རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་དྲ་ངོས་ནས་གཟིགས་ཐུབ། Posted on 2011-12-102011-12-13 By ཁ་བརྡ་ 20 Comments on རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་དྲ་ངོས་ནས་གཟིགས་ཐུབ། འབྲེལ་ཐག་འདིར་བསྣུན་ནས་གཟིགས། གསར་འགྱུར།
མཆོག་གསུམ་ལགས་ཀྱི་གསུང་བཤད་ལ་ཉན་ཡོད། སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ། ཕྲ་ཞིང་ཞིབ་པའི་གཞུང་ལུགས་ཤིག་གི་སྒྲོམ་གཞི་སླངས་འདུག མུ་མཐུད་ནས་ཉན་ཞིང་བལྟས་ནས་ཡོད།
གསོལ་ཚིགས་ཀྱི་དུས་རེད་ཟེར། དུས་ཚོད་ཡོད་མཁན་གྱི་སྤུན་ཟླ་དག་གིས་ག་ལེར་སྒུག་ན་མུ་མཐུད་དུ་བགྲོ་གླེང་བྱེད་ཀྱི་ཡིན་འདུག
ཁ་སང་བལྟས་ཡིན། ཐ་སྙད་གཅིག་གྱུར་སྐོར་ལ་ཆུང་ཚེ་རིང་དང་ཤེས་རིག་བཀྲ་ཤིས་དོན་འགྲུབ་གཉིས་ཀྱིས་ཡག་པོ་གསུངས་སོང་། བོད་ནས་ཕེབས་མཁན་ཞིག་གིས་ཐ་སྙད་གཅིག་གྱུར་ཞུ་ཆེན་དང་གཏན་འབེབས་ཀྱི་སྒྲིག་འཛུགས་ཀུན་གྱིས་ཁས་ལེན་པ་ཞིག་དགོས་སྐོར་གསུངས་སོང་། ཁ་ཤས་ཤིག་ནི་དེ་འདྲའི་ཆེད་མཁས་བ་རེད་མི་འདུག ཤེས་རིག་བཀྲ་ཤིས་དོན་འགྲུབ་ཀྱིས་བོད་ཕྱི་ནང་གི་རྩིས་དངོས་རྫས་གསུམ་གྱི་ཐ་སྙད་བོད་སྒྱུར་སྐོར་གྱི་འཕེལ་རིམ་དང་གཏན་འབེབས་སྐོར་ལ་ཡག་པོ་གསུངས་སོང་། ཆེད་ལས་བ་གཞན་དང་མི་འདྲ་བའི་ལག་ལེན་དང་ཉམས་མྱོང་གིས་ཕྱུག་པ་ཞིག་འདུག དེ་རིང་མུ་མཐུད་ལྟ་གི་ཡིན། ཡིན་ནའང་ང་ལ་དགོས་བ་ནི་ཡིག་བསྒྱུར་སྐོར་དང་ཐ་སྙད་གཅིག་གྱུར་སྐོར་ཡིན། གཞན་ག་རེ་གླེང་ནའང་ངའི་གོ་ཐུབ་རྒྱུ་ཁག་སེ་འདུག
ཐེངས་འདིའི་ཚོགས་འདུ་ལ་མགྲོན་འབོད་གནང་བའི་གླུ་མ་ཚེ་དབང་ལྷ་མོའི་བཏང་བའི་གཞས་སྙན་མོ་ཞིག་འདི་ན་ཡོད། http://www.facebook.com/#!/sakar.tashi
