༼༧གོང་ས་མཆོག་ལ་ནོལ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་མི་ལོ་ཉེར་གཉིས་འཁོར་བ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་མི་ལོ་རེ་གསུམ་འཁོར་བའི་རྗེས་དྲན་དུ།༽
འོད་ཟེར་གྱིས་བརྩམས།(པེ་ཅིན།)
གཅན་སྣང་བ་ཚེ་རིང་བཀྲ་ཤིས་ཀྱིས་བོད་བསྒྱུར་བྱས།
སེ་ར་དགོན་པའི་རྩིག་པ་ཞིག་གི་ངོས་སུ་༧གོང་ས་མཆོག་གི་འདྲ་རིས་ཤིག་ཡོད་པ་དེ་ཡུལ་སྐོར་བ་དང་གནས་མཇལ་དད་ལྡན་པ་ཚོས་ངོ་མ་འཕྲོད་པའི་ཆེད་དུ་རྒྱ་ནག་གཞུང་གི་ལས་ཀ་གཉེར་མཁན་གྱི་ཚོགས་པ་ཞིག་གིས་༧འདྲ་རིས་ཀྱི་ངོས་ལ་སྨྲ་ར་རྫུན་མ་ཞིག་བྲིས་འདུག་ཀྱང་། ལྷ་སའི་ཨ་མ་རྒན་འཁོགས་འདིས་རྩིག་ལྡེབས་ངོས་ཀྱི་འདྲ་རིས་དེ་༧རྒྱལ་བ་རིན་པོ་ཆེ་མཆོག་གི་འདྲ་རིས་ཡིན་པ་མཁྱེན་ནས་ཉེ་འགྲམ་གྱི་ཉེན་རྟོག་མི་སྣས་རྟོག་ཞིབ་ལ་མ་འཛེམས་པར་སེམས་ཁོངས་རུས་པའི་གཏིང་ནས་༧གོང་ས་མཆོག་ལ་ཐུགས་གསོལ་སྨོན་ལམ་འདེབས་བཞིན་འདུག
རྒྱ་ནག་གི་བཅོས་བསྒྱུར་སྒོ་འབྱེད་ཀྱིོ་སྐབས་སུ། ལྷ་ས་ནི་ས་ཕྱོགས་ཡུལ་གྲུ་གང་སར་གནས་པའི་བོད་མི་ཚོས་སེམས་ནས་རེ་འདོད་བྱེད་སའི་ས་ཆ་ཞིག་ཡིན། ངས་སྔོན་མ་བོད་པའི་གཞོན་སྐྱེས་མང་པོ་ཞིག་མཐོང་མྱོང་ལ། སློབ་མཐར་ཕྱིན་རྗེས་ཁོང་ཚོ་རྒྱ་ནག་གི་གྲོང་ཁྱེར་པེ་ཅིན་དང་ཧྲང་ཧེ་སོགས་སུ་གནས་སྡོད་བྱས་ནས་ལས་ཀ་སྒྲུབ་ཆོག་ཀྱང་། ཚང་མ་སྐབས་དེར་ཕྱིའི་དངོས་པའི་ཡར་རྒྱས་ཀྱི་ཐད་ནས་རྒྱ་ནག་ནང་གི་གྲོང་ཁྱེར་གཞན་ཁག་དང་བསྡུར་ན་རྗེས་ལུས་ཡིན་པའི་བོད་ཀྱི་རྒྱལ་ས་ལྷ་སར་རྟེན་གཞི་བྱས་ནས་ལས་དོན་སྒྲུབ་པ་དང་འཚོ་བ་སྐྱེལ་འདོད་ཀྱི་འདུན་པ་ཆེན་པོ་འདུག ཕྱི་ལོ་༡༩༩༠་ལོར་ང་རང་བོད་ཁམས་ཕྱོགས་ནས་རང་ཉིད་སྐྱེས་སའི་ཕ་ཡུལ་ལྷ་སར་ཕྱིར་ལོག་པ་ཡིན། དེ་ཡང་ལྷ་སའི་བོད་ལྗོངས་རྩོམ་རིག་མཐུན་ཚོགས་ཀྱི་ཁོངས་སུ་ང་ལ་བོད་ཤར་ཕྱོགས་ཨ་མདོ་ནས་ཡིན་པའི་ལས་གྲོགས་ཁ་ཤས་ཀྱང་ཡོད།
