བསང་ཆུ་འབྲུག་བྷེ།
དེ་རིང་ངས་ཁྱེད་ཅག་ལ་ངོ་སྤྲོད་པར་འདོད་པའི་བརྩམས་ཆོས་གླེགས་བམ་ཞིག་སྟེ།གསར་རྩོམ་གྱི་འཕྱོ་ལ་ཉེ་བའི་རྒྱའི་ཡུལ་གྱར་རྩོམ་པ་བོ་ཡན་ཧོན་པེན་གྱིས་ཕྱག་རྩོམ་མཛད་པའི་དངོས་རྟོག་སྤེལ་མའི་སྒྲུང་དེབ་རྔམ་བརྗིད་རི་བོ་ཚོགས་རྣམས་ཐོད་ཀྱིས་བསུ་ཞེས་པའི་དེབ་དེ་ནུ་མོ་པད་མ་ཆོས་སྒྲོན་གྱིས་ལོ་ངོ་གཅིག་གི་དཀའ་སྡུག་གི་བཞིན་རས་འོག་ནས་ལེགས་གྲུབ་བྱུང་འདུག་པའི་འཕྲིན་བཟང་དེ་ཡིན་ལགས། ནུ་མོ་པད་མ་ཆོས་སྒྲོན་ལ་མཚོན་ན་ལོ་འདིར་ཁྲག་དང་མིག་ཆུའི་ནམ་ཟླ་རེ་ཡི་སྐྱོ་ངལ་འཁུར་ཞིང་། ཟུག་དང་མནར་གཅོད་གང་མང་ཞིག་གི་གདོང་ལེན་འོག་འཚར། ནམ་ཡང་རླབས་ཆེ་བའི་མི་ཚེ་ནི་རླབས་ཆེ་བའི་དཀའ་སྡུག་གི་འབྱུང་གནས་ཡིན་པ་ལྟར།ནུ་མོར་ཅི་འདྲའི་ལུས་སེམས་ཀྱི་དཀའ་སྡུག་མྱོང་ཡང་དངོས་སྒྲུང་བརྩམས་ཆོས་འདི་འདྲ་བ་ཞིག་མ་ཡུམ་གྱི་འོ་སྤྲི་ལས་ཞིམ་པའི་བོད་སྐད་ཡིག་གི་ཚེ་སྲོག་ལ་བརྒྱུས་ནས་མི་ཡུལ་ལ་བཀྲམས་ཐུབ་པ་བྱུང་བ་སྟེ་དངོས་གནས་མི་ཡུལ་གྱི་ཟས་རིན་ཙམ་ལོས་ཡིན། ཡོད་ཚད་བརྩམས་ཆོས་ཀྱི་ངོས་ནས་ཚུར་ཁ་གྲགས་རྒྱུ་ཡིན་པས།ངས་དོན་མེད་ཀྱི་རྒྱན་ཆ་སྣ་ཚོགས་འདི་ནས་འདོགས་དགོས་དོན་མེད་པར་ནུ་མོའི་སྒྲ་བསྒྱུར་མའི་ཚིག་འགའ་ཞེས་པ་གཤམ་ལ་འདྲེན་བཀོད་ཀྱི་ཀློག་པར་འཚལ།
སྒྲ་སྒྱུར་མའི་ཚིག་འགའ།
ངེད་གཉིས་ཀྱིས་རི་མགོའི་བ་ཁ་ཞིག་ནས་འཇིག་རྟེན་མཐུན་འཇུག་གི་འཚོ་བ་མཉམ་པོར་རོལ་རྒྱུའི་འགོ་བཙུགས་པ་ནས་བཟུང་། ཁོ་དང་འབྲེལ་ནས་མི་གསར་བ་རེ་ངོ་ཤེས་པ་དང་ལྷན་དུ་དེབ་གསར་བ་རེའང་ཧ་ལམ་ངོ་ཤེས་ཡོང་གི་འདུག དེ་ནི་གཅིག་བྱས་ན་སྐྱེ་བ་ད་ཐེངས་ཀྱི་ལོངས་སྤྱོད་ཅིག་རེད་ལ། ཡང་ལས་བྲེལ་ཆེ་བའི་མི་ཚེ་ཐུང་ཐུང་འདིའི་ཁུར་རོ་ཐེ་བ་ཞིག་རེད་ཅེས་བཤད་ནའང་མ་ཆོག་པ་མེད།
