ཀ་ལུ་རིན་པོ་ཆེ་ནས། བོད་ཀྱི་གྲྭ་པའི་སྤྱི་ཚོགས་ནང་བཙན་གཡེམ་གྱི་གནས་ཚུལ་ཡོད་པ་དེ། རང་ཐོག་གི་ཉམས་མྱོང་ཐོག་ནས་ཕྱི་བསྒྲགས་གནང་བར་བསྔགས་བརྗོད་ཡོད། མཚན་མཐུན་ཆགས་སྤྱོད་དང་དེ་མིན་གང་ཡིན་ནའང་གཞན་ལ་འདོད་པ་མེད་བཞིན་དུ་བཙན་གཡེམ་བྱེད་པ་ནི་ཆེས་ཐ་ཤལ་གྱི་ཁྲིམས་འགལ་བྱ་སྤྱོད་ཅིག་རེད། དེ་ཡིན་ན། ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་གྱི་མ་རབས་ཐ་ཤལ། ཀླ་ཀློའི་སྤྱད་པ་སྤྱོད་མཁན་དག་གི་ཉེས་སྐྱོན་ཐེར་འདོན་གནང་བ་དེ་ནི་ཡོངས་སུ་དགའ་འོས་པ་ཞིག་དང་རྒྱབ་སྐྱོར་བྱེད་དགོས་ངེས་ཤིག་ཏུ་མཐོང་།
མིའི་སྤྱི་ཚོགས་ཀྱི་ཟུར་ག་གང་དུའང་ཐ་ཤལ་གྱི་སྤྱོད་ངན་འདི་རིགས་ཡོད་པ་བཞིན་བོད་སྤྱི་ཚོགས་ནང་ཡང་གསར་པ་ཞིག་མིན་པར་སྔ་མོ་ནས་ཡོད་པ་ཞིག་ཡིན་པས་དེ་འདྲ་ཡ་མཚན་དགོས་པ་ཞིག་ནི་མིན་ལས་ཆེ། ཡ་མཚན་པ་ཞིག་ནི། རྒྱལ་ཁབ་གཞན་དང་གཞན་དུ། འདི་རིགས་ཁྲིམས་འགལ་ཡིན་པས་ཉེས་ཁྲིམས་ཡོད་པ་དང། དོན་རྐྱེན་འདི་རིགས་བྱུང་སྐབས་སྐོར་སྲུང་བར་ཁ་པར་གཏོང་བ། ཉེས་པ་གཞན་དག་བཞིན་གསར་གནས་བརྒྱུད་ལམ་ཁག་ལ་ཁྱབ་སྤེལ་གནང་བའི་ཡོངས་གྲགས་ཀྱི་དོན་དག་ཅིག་ཡིན་ཡང་། ང་ཚོའི་བོད་སྤྱི་ཚོགས་ལ་མཚོན་ན། དོན་དག་འདི་རིགས་ད་དུང་ཕྱི་ལ་འདོན་མི་རུང་བའི་གསང་གནས་ཤིག་ཡིན་པ་དེ་ནི་ངོ་མ་ཡ་མཚན་པའི་གནས་ཤིག་རེད།
འདིར་ང་རང་གི་མིག་ལའང་ཡིད་ཆེས་བྱེད་དཀའ་བ་ཞིག་ནི། མང་པོ་ཞིག་ནས་ཁོང་གིས་ཀླ་ཀློའི་སྤྱོད་པ་ཐེར་འདོན་གནང་བར་རྒྱབ་སྐྱོར་བྱེད་པ་ལས་ལྡོག་སྟེ། ཁོང་གིས་དེ་ལྟར་གནང་བ་དེ། སངས་རྒྱས་ཀྱི་བསྟན་པ་དམའ་ཕབ་པ་དང་། བོད་མི་རིགས་ཀྱི་མཚན་བླར་གནོད་སྐྱེལ་བ་ལྟ་བུ་ཞིག་ཏུ་བརྗོད་ཡོང་བ་དེ་ནི་ངོ་མ་དགོད་ཤོར་བ་ཞིག་ཏུ་མཐོང་། རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བ། སངས་རྒྱས་ཀྱི་འདུལ་ཁྲིམས་དང་འགལ་བའི་བྱས་ཉེས་རིགས་ཐེར་འདོན་བྱས་པ་དེ་ནི། མི་རིགས་ཡར་རྒྱས་དང་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོགས་ཡོད་པའི་ཕྱག་ལས་ཤིག་མིན་ནའང་གནོད་པ་ཅན་ཞིག་ཡིན་པ་མཐོང་དཀའ་འོ།
དེ་མིན་ད་རུང་ཁ་སྣོན་ཞིག་ལ། ཁོང་མི་ངན་དུ་མའི་ཚུལ་མིན་གྱི་བྱ་སྤྱོད་དང་གནོན་ཤུགས་མང་པོ་ཞིག་ལ་བསྟེན་ནས་ཐུགས་སེམས་སོ་ན་མི་གནས་པ་ལྟ་བུར་ཆགས་པ་དང་། དུད་ནག་དང་ཆང་ལ་སྤྱོད་དགོས་བྱུང་བའི་ཁག་མེད་ཀྱི་ཁོང་གི་གནས་སྟངས་ཐོས་ན་སྙིང་རྗེ་ཞིག་བཅོས་མིན་དུ་སྐྱེ་དགོས་པ་འདི་འདྲར་ཡང་བསམ་ཤེས་དང་རྒྱུས་ལོན་ཅུང་ཟད་ཀྱང་མི་བྱེད་པར་བླ་ལོག་དང་བླ་རྫུན་ཡིན་པ་ལྟ་བུར་གཤེ་རྐྱང་བྱེད་པ་འདིའང་ངོ་མ་བློ་ངོར་འཆར་དཀའ་བ་ཞིག་རེད།
བཙན་གཡེམ་ནི་རྒྱལ་ཁྲིམས་དང་ཆོས་ཁྲིམས་གཉིས་འགལ་རེད། དེ་བས་ན། ཁྱེད་ཚོས་བརྗོད་གཞི་གཙོ་བོ་བཙན་གཡེམ་སྐོར་ཅིའི་ཕྱིར་གླེང་བར་མི་བྱེད། ཅིའི་ཕྱིར་ཁྲིམས་འགལ་མིན་པའི་མཚན་མཐུན་ཆགས་སྤྱོད་དང་། གྲྭ་པ་ལོག་པའི་སྐོར་མང་པོ་ཞིག་གླེང་བར་བྱེད་པ་ཡིན། དེ་ཡང་གླེང་མི་ཆོག་པ་ནི་མིན་ཏེ། མཚན་མཐུན་ཆགས་སྤྱོད་ནི་ཆོས་ཁྲིམས་དང་འགལ་ཡོད་ན་ཐང་མོད་རྒྱལ་ཁྲིམས་དང་འགལ་བ་ཞིག་མིན་པ་རེད། གྲྭ་པ་ལོག་པའི་སྐོར་གླེང་ན། ཀ་ལུ་རིན་པོ་ཆེ་གཅིག་པུ་ག་ལ་ཡིན། བོད་ཀྱི་སྤྱི་ཚོགས་ནང་གནའ་ནས་ད་བར་རྒྱལ་བ་པཎ་ཆེན་གཉིས་ཀྱི་སྤྲུལ་སྐུས་མཚོན་པའི་བླ་ལོག་མང་པོ་བྱུང་ཡོད་པ་རེད། ཁོང་ཚོ་ཚང་མ་བླ་རྫུན་དང་སྤྲུལ་རྫུན་རེད་དམ། དེ་ཡང་ཁོང་ཚོ་རེ་རེ་བཞིན་དེ་ལྟར་གནང་དགོས་བྱུང་བར་ཁག་མེད་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མི་འདྲ་བ་རེ་ཡོད་ངེས་རེད་ལ་དེ་ལ་ང་ཚོས་ཅིའི་ཕྱིར་བསམ་ཤེས་བཟོད་སྒོམ་དང་རྒྱུས་ལོན་བྱེད་མི་ཐུབ་པ་ཡིན།
Comments on “ཀ་ལུ་རིན་པོ་ཆེ་ལ་བསྔགས་བརྗོད་ཡོད།”
Comments are closed.