སྐབས་དེའི་གནས་མཆོག་ལྷ་ས་ནི་འགུག་ཤུགས་ཆེ་བའི་ངར་ལྕགས་ཤིག་དང་འདྲ་བར་བོད་ས་ཕྱོགས་གང་སའི་བོད་མི་ཚོ་དབང་མེད་དུ་བཀུགས་ཀྱི་ཡོད་ལ། བོད་ཨ་མདོ་དང་ཁམས་ཕྱོགས་ནས་ཡིན་པའི་བོད་མི་མང་པོ་གཅིག་རྗེས་གཉིས་མཐུད་དུ་ལྷ་སར་ཕྱོགས་ནས་གནས་དེར་ཚོང་ལས་གཉེར་གྱི་ཡོད་པ་མ་ཟད། ཟབ་མོ་ཆོས་ལ་དོན་གཉེར་བྱེད་མཁན་གྱི་དགེ་འདུན་པ་ཚོ་ཡང་ལྷ་སར་བསྙེགས་ནས་གནའ་བོའི་བོད་ཀྱི་སྲོལ་རྒྱུན་ལམ་སྲོལ་ལྟར་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་དུ་སློབ་གཉེར་བྱེད་སྲོལ་ཡོད། ད་དུང་དེ་མ་ཚད་བོད་མི་ཚོས་གནས་མཆོག་ལྷ་ས་ནི་བོད་ས་ཁྱོན་ཡོངས་ཀྱི་ལྟེ་གནས་སམ་རྒྱལ་ས་ཡིན་པའི་ངོས་འཛིན་ཐོག ཐབས་ཤེས་ཡོད་རྒུ་རྩལ་དུ་སྤྲུགས་ཏེ་རང་ཉིད་ཀྱི་ཁྱིམ་ཚང་ལག་དེབ་ལྷ་སར་བསྐོར་ཐབས་བྱེད་པ་དང་། ལྷ་སའི་ས་ཁུལ་དུ་ཁང་པ་གསར་པ་ཉོ་བ་སོགས་བྱས་ནས་གནས་དེར་གང་ཐུབ་བཅའ་སྡོད་བྱེད་ཐབས་བྱས་ཡོད། སྐབས་དེར་མཚོན་ན་ལྷ་སར་ལ་ཡང་དཀའ་རྙོག་གང་ཡང་མེད་པ་མ་ཡིན་ཏེ། བསྟུད་མར་ལོ་གསུམ་རིང་གི་བོད་མིའི་ངོ་རྒོལ་ལ་རྒྱ་ནག་གཞུང་གིས་ཚད་ལས་འདས་པའི་དྲག་གནོན་བྱས་ཡོད། འོན་ཀྱང་སྐབས་དེའི་གནས་སྟངས་ད་ལྟ་དང་བསྡུར་ན་དེ་འདྲ་ཚབས་ཆེན་མིན། གང་ཡིན་ཞེ་ན་སྐབས་དེར་བག་ཕེབས་དང་ལྷོད་ཡངས་བྱེད་སའི་རང་དབང་གི་སྟོང་ཆ་དང་ཁོར་ཡུག་ཅུང་ཙམ་ཡོད།
ཡིན་ནའང་ད་ལྟ་སྔོན་མ་དང་གཏན་ནས་མི་འདྲ། བོད་མདོ་ཁམས་ཕྱོགས་ནས་ཕེབས་པའི་ཕ་མ་གཉིས་ལྷ་སའི་ཡུལ་མི་ཞིག་དང་གཉེན་སྒྲིག་བྱས་པའི་ཁོང་ཚོའི་བུ་མོར་ཐུག་འཕྲད་དུ་ཕེབས་འདུག་ལ། སོ་སོའི་བུ་མོ་དང་ཁ་གྱེས་ཁར་སྐྱོ་གདུང་གི་ན་ཟུག་ དྲག་པོ་ཞིག་གིས་ཁོང་ཚོའི་ལུས་སེམས་གཉིས་ཀ་ཡོངས་སུ་བཟི་རུ་བཅུག་འདུག རྒྱུ་མཚན་གང་ཡིན་ཞེ་ན་ཁོང་ཚོའི་བུ་མོ་ཉིན་མཚན་དུས་དྲུག་ཏུ་མེ་མདའི་སོ་ཁ་རུ་འགྲེངས་པའི་གྲོང་ཁྱེར་ཞིག་གི་ནང་འཚོ་སྡོད་བྱེད་ཀྱི་ཡོད་པས་རེད། ཁྲོམ་གཞུང་གང་སར་དམག་གིས་རུ་བསྒྲིགས་ཤིང་དགེ་འདུན་པར་ཚུལ་མིན་གྱི་བྱ་སྤྱོད་སྤེལ། ངོ་མ་གནའ་བོའི་ཆོས་ལྡན་གྱི་གནས་མཆོག་ལྷ་ས་ད་ཆ་ཆེས་འཇིགས་རུང་གི་གཡུལ་ས་ཤིག་ཏུ་གྱུར་འདུག