ཁ་བརྡ་ཚང་གིས་ཁ་ཚ་དགོས་གཏུགས་གི་ལས་ཀ་འདི་འདྲ་ལས་ན། ཁ་བ་ཅན་གྱི་ཁ་ལས་རླུང་རྟ་དར་ཐག་ཆོད་དར་གི་རེད་ལ། མ་ཟད། ཁ་བའི་ལྗོངས་གི་མི་རྣམས་ཀྱི་ཁ་ནས་ཀ་ཁ་ག་ངའི་དབྱངས་ལྟ་སྙན་མོ་དེ་ཆུ་བོ་རྨ་རླུང་དལ་འགྲོ་བཞིན་ཁ་མིག་གཉིས་མ་བཙུམ་བར་དུ་རྒྱུན་ཆད་མེད་པར་འཐུང་རྒྱུ་དང་མཐོང་རྒྱུའི་ཚེ་ཐག་གང་འཚམ་རིང་བོ་ཡོང་ངེས་པར་འདུག
མཁས་པའི་བགྲོ་གླེང་འདི་འདྲ་ཞིག་གོ་འགྲིག་གནང་བར་དམིགས་བསལ་ཐུགས་རྗེ་ཞུ་རྒྱུ་ཡིན། བོད་ནས་ཕེབས་པའི་མཁས་དབང་རྣམ་པའི་གསུངས་བཤད་ལས་དགག་རྡོ་ཆེན་པོ་ཞིག་གི་འོག་ནས་སོ་སོའི་སྐད་ཡིག་མི་ཉམས་རྒྱུན་འཛིན་གནང་གི་ཡོད་པའི་སྣང་བ་ཞིག་སྤྲད་སོང་། འོ་ན་བཙན་བྱོལ་དུ་སྐྱེས་ཤིང་བཙན་བྱོལ་དུ་རང་དབང་ངང་ཚར་ལོང་དང་། མཐུན་རྐྱེན་ཡོངས་སུ་འཛོམས་ཀྱང་། རང་མི་རིགས་ཀྱི་རིག་གཞུང་ལ་བྱང་པ་ལྡན་པའི་མཁས་དབང་རི་བོང་གི་རའི་སྤུན་ཟླར་གྱུར་པ་དེ་ཅི་ཡིན་ནམ། ཀ་ལ་པིང་ཀའི་དབྱངས་ལ་འགྲན་པའི་གླུ་མ་གཉིས་ཀྱི་ཚིག་དང་བརྗོད་བྱ་དབྱངས་དང་འགྱུར་ཁུག་ལ་འགྲན་པའི་ཕོད་པའི་བཙན་བྱོལ་བའི་གླུ་པ་གླུ་མ་གང་དུ་ཕེབས་སམ།
ད་རེས་ཀྱི་སྐད་ཡིག་ཚོགས་འདུ་དེར་། གཟའ་སྤེན་པ་དང་ཉི་མ་གཉིས་ཀར་བལྟས་པ་ཡིན། སང་ཉིན་གནངས་ཉིན་གཉིས་ལ་བལྟ་ཁོམ་མེད་། མཁས་དབང་རྣམ་པ་ཚོའི་ཞིབ་འཇུག་གི་གྲུབ་དོན་དང་དབྱེ་ཞིབ་བྱེད་སྟངས། བརྗོད་གཞི་ངོ་སྤྲོད་སྟངས་སོགས་ལ་བསམ་ཚུལ་ཐུང་ཙམ་ཞིག་རྗེས་སུ་འབྲི་འདོད་བྱུང་། གནས་ཚུལ་ངོ་སྤྲོད་ཡིན་དང་གནད་དོན་དབྱེ་ཞིབ་ཡིན་ཧ་མི་གོ་བའི་རིགས། གནས་ཚུལ་བསྡུ་སྒྲིག་ཡིན་དང་ཞིབ་འཇུག་གི་གྲུབ་དོན་ཡིན་ཧ་མི་གོ་བའི་རིགས། ངོ་སྤྲོད་བྱེད་ཀྱི་ཡོད་དང་སྦྱོར་ཀློག་རྒྱག་གི་ཡོད་ཧ་མི་གོ་བའི་རིགས། ཐམས་ཅད་མཁྱེན་པའི་སྐད་ཆ་བཤད་ཀྱི་ཡོད་དང་གནས་ཚུལ་བྱེ་བྲག་པ་བཤད་ཀྱི་ཡོད་ཧ་མི་གོ་རིགས་སོགས་མང་ཙམ་གདའ།
