱེལ་བྱེད་པ་ཞིག་ཏུ་འཁུམས།
ཀ་ལུའི་ཚང་གི་སྤྲུལ་སྐུ་རྫུན་མ་འདི། །
སི་ཏུ་བླ་མས་ངོས་འཛིན་ཅིའི་ཕྱིར་གནང་། །
སྤྲུལ་སྐུ་ཡིན་པའི་རྟགས་མཚན་ག་རེ་ཡོད། །
འདི་ཡང་བླ་མས་མཛད་པ་ཡིན་ཟེར་རམ། །
སི་ཏུས་ངོས་འཛིན་བྱས་པའི་སྤྲུལ་རྫུན་ལ། །
༧གོང་ས་མཆོག་གིས་རྒྱབ་གཉེར་ཅིའི་ཕྱིར་བསྩལ། །
ཚད་ལྡན་ཡིན་པའི་རྒྱུ་མཚན་ཅི་ཞིག་ཡོད། །
འདི་ཡང་བོད་མིའི་རྩ་དོན་ཡིན་གསུང་ངམ། །
ཆོས་མེད་དགེ་མེད་འབྲུག་ཕྲུག་སྐྱག་ཟན་འདིས། །
ད་དུང་ཀ་ལུའི་སྤྲུལ་སྐུ་ཡིན་ནོ་ཟེར། །
སྐྱ་མིན་སེར་མིན་མི་ངན་འདི་འདྲ་ལས། །
འབྲུག་ན་གནས་བརྟན་འདུལ་འཛིན་ཡོད་རབས་མེད། །
སུ་ཡིས་བྱས་པ་དེ་ལ་བཤད་པ་ལས།
ཀ་ལུས་བྱས་ངན་འབྲུག་པར་མ་འགེལ་ལོ།
རང་གི་སྡིག་པ་བྱས་པའི་རྣམ་སྨིན་དེ།
རང་གིས་མྱོང་བ་གཞན་ལ་མི་མྱོང་ངོ་།
ཀ་ལུ་ཆགས་པས་སྲེད་པའི་གདུང་བ་དང་།
ཀ་ལུ་བཙམ་གཡེམ་བྱུང་བའི་ངག་ཁྱལ་དང་།
ཀ་ལུ་སྐྱིད་པའི་སྣང་བ་འདི་ཚོ་ནི།
ཀ་ལུ་འཇའ་ལུས་ཕེབས་པའི་རྟགས་མཚན་རེད།
འབྲུག་དང་བོད་པ་ཞེས་པའི་ཐ་སྙད་འདི།
འབྱུང་ཁུངས་བྷོ་ཊའི་ཡུལ་ནས་མཆེད་པ་རེད།
བོད་ཀྱི་ནང་པ་སངས་རྒྱས་ཞེས་པ་དེ།
འབྱུང་ཁུངས་རྒྱ་གར་ཡུལ་ནས་བྱོན་དང་མཚུངས།
ནག་ཅན་གསོད་སར་ཁྲིད་པའི་ལམ་བར་ནས།།
རྒྱུན་དུ་རང་གི་སེམས་ལ་མི་འཛའ་བའི།།
ཉེས་མེད་མི་ལ་མ་ཉེས་ཁག་གཡོགས་ཀྱིས།།
རང་གི་ལས་དབང་ལྷན་དུ་དྲུད་པར་རེ།།
ཀ་ལུས་དུད་ནག་འཐེན་པའི་ནག་ཉེས་ཀྱིས།།
བོད་ཀྱི་དགོན་སྡེ་ཁག་ལ་སྐྱོན་འཛུགས་བྱེད།།
རང་ཉིད་དོང་དུ་ལྷུངས་པའི་ངོ་ཚ་ཡིས།།
དོང་ཁའི་མི་ལ་སྐྱོན་འཛུགས་བྱས་པ་ཙམ།།
དེ་ནི་ཅོལ་ཆུང་མི་བུས་བྱེད་སྟངས་ལས།
རྒྱ་ཆེའི་སྤྱི་ཚོགས་འཁྲུགས་པའི་བརྗོད་གཞི་མེད།།
འོན་ཀྱང་ཀ་ལུ་ཡེ་ཤེས་ལ་སོགས་པའི།།
བོད་ཀྱི་དགོན་སྡེ་འཕྱ་སྨོད་བྱེད་པ་འདི།།
དུས་དང་ཁོར་ཡུག་རིགས་རུས་ཐ་དད་ཅིང་།།
བོད་པ་ཚང་ལ་ལྷག་བསམ་མེད་པ་ཡི།།