སྤྱང་ཀི་ལ་དཔའ་དར་དང་། རྐུན་མ་ལ་རྔན་པ་ཞེས་པའི་དཔེ་དེ་ཅི་མི་བདེན། གོ་རང་གི་མ་ཆོད། ད་དུང་སྡུག་ཡུས་དང་དཔེ་འདྲེན་ས་རྒྱ་པཎ་རྣམ་གཉིས་ལྟ་བུའི་རླབས་ཆེན་གྱི་སྐྱེ་བུ་དམ་པ་རྣམས་ཀྱི་མཚན་དངོས་སུ་སྨོས་པ་དེ་ཅི་འདྲ་བོད་པ་ཚང་དེ་སྐྱོ་བ་ལ་ཨང་།
མདའ་ཚན་པའི་གསུངས་པ་ལ་མངོན་པར་བསྟོད་དོ།།
ཡང་ཡང་དྲན་ནོ་ཚ་བ་མདའ་སྨྱུག་དྲན། སྙིང་ནས་དྲན་ནོ་རོང་བོ་དགེ་འདུན་དྲན།
སྤྱིར་སུ་ལ་ཡང་བསམ་ཚུལ་མཇོག་པའི་ཐོབ་ཐང་ཡོད། ཡིན་ནའང་གནས་ཚུལ་ལ་རྒྱུད་ལོན་ཡག་པོ་མ་བྱས་པར་རང་སྲུང་གཞན་ཆར་བྱེད་མཁན་གྱི་བཀར་རླུག་རིང་པོ་ཆེར་རྒྱབ་རྐྱོར་ཡོད་ཚུལ་བརྗོད་མཁན་མིང་མེད་ཁྱེད་ལ་དྲན་སྐུལ་ཞིག་ཞུ་རྒྱུར་ཀ་ལུ་རིན་པོ་ཆེའི་( བཀར་རླུག་རིང་པོ་ཆེ)ལོ་རྒྱུད་ལ་རྒྱུད་མངའ་ཡག་པོ་ཞིག་གནང་དང་། ཁོ་ལ་སྤྲུལ་སྐུའི་མཚན་ཡོད་མཁན་ཞིག་ལ་སུས་མ་རུང་བ་བྱེད་ཕོད་དམ། ལྷར་པར་དུ་ཁོ་རང་ཆུང་ནས་ལུས་དང་དྲིན་མ་བཞིན་དུ་འགྲོགས་ནས་བསྡོད་མཁན་གསོལ་དཔོན་དང་དགེ་རྒན་གཅིག་ལྕོག་ནི་ཁོའི་ཨ་ཞང་ཡིན་འདུག ཁོའི་ཨ་ཞང་གིས་ཁོ་ལ་མ་རུང་བ་བྱས་པ་ཡིན་ནམ བཀར་རླུག་ཁོ་རང་ཆུང་དུས་ནས་ཕོ་མཚན་ཆེ་ལ་ཆགས་བཟུང་གཞན་དང་མི་འདྲ་བ་ཡོད་འདུག ཁོ་ལོ་ན་བདུན་ཡན་མས་སུ་ཁོས་ཁོ་རང་གི་མ་གཅིག་པ་པའི་གཅེན་མོའོ་ནུ་མ་འཕུར་བ་དང་ཕོང་ལ་རེག་པ་གོ་ཐོས་བྱུང་། གྲྭ་པ་ཕལ་པ་ཞིག་ནས་དེ་ལྟར་བརྗོད་ན་བདེན་པ་ཡིན་སྲིད། གྲྭ་པ་ཕལ་པ་ཚོས་སྤྱི་ཚོགས་ལ་ཕན་ཐོག་ཡོད་མེད་ཀྱི་བསམ་པས་རྒྱ་གྲགས་བོད་གྲགས་ག་ལ་བྱེད་ཕོད། བཀར་རླུག་གི་སྤྱོད་པ་མཁྱེན་འདོད་ན་Youtube ནང་གཟིགས་དང་ཁོའི་རང་ཟུགས་ངོ་མ་དེ་མངོན་ཐུབ།
བཀར་རླུག་འདྲ་བའི་ཁྱི་སྤྲུལ་ལྷ་མིན་མི་མིན་དང་ཤི་མིན་གསོན་མིན་མི་ཉུང་ཞིག་སྤྱི་ཚོགས་ནང་ཡོད་པས་དེ་ཚོར་ཁ་སྡུང་གཏང་ཚེ་དགེ་བ་ལས་སྡིག་པ་ག་ལ་ཡོད། མཇུག་མ་མེད་པའི་ཁྱི་སྤྲུལ་དེ་དག་གིས་སྡོམ་པ་དང་དགོན་པ་ཞག་རུང་སྤྲུལ་མིང་ཉར་ནས་བོད་རྒྱུད་ནང་བསྟན་ལ་ཁྱོགས་བཤད་དང་ཁང་ར་བྱེད་ཞིང་ཞོར་དུ་བུ་མེད་དང་དངུལ་ལོར་ཡོང་ཐབས་བྱེད།
ཤ་གཟན་སྤྱང་མོ་རི་ལ་བསྔགས། །
དོོན་མེད་རི་བོང་རྡོ་ཡིས་རྡུང་། །
ཆོས་ལོགས་སྤྲུལ་སྐུར་ཡིད་རང་བྱེད། །
དོན་མེད་གྲྭ་པར་མིང་ཆས་བཟོས། །
༄༅།། ཀ་ལུ་རིན་པོ་ཆེའི་ཡང་སྲིད་ཡིན་པར་རློམ་ནས་གོང་མའི་ཞབས་འདྲེན་པ་ན་རེ། ངའི་རྩ་བའི་བླ་མ་དེ་འགྲོ་བ་མི་ལས་འདས་པའི་སྐྱེས་མཆོག་ཞིག་ཡིན་ཚུལ་བརྗོད་སོང་། དེ་ནི་ཡ་མཚན་རེད་སོ་སོ་རང་ཉིད་འཇིག་རྟེན་ཕལ་པ་ལས་ཀྱང་དམན་ཆང་བཏུང་། ཁྲིམས་འགལ་གྱི་དུག་རྫས་ཟས། འདོད་ལོག་སྤྱད། རང་ཉིད་ཀྱི་གནས་བབ་གང་ཡིན་ཙམ་ཡང་མ་ཤེས་པར་མི་གཞན་ཇི་ལྟར་ཚོད་བཟུང་ངམ།
དང་པོ་སྤྲུལ་སྐུ་ངོས་འཚིན་བྱེད་པའི་སྲོལ་ཡང་བཀའ་བརྒྱུད་ནས་དར། བར་དུ་ཡང་སྤྲུལ་མི་འདྲ་བ་གཉིས་ངོས་འཛིན་བྱེད་སྲོལ་ཡང་བཀའ་རྒྱུད་ནས་དར། ཐ་མ་སྤྲུལ་སྐུ་ཡིན་པར་རློམ་ནས་རང་ཉིད་འདོད་པས་ཉོས་ནས་ཆོས་འགོ་མ་ཐོན་པར་མི་གཞན་ལ་ཁ་གཡར་ནས་རང་ཉིད་ཚུལ་ལྡན་ཡིན་ཁུལ་བྱེད།
གལ་ཏེ་ཁྱེད་ལ་མི་ག།ན་གྱི་བཙན་གཡེམ་བྱས་ཡོད་ན་སྐབས་དེར་གནས་ཚུལ་གསལ་པོ་བཟོ་མི་དགོས་པ་གང་ཡིན། མ་ཟད་སྐབས་དེར་ཁྱེད་རང་གི་རྩ་བའི་བླ་མར་མ་ཞུས་པ་ཅི་ཡིན། ཁྱེད་རང་གི་རྩ་བའི་བླ་མར་གྲྭ་པ་བྱེད་ཀྱི་མིན་ཞུས་པར་དེ་ཁྱེད་རང་གི་འདོད་པ་རེད་གསུངས་འདུག །ད་དུང་ཁྱོད་ནས་གྲྭ་པར་ཡིད་ཆེས་མེད་ཅེས་བཤད་སོང་། དེ་བདེན་ན། ཁྱེད་རང་གི་རྩ་བའི་བླ་མར་ཡིད་ཆེས་ཡོད་དང་མེད། དེ་ཡོད་ན་ཁོང་གྲྭ་པ་ཡིན་པ་འདོད་དམ། ཁྱེད་ནི་སྐྱབས་འགྲོ་མེད་པའི་ཡང་སྲིད་མཁས་ལེན་དམ། འདོད་ན་ཁྱི་རྒན་རྒྱ་བོའི་ཡང་སྲིད་ ཞིག་ཁྱེད་རང་གི་གྲོགས་སུ་བསྟེན་ཤིག །།