ཉིན་ཞིག་ལ་སྐུ་ཞབས་ཡན་ཧོང་པེན་གྱིས་སྣེ་ཁྲིད་པའི་རྒྱ་རིགས་གཟིགས་སྐོར་ཚོགས་པ་ངེད་ཚང་ལ་སླེབས་ཤིང་། ཡན་ཧོང་པེན་ལགས་ཀྱིས་དེབ་རྒན་བཞི་ལྔ་ཞིག་ཁོ་ལ (ངའི་བཟའ་ཟླར) ལག་རྟགས་སུ་སྤྲད་སོང་། དེབ་དེ་དག་ནི་བོད་བརྗོད་གཞིར་
བཟུང་ནས་བྲིས་པའི་བརྩམས་སྒྲུང<<གསེར་མདོག་གི་བླ་རི >> ད་ལྟ་ང་ཚོས་ཀློག་བཞིན་པའི <<རྔམ་བརྗིད་རི་བོའི་ཚོགས་རྣམས་ཐོད་ཀྱིས་བསུས >> ཞེས་པའི་དེབ་འདི་དང་། ད་དུང་ཤེར་རྟོགས་རིག་པའི་སྐོར་གྱི<<རྟོག་གེ་བའི་དུང་བ >> ཞེས་པ་ཞིག་དང་། ཆབ་སྲིད་ཆེད་རྩོམ <<ཐེ་ཝན་གྱི་གོད་ཆག་ཆེན་མོ >> དང་ << རྒྱལ་སྐྱོབ་ཇུས་གཞི་ཆེན་མོ >> སོགས་འདུག
སྐུ་ཞབས་ཡན་ཧོང་པེན་ལྷན་རྒྱས་ཕྱིར་ལོག་ཁར། དེབ་འདི་དཔར་སྐྲུན་ཁང་གི་འགན་འཛིན་སྐུ་ཞབས་ཁྲོན་ཀྲིན་ཏིག(ཐའེ་ཝན)དང་རྩོམ་པ་པོ་རྣམ་གཉིས་ཀྱིས་ཁོ་བོར་དེབ་འདི་བསྒྱུར་མཁན་ཞིག་བཙལ་རོགས་ཞེས་མངགས་ཆ་བྱས་འདུག་པ་དང་། ད་དུང་ཨ་སྒོར༥༠༠ བསྒྱུར་མཁན་ལ་སྔ་གཏོང་བྱས་པ་ཡིན་ཞེས་སྤྲད་འདུག ཧ་ལམ་ཁོས་ཟླ་གཅིག་ལྷག་ལ་བསྒྱུར་མཁན་ཞིག་བཙལ་ཀྱང་མ་རྙེད་སྟབས། ཉིན་ཞིག་ངས་བསྒྱུར་ཐུབ་མིན་ལ་ཚོད་ལྟ་ཞིག་བྱས་ན་ག་འདྲ་འདུག་ཅེས་པར། “ ཆོག་གི་་་་་ངས་ཀྱང་ཁྱེད་ལ་རོགས་པ་གང་ཡོང་ཡོང་བྱ་ཆོག ” ཟེར། དྲང་མོར་བཤད་ན་སྐབས་དེར་ཁོས་དེབ་འདི་ཡག་རབ་རྒྱན་རབ་བཤད་པ་ལས། ང་རང་གིས་མ་རྩོམ་ཀྱང་ཀློག་མེད། ”