ལྷ་སའི་ཡུལ་མི་མ་ཡིན་པའི་དགེ་འདུན་པ་ཚོ་ལྷ་སར་འགྲོ་བསྐྱོད་བྱེད་དགོས་ཚེ་དེ་ལ་ངེས་པར་དུ་ཚང་དགོས་པའི་ལག་འཁྱེར་དང་ཡིག་ཆ་སོགས་དགོས་ལ་གཞུང་ནས་ཆོག་མཆན ངེས་པར་དུ་ཞུ་དགོས། དེ་མ་གཏོགས་རྟོག་ཞིག་ས་ཚིགས་ཁག་ནས་ཐར་ས་ཁྱོན་ནས་མེད། དེང་སང་ བོད་ཀྱི་ས་ཆ་གང་སའི་བླ་སྤྲུལ་ཚོ་ལྷ་ས་དང་ཁ་གྱེས་ནས་རྒྱ་ནག་ནང་ཁུལ་གྱི་ས་ཆ་གཞན་ཁག་ལ་གནས་སྡོད་བྱེད་དུ་འགྲོ་གི་ཡོད་ལ། ལྷ་སའི་ནང་གི་དགེ་འདུན་པ་ཚོ་ཡང་ཉིན་མཚན་ཀུན་ཏུ་སོ་སོའི་བདེ་འཇགས་ཀྱི་ཆེད་གང་ཐུབ་གཟབ་གཟབ་དང་། ཁྲོམ་གཞུང་དུ་བསྐྱོད་སྐབས་མི་སྐྱའི་གྱོན་པ་མནབས་ནས་ཉེན་ཁ་དང་འཇིགས་སྣང ་ལ་གཡོལ་ཐབས་བྱེད་ཀྱི་ཡོད། ལྷ་སའི་གཙུག་ལག་ཁང་གཡས་གཡོན་གྱི་ཁྲོམ་གཞུང་ཁག་ཏུ་ཉེན་རྟོག་པས་གྲྭ་ཆས་མནབ་མཁན་གྱི་དགེ་འདུན་པ་དང་བོད་ཆས་གྱོན་མཁན་གྱི་ན་གཞོན་ཚོར་དུས་ཚོད་ངེས་མེད་ལ་རྔོག་བཤེར་དང་ཐོ་འགོད་བྱེད་པ་མཐོང་ལ། ལྷ་སར་བཅའ་སྡོད་བྱེད་མཁན་གྱི་བླ་སྤྲུལ་ཁག་ཀྱང་སུ་ཞིག་གིས་བཙན་བཀའ་བཏང་བ་བཞིན་སྒོའི་ཕྱི་ལ་འབུད་པ་ཧ་ཅང་མཐོང་དཀའ། དེ་ཙམ་དུ་མ་ཟད་བོད་པ་ཕན་ཚུན་དང་ཐ་ན་སྤུན་མཆེད་ནང་ཁུལ་ལ་ཡང་སུ་ཞིག་ངོ་ལོག་པའམ་རྒྱ་ནག་གི་ཉུལ་མ་ཡིན་འོང་སྙམ་པའི་དོགས་སྣང་གི་ཁྲོད་ཕན་ཚུན་དབར་སྙིང་གཏམ་གྱི་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་ཐུབ་པར་ལུས་ཡོད། ཕྱི་རྒྱལ་གྱི་མི་སྣ་ཁག་སྔོན་མ་དང་མ་འདྲ་བར་ཧ་ཅང་ཉུང་དུ་ཕྱིན་ཡོད་ལ་ཡུལ་སྐོར་སྤྲོ་འཆམ་པ་ཚོར་ཡང་རྒྱ་ནག་གཞུང་གིས་ཚོད་འཛིན་ནན་མོ་བྱེད་ཀྱི་ཡོད། ད་དུང་ཕྱི་རྒྱལ་གྱི་རོགས་ཚོགས་ཁག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོ་ཞིག་ཀྱང་ས་གནས་ནས་ཕྱིར་འབུད་བཏང་ཡོད།