ཀ་ལུ་ལས་བྱུང་བའི་གནས་ཚུལ་དེ་ལ་དམའ་འབེབ་དང་མངགས་བརྗོད་གཉིས་ཀ་ཞུ་འདོད་མེད་ཡིན་ནའང་གནས་ཚུལ་སྤེལ་མཁན་དང་མཆན་བཀོད་མཁན་ཚོས་ལ་ཞུར་འདོད་པ་ནི་ཀ་ལུ་ཁོང་གྲྭ་ཡིན་དུས་རང་བཙུན་པོ་རབ་འབྱུང་གི་སྡོམ་པ་ཚུལ་བཞིན་བསྲུང་མཁན་ཞིག་དང་ད་དུང་ཁོང་ངོ་འཛིན་གནང་མཁན་དང་དགེ་རྒན་དང་དགོན་བདག་དང་རྐམ་བཀའ་བརྒྱུད་ཀྱི་བླ་ཆེན་ཚོ་ལ་བཀའ་འདྲི་ཞུས་ཏེ་བདེན་མིན་གང་ཡིན་ཤེས་དགོས་པ་ལས་དེ་མིན་ད་ལྟའི་ཀ་ལུ་ཟེར་བའི་སྤྲུལ་སྐུ་དེའི་youtube ནང་ལ་ཡོད་པའི་བྱ་སྤྱོད་ལ་ལྟས་ན་ཤེས་ཚད་བདེན་པར་འཛིན་དཀའ་བའི་རྣམ་པ་ཞིག་མཐོང་། མ་ཟད་རྣམ་རྒྱུན་རྐམ་པ་རིན་པོ་ཆེ་ལྷག་བསམ་དང་དང་བླངས་ཀྱིས་མ་བཀོད་མ་ཞུ་པར་གཞན་ལ་བརྒྱ་སྐྱོར་གནང་གིས་འདུག་པས་ད་ལན་ཁོང་རང་གི་ཆོས་བརྒྱུད་ནང་བྱུང་བའི་གནས་ཚུལ་དེ་གང་འདྲ་ཡིན་མིན་གསལ་བཤད་གནང་དགོས་པ་འགན་དུ་འབབ་པ་རེད།
ཀ་ལུའི་ཡང་སྲིད་ཀྱི་སྐད་ཆ་དེ་བདེན་རྫུན་གང་ཡིན་ཡང་རང་རེའི་དགོན་པ་གྲྭ་ཚང་ཁག་གི་ནང་ལ་བྱིས་པ་བཙན་གཡེམ་གྱི་དོན་རྐྱེན་ལྷགས་བཞིན་ཡོད་པ་རང་གཞན་ཚང་མས་ཤེས་བཞིན་པ་འདི་རེད། དེར་བརྟེན་འདི་ཚོ་ལ་བསམ་གཞིག་དང་དོན་རྐྱེན་དེ་རིགས་སྔོན་འགོག་ག་ཚོད་ནུས་ནུས་བྱེད་དགོས་པ་གལ་ཆེན་རེད་འདུག
འདིར་ཁ་ཤས་ཤིག་གིས་ཀ་ལུ་སྤྲུལ་སྐུའི་དོན་རྐྱེན་དེ་ཁྲིམས་ཐོག་ཏུ་སྐྱེལ་དགོས་པར་བཤད་པ་དེ་བསམ་གཞིག་མ་བྱས་པའི་རྟགས་རེད། བྱིས་པ་ཞིག་ལ་བཙན་གཡེམ་བྱས་པ་རེད། ཁྲིམས་ཐོག་ལ་དཔང་རྟགས་སྟོན་དགོས་པ་རེད། འདི་ནི་མི་ཞིག་རང་གི་ཉམས་མྱོང་གསལ་བཤད་བྱས་པ་ཙམ་ལས་དཔང་རྟགས་སྟོན་ཐུབ་གི་མ་རེད། འདིར་ཁ་ཤས་ཤིག་གིས་འདྲེ་ཤར་དུ་བཞག་ནས་གླུད་ནུབ་ཏུ་བཏང་བའི་དཔེ་ལྟར་སྤྲུལ་སྐུ་ངོས་འཛིན་ལམ་ལུགས་ལ་ཁ་རྡུང་གཏོང་བ་དེ་ཡང་སྐབས་སུ་མ་བབ་པ་རེད། འདི་བོད་ཀྱི་གྲྭ་བའི་སྤྱི་ཚོགས་ཀྱི་སྐྱོན་མཚངས་ཀྱི་ཁུག་མ་ལ་བུ་ག་ཞིག་རྡོལ་སོང་བ་ཙམ་ལས་སྤྲུལ་སྐུའི་སྐྱོན་དུ་བཞག་ན་མི་འགྲིགས། སྤྲུལ་སྐུའི་ལམ་ལུགས་འདི་ཡག་པོ་ཞིག་ནི་གང་ཡང་མ་རེད།
ངས་བསམ་བློ་ག་འདྲ་བཏང་ན་ཡང་ཚངས་སྤྱོད་ཀྱི་ཁྲིམས་ཞེས་པའི་མཇེ་ངན་མུག་ཤིར་གཏོང་འདོད་ཀྱི་ལམ་ལུགས་དེས་མ་འགྲིགས་པ་རེད། ཚངས་སྤྱོད་ཀྱི་ཁྲིམས་ཞེས་པ་འདི་མེད་པ་ཡིན་ན་བྱིས་པ་བཙན་གཡེམ་གྱི་དོན་རྐྱེན་ཇེ་ཉུང་དུ་འགྲོ་བ་ཐག་ཆོད་པ་རེད། ཉི་ཧོང་གི་བཙུན་པས་བུད་མེད་ལེན་ཆོག་པ་བཞིན་དུ་བོད་ལ་ཡང་སྔགས་པའི་ལམ་ལུགས་ཐེབས་ཆག་ཅིག་ཡོད་པ་དེ་ལ་ལེགས་བཅོས་ལྟ་བུ་ཞིག་བྱས་ནས་གྲྭ་བ་ཡིན་ན་མཐའ་གཅིག་ཏུ་ཚངས་སྤྱོད་པ་ཡིན་མི་དགོས་པའི་ལམ་ལུགས་འོས་འཚམས་ཤིག་དགོན་སྡེ་ཁག་ལ་ཁྱབ་སྤེལ་ཐུབ་ན་སངས་རྒྱས་ཀྱི་བཀའ་སློབ་རིན་པོ་ཆེ་འདི་ཡུན་རིང་པོར་གནས་པ་ལ་ཡང་ཕན་ཐོགས་ཆེན་པོ་ཡོད་ངེས་རེད། ཐའེ་ལན་ཌའི་དགེ་སློང་མཁས་པ་ཁ་ཤས་ཀྱིས་ཀྱང་ནང་ཆོས་ལེགས་བཅོས་Buddhism Reformདགོས་པའི་སྐད་ཆ་བཤད་ཀྱིན་འདུག
ལྷག་པར་ཡང་ཐེག་པ་ཆེན་པོའི་ལུགས་ལ་བསམ་ན་ཚངས་སྤྱོད་པ་ལས་ཀྱང་མི་སྐྱ་ཚོ་བྱས་རྗེས་ཆེ་བ་དངོས་ཡོད་རེད། ཐེག་ཆེན་གྱི་བཀའ་སྡུད་པ་པོ་འཇམ་དཔལ་དང་བྱམས་པ་དང་སྔགས་ཀྱི་བཀའ་སྡུད་པ་པོ་ཕྱག་ན་རྡོ་རྗེ་སོགས་ཀྱང་མི་སྐྱ་ཤ་སྟག་ཡིན་པ་རེད། དེ་ཡིན་དུས་ཐེག་ཆེན་པའི་ལུགས་འདི་ལ་ཚངས་སྤྱོད་པ་ཡིན་མིན་དེ་དེ་ཙམ་གལ་ཆེན་པོ་མིན་པ་གསལ་པོ་རེད།
དཀར་ལུ་རིན་པོ་ཆེ་ལགས་ལ་་་་་་རྒྱབ་སྐྱོར་ཡོད་་་་་་གང་ཡིན་ཞེས་ན་རྐྱེན་དེ་ལ་བསྟན་ནས་་་་་དེང་སང་གདན་ས་ཁག་ལ་་་་་་གྲ་པ་དངོས་རྩང་ཞིག་ཡོད་ཕྱིན་ཆད་དཀའ་ངལ་དེ་འཕྲད་པ་མེད་པ་འདྲ་་་་་་
ནོར་བཅོས་་་་་་མ་འཕྲད་པ་ཞིག་མེད་པ་འདྲ་
གོང་གི་རྩོམ་འདི་ལ་བསམ་ཚུལ་མེད་།