དེབ་བསྒྱུར་རྒྱུའི་དཔའ་ཁས་ལེན་བྱས་པ་དང་ཆབས་ཅིག ཁོའི་ལག་གི་ཨ་སྒོར༥༠༠ ཚུར་འཕྲོག་ནས་རང་གི་ཨམ་ཕྲག་ནང་བཅུག དེ་དང་ཆབས་ཅིག་ཨམ་གཙིགས་བསྡམས་ཏེ་ཤོག་ངོས༤༠༠ མ་ཟིན་ཙམ་ཡོད་པའི་དེབ་རྒན་དེ་ཁ་ལོ་ཕར་སྐོར་ཚུར་བསྐོར་བྱས་པ་བཞིན། ཉི་མ་དེ་དག་གི་རིང་ངའི་གྲོད་ཁོག་ནང་ཟླ་བ་གསུམ་ལ་སླེབས་གྲབས་ཡོད་པའི་ལན་ཆགས་དེའང་འཕག་འཚག་རྒྱག་འགོ་བཙུགས། (སྐབས་དེར་དྲ་ཐོག་ནས་ཀླུ་མཁར་བྱམས་ཀྱི་སྐོར་སྤུར་གྲགས་ཆེ་བའི་ཁ་ཐུག་རེད། ངས་ཐོག་མར་དེབ་འདིའི་ནང་གི“བོད་ཀྱི་རྒྱལ་ཁབ་བསྐྱར་གསོའི”སྐོར་གྱི་ལེ་ཚན་དེ་བསྒྱུར་ནས་ཚོད་ལྟ་ཞིག་བྱས་པ་ཡིན་ལ། མང་ཚོགས་ནང་འགྱུར་ཡག་པོ་འདུག་ཅེས་སེམས་ཤུགས་སྤར་བར་བརྟེན་ནས་ཤུགས་བརྒྱག་རྒྱུའི་བློ་ཐག་བཅད་པ་ཡིན) སེམས་ཁྲལ་དངོས་ནི་བསྒྱུར་གླ་ལེན་ཐུབ་ཙམ་དེ་མ་ཡིན་པར། དེབ་འདིའི་བོད་ཀྱི་རྩོམ་རིག་གི་སྐྱེད་ཚལ་ཡངས་པོར་མེད་པ་ཁ་སྐོང་ཞིག་མི་ཐུབ་རུང་། ཡོད་པ་ཡར་རྒྱས་ལ་གཞོགས་འདོགས་རེ་ཐུབ་མིན་དེ་ཡིན་ངེས་ན། སེམས་ཁྲལ་དེ་འགྱུར་ལ་ལག་པ་འཆིང་བའི་ཉི་མ་དང་པོ་ནས་བྱུང་ཞིང་། མཇུག་སྒྲིལ་ཟིན་པའི་དེ་རིང་ཡང་དེ་ལྟར་ཐེ་ཚོམ་ངང་ལྷག་ཡོད།
སྐབས་དོན། ང་རང་གི་འགྱུར་རྩེ་གྲས་བྱུང་ཡོད་ཟེར་སྲོལ་མེད་ཀྱང་། བསྒྱུར་མཁན་ནི་ཀློག་མཁན་ཡག་ཤོས་དེ་ཅིས་ཀྱང་ཡིན་དགོས་པས། ངས་དེབ་འདི་བསྒྱུར་བ་དང་ཀློག་པའི་མྱོང་ཚོར་སྐལ་མཉམ་གྱི་ཀློག་པ་པོ་རྣམས་ལ་དྲང་མོར་བཤད་ན། ཁོ་མོས་ཉོབ་སྣང་དང་། མཚེར་སྣང་། ཨུ་ཚུགས་གསུམ་ཀྱིས་དེབ་བསྒྱུར་ནས་རྫོགས་པར་བྱས་ཤིང་། དེ་ལྟར་ཟླ་བ་ལྔ་ལྷག་ཅིག་འགོར་སོང་། དེབ་འདི་མི་རིགས་གཞན་ལ་བོད་ངོ་སྤྲོད་བྱ་རྒྱུར་དམིགས་ཡོད་སྟབས། ད་ཆ་བོད་ངོར་ཚུར་འགྱུར་ཡོང་དུས་ནང་དོན་གྱི་ཆ་ནས་བོད་བསྟོད་རྒྱུ་མང་དྲགས་པ་འདྲ་བོ་དང་། སྒོས་སུ་ཆོས་ལུགས་དང་ཆོས་ལུགས