རྒྱ་ནག་ནང་གི་གནམ་གཤིས་དང་།་སྐད་ཡིག མི་ཚེ་སྐྱེལ་སྟངས་སོགས་གང་ཅིའི་ཐད་ནས་བཤད་ན་བོད་པ་ཚོར་དེ་ཙམ་འཕྲོད་ཀྱི་མེད་ཀྱང་། ལྷ་ས་ཕུད་པའི་ ས་གནས་གཞན་ཁག་ཏུ་མ་མཐའ་ཡང་སོ་སོའི་ཚེ་སྲོག་དང་དཔལ་འབྱོར་གྱི་གྱོང་གུད་ལ་སོགས་པའི་ཉེན་ཁ་ཆེན་པོ་དེ་ཙམ་མེད་པས་བོད་པའི་ཚོང་པ་ཆེ་ཁག་བོད་ཀྱི་ས་ཆ་གཞན་ཁག་དང་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ནང་ལ་གནས་སྤོ་བྱས་ནས་སོ་སོའི་འཚོ་བའི་ཡར་རྒྱས་ཐད་ལ་ཤུགས་སྣོན་རྒྱག་གི་ཡོད། ཕྱི་ལོ་༢༠༠༨་ནས་བཟུང་། གཟེངས་སུ་ཐོན་པའི་བོད་མི་གང་པོ་ཞིག་གསལ་ཁ་མེད་པའི་ཉེས་དམིགས་གང་ཞིག་གི་འོག་བཙོན་འཇུག་བྱས་པའི་རྒྱུ་མཚན་གྱིས་བོད་ཀྱི་ཁེ་ལས་པ་དང་ཚོང་པ་ཚོ་ཡང་ཉིན་མཚན་ཀུན་ཏུ་ཞེད་སྣང་དང་བློ་འཚབ་སྐྱེས་ནས་བསྡད་དགོས་པའི་གནས་སྟངས་ཆགས་ཡོད། གང་ཡིན་ཞེ་ན་སང་ཉིན་ག་འདྲ་ཆགས་ཡོང་སུས་ཀྱང་བཤད་ཚོད་མི་ཐུབ་ལ། གཅིག་བྱས་ན་ལོ་མང་རིང་བསགས་པའི་རྒྱུ་ནོར་མཐའ་དག་ཀྱང་ཉེས་དམིགས་མེད་པར་ཉེས་དམིགས་བཙུགས་ནས་མཚན་གཅིག་རིང་ལ་ཤུལ་མེད་དུ་བརླག་འགྲོ་ཡང་སྲིད། དེ་ཡང་བོད་པའི་ཁེ་ལས་མི་སྣ་ཞིག་གིས་ནང་ཆོས་ཀྱི་ལྟ་གྲུབ་དང་སྦྲེལ་ནས་བརྗོད་དོན་ “མི་ནི་འབུ་གྲོག་མ་ཞིག་དང་འདྲ་བར་སོ་སོས་ཉིན་མཚན་དུས་དྲུག་ཏུ་དཀའ་ལས་གང་མང་བརྒྱབ་ནས་བསགས་པའི་རྒྱུ་ནོར་ཡོད་ཚད་ཁྱི་སྤྱང་གི་འགྲམ་ལྕག་ཐེངས་ཤིག་གིས་རྩ་བརླག་ཏུ་བཏང་འགྲོ་ངེས། སོ་སོའི་བསགས་པའི་རྒྱུ་ནོར་ཕར་བཞག་་་་ཐ་ན་མི་རིགས་འདིས་ལོ་ངོ་སྟོང་ཕྲག་མང་པོའི་རིང་ནས་དུས་ད་ལྟའི་དབར་བདག་གཅེས་དང་བརྒྱུད་སྤྲོད་བྱས་པའི་རིན་ཐང་བྲལ་བའི་ནོར་རྫས་ཡོད་ཚད་ཀྱང་རྒྱ་ནག་དམར་པོའི་གཞུང་གིས་རྩ་བརླག་ཏུ་བཏང་ཡོད།” ད་ཆ་ བོད་མི་ཚོ་ལྷ་ས་ལ་འགྲོ་འདོད་ཀྱི་འདུན་པ་ཡང་ཉིན་རེ་བཞིན་ཤུགས་ཆུང་དུ་འགྲོ་གི་ཡིན་ཡོད། རྒྱུ་མཚན་ནི་ལྷ་སའི་ནང་གི་ཕྱོགས་ཡོངས་ཀྱི་དཀའ་ངལ་བོད་དང་རྒྱ་ནག་གི་ས་ཆ་གཞན་ཁག་དང་བསྡུར་ན་རྦད་དེ་ཚད་ལས་བརྒལ་ཡོད། དཔེར་ན་ལྷ་ས་ནང་བོད་མི་ཚོས་ཕྱི་བསྐྱོད་ལག་འཁྱེར་ཞིག་བཟོ་དགོས་བྱུང་ན་དེ་ཕལ་ཆེར་མངོན་ཐབས་མེད་པའི་རྨི་ལམ་ལྟ་བུར་གྱུར་ཡོད། ཐ་ན་གངས་རིན་པོ་ཆེར་གནས་སྐོར་དུ་འགྲོ་བ་ལའང་རྒྱལ་མཚམས་དུ་འགྲོ་བསྐྱོད་ཆོག་པའི་མཐོང་ཆེན་ཡིག་ཆ་བཟོ་དགོས་ལ། ཡིག་ཆ་དེ་ཡང་བོད་མི་ཚང་མ་ལ་རེག་ཆོག་ཆོག་ཅིག་གཏན་ནས་མིན། དེ་རིང་གི་ལྷ་སར་གྲོང་སྡེ་གསར་པ་མང་པོ་འཛུགས་སྐྲུན་བྱས་ཡོད་པ་བདེན་ལ། ཁང་པ་གང་མང་གསར་རྒྱག་བྱས་ཟིན་པ་རྫུན་མ་མིན། ཡིན་ཡང་དྲང་མོར་ཞུས་ན་གནས་སྡོད་བྱེད་མཁན་མེད་པར་ལྷག་པའི་ཁང་སྟོང་ཡང་ལྷ་སའི་ནང་ཉུང་ཉུང་ག་ལ་ཡིན། དེ་སྔོན་བོད་ཨ་མདོ་དང་ཁམས་ནས་ཡིན་པའི་བོད་མི་མང་པོ་ཞིག་ལྷ་སར་ཕེབས་ནས་ཁང་པ་ཉོ་གི་ཡོད་ལ། ད་ཆ་ལྷ་ས་གཙོས་དབུས་གཙང་ཕྱོགས་ཀྱི་བོད་མི་མང་པོས་རྒྱ་ནག་གི་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་ནང་ཁང་པ་ཉོ་གི་ཡོད། གནས་ཚུལ་གོ་ཐོས་ལྟར་ན་བོད་མི་ཁྲི་༢༠་ཙམ་གྱི་ཁྲིན་ཏུའུ་གྲོང་ཁྱེར་ནང་ཁང་པ་གསར་པ་ཉོས་ཚར་འདུག་ལ་དེའི་ཁྲོད་ཀྱི་བོད་མི་མང་པོ་ཞིག་ལྷ་སའི་ནང་གི་ཁང་པ་ཉོ་ཚོང་བྱེད་མཁན་གྱི་ཁང་བདག་རིགས་ཤིག་ཡིན་ཚོད་འདུག ཁོང་ཚོ་ཚང་མ་ཉེན་ཁ་དང་དངས་འཚབ་ཁྲོད་ཀྱི་འཚོ་བ་དང་ཁ་གྱེས་ནས་ཡུལ་ཕྱོགས་གཞན་པར་གནས་སྤོ་བྱེད་ཀྱི་ཡོད་པ་རེད། དེ་ཡང་བོད་ནང་གི་ས་ཆ་གཞན་ཁག་ལྷ་ས་དང་བསྡུར་ན་ཆབ་སྲིད་ལྷོད་ཡངས་ཅུང་ཟད་ཡོད། དཔེ་མཚོན་ཆུང་ཆུང་ཞིག་ཞུས་ན། དེ་ཡང་འདི་ལོའི་ཟླ་བདུན་པའི་ཟླ་མཇུག་ནས་ཟླ་བརྒྱད་པའི་ཟླ་སྟོད་དབར་ང་རང་མཚོ་སྔོན་དང་སི་ཁྲོན་གྱི་ས་ཆ་ཁག་ཅིག་ལ་བསྐྱོད་པ་ཡིན་ལ། ལམ་དབར་ནས་ངས་བོད་པའི་དགོན་པ་ཁག་དང་མི་ཚང་དཀྱུས་མའི་ནང་༧རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་མངོན་གསལ་དོད་པོའི་ཐོག་སྒྲིག་བཤོམ་བྱས་ཡོད་པ་མཐོང་བྱུང་། ས་ཁུལ་དེ་དག་གི་ས་གནས་སྲིད་གཞུང་གིས་ཀྱང་བོད་མི་ཚོས་སྔར་ལས་ལྷག་པའི་ངོ་རྒོལ་དྲག་པོ་བྱས་མི་འོང་ངམ་སྙམ་པའི་བློ་འཚབ་དང་ཞེད་སྣང་གི་ཁྲོད་བོད་མི་ཚོའི་བྱ་སྤྱོད་ལ་བཀག་སྡོམ་བྱེད་པའི་ནུས་པ་དང་སྤོབས་པས་མ་འདང་བར་མིག་རེ་བཙུམས་ཤིང་མིག་རེ་གདངས་ནས་ལྷག་འདུག འོན་ཀྱང་གནས་སྟངས་དེ་འདྲ་ལྷ་སར་གཏན་ནས་མཐོང་རྒྱུ་མེད། ཐ་ན་དགོན་་པ་ཁ་ཤས་ཀྱི་རྩིག་ལྡེབས་ངོས་སུ་མ་གཞི་ནས་ཡོད་པའི་༧གོང་ས་མཆོག་གི་འདྲ་རིས་དེ་ཡང་བོད་མི་དད་ལྡན་པ་དང་ཡུལ་སྐོར་བ་ཚོས་ངོ་འཕྲོད་པའི་ཆེད་དུ་རྒྱ་ནག་གཞུང་གི་ལས་ཀ་གཉེར་མཁན་གྱི་ཚོགས་པ་ཞིག་གིས་སྨྲ་ར་རྫུན་མ་ཞིག་བྲིས་འདུག
མ་རྩོམ་རྒྱ་ཡིག་ནང་གློག་འདོད་ཡོད་ཚེ་དྲ་ཐག་འདི་ལ་གཟིགས་རོགས།
https://www.highpeakspureearth.com/2011/12/lhasa-lhasa-by-woeser.html
སེམས་དབུས་ནས་ཐུགས་རྗེ་ཆེ་ཞུ།
བོད་ནང་རང་དབང་མེད་ཀྱང་སེམས་རྒྱུད་ཀྱི་ལྷགས་བསམ་དེ་ངོ་མ་ཡག་ཆེ་འདའ།
སྙིང་ནས་མཛའ་ཞིང་བརྩེ་བའི་སྙན་གྲགས་ཅན་གྱི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་
དང་བོད་ཀྱི་ཤེས་འཇོན་གཉིས་དང་ལྡན་པའི་དེང་དུས་སྐད་གཉིས་སྨྲ་བ་སྐུ་ཞབས་ཚེ་རིང་བཀྲ་ཤིས་ལགས་རྣམ་གཉིས་ལ་སྒོ་གསུམ་གྱི་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། དོན་དངོས་ཀྱི་གནས་ཚུལ་དང་སྦྲེལ་བའི་བརྩམས་ཆོས་འདི་རིགས་གང་མང་རྩོམ་བསྒྱུར་གནང་བ་དང་ཆབ་ཅིག་ལྷག་བསམ་ཅན་གྱི་རྩོམ་སྒྱུར་བ་ཁྱེད་ཅག་གི་སྐུའི་གསང་
གསུམ་ལའང་མུ་མཐུད་འཕྲོད་བཞེས་གང་དགེ་ཅི་བཙན་གནང་བའི་རེ་བ་བཅོས་མིན་ཞུ་རྒྱུ་ཡིན།།།
ལྷ་ལྡན་ལྷ་ཡི་ཡུལ་དུ་ལེགས་བལྟམས་ནས།།
ལྷ་མིན་ལྷ་ལ་བརྫུ་བའི་རྫུན་གཏམ་ལ།།
ལྷ་དང་ལྷ་་མོ་ལས་ལྷག་མཐུ་ནུས་ཅན།།
ལྷ་སར་ལྷ་ལུང་འདོམས་མཛད་འོད་ཟེར་བསྔགས།།
作者次仁伟色和藏译师次仁扎西等名富其实的著译家: 祝你们三密安康,一切如愿
圆满成功!!!!