རྒན་མདའ་ཚན་པའི་རྩོམ་ཞིག་མཇལ་བས་ཧ་ཅང་དགའ་སྤྲོ་སྐྱེས། རྒན་མདའ་ཚན་པ་ལྟ་བུའི་སྨྱུག་ཁ་ན་རྣོ་ཡོད་མཁན་ཁ་ཤས་ཡོད་རྒྱུ་ན། དྲ་ཐོག་ནས་རྩོམ་འབྲི་བ་དང་མཆན་འགོད་པ་སོགས་ལ་སྤྲོ་སྣང་དམིགས་བསལ་བ་ཞིག་ཡོང་ས་རེད་།
ཁྱེད་རྣམ་པ་ཉེ་ཆར་བོད་ནང་གི་དཔར་ཞིག་ཐོན་ཡོད་པ་གཟིགས་ཡོད་ཤག་ལགས། ཁ་ཚ་དགོས་བཏུག་གི་ལས་ཞིག་ཚ་ཚ་འུར་འུར་དེ་ལྟ་བུ་ཞི་ག་གནང་ཐུབ་ན་མི་ལེགས་གམ།
ཁ་བརྡ་ཚང་གི་རང་བཙན་ལེན་རྒྱུའི་ཐབས་ཤེས་འདི་ནང་འཁྲུགས་གཏོང་རྒྱུ་དེ་ཡིན་ས་རེད། ལས་འབྲས་ཡོད་པ་བདེན།
ཀ་ལུ་རིན་པོ་ཆེའི་ཡུ་ཊུབ་བལྟས་བྱས་ཀ་ལུའི་དགེ་རྒན་གྲྭ་པ་དེ་ཨ་རིའི་གཞས་པ་གྲགས་ཅན་ནག་པོ་དཀར་འགྱུར་མེཀ་ཀལ་ཇག་སེན་གྱི་སྐྱེ་བ་མིན་འགྲོ་བསམས་ནས་དཔྱད་དུས། འཆི་དུས་དང་སྐྱེས་ཚེས་འགྲིགས་ཐུབ་མ་སོང་། ཧ་ཧ། ལས་མེད་ང་ཡི་ལས་ཀ
དེང་སང་དཀར་ནག་གོ་ལྡོག་གི་དུས་སྐབས་ཡིན་དུས་ཀ་ལི་རིན་པོ་ཆེས་རང་ལ་བཙན་གཡེམ་བྱས་པ་དང་སྡུག་པོ་བཏང་བ་བཅས་ཀྱི་སྡུག་སྐད་བརྒྱབ་པར་བོད་མི་ཚོས་གདུང་སེམས་མཉམ་བསྐྱེད་བྱེད་ཚབ་ཏུ།ཁོང་ཞབས་འདྲེན་པ་དང་སྤྲུལ་རྫུན་སོགས་ལ་བརྩི་ཀི་རེད།
དངོས་གནས་འཚམས་རེར་བསམ་སྐབས་བོད་མི་ནང་བཞིན་དཀར་ནག་གོ་ལྡོག་བྱེད་མཁན་ཉུང་ཉུང་རེད་ད།གནའ་ནས་ད་བར་རང་མི་ལ་ཤ་ཚ་ཅན་དང་དྲང་བདེན་གྱི་སྐད་ཆ་བཤད་མཁན་སུ་བྱུང་ཕལ་མོ་ཆེ་ནག་པོ་བཟོས་ཏེ་སྡུག་པོ་བཏང་ཡོད།
གཡོ་སྒྱུ་ཧམ་པ་ཅན་ཚོར་ལོ་རྒྱུས་ཀི་ཐོག་ནས་བཟུང་ཨ་གསར་བྱས་ཏེ་ཅོལ་དང་རྫུན་གྱི་རྗེས་སུ་འབྲངས་རྒྱུ་མང་དྲག་ནས་ད་ཆ་བདེན་མཐའ་གསལ་རྒྱུའི་ཚབ་དུ་རྫུན་རྐུབ་བརྡོལ་ནས་མགོ་བདེ་སྦྲེལ་ལད་དང་དཀར་ནག་གོ་ལྡོག་གིས་ཁུངས་མ་འཁྱོངས་པར།བོད་ཅེས་པ་གཞི་མེད་རྩ་བྲལ་དུ་བཏང་ཡོད།
བོད་པ་ཚོས་རྫུན་དང་སྐྱོན་ཆ་སྦེད་རྒྱུར་དགའ་བ་འདིས་ཁུངས་ཇི་ཙམ་འཁྱོལ་ཡོང་ང་ཚོས་བལྟས་ཆོག་གི་རེད།
བྲག་ཞོལ་སྤེན་པ་ལགས་ནས་གནད་ལ་ཁེལ་བའི་སྐད་ཆ་དྲང་མོ་མདའ་འདྲ་ཞིག་བཤད་འདུག ཡག་པོ་འདུག
ཀ་ལའི་གསུངས་བཤད་ཀྱི་ནང་དོན་མདོར་བསྡུས།
ཀ་ལི་རིན་པོ་ཆེས་རིན་པོ་ཆེའི་སྡེ་ནི་ཁྲིམས་གཙང་དམ་མཐུན་དང་བདེ་སྐྱིད་ཁོ་ན་མིན་ཡང་། དེ་ལྟར་རློམ་མཁན་གྱི་མི་མང་ཀུན་ལ་རང་གི་མྱོང་བ་གསལ་བཤད་དུ། ཁོའི་ཡབ་མ་འདས་བའི་སྔོན་དུ་ཁོང་ནི་རྒྱལ་སྲས་ལྟར་ཡིན་ཡང་ལོ༩་སྟེང་ཡབ་གྲོངས་བས་ཁོང་གི་མི་ཚེ་མུན་ནག་ཁྲོད་དུ་ལྷུང་ཞིང་དཀའ་ངལ་གསེབ་ནས་རྒྱས། ཁོ་རང་༡༣་སྟེང་དགོན་པ་ནས་གྲྭ་བ་ཚོས་གཙན་གཡེམ་བྱས་བས་དགེ་འདུན་པ་དེ་ཙམ་ཡིད་ཆེས་མེད་ཅིང་། ། ལོ༡༨སྟེང་མཚམས་སུ་ལོ་གསུམ་དུ་བསྡད་སྐབས་དམིགས་བསལ་ཀྱི་དོ་སྣང་དང་ཤ་ཚ། བདག་སྐྱོང་སོགས་བྱེད་མཁན་མེད་ཀྱང་། མཚམས་ནས་ཐོན་རྗེས་མི་མང་པོ་ཞིག་ཁོང་གི་འཁྲིས་སུ་ཡོང་ནས་སྔོན་གནས་རྗེས་དྲན་སོོགས་ཀྱི་མཚན་མའི་བཤད་རྒྱུ་ཡོད་པ་འདོད་ཀྱང་ཁོང་ལ་དེ་ལྟར་གཅིག་ཀྱང་མེད། མཚམས་ནས་ཐོན་རྗེས་མི་མང་པོ་ཞིག་གིས་ཀ་ལའི་རང་གི་དགེ་རྒན་དང་ནང་མི་ཕྱིར་འབུད་བཏང་ཚུལ་བཤད་ཀྱང་། ཀ་ལའི་དགེ་རྒན་གྱི་མོས་འདོད་ལྟར་མ་སོང་བས་དགེ་རྒན་གྱིས་གྲི་འཁུར་ནས་ཁོང་གསོད་རྩིས་བྱས། གནས་ཚུལ་དེས་རྐྱེན་གྱིས་དགེ་རྒན་གྱིས་ཁོང་ཀ་ལི་དང་མཉམ་དུ་གནས་ཐབས་མེད་པ་རྟོགས་ནས་རང་འགུལ་གྱིས་ཕྱིར་ཐོན་པ་ལས་ཁོང་གིས་དགེ་རྒན་ཕྱི་འབུར་བཏང་བ་ནི་དངོས་ཡོད་མིན་ཞིང་། རྒྱུ་མཚན་ནི་དགེ་རྒན་གྱིས་དེ་ནི་ཁོང་གི་ནོར་འཁྲུལ་ཡིན་པ་ངོས་ཟིན་ནས་ཁོང་ཀ་ལའི་དང་ལྷན་སྡད་ཐབས་མེད་པ་ཤེས་ནས་ཕྱིར་ཐོན་པ་ལས་ཁོས་ཕྱིར་འབུལ་བཏང་མེད་ཚུལ། “སྐབས་དེར་ང་ནི་སྲོལ་རྒྱུན་པ་ཡིན། སྲོལ་རྒྱུན་པ་ཡག་པོ་ཡིན།” གོ་ནོར་ཐེབས་པའི་དབང་གིས་ནང་མི་དང་འགལ་ཟླ་གྱུར་ཡང་ཟླ་དྲུག་གི་སྔོན་གི་ང་ཚོའི་ཕན་ཚུན་གོ་རྟོགས་བྱུང་ཏེ་ནང་མི་དང་སྐྱར་འབྲེལ་བྱུང་། གནས་ཚུལ་དེ་དག་དབང་གིས་ཆང་དང་དུ་ནག་ཚོད་མེད་དུ་སྐྱེལ་དགོས་བྱུང་། “གང་ལྟར་ཡོད་ཚད་དངུལ་དང་དབང་ཆའི་ཆེད་དུ་ཡིན་ཞིང་ཁྱེད་ཀྱིས་སྲིད་འཛིན་ལ་དབང་སྒྱུར་བྱེད་ཐུབ་ཚེ་རྒྱལ་ཁབ་དེ་རུ་ཁྱེད་ལ་ཅི་དགོས་ཐམས་ཅད་ཐོབ་པའི་དཔེ་ལས་མ་འདས།”
