ཆང་ས་རྩོམ་སྒྲིག་པས།
བཀུར་འོས་ཀློག་མཁན་རྣམ་པ། མི་རིང་བར་ངེད་ཆང་ས་རྩོམ་སྒྲིག་ཁང་གིས་གཙོ་སྒྲིག་བྱས་པའི་བོད་ཀྱི་སྐད་ཡིག་སྟེང་གི་ <<ཆང་ས་>> ཚགས་པར་འདོན་ཐེངས་དང་པོ་གནས་མཆོག་རྡོ་རྗེ་གདན་ནས་དགྲམ་རྒྱུ་ཡིན།
འདོན་ཐེངས་དང་པོ་ཡིན་པའི་ཆང་ས་ཚགས་པར་འདིར་མཚོན་ན་དངོས་ཡོད་སྤྱི་ཚོགས་འཚོ་བའི་སྣང་བརྙན་གསོན་པོ་དང་། གཞི་རིམ་མང་ཚོགས་ཀྱི་སེམས་ཁམས་དང་ཁ་ཐག་ཉེ་སར་བཅར་ཏེ། གསར་འགྱུར་སྙིང་བསྡུས་དང་རྩོམ་སྒྲིག་པའི་གཏམ། ཀློག་མཁན་གྱི་འཕྲིན་དང་ཤིས་ཚིག བཙན་བྱོལ་ནང་གི་གྲགས་ཅན་རྩོམ་པ་བོ་ཤེས་རབ་དར་རྒྱས་ལགས་དང་། ད་ལྟ་ཆང་ས་བརྒྱབས་ཏེ་ལོ་ངོ་བཅུ་བདུན་འགོར་བའི་འབུམ་མཚོ་རྣམ་གཉིས་ལ་གཉེན་སྒྲིག་གི་སྐོར་ནས་བཅར་འདྲི། བཟའ་འཚོལ་སྟེགས་བུའི་སྟེང་གི་བཟའ་ཟླ་འཚོལ་མཁན་ཁག་ཅིག་གི་གསལ་བརྡ། བཟའ་ཚང་གི་རྒྱུན་ཤེས་སྐོར་གྱི་རྩོམ་ཡིག་འགའ། བུད་མེད་ལ་མངལ་སྦྲུམ་དུས་དང་ཟླ་མཚན་འབབ་དུས་ཀྱི་ཤེས་བྱ་ཕྲན་བུ། བུད་མེད་ཀྱི་ལུས་སེམས་ཀྱི་འཕྲོད་བསྟེན་སྐོར་གྱི་ཤེས་བྱ་ཕྲན་བུ། ད་དུང་ཡིད་དུ་འོང་བའི་བརྙན་པར་ཁག་ཅིག་དང་མཛའ་བརྩེ་ལྡན་པའི་བཟའ་ཟླའི་ནང་གཏམ་སོགས་ཆེད་སྒྲིག་བྱས་ཏེ། ཀློག་མཁན་དག་ལ་སྔར་ན་མེད་པའི་ཀ་མད་སུམ་ཅུ་དང་དབྱངས་གསལ་བཞིའི་མཛེས་སྡུག་གི་གླིང་ག་ཞིག་བསྐྲུན་ཡོད།
ཚགས་པར་འདི་གཟིགས་འདོད་མཁན་སུ་ཞིག་ཡིན་རུང་མི་རིང་བར་གནས་མཆོག་རྡོ་རྗེ་གདན་ནས་དགྲམ་རྒྱུ་ཡིན་པ་བརྗེད་མི་རུང་། ད་དུང་ཕྱི་རྒྱལ་དུ་ཡོད་པའི་གཟིགས་མོ་རྣམས་ཀྱིས་མི་རིང་བར་ངེད་ཆ་ས་དྲ་བའི་སྟེང་ནས་ཀྱང་ཐད་ཀར་ཀློག་ཐུབ། ཡིན་ནའང་། ཤོག་ཐོག་གི་ཚགས་པར་འགྲེམ་སྤེལ་མ་གྲུབ་བར་དུ་དྲ་ཐོག་ཏུ་འཇོག་རྒྱུ་མིན་པས་ཅུང་ཙམ་ངང་སྒུག་གནང་རོགས།