་མི་སྣ་དྲིལ་བསྒྲགས་ཀྱི་རྣམ་པ་ཤུགས་ཆེ་རྐྱེན། ངན་པ་རང་བསྟོད་ལ་དགའ་བའི་ང་ཚོར་སྦྲིད་རྫས་རྩོམ་རིགས་ཤིག་ཆགས་མི་ཡོང་ངམ་སྙམ་པའི་བློ་དོགས་ཆེ་ཁར། རྒྱ་སྐད་ནང་བོད་ཆོས་བཤད་པ་ཚུར་བསྒྱུར་དགོས་ཕྱིན་ཚིག་བསྐྱོར་ཕར་ཞོག་ཐ་ན་དོན་བསྐྱོར་གང་མང་མ་བརྒྱབ་པར་གོ་བརྡ་ཡན་ཆད་འཕྲོད་ཁག་པས། དེར་ཉོབ་སྣང་སྐྱེས་པ་དང་གཅིག ཡང་དངོས་རྟོག་སྤེལ་མའི་འབྲི་ཐབས་འདི་རིགས་བོད་ཡིག་ནང་གསར་བ་ཡིན་སྟབས། ཀློག་མཁན་རྣམས་འདྲིས་བདེ་བོ་མེད་པའི་ཁར། ཚིག་རྒྱན་ཕུན་སུམ་ཚོགས་པ་དེ་སྐད་ཡིག་གཞན་ཞིག་གི་ངོར་རྡོ་ཆག་བཙན་སྒྲིག་བྱ་རྒྱུར་འཚེར་སྣང་ཡོང་བ་དང་གཉིས། གསུམ་ནས་སྐ་ཆ་ཤོར་ཚར་བ་དང་སྒོར་མོ་ཡང་ཟོས་ཚར་དུས་གཡོལ་ས་མེད་སྟབས། ཨུ་ཚུགས་མཐའ་བསྐྱལ་མི་བྱ་ཀ་མེད་ཆགས་སོང་ལ། ཐ་ན་བརྒྱུད་རིམ་དེའི་ཁྲོད་ངས་ཁོ་ལ་ལེ་བདའ་ཤོར་བའང་ཐེངས་གཅིག་མིན།
གཞན་ཡང་ཉམས་འཇོག་བྱེད་དགོས་ས་ཞིག་ལ། དེབ་འདིའི་ནང་མིང་གི་བོས་པ་དང་མ་བོས་པའི་མི་སྣ་ཤི་གསོན་ཉི་ཤུ་ལྷག་ཞིག་ཡོད་ལ། ཁ་ཤས་མི་དང་མིང་དངོས་ཡིན་པ་དང་། འགའ་ཞིག་རྩོམ་པ་པོས་དགོས་དབང་གིས་རྟོག་བཟོ་བྱས་པ་སྟེ། མི་སྣ་གཙོ་བོ་ཅིན་ཧྲིན་པེ(རྩོམ་པ་པོའི་སེམས་ཁམས་ལ་སྦྱར་བ )དང་། གཞོགས་འདེགས་མི་སྣ་མེ་ཏོག་མཚོ(རྩོམ་པ་པོས་རེ་སྨོན་ལ་སྦྱར་བ) མཚན་མོ་ལྟ་བུ(དངོས་མིང་སྦས་སྐུང་བྱས་པ) ད་དུང་ཚེ་དབང་རིག་འཛིན་དང་། ཀླུ་མཁར་བྱམས་སོགས་མི་སྣ་འགའ་ཞིག་མི་དང་མིང་ང་ཚོར་ངོ་འཕྲོད་ཆོག་ཆོག་ཡིན་མོད། ཁོ་ཚོའི་སེམས་ཁམས་དང་གཤིས་སྤྱོད་རྩོམ་པ་པོའི(དགོས་དབང་ལ་སྤྱར་བ)སོགས་འབྲི་ཐབས་དམིགས་བསལ་བ་ཡིན་ན། ཀློག་པ་པོའི་ནང་དུ་དངོས་རྟོག་སྤེལ་མར་འདྲིས་གཤིབས་མེད་མཁན་ཚོར་མཚོན་ན། དེབ་འདི་ཀློག་ཡོང་དུས་རི་གཟར་གྱི་རྐང་ལམ་ནས་བགྲོད་པ་ལྟར་འགྲོ་བདེ་བོ་རང་མེད་ངེས་པས། དེ་ནི་ངའི་སེམས་ཁྲེལ་བྱ་ས་ཐེ་བ་ཞིག་ཀྱང་ཡིན།