ད་ལྟ་མང་པོ་ཞིག་གི་ཁོང་ནི་རིན་པོ་ཆེ་ཡིན་པས་དམིགས་བསལ་གྱི་འོས་འགན་དང་ནུས་བ་ཡོད་པས་ལས་དོན་ཞིག་སྒྲུབ་པའི་སྐུལ་མ་གནང་བ་བརྟེན། ཁོང་གི་ཆོས་རྒྱུད་དུ་སངས་རྒྱས་ཆོས་ལུགས་ལ་གསོ་བསྲང་དང་ཁོང་རང་གི་གཤིས་ལུགས་ལྟར་ནང་ཆོས་ལ་དག་ཐེར་བྱེད་རྒྱུའི་ཐུགས་འདུན་ཡོད་པས་ཁོང་གི་གསར་འཛུགས་བྱེད་རྒྱུའི་སློབ་གྲྭ་ལ་མ་དངུལ་གྱི་ཞབས་འདེབས་སློང་བ་མ་ཟད། ཁོང་གིས་སྐྱར་ཟློས་སུ་རང་གི་གཤིས་སྤྱོད་དང་འགྲོ་སྟངས་བཅོས་སྒྱུར་རྒྱུ་མིན་པའི་དམ་བཅའ་གནང་ཞིང་། ཁོང་ལ་ད་ལྟ་བདེ་སྐྱིད་ཡོད་ཚུལ་དང་། ཁོང་ནི་སོ་སྐྱེས་ལས་འདས་བའི་གང་ཟག་ཅིག་མིན་པ་གསལ་བཤད་ཡང་གནང་འདུག ཁོང་གི་དགེ་རྒན་ཡང་རིན་ཐང་ཅན་གྱི་མི་ཞིག་ཡིན་པས་དེ་ལ་དགའ་ཞེན་དང་དེད་འདུན་ཡོད་པ་ལས། མི་ལས་འདས་བའི་སྐྱེས་བོ་ཞིག་ལ་ངོས་འཛིན་བྱེད་ཀྱིན་མེད་ཚུལ་སོགས་གསུངས་འདུག
མ་གཞི་ཕྲན་གྱིས་ཀ་ལི་གསུངས་ཚིག་ཇི་མ་ཇི་བཞིན་དུ་སྒྱུར་རྒྱུ་མོས་འདོད་ཡོད་ཀྱང་ཆུ་ཚོད་ཀྱི་འགྲོ་སོང་མང་དུ་བཏང་དགོས་ཁར་ཕྲན་ལ་ད་ལྟ་དེ་ལྟར་ཆུ་ཚོད་མེད་ཅིང་ལེ་ལོ་ཡོད་པས་མདོར་བསྡུས་ཤིག་བཀོད་པ་ཡིན། དགོས་མཁོ་ཡོད་ན་ཚང་མ་སྒྱུར་ཆོག སྒྱུར་ཐུབ་མཁན་ཡང་དྲ་གྲོགས་མང་པོ་ཡོད་པས་ད་བར་སྒུག་ཀྱང་སྒྱུར་མཁན་མ་བྱུང་བས་དེ་རིང་ནང་དོན་གཙོ་གནད་ཁག་བཀོད་པ་ཡིན།
ཀ་ལུའི་ཡང་སྲིད་ཁྱེད་རང་ཨ་ཕོ་མཐུ་ཆེན་ལྟར་ཚིག་ངན་གྱིས་མཐུ་ནུས་ངོམས་ནས་མ་བཞུགས་པར། མི་ལ་རས་པ་ལྟར་སྒྲུབ་པ་མཐར་ཕྱིན་ཅིག་གནང་ན་མི་ལེགས་སམ། རང་མིང་ཟུར་དུ་ཀརྨ་ཡོད་ཙ་ན་ཤོད་ཐལ་ཤོར་སོང་ལགས། དགེ་ལེགས་སུ་གྱུར་ཅིག །
རྣམ་པ་ཚོས་ཀ་ལུ་ལ་ཁ་བརྡུང་མ་གཏོང་རོགས།
༡། ཁྱེད་ཅག་གིས་དང་པོ་སྤྲུལ་སྐུ་ཟེར་ན་མི་ལས་འདས་པའི་འོད་འོད་ཆེམ་ཆེམ་འཕྲོ་བའི་ལྷ་ཞིག་ཡོད་བསམ་པའི་རྨོངས་དད་དེས་དབང་གིས་ཀ་ལུ་དང་ཀ་ལུ་ལྟ་བུས་མི་སྤྱོད་སྐྱོང་བར་ཧང་སང་གི་རེད། དེས་ན་ཁྱེད་ཅག་གིས་ཅིས་ཀྱང་ངེས་དགོས་པ་ནི་《སྤྲུལ་སྐུ་ཟེར་ན་མི་རེད། རལ་གྲི་བརྫས་ན་ལྕགས་རེད་》ཟེར་བའི་གནད་དེ་མཁྱེན་ན་ད་བཟོད་རྩོད་རྙོག་ལྷག་མེད་དུ་འཇིག་འགྲོ
༢། ཁ་བརྡ་དང་བང་ཆེན། ཤམ་བྷ་ལའི་དྲྭ་གནས་ན་འཛིང་བཞིན་ཡོད་པ་དག་ནི་མང་ཆེ་བ་དགོན་སྡེའི་གྲྭ་རྒྱགས་དག་རེད། ཁོང་ཅག་ལ་སྐད་ཆ་དྲང་མོར་བཤད་རྒྱུའི་ལམ་སྲོལ་མེད་པ་ཅི་ཞིག་ཁག་སྟེ། ཁོང་ཚོ་མང་ཆེ་བས་རང་རང་གི་གྲུབ་མཐའ་གནས་ལུགས་དང་མ་མཐུན་རུང་དེའི་སྐྱོན་སྦས་ཤིང་གྲུབ་མཐའ་གཞན་དག་ཐམས་ཅད་པོ་རྟག་ཆད་སྨྲ་བ་ཡིན་ཚུལ་གྱི་སྒྲོ་འདོགས་སྐུར་འདེབས་བྱེད་པར་སྦྱངས་སྦྱངས་ཀྱིས་ཤིན་ཏུ་གོམས་ནས་ཡོད་པས་སྟབས་ཀྱིས་གནས་ལུགས་ངོ་མ་ག་ལ་བཤད།
༣། གནད་དོན་གཞན་ཞིག་ནི་རྩོམ་འདིའི་ནང་གི་ཉེས་སྐྱོན་ཐེར་འདོན་བྱས་པར་ཁོང་ཚོར་ན་ཚ་གཏོང་དོན་གང་རེད། དེ་ནི་སྐྱོན་མཚང་ཐོག་ཏུ་ཕོག་རྟགས་ཏེ་ཁ་དཔེར་《རྟ་རྒྱབ་ཆད་དེ་འཕག མི་གནོང་ཡོད་ཁྲོ། 》ཟེར་བའི་དཔེ་ལྟར་རེད།
ད་ལྟའི་དུས་དེར་ཀ་ལུ་སྤྲུལ་སྐུར་སྨད་འོས་པ་ཡིན་མིན་མི་ཤེས་ཀྱང་། ཁོང་ལ་བསྟོད་དགོས་པའི་དུས་ཅིག་དེ་བས་ཀྱང་མ་རེད་ཅེས་རྩོམ་པ་མིང་མེད་ལགས་ལ་ཞུ་འདོད་བྱུང་ལགས།
ཀ་བཞིའི་བཀྲ་ཤིས་མ།
ཀ་ལུ་བླ་མའི་ཡང་སྲིད་འཁྲུལ་བྲལ་ཡིན་པའི་བཀྲ་ཤིའ་ཤོག །
ཀ་ཁ་བོད་ཡིག་བོད་ཆོས་མཐར་ཕྱིན་ཤེས་པའི་བཀྲ་ཤིས་ཤོག །
ཀ་ལུའི་ཡང་སྲིད་མཆོག་གི་བར་ཆད་ཞི་བའི་བཀྲ་ཤིས་ཤོག །