འཇིག་བརྟེན་ཆོས་དང་མཐུནཔའི་བོད་མི་ཚོར། །
དཀའ་ངལ་ཁྱད་གསོད་ཧ་ཅང་མང་བ་བདུག །
དུད་འགྲོ་འདྲ་བའི་རྒྱ་དམར་ལས་ངན་ལ། །
བར་ཆད་མེད་བྱེད་ཆོས་སྐྱོངས་གང་དུ་བཞུགས། །
བཀར་བླུག་འདྲ་བའི་སྨྱོ་གཏམ་བརྗོད་མཁན་ལ། །
དགོངས་ཚུལ་གསུངས་མཁན་ཧ་ཅང་མང་བ་འདུག།
དོན་དངོས་མཚོན་པའི་བརྗོད་གཞི་འདི་ལྟ་བུར། །
བསམ་ཚུལ་མེད་པ་གནད་དོན་གང་ཞིག་ཡོད། །
བཀུར་བར་འོས་པའི་རྩོམ་པ་པོ་གྲགས་ཅན་འོད་ཟེར་ལ་སེམས་གཏིང་ནས་བཀུས་བརྩི་ཡོད།
མུ་མཐུད་དེ་རྩོམ་ཡིག་སྤེལ་རོགས།
མ་རྩོམ་གྱི་དྲ་ཐག་ལ་གཟིགས་འདོད་ན་http://woeser.middle-way.net/2011/10/blog-post_22.html
དབྱིན་བསྒྱུར་གྱི་དྲ་ཐག་www.highpeakspureearth.com/2011/12/lhasa-lhasa-by-woeser.html
ཐུགས་ཆེ་གནང་།
སྙིང་རུས་པ་ཅན་གྱི་བུད་མེད་ཁྱོད། །
རྒྱ་ནག་པོའི་བཙན་གྱིས་བཙིར་ན་ཡང་། །
ལས་ལ་རྒྱའི་སྐད་གསེང་ཇེ་མཐོ་རུ། །
གླིང་ཀུན་ལ་སྒྲོགས་པ་ངོ་མཚར་ཆེ། །
གོང་གི་སྣྲོན་ཁྲི་ཟེར་བ།
རྒྱ་ཡིག་མི་ཤེས་ན་ཤེས་སྟོན་དགོས་དོན་མི་འདུག ཡིན་ནོར་ལ་དོ་སྣང་བྱོས།
རང་མདོག་སྟོན་མ་ཡོང་།
རང་གིས་རང་ལ་བཀའ་དྲིན་ཞུ་ཁུལ་བྱོས། དངོས་གནས་ཅོལ་ཆུང་གི་བྱེད་སྟངས་རང་རེད
作者次仁伟色和藏译师次仁扎西等名富其实的著译家: 祝你们三密安康,一切如愿
圆满成功!!!!
ཚིག་རྐང་འདི་གཉིས་གཅིག་པུའི་ནང་གི་ཡིག་ནོར་ལ་བལྟོས་དང་། ཁྱོད་ངོ་མི་ཚའམ
དག་པའི་ཞིང་ཁམས་ལྷ་ས། དུས་དེང་སང་མི་ཡུལ་གྱི་དམྱལ་བ། ཉི་འོད་གྲོང་ཁྱེར་ལྷ་ས། དུས་དེང་སང་མུན་ནག་གི་བཙོན་ར། བཙན་པོའི་རྒྱལ་ས་ལྷ་ས། དུས་དེང་སང་དམར་པ་རྒྱ་ཡི་འཐབ་ར། །
དངོས་ནས་སེམས་པ་སྐྱོ་པོ་བྲི་འདུག་་་་་ཐུགས་རྗེས་གནང་་་ང་ཚོ་བོད་མི་རིག་གི་འདི་འདྲ་མྱང་དགོས་ཡ་ལས་ངན་པ་ག་རེ་བསག་ཡིན་ན་དཀོན་མཆོག་མཁྱེན་་་་
དངོས་ནས་སེམས་པ་སྐྱོ་པོ་བྲི་འདུག་་་་་ཐུགས་རྗེས་གནང་་་ང་ཚོ་བོད་མི་རིག་གི་འདི་འདྲ་མྱང་དགོས་ཡ་ལས་ངན་པ་ག་རེ་བསག་ཡིན་ན་དཀོན་མཆོག་མཁྱེན་་་་་་་་