ཐོག་མ་ཉིད་ནས་བཤད་རྒྱུ་ཞིག་ལ། ཚགས་པར་འདིའི་ནང་དུ་མཇེ་སྟུའི་སྐོར་ཟུར་ཙམ་ཡང་མེད་པ་དེ་ཡིན། འདི་གཞོན་ནུའི་འགྱུར་ཁུགས་ཀྱི་ཡང་སྲིད་ལྟ་བུ་ཡིན་རུང་། སྤྱི་ཚོགས་ལ་ལྟ་གིན་ལྟ་གིན། གྲོས་ཁ་བསྡུར་གིན་བསྡུར་གིན། དེ་ནས་ལམ་ལ་ཨེ་ཞོག་གི་ལྟ་གིན་ལྟ་གིན་ཡོད། རྒྱས་བསྡུས་འཚམ་པ་ཞིག་གོང་གི་རྩོམ་ཡིག་ལས་རྟོགས་ཐུབ་པས་མང་བོ་མི་འགྲེལ་བར་བྱའོ། །
ཚགས་པར་དེ་ངོ་མ་མཐོང་འདོད་ཆེན་པོ་འདུག མི་རིང་བར་ལྟ་ཐུབ་པའི་རེ་བ་བྱེད་ཀྱི་ཡིན། དྲ་ཐོག་ནས་མཐོང་ནའང་འགྲིག་ག ཡ་ཡ་ད་གང་མིན་ཚད་ཡག་པོ་འདུག དེང་དུས་སྤྱི་ཚོགས་འདི་ནི་ཤིན་ཏུ་ནས་སྟབས་བདེའི་སྤྱི་ཚོགས་ཤིག་རེད་ཡ།
ད་ལན་བོད་ཀྱི་༼ཆང་སའི་༽དྲྭ་ལམ་གསར་གཏོད་གནང་འཆར་ལ་འཚམས་འདྲིས་ཞུ་ཡག་ཡིན། ཡིནའང་ངས་བསམ་ཚུལ་ཞིག་འོན་ཀྱང་ལྷན་དུ་ཞུ་ཡག་ལ། དེང་སང་རང་རེའི་བོད་མིའི་ཚོའི་མི་ཚེ་མདུན་ལམ་གསར་དུ་འཕྲད་རྒྱུ་ལ་དཀའ་ལས་ཡོད་ས་རེད། དེང་སང་གཞི་ཆགས་ཁག་གི་ཕོ་གསར་ལ་མོ་མ་རག་པ་དང་། མོ་གསར་ལ་ཕོ་མ་རག་པའི་དཀའ་ངལ་གྱི་ཨ་ཕི་རི་ཀ་དང་ཀར་ན་ཊ་ཀའི་ཕོ་མོ་སོགས་ལའག་མི་ཚེ་སྤྱོད་ཡོད་ཚུལ རེད། སྤྱིར་བཏང་མི ་ཚེ་གང་དུ་སྤྱད་ནའང་རང་ལུས་འདོམ་གང་དེ་རང་དབང་རེད་འིན་ཀྱང་ང་ཚོས་མི་རིགས་འདི་ཉིད་གཞན་མ་འདྲེས་པ་རང་རིགས་མཉམ་དུ་སྤྱོད་ན་ཆོསཅདང་རིག་གཞུང་མཉམ་སྤྱོད་དངང་བདེ་བོ་ཡོད་རེད། བྱས་ཙང་་ཁྱེད་ཆང་སའི་ཚགས་པར་ཚང་ནས་ངེས་པར་དུ་ shhadi.com འདྲ་བོ་ཞིག་འབྲེལ་གནང་སྐྱོང་ཞུ་ན་བོད་ཕྲུག་སོན་རྩ་་ཡང་ཡོང་ངེས་རེད།་མིང་དོན་དང་མ་འཁྱོལ་བ་རེད་སྙམ་མོ།
དྲང་སོང་ལགས། http://www.changsa.net ད་དུང་གཟིགས་མེད་པ་འདྲ་བས། ཁོམ་སྐབས་རེ་བྱུང་ན་གཅིག་གཟིགས་རོགས།
འོ ལགས་སོ། ཨ་རིགས་འགྱུར་མེད། ཐུགས་རྗེ་ཆེ་ཞུ། ངས་ད་བར་མ་ཤེས། འོ་ཡ་ད་
ཆང་ས་དྲ་བའི་ཚགས་པར་འདོན་ཡག་ལ་འཚམ་འདྲི་ཡོད། བཀྲིས་བདེ་ལེགས།
མཇེ་སྟུའི་སྐོར་ཟུར་ཙམ་ཡང་མེད་ཟེར་བ་ཅི། ཆང་ས་ཅིའི་ཕྱིར་རྒྱག་དགོས་པའི་ལན་དང་པོ་དེ་དོན་ངོ་མར་མཇེ་སྟུ་ལས་འགྲོ་ས་མེད། མཇེ་སྟུའི་སྐོར་ཟུར་ཙམ་ཡང་མེད་ན། ཚགས་པར་དེ་ཡ་རབས་ཡག་པོ་ཞིག་ཆགས་འགྲོ་བ་མེད་པར་མ་ཟད་ཆང་ས་ཚགས་པར་གྱི་སྙིང་བོ་དང་ཁ བྲལ་བ་རེད། ཚགས་པར་འདི་དང་དྲ་བ་འདིས་ཆེད་དུ་མཇེ་སྟུ་སྙིང་བོར་བཟུང་ན་ད་གཟོད་དོན་སྙིང་ཆེ་སྙམ། ཁ་ནས་མི་དགའ་ཟེར་བ་མང་ན་ཡང་དོན་གྱིས་ཐམས་ཅད་དགའ་ས་འདི་ཉིད་ཡིན་ཟེར་བ་མིན་ནམ། དགེ་འདུན་ཆོས་འཕེལ་དངོས་སུ་བཞུགས་རྒྱུ་ན་ཅི་མ་རུང།
ཨ་མདོའི་ཕོ་རྒོད་ཨ་རིག་འགྱུར་མེད་ཀྱིས།།
མཇེ་སྟུ་སྦས་ནས་ཆང་སའི་ཚགས་པར་ལ།།
བོད་རིགས་འཕེལ་རྒྱས་གཏོང་བ་མཇེ་སྟུ་ལས།།
རྣམ་པ་གཞན་དུ་ཡོད་པ་མ་མཐོང་ངོ་།།
ཡ་བོད་སྐྱབས་མཇེ་སྟུ་ཀྱང་བཤད་དགོས་ན་འཁྲིགས་སྤྱོད་གཉེར་སའི་ཚོགས་པ་ལ་སོང་ཤིག་ཁྱེད་རང་འདོད་པ་འགྲུབ་ཡོང་། ཡིནའང་དགོངས་པ མ་འཚོམས་ཞུ་། ཡང་ན་དེ་འདྲ་དགོས་ན་འབྲུག་ལ་ཕེབས་ཟ་ཁང་དང་ཚོང་ཁང་མང་ཆེ་བའི་སྒོ་འདྲམ་ཤིང་གི་ཕོ་མཚན་བཏགས་ཡོད་དེ་འདྲ་ཞིག་ཐབས་བྱས་ནས་ཁྱེད་རང་ཁང་པའི་སྒོ་ལ་ཐོགས་དང་། ཉིན་ལྟར་མཐོང་གིས་རེད། ཡ་རྩེད་མོ་ཞུ་དགོངས་པ་མ་འགལ།