ཀ་ལུ་བླ་མའི་སྒོམ་སྒྲུབ་མཐར་ཕྱིན་ཡོང་བའི་བཀྲ་ཤིས་ཤོག །
བཀར་བླུག་རིང་པོ་ཆེ་དེ་ཡིན་ན་
ཀ་ལུ་བླ་མར་རིགས་མ་ཐོབ་པའི་བཀྲ་ཤིས་ཤོག
ཀ་ལུ་བླ་མའི་ཆགས་སྲེད་ཞི་བའི་བཀྲ་ཤིས་ཤོག
ཀ་ལུ་བླ་མའི་བོད་ཕྲུག་སྤེལ་བའི་བཀྲ་ཤིས་ཤོག
ཀ་ལུ་བླ་མའི་མ་རྒན་མི་བརྗེད་བཀྲ་ཤིས་ཤོག
མཆན་བུ་བ་རྣམ་པར་ཐོས་ཚད་བདེན་པ་མ་བྱེད་རོགས་ཞུ་རྒྱུ་ཡིན།
ཨ་རོ་དྲ་གྲོགས་ཚོ་སྐད་ཆ་་མང་པོ་བཤད་ཀྱང་རུང་མ་བཤད་ཀྱང་རུང་གྲྭ་ལོག་དང་བླ་ལོག་མི་ཉུང་བ་ཞིག་གིས་ཕྱག་ལས་གཙོ་བོ་དེ་རང་ཉིད་འདོད་ཆགས་ཆེ་སོང་ནས་སྡོམ་པ་ཤོར་བ་མིན་པ་སངས་རྒྱས་པའི་ཆོས་དང་དེའི་ལམ་ལུགས་དག་སྐྱོན་ཅན་ཞིག་ཏུ་མཐོང་ནས་གྲྭ་པ་ལོག་པ་ཡིན་ང་ལ་སྐྱོན་མེད་དཀར་པོ་དཀར་རྐྱང་ཡིན་ཞེས་ལབ་ཀྱི་ཡོད་རེད་མ་གཏོགས་། སངས་རྒྱས་པའི་ཆོས་ལ་ལྷག་བསམ་དཀར་དྲག་པ་དང་སེམས་ཤུགས་ཆེ་དྲག་ནས་རྩ་བ་ནས་མ་རེད། གྲྭ་པ་ལོག་དགོས་པའི་རྒྱུ་མཚན་བཙན་གཡེམ་བྱས་པས་ཡིན་ན་བཙན་གཡེམ་བྱེད་མཁན་དེ་ཀ་ལུ་སྤུལ་སྐུའི་དགོན་པའི་གྲྭ་པ་ཞིག་ཡིན་པས་ཀ་ལོག་ཁོ་རང་དགོན་པའི་དགོན་བདག་ཡིན་པས་བཙན་གཡེམ་བྱེད་མཁན་དེ་ཕྱི་ཕུད་མ་གཏོང་བ་ཁོ་རང་གྲྭ་པ་ལོག་ཏེ་ཅི་ཕན། དམག་རྒྱབ་སྐབས་འཐབ་འཛིང་གཏོང་ནས་དགྲ་བོ་མཐའ་སྤྲོད་གཏོང་དགོས་རེད་མ་གཏོགས་རང་ཉིད་དམག་ས་ནས་བྲོས་ཏེ་སྡུག་སྐད་རྒྱབ་ནས་དགྲ་ལས་རྒྱལ་ཁ་འཐོབ་མི་སྲིད་ལྟ་བུ་རེད།
དྲ་གྲོགས་ཨ་མའི་བུ་དང་། དགྲ་ལྷ་གཉིས་ཀྱིས་གསུངས་པར་བདེན་རྩ་འདུག ཨ་ནུ་ཐང་བ་བསོད་ནམས་ལགས། ཁྱེད་ཀྱིས་མི་ཤེས་ན་ཤེས་འདོགས་མ་བྱེད། ཁྱེད་ཀྱང་རང་གི་རྩ་བའི་བླ་མར་དད་པ་ལོགས་ནས་སྤྱོད་པ་འཆར་བསྡད་ཡོད་པ་ང་ཚོས་ཤེས་རྟོགས་བྱུང་། རི་བུང་ཅར་འདྲོགས་མ་བྱས་ན་ལེགས་པར་སེམས། གོང་དུ་དྲ་གྲོགས་མང་དག་ཅིག་གིས་ཆོས་བྱེད་དགེ་འདུན་པའི་སྡེ་ལ་མཚན་སྨད་བྱས་པ་ནི་ཧ་ཅང་རྫབ་ཆེན་རེད་འདོད་ཀི
ཕ་གསོད་མཁན་བུ་ལའང་ཤོད་རྒྱུ་ཅིག་ཡོད།
ཁ་ཟས་སྤང་ནས་ཟས། རིལ་མ་ནགས་སུ་བཏང། ཞེས་པ་སོགས་ཀྱི་གཏམ་དཔེ་ལྟར་རེད། དཀར་ལུག་ཁོང་རང་ཉིད་གྲྭ་བ་བྱེད་མ་ཐུབ་པའི་རྒྱུ་མཚན་དཀར་དོན་བྱེད་འདོད་པ་ལས་དེ་མིན་རྒྱུ་མཚན་གང་ཡང་མེད་སྙམས།
གང་ལྟར་སྡོད་ས་པྲལ་པར་བསྡད། མིག་ལ་ཐལ་བ་འདེབས་ཚུལ་འདི་ལེགས་པའི་རྟགས་ཤིག་མིན་པས་བསྟོད་པ་བྱེད་པའང་དེ་བཞིན་རེད།
འགའ་ཞིག་གིས་འདུལ་བའི་བཅས་ཚུལ་ལ་འགྱུར་བ་གཏོང་གི་ཡིན་ཟེར།
དེ་ནི་སངས་རྒྱས་དངོས་ལས་ཀྱང་མཁས་ཚུལ་སྟོན་པ་རང་རེད།
ཀ་དག་གནས་ལུགས་རྟོགས་པའི་༸རྒྱལ་དབང་མཆོག་དྲུང་དུ།།
ཁ་བའི་བདེ་སྡུག་གླེང་བ་འཇའ་ཚོན་ལྟར་ཡལ་ནས།།
ག་བུར་ཞུན་མའི་དམ་ཆོས་འདུལ་འཛིན་གྱི་སྡེ་ལ།།
ང་བཟང་ཁོ་ངན་སྨྲ་བའི་ཇབ་ཆུང་རྣམས་སྐྱོ་བ།།
ཀ་ལུ་བླ་མའི་གློག་བརྙན་དེ་ཕྱི་རྒྱལ་བ་ཞིག་གི་ངོ་དེབ་ཀྱི་ཐོག་ནས་མཐོང་སོང་། ཐོག་མར་ངོ་མ་ཁོང་ལ་སྙིང་རྗེ་སོང་། འོན་ཀྱང་ཕྱིས་སུ་ཞིབ་འཇུག་བྱེད་དུས་ཁོང་གི་སྐད་ཆ་འདིའི་དགོས་པ་གཙོ་བོ་ནི་བོད་ཀྱི་གྲྭ་བཙུན་ཀྱི་སྡེ་འམ་བོད་ཀྱི་ཆོས་སྡེ་རྩ་མེད་བཟོ་འཆར་ཉག་ཅིག་རེད་འདུག་པས་ཁོང་ཁྲོ་ཆེན་པོ་སྐྱེས་སོང་། དེང་སྐབས་འཛམ་གླིང་གི་ཕྱོགས་གང་སར་མགོ་སྲིད་འཛིན་ནས་འཇུག་མི་སེར་བར་གྱིས་བོད་ནང་གིས་དགེ་འདུན་པ་ཚོས་རང་ལུས་མེ་ལ་སྦྱིན་པའི་མཚེ་མེད་ཞི་བའི་ལས་འགུལ་ལ་ཡི་རང་དང་བསྔགས་བྱེད་བཞིན་པ་འདི་རྩ་མེད་བཟོ་ཆེད་གྲྭ་བཙུན་ཚོས་བཙན་གཡེམ་དང་མཚེ་བའི་ལས་ལ་འཇུག་གི་ཡོད་པ་དབྱིན་སྐད་ཐོག་བཤད་པ་འདི་རེད། ཁོང་གི་སྐད་ཆ་འདི་ནི་རྒྱ་ནག་ལ་དགོས་པའི་སྐད་ཆ་ངོ་མ་དེ་རེད། དེང་གི་ཆར་ཁོང་གི་གློག་བརྙན་དེ་ཕྱི་གླིང་བ་ཚོས་ངོ་དེབ་ཐོག་བཞག་ནས་བོད་ཀྱི་གྲྭ་བཙུན་གྱི་སྐོར་བགྲང་གླེང་ག་ཚོད་བྱེད་ཀྱི་མི་འདུག་གམ། མཆན་འབྲི་མཁན་མང་པོ་ཞིག་གིས་ཡིད་ཐང་ཆད་པའི་རྣམ་པ་བསྟན་གྱི་འདུག