བརྩེ་བའི་ལོ་ཙཱ་བ་ཆེན་མོ་ཐུབ་པ་ལགས།།
ངས་རང་ཉིད་ཀྱི་བསམ་ཚུལ་ངོ་མ་དེ་རྩོམ་པ་པོ་ལ་བརྡ་སྤྲོད་ཆེད་དང་རྣམ་འགྱུར་སྟོན་
ཆེད་དུ་རང་གི་འཇོན་ཚོད་ཙམ་དུ་དེ་ལྟར་བྲིས་པ་ཡིན་ལ་ཁོང་རྣམ་པ་རྒྱ་ཡིག་ཡག་པོ་མཁྱེན་མཁན་ཚོས་ངས་བྲིས་པའི་བསྟོད་ཅིང་སྨོན་པའི་ཚིག་དེ་དག་གི་དོན་འཁྲུལ་ཡོང་
སྙམ་པའི་དོགས་པ་གང་ཡང་མེད་ལ། གལ་སྲིད་ང་ལྷད་མེད་ཀྱི་བོད་པ་བོད་རྐྱང་ཞིག་གིས་བོད་ཡིག་མ་ནོར་ན།
རྒྱ་ཡིག་ཚིག་རེ་གཉིས་ཙམ་མ་ཟད་ཚིག་གྲུབ་ཆ་ཚང་ནོར་ཡང་ངོ་གནོང་སྐྱེ་དགོས་
དོན་གང་ཡང་མེད་དེ། ང་རང་བོད་པ་གཙང་མ་ཡིན་པ་གང་ཞིག་ ང་སྦྱིན་བདག་ག་གེ་མོ་དང་ཚོགས་པ་གང་ཡང་རུང་བ་སོགས་ཀྱིས་ཁྱེད་ལྟར་གསོ་སྐྱོང་
རབ་དང་རིམ་པ་གནང་ནས་སྦྱང་ཡོང་བ་ཞིག་མ་ཡིན་པའི་ཕྱིར།།
༢༽ངའི་བསམ་ཚུལ་གྱི་བརྗོད་གཞི་དེ་དག་ཡིག་ནོར་སྤངས་ཏེ་ཇི་ལྟར་འབྲི་དགོས་སམ། ཞེས་བླ་མ་ཐུབ་པའི་མཚན་ཅན་ཁྱེད་རང་ཡོད་ཐོག་ལ་ཆོས་ཞུ་རྒྱུ་ཡིན་པས་འཕྲལ་དུ་ནོར་བཅོས་ཆ་ཚང་བའི་ལན་ཞིག་གནང་དང།། ད་གཟོད་ཐུབ་པའི་མཚན་གསོལ་ཆོག་དེ་མིན་མུན་ནག་ཁྲོད་ཀྱི་དམདའ་མོ་དེ་མ་
འཕེན་ན་མི་མཛེས་སམ།།
ཀུན་སློང་ཅུང་ཟད་དཀར་བའི་བློ་མཆིས་པ།།
རང་རེའི་་ཆོས་སྲིད་རིག་གཞུང་དང་འགྲེས་ཏེ།།
འཛམ་གླིང་འཛིན་མའི་ལྟོ་བར་ཡོངས་འཁྱིལ་ནས།།
མཐའ་དག་གངས་རིའི་གསོས་སུ་སྨིན་གྱུར་ཅིག།།
སྐུ་པར་བྱིན་ཅན་མ་འདི་ལ་་་ཁ་སྤུ་་་རྫིག་པོ་ཞེ་བོ་ཞིག་བྲིས་འདུག་དེར་མ་ཚད་་་གོས་ཆེན་གྱི་སྟོད་འགག་་་དང་་་དབུ་སྐྲ་ནག་མཐིང་ངེ་་་བ་བཅས་བྲིས་གནང་འདུག་པར་རིས་མོ་འདི་རིགས་འདུལ་བའི་བསླབ་བྱ་དང་ཡོངས་སུ་མཐུན་པ་ཞིག་རེད་དམ། ངས་ནི་རྒྱལ་བ་རིན་པོ་འདི་འདྲ་བ་ཞིག་དེ་རིང་བར་རྒྱ་གར་ལུང་པར་རྩ་བ་ཉིད་ནས་མཇལ་མྱོང་མི་འདུག། དགོངས་དག།
དེང་དུས་ཀྱི་དཔའ་མོ་འོད་ཟེར་ལ་སྙིང་དབུས་ནས་དགའ་མོས་ཡོད།