སློབ་སྦྱོང་གི་དམིགས་ཡུལ་གཙོ་བོ་གཅིག་ནི་ཤེས་ཡོན་ཅན་ཞིག་ཡོང་བར་བྱ་རྒྱུ་དེ་རེད། ཤེས་ལྡན་པ་ཞིག་བྱ་དགོས་ན་ཡི་གེ་འབྲི་ཀློག་ཙམ་མ་ཡིན་པར་སྐད་ཆ་གང་བཤད་གནས་ལུགས་རྒྱུ་མཚན་ལྡན་པ་ཡིན་ཐོག་དྲང་ཚུགས་ཁུངས་ལུང་ཡོད་པ་ཞིག་དགོས་པ་ཡིན། བོད་ནང་དུ་བོད་ཡིག་རྒྱུད་འཛིན་ལ་འབད་འབུངས་ཚ་རླབས་འཕྱུར་བཞིན་པ་ནི་བདེན་པ་དང་ཧ་ལས་པ་ཡིན། འོན་ཀྱང་། བཙན་བྱོལ་ན་བོད་ཡིག་མཁས་པ་གཏན་མེད་དུ་འདོད་པ་དང་བཙན་བྱོལ་དུ་མཐུན་རྐྱེན་ཡོངས་སུ་འཛོངས་ཡོད་ཟེར་བའི་སྐད་ཆ་དེ་རིགས་ཅ་ཅོའི་སྙིགས་གཏམ་རང་ཡིན། གནད་དོན་ངོ་སྤྲོད་བྱེད་དུས་གནས་ཚུལ་གསལ་བོར་མི་ཤོད་པར་ཡི་གེ་ལྗགས་ཀློག་གནང་མཁན་ནི་རང་རེའི་རླུང་འཕྲིན་གསར་འགོད་པ་ཚོའི་ནང་ནའང་ཉུང་ཉུང་མ་རེད།
ངའི་གློག་ཀླད་ནང་ནས་ལྟ་ཐུབ་ཀྱི་མི་འདུག ག་རེ་མ་འགྲིག་པ་ཡིན་མིན་ཡང་ཧ་གོ་ཐུབ་ཀྱི་མི་འདུག ལམ་སྟོན་གནང་མཁན་རེ་ཡོད་ན་ཐུགས་རྗེ་ཤིན་ཏུ་ཆེ།
ཁོང་ཚོས་འགྲོ་གླེང་ཡག་པོ་གནང་སོང་དམིག་གསལ་བོད་ནས་འཁས་དབང་མང་པོ་ཕེབས་པ་མཐོང་དུས་སེམས་པ་དཔེ་དགའ་སོང། དེ་སོང་བོད་ཀྱི་སྐད་ཡིག་དལ་སྤེལ་དང་སྲུང་སྐྱོབས་བོད་ནང་གི་བོད་མིས་མ་བྱས་ན་ཕྱི་ལོག་གི་བོད་མིས་མི་བྱས་དངོས་གསལ་རེད། བཙན་བྱོལ་ལ་ཡོད་པའི་བོད་མི་དེ་ཚོས་བོད་ཀྱི་རིགས་གཞུང་དང་བོད་མི་ལ་དོན་དངོས་ལ་ཕན་པའི་བྱ་བ་ག་དུས་ཡང་བྱེད་གི་མི་འདུག།
མཆོག་གསུམ་ལགས་ཀྱི་གསུང་བཤད་ལ་ཉན་ཡོད། སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ། ཕྲ་ཞིང་ཞིབ་པའི་གཞུང་ལུགས་ཤིག་གི་སྒྲོམ་གཞི་སླངས་འདུག མུ་མཐུད་ནས་ཉན་ཞིང་བལྟས་ནས་ཡོད།
ཐུགས་རྗེ་ཤིན་ཏུ་ནས་ཆེ། ཁ་བརྡ་མཁན་པོ་ལགས། ང་ཚོས་འདི་ནས་བལྟ་ཉན་བྱེད་ཐུབ་པ་འདུག་པས། དགའ་སྤྲོ་ཆེ།
བཀའ་དྲིན་རབ་ཏུ་ཆེ། ལྟ་ཉན་བྱེད་ཀྱིན་ཡོད། རྣམ་པ་ཚང་མ་ལ་ཁམས་བདེ་འཚམ་འདྲི་ཞུ།
ད་ལྟ་དུས་ཚོད་ཡོལ་ཟིན་པའམ་ཅི་ཞིག་གིས་འདི་ནས་ལྟ་ཉན་བྱེད་མི་ཐུབ།
གསོལ་ཚིགས་ཀྱི་དུས་རེད་ཟེར། དུས་ཚོད་ཡོད་མཁན་གྱི་སྤུན་ཟླ་དག་གིས་ག་ལེར་སྒུག་ན་མུ་མཐུད་དུ་བགྲོ་གླེང་བྱེད་ཀྱི་ཡིན་འདུག
མང་ཙམ་བལྟས་པ་ཡིན། ཁ་ཅིག་ཡག་པོ་རེད། ཁ་ཅིག་དེ་འདྲ་རེད།