སྤྱང་ཀི་སྒོ་ཁྱི་བཀོལ་བའི་རེ་བས་ཕུང་།།
ཕུགས་རྩ་དེད་ན་བཟོད་པ་བླ་མ་དང་།།
སི་ཏུ་ལ་སོགས་བླ་ཆེན་རྣམ་པ་ལན།།
ཀ་ལུ་ནི་ཀ་ལུ་རང་ཡིན་རྒྱུ་རེད། སི་ཏུ་ལ་རྒྱབ་སྐྱོར་གྱི་ཡི་གེ་ནི་རྒྱ་བ་རིན་ཆེས་བསྩལ།
༄༅།། ཀ་ལུ་རིན་པོ་ཆེའི་ཕྱག་མཛོད་ནས་དགོན་པའི་བ་ཕྱུག་གི་གཡོག་ལས་བྱེད་པའི་འབྲུག་མོ་ཞིག་ལ་རྒྱོས་པར་དེ་ལ་བུ་ཞིག་བྱུང་བས་ད་ལྟའི་ཀ་ལུའི་ཡང་སྲིད་ཡིན་པར་རློམ་པ་འདི་རེད། འདི་ནི་དངོས་ནས་ཡ་ང་བའི་མ་རབས་ཞིག་འདུག །ཁོ་རང་གི་དགེ་རྒན་གྱི་གྲི་ཁྱེར་ནས་ཁོ་རང་གསོད་དུ་བྱུང་ཟེར། ཡང་གྲྭ་པས་ཁོང་ལ་བཙན་གཡེམ་བྱས་པ་དང་། ནང་མི་སྤུན་མཆེད་དང་འབྲེལ་ཐག་ཆད་པ། གྲྭ་པར་ཡིད་ཆེས་མེད་པ། ད་དུང་
སློབ་གྲྭ་གསར་འཛུག་བྱེད་རྒྱུ་ཡིན་བརྗོད་སོང་། གོང་གི་གནས་ཚུལ་རྣམས་དངོས་གནས་ཡིན་ན་ཁོང་ལ་ཁག་མིན་འདུག །ཆང་རག་བཏུང་། དུག་རྫས་ཟས། བུ་དང་བུད་མེད་གཉིས་ཀར་རྒྱོས། མགོ་སེའི་མདུན་དུ་ཡ་རབས་ཡིན་ཁུལ་བྱེད། དངུལ་གྱི་དོན་དུ་རེམ། ཁྱེད་དངོས་གནས་བོད་ཀྱི་ནང་པ་དང་། དེའི་རྗེས་འཇུག་གྲ་
པར་ཡིད་ཆེས་མེད་ན་སྤྲུལ་སྐུ་དགོངས་པ་ཞུས་ནས་ལུག་མཐུན་གྱི་འཇིག་རྟེན་འཚོ་བར་རོལ་ན་ཅིས་མི་དགའ། དེ་མིན་སྐོར་ནག་ཁ་ལ་ཟས་ནས་རང་གཞན་གཉིས་ཕུང་གི་ལས་དེ་མཚམས་འཇོག་བྱས་ན་ཕ་བཟང་གི་བུ་རེད། སྡུག་ལས་རང་གི་མ་འཇོན་པར། འདྲེ་མོའི་གནོད་པ་བཞག་ན་དགའ།
ཀ་ལུའི་ལོག་བཤད་དྲ་ཐོག་ཇེ་མང་རེད། ། ཁ་བ་ཅན་པའི་སྤྲུལ་རྫུན་ག་འདྲ་འདུག ། ག་ལེར་རྒྱུ་མཚན་འཚོལ་མཁན་ཇེ་ཉུང་རེད། ། ང་དང་ཁྱོད་ཅེས་སྨད་ན་ག་འདྲ་འདུག།
ཀ་ལའི་གསུངས་བཤད་ཀྱི་ནང་དོན་མདོར་བསྡུས།