མ་གཞི་ནས་ཁོ་མོར་རྩོམ་བསྒྱུར་གྱི་བྱང་རྩལ་མེད་སྟབས། མ་འདང་ས་ཡོད་ངེས་ན་ཤེས་ནས་བརྗོད་མཁན་རྣམས་ཀྱི་སྤྱན་སྔར་བཟོད་གསོལ་ཞུ་རྒྱུ་དང་། ཆབས་ཅིག་རྩོམ་སྒྱུར་འདི་མགོ་ནས་འཇུག་བར་བསྡུར་གཤིབས་གནང་མཁན་ལྷ་སྡེ་གནམ་ལོ་གཡག་དང་། ཞུ་དག་ཐད་མི་ནག་ཚང་ལུང་རིགས་རྒྱལ་ལགས་ཀྱིས་རོགས་མགོན་གནང་བ་བཅས་ལ་ལེགས་གསོལ་ཞུ་རྒྱུ་དང་། མཐའ་དོན་རྩོམ་པ་པོ་ཡན་ཧོང་པེན་ལགས་ཀྱིས་སྒྱུ་རྩལ་སྐྱབས་གནས་སུ་བརྟེན་དེ་བོད་ལ་དེབ་བྲིས་ཤིང་། དེབ་འདིའི་དཔར་རྩའི་བདག་པོ་སྐུ་ཞབས་ཁྲིན་ཀྲིན་ཏིག(ཐའེ་ཝན)ལགས་ཀྱིས་དེབ་བསྒྱུར་རྒྱུའི་ཆོག་མཆན་གནང་བའི་ཁར། བོད་འགྱུར་གྱི་འགྲོ་གྲོན་ཆ་ཚང་ཁོང་གིས་ནར་གཏོང་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས། བཞུགས་སྒར་རྡ་ས་སྟེ་གནས་རི་གཡར་བོའི་སྲིབ་འཁྱག་ཏུ་རྟེན་གཞི་བྱས་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ལས་ཤག་ནས། སྒྲ་བསྒྱུར་མ་གངས་སྒྲོན་ནམ་པདྨ་ཆོས་སྒྲོན་མིང་འཛིན་མས་རྫོགས་པར་བྱས་པའོ །
སྤྱི་ལོ་༡༠༡༡་ཟླ་༡༢་ཚེས་༦ཉིན།
རྟེན་འབྲེལ་ཞུ།
ལྷ་སྡེ་དང་མྱི་ནག་གཉིས་ཀས་ནན་ཏན་གནང་ཡོད་ན་ཡག་པོ་ཆགས་ཡོད་པའི་རེ་བ་ཡོད།
ཡིག་སྒྱུར་མ་གངས་སྒྲོན་ལགས་ཀྱིས་དཀའ་སྡུག་གི་ལོ་ཟླ་དེ་འདྲའི་ནང་དུ་ཡང་དཔེ་དེབ་སྒྱུར་བའི་ལས་ཀ་དེ་མ་བསྐྱུར་པར་ཐམས་ཅད་ལེགས་འགྲུབ་བྱུང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག དེབ་འདི་ང་ལ་གཅིག་བསྐུར་གནང་ཐུབ་བམ། ཐུབ་ན་ kawakarpo@yahoo.com ནང་འབྲེལ་བ་ཞིག་གནང་རོགས།