ཁ་སང་བལྟས་ཡིན། ཐ་སྙད་གཅིག་གྱུར་སྐོར་ལ་ཆུང་ཚེ་རིང་དང་ཤེས་རིག་བཀྲ་ཤིས་དོན་འགྲུབ་གཉིས་ཀྱིས་ཡག་པོ་གསུངས་སོང་། བོད་ནས་ཕེབས་མཁན་ཞིག་གིས་ཐ་སྙད་གཅིག་གྱུར་ཞུ་ཆེན་དང་གཏན་འབེབས་ཀྱི་སྒྲིག་འཛུགས་ཀུན་གྱིས་ཁས་ལེན་པ་ཞིག་དགོས་སྐོར་གསུངས་སོང་། ཁ་ཤས་ཤིག་ནི་དེ་འདྲའི་ཆེད་མཁས་བ་རེད་མི་འདུག ཤེས་རིག་བཀྲ་ཤིས་དོན་འགྲུབ་ཀྱིས་བོད་ཕྱི་ནང་གི་རྩིས་དངོས་རྫས་གསུམ་གྱི་ཐ་སྙད་བོད་སྒྱུར་སྐོར་གྱི་འཕེལ་རིམ་དང་གཏན་འབེབས་སྐོར་ལ་ཡག་པོ་གསུངས་སོང་། ཆེད་ལས་བ་གཞན་དང་མི་འདྲ་བའི་ལག་ལེན་དང་ཉམས་མྱོང་གིས་ཕྱུག་པ་ཞིག་འདུག དེ་རིང་མུ་མཐུད་ལྟ་གི་ཡིན། ཡིན་ནའང་ང་ལ་དགོས་བ་ནི་ཡིག་བསྒྱུར་སྐོར་དང་ཐ་སྙད་གཅིག་གྱུར་སྐོར་ཡིན། གཞན་ག་རེ་གླེང་ནའང་ངའི་གོ་ཐུབ་རྒྱུ་ཁག་སེ་འདུག
ཡིག་བསྒྱུར་སྐོར་དང་ཐ་སྙད་གཅིག་གྱུར་སྐོར་ལ་གཏམ་བཤད་གནང་རོགས་
ཐེངས་འདིའི་ཚོགས་འདུ་ལ་མགྲོན་འབོད་གནང་བའི་གླུ་མ་ཚེ་དབང་ལྷ་མོའི་བཏང་བའི་གཞས་སྙན་མོ་ཞིག་འདི་ན་ཡོད། http://www.facebook.com/#!/sakar.tashi
ཁ་བརྡ་ནང་ཐུགས་རྗེ་ཆེ།
ཁ་བརྡ་གལས་ཐུགས་རྗེ་ཆེ།
ཁ་བརྡ་ཚང་གིས་ཁ་ཚ་དགོས་གཏུགས་གི་ལས་ཀ་འདི་འདྲ་ལས་ན། ཁ་བ་ཅན་གྱི་ཁ་ལས་རླུང་རྟ་དར་ཐག་ཆོད་དར་གི་རེད་ལ། མ་ཟད། ཁ་བའི་ལྗོངས་གི་མི་རྣམས་ཀྱི་ཁ་ནས་ཀ་ཁ་ག་ངའི་དབྱངས་ལྟ་སྙན་མོ་དེ་ཆུ་བོ་རྨ་རླུང་དལ་འགྲོ་བཞིན་ཁ་མིག་གཉིས་མ་བཙུམ་བར་དུ་རྒྱུན་ཆད་མེད་པར་འཐུང་རྒྱུ་དང་མཐོང་རྒྱུའི་ཚེ་ཐག་གང་འཚམ་རིང་བོ་ཡོང་ངེས་པར་འདུག
རྨ་རླུང་རྨ་ཀླུང་ལ་བཅོས།
ཐུགས་རྗེ་ཆེ།
མཁས་པའི་བགྲོ་གླེང་འདི་འདྲ་ཞིག་གོ་འགྲིག་གནང་བར་དམིགས་བསལ་ཐུགས་རྗེ་ཞུ་རྒྱུ་ཡིན།
བོད་ནས་ཕེབས་པའི་མཁས་དབང་རྣམ་པའི་གསུངས་བཤད་ལས་དགག་རྡོ་ཆེན་པོ་ཞིག་གི་འོག་ནས་སོ་སོའི་སྐད་ཡིག་མི་ཉམས་རྒྱུན་འཛིན་གནང་གི་ཡོད་པའི་སྣང་བ་ཞིག་སྤྲད་སོང་།