སྤུན་ཟླ་ཚོ་གཟིགས་དང་ཁོང་གི་སྐད་ཆ་འདི་སྔ་མ་དྲག་ཕྱིས་མ་དྲག་པར་འུ་ཚོའི་གྲྭ་བཙུན་ཚོས་རང་སྲོག་བློས་འདོར་གྱི་འཚེ་མེད་ལས་འགུལ་གྱིས་འཛམ་གླིང་མི་དམངས་ཚ་ཚ་འུ་འུ་བྱེད་བཞིན་པའི་སྐབས་དང་དུས་ལ་བསྟུན་ནས་ཁོང་གིས་སྐད་ཆ་འདི་བཤད་པ་རེད། ལྷག་པར་ཁོང་གིས་དབྱིན་སྐད་ཐོག་བཤད་པ་འདིས་ཁོང་གི་ཀུན་སློང་ངོ་མ་གསལ་པོ་བཟོས་ཡོད། ཁོང་གི་དབྱིན་སྐད་ཐོག་ཡོད་པའི་གློག་བརྙན་འདིས་རྒྱ་སྒོར་ས་མང་པོ་བཟོ་ཡོད་པ་ང་ཚོས་ཚད་དཔག་བྱེད་ཐུབ། ངས་ཚད་དཔག་བྱེད་ཐུབ་པ་ཞིག་ལ་ཁོང་གིས་བོད་ནང་གི་གྲྭ་བཙུན་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་མཚེ་མེད་ཀྱི་ལས་འགུལ་སྤེལ་བ་འདི་ནུབ་ཕྱོགས་སུ་ཧ་ཅང་སྐད་གྲགས་ཆེ་རུ་དང་རྒྱབ་སྐྱོར་མང་དུ་འགྲོ་བཞིན་པ་འདི་ནུས་མེད་དུ་བྱེད་ཐབས་ཁོ་ན་རེད་འདུག ང་ཚོས་གཟབ་གཟབ་བྱས་ཏེ་ཁོང་དང་ཁོང་གི་རྒྱབ་སྐོར་བ་ཚོའི་དམིགས་ཡུལ་ཤེས་པར་བྱེད་དགོས། མཆན་འབྲི་མཁན་འགའ་རེས་ཁོང་གི་སྐད་ཆ་འདིས་བོད་ཀྱི་བསྟན་པ་ལ་ཕན་རབས་སོགས་སྣ་ཚོགས་བཤད་འདུག་ཀྱང་། ངས་དེ་དག་ལ་ངོ་རྒོལ་མེད་ལ་རྒྱབ་སྐྱོབ་ཀྱང་མེད། ཁོང་ཚོ་ལ་རེ་སྐུལ་ཞུ་རྒྱུ་ཞིག་ལ་ཀ་ལུ་བླ་མའི་སྐད་ཆའི་དགོས་པ་དང་དམིགས་ཡུལ་ལ་ཞིབ་འཇུག་བྱ་རོགས། ལྷག་པར་ཀ་ལུ་ཁོང་རྒྱ་ནག་གམ་རྒྱ་མི་རིགས་ལ་འབྲེལ་བ་ཆེན་པོ་ཡོད་མེད་སོགས་ཞིབ་བྱེད་རོགས།
ང་རང་ཡང་དགེ་འདུན་པ་ཞིག་ཡིན།
དྲང་པོར་བཤད་ན་དགེ་འདུན་སྡེ་ལ་དག་ཐེར་ཞིག་གནང་དགོས་པ་གལ་ཆེན་རེད།
ཚང་མ་དེ་འདྲའི་སྐྱོན་ཅན་ཞིག་རྩ་བ་ནས་མ་རེད། ཡིན་ན་ཡང་འདུལ་བའི་སྡེ་སྣོད་ལ་སློབ་སྦྱོང་རིམ་པ་བཞིན་གནང་ནས་ཡག་པོ་བྱུང་སོང་ན་དབུ་ཕལ་སོག་ལ་སློབ་སྦྱོང་གནང་དགོས་འདུག གྲ་ཆས་གྱོན་ཤེས་ཙམ་ནས་རྩོད་རིག་ལ་སློབ་པ་འདི་ཡག་པོ་རྩ་བ་ནས་རེད་མི་འདུག།
ཨོ་ཨོ་ཨོ་་་ད་ཡང་ཀ་ལུ་ཟེར་བ་དེ་ཐོན་ནས་་་་་་ཧཧཧཧ་ཁོང་ལ་བཙན་གྱིས་བརླ་འཛུག་བྱས་ཡོད་པ་བདེན་པ་ཡིན་རྒྱུ་རེད་ཡ་་་་ཡན་ན་ཡང་ཁོང་ནས་ཕར་ལ་གྲྭ་ཕྲུག་ཚོ་ལ་དེ་ལྟར་བྱས་ཡོད་ཤག་ཡིན་པས་་་དེ་ག་རེས་ནས་མ་བཤད་པ་ཡིན་ན་་་་་ངོ་མ་དེང་སང་སྒོར་མོའི་ཆེད་དུ་ཡོད་ཚད་སྨྱོས་འདུག་ཡ་་་་
ངའི་ངོ་ཤེས་ཐེ་ཝན་ནས་ཡིན་པ་ཞིག་གིས་ཀ་ལུའི་བཤད་པ་ལ་ལྟ་སྟངས།
可憐的卡盧!徹底被世間的欲樂征服,背離正信的三寶,墮落沉迷於魔境,一個放棄善法的人,再怎樣攻擊佛教與出家人,也無法掩飾他被自己煩惱打敗的痛苦與絕望,藉由毒品、嗑藥、雜交來麻痺自己,終就是落入的罪惡深淵而萬劫不復!
ཚོར་བ་སྨྲ་བའི་རིང་ལུགས་པའམ་གྲྭ་ལོག་དང་བླ་ལོག་ཁ་ཤས་སྨྱོན་པ་ཆགས། སྡིག་པ་མིག་བཙུམ་བྱས་ཏེ་དགེ་འདུན་གྱི་སྡེ་ལ་བསྐུར་བ་བཏབ་བཞིན་འདུག་མོད། འོན་ཀྱང་བསྐུར་བ་ག་ཚོད་བཏབ་ན་ཡང་སྐྱོན་གང་ཡང་བྱེད་མི་ཐུབ། སྔོན་མ་རྒྱ་དམར་གྱིས་ཁྱེད་ཚོའི་ལྷག་ཅིག་བསྐུར་བ་བཏབ་ཀྱང་གང་ཡང་བྱེད་མ་ཐུབ་རེད། རྗེས་མ་མིག་བཙུམ་ནས་ཕྱི་མའི་ཡུལ་ལ་འགྲོ་དུས་སོ་སོ་མྱང་གི་རེད། དེར་བརྟེན་ཁོ་བ་ཚོར་ཚིག་ཁ་ཤས་ཞིག་བཤད་འདོད་བྱུང་། སྤྱིར་ཚོགས་སྡེ་གང་ཞིག་ན་ཞབས་འདྲེན་པ་རེ་ཟུང་ཡོང་རྒྱུ་ཡོད་པ་ཆོས་ཉིད་ཡིན་པ་ལྟར། གྲྭ་བའི་སྤྱི་ཚོགས་ནང་ན་ཡང་ཞབས་འདྲེན་པ་རེ་ཟུང་ཡོད་དང་ཡོད་བཞིན་པ་ཡང་དེ་ལྟར་རེད། དེ་ལ་ཧང་སངས་ཧོན་འཐོར་མི་དགོས། སངས་རྒྱས་ཞལ་བཞུགས་དུས་ནས་ཞབས་འདྲེན་པ་ཡོད་པ་འདུལ་བའི་གླེང་གཞིར་ལྟོས་དང་ཤེས་ཀི་རེད། ཡང་གྲྭ་བས་གྲྭ་བར་བཙན་གཡེམ་ཟེར་བ་དང་། ཕོ་རྒྱོ་ཟེར་བ་ལྟ་བུའི་ཐ་སྙད་བེད་སྤྱོད་ཀྱིས་གྲྭ་བའི་ཚོགས་སྡེར་དམའ་ཕབ་གང་ཐུབ་བྱེད་ཀྱི་འདུག། གནའ་སྔ་མོ་ཡང་གྲུབ་མཐའ་དང་ཆོས་ལུགས་བར། མི་རིགས་དང་མིའི་བར་དམའ་ཕབ་རེས་བྱས་ནས