ཀ་ལི་རིན་པོ་ཆེས་རིན་པོ་ཆེའི་སྡེ་ནི་ཁྲིམས་གཙང་དམ་མཐུན་དང་བདེ་སྐྱིད་ཁོ་ན་མིན་ཡང་། དེ་ལྟར་རློམ་མཁན་གྱི་མི་མང་ཀུན་ལ་རང་གི་མྱོང་བ་གསལ་བཤད་དུ། ཁོའི་ཡབ་མ་འདས་བའི་སྔོན་དུ་ཁོང་ནི་རྒྱལ་སྲས་ལྟར་ཡིན་ཡང་ལོ༩་སྟེང་ཡབ་གྲོངས་བས་ཁོང་གི་མི་ཚེ་མུན་ནག་ཁྲོད་དུ་ལྷུང་ཞིང་ཕྱིར་འོང་དཀའ་ངལ་གསེབ་ནས་རྒྱས། ཁོ་རང་༡༣་སྟེང་དགོན་པ་ནས་གཙན་གཡེམ་བྱེད་པ་དང་། ། ལོ༡༨སྟེང་མཚམས་སུ་ལོ་གསུམ་དུ་བསྡད་སྐབས་དམིགས་བསལ་ཀྱི་དོ་སྣང་དང་ཤ་ཚ། བདག་སྐྱོང་བྱེད་མཁན་མེད་ཀྱང་། མཚམས་ནས་ཐོན་རྗེས་མི་མང་པོ་ཞིག་་ཁོང་གི་འཁྲིས་སུ་ཡོང་ནས་སྔོན་གནས་རྗེས་དྲན་སོོགས་ཀྱི་མཚན་མའི་བཤད་རྒྱུ་ཡོད་པ་འདོད་ཀྱང་ཁོང་ལ་དེ་ལྟར་གཅིག་ཀྱང་མེད། མཚམས་ནས་ཐོན་རྗེས་མི་མང་པོ་ཞིག་གིས་ཀ་ལའི་རང་གི་དགེ་རྒན་དང་ནང་མི་ཕྱིར་འབུད་བཏང་ཚུལ་བཤད་ཀྱང་། ཀ་ལའི་དགེ་རྒན་གྱི་མོས་འདོད་ལྟར་མ་སོང་བས་དགེ་རྒན་གྱིས་གྲི་འཁུར་ནས་ཁོང་གསོད་རྩིས་བྱས། གནས་ཚུལ་དེས་རྐྱེན་གྱིས་དགེ་རྒན་གྱིས་ཁོང་ཀ་ལི་དང་མཉམ་དུ་གནས་ཐབས་མེད་པ་རྟོགས་ནས་རང་འགུལ་གྱིས་ཕྱིར་ཐོན་པ་ལས་ཁོང་གིས་དགེ་རྒན་ཕྱི་འབུར་བཏང་བའི་དཀྲོགས་གཏམས་ནི་དངོས་ཡོད་མིན། རྒྱུ་མཚན་ནི་དགེ་རྒན་གྱིས་དེ་ནི་ཁོང་གི་ནོར་འཁྲུལ་ཡིན་པ་ངོས་ཟིན་ནས་ཁོང་ཀ་ལའི་དང་ལྷན་སྡད་ཐབས་མེད་པ་ཤེས་ནས་ཕྱིར་ཐོན་པ་ལས་ཁོས་ཕྱིར་འབུལ་བཏང་མེད་ཚུལ། “གང་ལྟར་ཡོད་ཚད་དངུལ་དང་དབང་ཆའི་ཆེད་དུ་ཡིན་ཞིང་ཁྱེད་ཀྱིས་སྲིད་འཛིན་ལ་དབང་སྒྱུར་བྱེད་ཐུབ་ཚེ་རྒྱལ་ཁབ་དེ་རུ་ཁྱེད་ལ་ཅི་དགོས་ཐམས་ཅད་ཐོབ་པའི་དཔེ་ལས་མ་འདས།”
ད་ལྟ་མང་པོ་ཞིག་གི་ཁོང་ནི་རིན་པོ་ཆེ་ཡིན་པས་དམིགས་བསལ་གྱི་འོས་འགན་དང་ནུས་བ་ཡོད་པས་ལས་དོན་ཞིག་སྒྲུབ་པའི་སྐུལ་མ་གནང་བ་བརྟེན། ཁོང་གི་ཆོས་རྒྱུད་དུ་སངས་རྒྱས་ཆོས་ལུགས་ལ་གསོ་བསྲང་དང་ཁོང་རང་གི་གཤིས་ལུགས་ལྟར་ནང་ཆོས་ལ་དག་ཐེར་བྱེད་རྒྱུའི་ཐུགས་འདུན་ཡོད་པས་ཁོང་གི་གསར་འཛུགས་བྱེད་རྒྱུའི་སློབ་གྲྭ་ལ་མ་དངུལ་གྱི་ཞབས་འདེབས་སློང་བ་མ་ཟད། ཁོང་གིས་སྐྱར་ཟློས་སུ་རང་གི་གཤིས་སྤྱོད་དང་འགྲོ་སྟངས་བཅོས་སྒྱུར་རྒྱུ་མིན་པའི་དམ་བཅའ་གནང་ཞིང་། ཁོང་ལ་ད་ལྟ་བདེ་སྐྱིད་ཡོད་ཚུལ་དང་། ཁོང་ནི་སོ་སྐྱེས་ལས་འདས་བའི་གང་ཟག་ཅིག་མིན་པ་གསལ་བཤད་ཡང་གནང་འདུག ཁོང་གི་དགེ་རྒན་ཡང་རིན་ཐང་ཅན་གྱི་མི་ཞིག་ཡིན་པས་དེ་ལ་དགའ་ཞེན་དང་དེད་འདུན་ཡོད་པ་ལས། མི་ལས་འདས་བའི་སྐྱེས་བོ་ཞིག་ལ་ངོས་འཛིན་བྱེད་ཀྱིན་མེད་ཚུལ་སོགས་གསུངས་འདུག
ཀ་ལུ་རང་གི་ཞལ་དང་། ཀ་ལུར་ཁ་གཏོང་མཁན་གཉིས་ཀར་གཟབ་གཟབ་བྱ་དགོས་ཏེ།
ཀ་ལུ་འདི་ནི་འབྲུག་ཕྲུག་ཡིན་ཞེས་གོ །
ཁ་ནས་སྐྱོན་འཛུགས་བོད་བཙུན་ཡོངས་ལ་ཁྱབ། །
ག་ནས་བལྟས་ཀྱང་དམ་ཚིག་གནོད་ཉེན་འདུག །
ང་དང་ང་འདྲ་ཡིན་ན་གཟབ་གཟོབ་གྱིས། །
རྐྱེན་ངན་ལམ་དུ་ལྷོང་བར་བྱིན་གྱིས་རློབས། །
ཆོས་ཀྱི་ཚིགས་སུ་བཅད་པ་ལས།
རང་ཉིད་རང་ཉིད་ཁོ་ནའི་བྱ་བ་དང་།
བྱ་བ་མིན་ལ་བརྟག་བྱ་ཡི།
གཞན་གྱི་གོ་རིམ་ལོག་པ་དང་།
བྱ་དང་བྱ་མིན་དག་ལ་མིན།།
རྒྱ་གར་པ་དག་གིས་གཞན་གྱི་སྐྱོན་གླེང་བ་ལ་འཛེམས་པ་ཞིག་དངོས་སུ་མཐོང་། བོད་མི་རྒན་པ་ཞིག་གིས་རྒྱ་གར་པ་ལ་དངུལ་སྟེར་ནས། རང་ཉིད་ལ་ཆགས་སྤྱོད་བྱེད་པར་བསྐུལ་དང་སྐུལ་བཞིན་པ་ན། དངུལ་ལ་བལྟས་ཏེ་ཆགས་སྤྱོད་བྱེད་མཁན་ཞིག་གིས་དེ་ལྟར་ཆགས་སྤྱོད་བྱེད་གཞན་པ་དེས་ཆགས་སྤྱོད་བྱེད་བཞིན་པའི་ངང་དུ། འདི་འདྲ་བྱེད་འདུག་ཅེས་སྐད་རྒྱབ་འདུག དེ་འདྲའི་སྒང་ལ་རྒྱ་གར་པ་སློབ་དགེ་ནམ་རྒྱུན་ཀྲོག་ཀྲོག་འདྲ་པོས་ཀུ་ཅོ་ཆེར་མ་བྱེད། ཅེས་བཀག་ཐབས་བྱེད་བྱེད་འདུག རྒྱ་གར་པ་སློབ་དགེ་གཞན་དག་དང་། ལས་བྱེད་པ་དག་གིས་བྱ་བ་འདི་ཤེས་ཀྱང་། ཤེས་མ་བྱུང་དོགག་དོགས་ཀྱིས་འཕྱས་ལས་རྒྱབ་པ་སོགས་བྱེད་ཀྱི་མེད་པ་ལ་ངས་གོང་གསལ་ཚིགས་སུ་བཅད་པའི་དོན་ཉམས་སུ་ལེན་པ་ལྟབུར་མཐོང་།
བསྟན་རྩ་དགེ་སློང་ཉིད་ཡིན་ན།
དགེ་སློང་ཉིད་ཀྱང་དཀའ་བར་གནས།
དེས་ན་རང་རེ་སོ་སོའི་སྐྱེ་བོ་ཡིན་པ་ལ་སྐྱོན་མེད་པ་ཞིག་ག་ལ་འོང་།
རང་གི་ལུས་ལ་དཔེ་སློང་ལ།
གཞན་ལ་གནོད་པ་མ་ཅིག ། ཅེས་པ་ལྟར་ལགས་སོ།།