འོ་ན་བཙན་བྱོལ་དུ་སྐྱེས་ཤིང་བཙན་བྱོལ་དུ་རང་དབང་ངང་ཚར་ལོང་དང་། མཐུན་རྐྱེན་ཡོངས་སུ་འཛོམས་ཀྱང་། རང་མི་རིགས་ཀྱི་རིག་གཞུང་ལ་བྱང་པ་ལྡན་པའི་མཁས་དབང་རི་བོང་གི་རའི་སྤུན་ཟླར་གྱུར་པ་དེ་ཅི་ཡིན་ནམ།
ཀ་ལ་པིང་ཀའི་དབྱངས་ལ་འགྲན་པའི་གླུ་མ་གཉིས་ཀྱི་ཚིག་དང་བརྗོད་བྱ་དབྱངས་དང་འགྱུར་ཁུག་ལ་འགྲན་པའི་ཕོད་པའི་བཙན་བྱོལ་བའི་གླུ་པ་གླུ་མ་གང་དུ་ཕེབས་སམ།
ད་རེས་ཀྱི་སྐད་ཡིག་ཚོགས་འདུ་དེར་། གཟའ་སྤེན་པ་དང་ཉི་མ་གཉིས་ཀར་བལྟས་པ་ཡིན། སང་ཉིན་གནངས་ཉིན་གཉིས་ལ་བལྟ་ཁོམ་མེད་། མཁས་དབང་རྣམ་པ་ཚོའི་ཞིབ་འཇུག་གི་གྲུབ་དོན་དང་དབྱེ་ཞིབ་བྱེད་སྟངས། བརྗོད་གཞི་ངོ་སྤྲོད་སྟངས་སོགས་ལ་བསམ་ཚུལ་ཐུང་ཙམ་ཞིག་རྗེས་སུ་འབྲི་འདོད་བྱུང་། གནས་ཚུལ་ངོ་སྤྲོད་ཡིན་དང་གནད་དོན་དབྱེ་ཞིབ་ཡིན་ཧ་མི་གོ་བའི་རིགས། གནས་ཚུལ་བསྡུ་སྒྲིག་ཡིན་དང་ཞིབ་འཇུག་གི་གྲུབ་དོན་ཡིན་ཧ་མི་གོ་བའི་རིགས། ངོ་སྤྲོད་བྱེད་ཀྱི་ཡོད་དང་སྦྱོར་ཀློག་རྒྱག་གི་ཡོད་ཧ་མི་གོ་བའི་རིགས། ཐམས་ཅད་མཁྱེན་པའི་སྐད་ཆ་བཤད་ཀྱི་ཡོད་དང་གནས་ཚུལ་བྱེ་བྲག་པ་བཤད་ཀྱི་ཡོད་ཧ་མི་གོ་རིགས་སོགས་མང་ཙམ་གདའ།
སློབ་སྦྱོང་གི་དམིགས་ཡུལ་གཙོ་བོ་གཅིག་ནི་ཤེས་ཡོན་ཅན་ཞིག་ཡོང་བར་བྱ་རྒྱུ་དེ་རེད། ཤེས་ལྡན་པ་ཞིག་བྱ་དགོས་ན་ཡི་གེ་འབྲི་ཀློག་ཙམ་མ་ཡིན་པར་སྐད་ཆ་གང་བཤད་གནས་ལུགས་རྒྱུ་མཚན་ལྡན་པ་ཡིན་ཐོག་དྲང་ཚུགས་ཁུངས་ལུང་ཡོད་པ་ཞིག་དགོས་པ་ཡིན།
བོད་ནང་དུ་བོད་ཡིག་རྒྱུད་འཛིན་ལ་འབད་འབུངས་ཚ་རླབས་འཕྱུར་བཞིན་པ་ནི་བདེན་པ་དང་ཧ་ལས་པ་ཡིན། འོན་ཀྱང་། བཙན་བྱོལ་ན་བོད་ཡིག་མཁས་པ་གཏན་མེད་དུ་འདོད་པ་དང་བཙན་བྱོལ་དུ་མཐུན་རྐྱེན་ཡོངས་སུ་འཛོངས་ཡོད་ཟེར་བའི་སྐད་ཆ་དེ་རིགས་ཅ་ཅོའི་སྙིགས་གཏམ་རང་ཡིན།
གནད་དོན་ངོ་སྤྲོད་བྱེད་དུས་གནས་ཚུལ་གསལ་བོར་མི་ཤོད་པར་ཡི་གེ་ལྗགས་ཀློག་གནང་མཁན་ནི་རང་རེའི་རླུང་འཕྲིན་གསར་འགོད་པ་ཚོའི་ནང་ནའང་ཉུང་ཉུང་མ་རེད།
བགྲོ་གླེང་ཧ་ཅང་ལེགས།