་ང་ཚོ་འཐོར་ཞིག་ཏུ་འགྲོ་བ་རེད། དཔེར་ན་དགེ་བཤེས་གླང་ཐང་བ་ལ་ཡང་གཞན་ཞིག་ཕྲག་དོག་གིས་སྐྱེ་དམན་ཞིག་ལ་རྔན་པ་སྤྲད་ནས་སྐྱེ་དམན་དེས་དགེ་བཤེས་ཀྱིས་ཚོགས་ཆེན་པོ་ཞིག་ལ་གསུང་ཆོས་གནང་སྐབས་ཁྱེད་རང་གི་བུ་གུ་འདིར་ཟེར་ནས་ཁྲི་ཁར་བཞག་པའི་ལོ་རྒྱུས་དང་། དེ་བཞིན་རྗེ་བཙུན་མི་ལ་ལྟ་བུ་སྐྱེས་བུ་ཆེན་པོ་དེ་ལ་ཡང་དེ་ལྟར་དམའ་ཕབ་མྱོང་ཡོད་པ་ལྟར་རེད། ངས་འདི་ནས་བཤད་འདོད་པ་ནི་དངོས་པའི་གནས་ཚུལ་བཤད་ན་འགྲིག་གི་རེད། ཚོར་བ་ཙམ་དང་ཡང་ན་གྲྭ་བའི་སྤྱི་ཚོགས་ནང་སློབ་སྦྱོང་དང་སྒྲིག་ཁྲིམས་ཁུངས་མ་འཁྱོལ་ནས་སྐྱ་སར་བབས་རྗེས། རང་བདེན་པར་བསྒྲུབ་ཆེད་ཚོགས་སྡེ་དེར་དམའ་ཕབ་ན་འགྲིག་གི་མི་འདུག་ཟེར་གྱི་ཡོད། མི་སྐྱ་ཕོ་མོ་མང་པོ་ཞིག་གིས་གྲྭ་བཙུན་བརྫུས་ནས་གྲྭ་ལྭ་གྱོན། ཨར་སས་དང་ཝི་ཟྭ་རག་ཆེད་ཞབས་འདྲེན་ཞུས་པ་ཚང་མ་གྲྭ་བའི་མགོར་གཡོག་ན་དེ་དྲང་བོ་མ་རེད། ལྷག་པར་དུ་མི་སྐྱ་ཞིག་གིས་ཞབས་འདྲེན་ཞུས་ན་མི་སྐྱ་དེ་ཚོ་ཟེར་ནས་ཁ་བཏང་གི་མི་འདུག་ག། གྲྭ་བ་ཞིག་གིས་ཞབས་འདྲེན་ཞུས་ན་གྲྭ་བ་དེ་ཚོ་ཟེར་ནས་དབྱུག་པ་ལེབ་རྡུང་བྱས་ན་དེ་དྲང་པོ་དང་བདེན་པ་མ་རེད། ལྷག་ཏུ་བཙམ་གཡེམ་དང་། ཕོ་རྒྱོ་ཟེར་བ་ལྟ་བུའི་ཚིག་ངན་གང་ཐུབ་ཐུབ་བཤད་པ་དེ་ཚོ་ཡག་པོ་མ་རེད། ཁྱེད་ཚོ་ལོག་གཡེམ་དང་བཙན་གཡེམ། རྒྱོ་ཟེར་བ་དེ་ཚོ་གང་འདྲ་ཞིག་ལ་ངོས་འཛིན་གྱི་ཡོད་དམ།
དཔེར་ན་ན་ནིང་ལོར་ཧོང་ཀོང་དུ་ཕོ་གསར་དྲུག་གིས་བུ་མོ་ལོ་གཞོན་གཞོན་ཞིག་ལ་བཙན་དབང་བཏང་འདུག། ཁོང་ཚོས་བུ་མོ་དེ་ལ་ཁྱེད་རང་ལོ་གཞོན་གཞོན་རེད་མོ་མཚན་ནང་སྤྱད་ན་ཁྱེད་རང་གི་མི་ཚེ་འཕྲོ་རླག་འགྲོ་གི་རེད་ཟེར་ནས་ཁ་ནང་བཏང་ནས་བདེ་བ་མྱོང་ཐབས་བྱས་འདུག མཐའ་མ་ཁྲིམས་ཐོག་བསྐྱལ་སྐབས་ཁྲིམས་ཐོག་ནས་བཙན་གཡེམ་གྱི་ཁུངས་ལ་ངོས་འཛིན་མ་བྱས་པར་ཟླ་གསུམ་རེ་བཀག་ནསཚང་མ་གློད་འདུག།
ཡང་མི་སྐྱ་ཕོ་གསར་ཞིག་གིས་ང་ཚོ་སྐྱེ་དམན་མེད་མཁན་དང་། ཡོད་ཀྱང་བཟའ་ཟླ་ཐག་རིང་ལ་འགྲོ་དུས་སྨན་འཚོང་ཁང་ནང་འགྲོ་གི་ཡོད། སྨད་འཚོང་ཁང་ནང་མ་འགྲོ་སྔོན་གསང་སྤྱོད་ནང་ལག་པས་སྤྱད་ནས་ཁུ་བ་འབྱིན་རྗེས་སྨད་འཚོང་ཁང་ནང་འགྲོ་ནས་འཁྲིག་སྤྱོད་བྱས་ཀྱི་ཡོད། མི་སྐྱ་ཚང་མ་དེ་འདྲ་རེད་ཟེར། ག་རེ་བྱས་ནས་གསང་སྤྱོད་ནང་ལག་པས་འབྱིན་དགོས་སམ་ཞེས་དྲི་སྐབས་ཁོས་དེ་ལྟར་མ་བྱས་ན་ཁུ་བ་མགྱོགས་པོ་ཕྱིར་འཕོ་ནས་སྒྲོ་ལར་ལྔ་བཅུ་འཕྲོ་བརླག་རེད་ཡང་གཅིག་སྤྱད་ན་ཡང་སྒོར་རྡོག་ལྔ་བཅུ་སྤྲོད་དགོས་རེད་ཟེར། དེ་ལྟར་ཡིན་ན་གསང་སྤྱོད་ནང་ནས་ལག་པ་ལ་རྒྱོ་གཅིག་བརྒྱབ་དེ་ནས་བཤང་ཁང་ནང་ནས་རྒྱོ་གཅིག་རྒྱག་གི་ཡོད་ཟེར་ན་སྐད་ཆ་དེ་འདྲ་བཤད་སྟངས་ཞིག་བོད་སྐད་ལ་ཡོད་དམ།
གཞན་ཡང་ཁྱེད་རང་ཚོའི་རྣ་འབྱོག་གསར་ཆེ་ནས་མ་གོ་བ་མ་གཏོགས་སྔོན་མ་ནས་ས་གྲགས་གནམ་གྲགས་རེད། སྙན་ངག་གི་དཔེར་བརྗོད་ཞིག་ལས། མེ་ཏོག་ལམ་དུ་བགྲོད་པར་མ་བྱས་ཞིང་།།གཞོན་ནུ་བརླ་ཡི་འཁྲི་ཤིང་མ་བསུབ་ལ།།སོར་མོ་ལྔ་བཅངས་ངལ་བར་མ་བྱས་བར།།དྲན་པའི་ཀ་ཆེན་འགྱེལ་འདིས་སྣང་བ་སྐྱོ།། ཞེས་སོགས་མང་པོ་རེད།།
རྟེན་འབྱུང་ལགས།
ཉིད་ཀྱི་མཆན་མཐའི་སྙན་ངག་གི་དཔེར་བརྗོད་དེ་དེབ་གང་ནས་ལུང་འདྲེན་བྱས་བ་དེ་ཅིག་བཤད་རོགས། ཐུགས་རྗེ་ཆེ།
༢༦༽ གནམ་རྡོ་ལགས།
ངས་ཀ་ལིའི་གསུངས་བཤད་དབྱིན་ཡིག་མི་ཤེས་མཁན་གྱི་བོད་པ་རྣམས་ལ་དཔྱད་གཞིའི་སླད་དུ་བོད་སྒྱུར་བྱས་པ་ལས་སྟོད་སྨད་ཀྱི་ཚིག་གང་སྦྱར་མེད་ལ་ཐེ་རྟོགས་ཀྱང་བྱས་མེད། ངའི་སྤྱོད་པ་གང་ཞིག་བསྟན་པ་ནི་ངའི་ཐོབ་ཐང་ལས་ཁྱེད་ཀྱི་ཐོབ་ཐང་མ་རེད། ཁྱེད་ཀྱི་སྤྱོད་པ་བཟང་ན་བརླ་བརྒྱག་བྱེད་མཚམས་བཞག་ན་ཡག
ཅིང་དངོས་མིང་སྤྱོད་དང་། བདེན་པ་ཡོད་མེད་རྩོད་པ་བྱེད་ཆོག