པད་མ་ཆོས་སྒྲོན་གྱིས་དཀའ་སྡུག་གི་ཁྲོད་ནས་ལོ་ཙཱའི་ལས་ཀ་རྒྱུན་བསྐྱངས་ནས་དཔེ་དེབ་བསྒྱུར་བསྐྲུན་གྲུབ་པར་དགའ་བ་དང་བཀའ་དྲིན་ཆེ་ཞུ། ཁ་སྔོན་ནས་མཁན་པོ་དང་སངས་རྒྱས་སོགས་ཀྱི་ཁ་ནས་འདིའི་སྐོར་གོ་ཡང་སྐད་ཆ་བཤད་པའི་སྐབས་མ་བྱུང་བས་འཚམ་འདྲི་ཞིག་ཀྱང་མ་ནུས་ཐལ། རྡོར་གདན་ནས་བཀའ་དྲིན་ཞུ་ཡི་ཡིན། མཇལ་ཡོང་།
འབྲུག་བྷེ་ལགས་ནས་ངོ་སྤྲོད་ཟབ་རྒྱས་གནང་བར་ཐུགས་རྗེ་ཆེ། བརྒྱུད་རིམ་དེས་ཡིད་འགུལ་ཐེབས་སོང་།
ཁྱེད་ལ་རྟེན་འབྲེལ་ཞུ་བ་ཡིན། ཞོར་ཏུ་ཁྱེད་བཟའ་མི་གཉིས་ལ་མཚམས་འདྲི་ཞུ།
ཡག་པོ་ཡིན་རྒྱུ་རེད་དེ།ཤེར་རྟོགས་རིག་པ་ཟེར་ན་ཅི་ཟེར་ལེ་རེད།
པདྨ་ཆོས་སྒྲོན་གྱིས་དེབ་འདི་རྩོམ་སྒྱུར་ལེགས་གྲུབ་བྱུང་པར་བཀྲ་ཤིས་བདེ་ལེགས་ཞུ་པ་དང་། མ་འོངས་པར་འདི་ལྟར་བོད་ཀྱི་རྩོམ་རིགས་དགའ་ཚལ་དུ་མཛེས་སྡུག་གི་མེ་ཏོག་མང་པོ་འདེབས་འཛུག་བྱེད་པར་འབད་བརྩོན་གནང་པར་ཞུ།
ཡིག་རྡོག་འགའ་རེ་འབྲི་ཤེས་པ་ནས་བཟུང་དེ་མི་གཞན་ཞིག་ལ་ཀླན་ཀ་འབྲི་འདོད་པའི་རིགས་དེར་ང་བྱེད་རླུང་འཚུབ་མ་ངོ་མ་སུན་གི བསྒྱུར་ཐུབ་མིན་དང་ཡག་མིན་དེབ་ལ་ལྟོས་དང་ཤེས་རྒྱུ་རེད། དེ་མིན་རོ་མ་རིག་གོང་ནས་ངུ་ངག་འབྱིན་དོན་ཅི་རེད། གང་ལྟར་པདྨ་ཆོས་ཀྱི་བསྒྱུར་རྩོམ་ལེགས་འགྲུབ་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ།
བུད་མེད་རྩོམ་པ་བོ་པད་མ་ཆོས་སྒྲོན་གྱི་བསྒྱུར་རྩོམ་ལེགས་གྲུབ་བྱུང་བར་བཀྲ་ཤིས་བདེ་ལེགས་དང་རྗེས་མར་འདི་འདྲ་ཡག་པོ་བསྒྱུར་བར་རེ་བ་ཞུ།།
དེབ་འདི་རྒྱ་ཡིག་སྒང་ནས་མཐོང་དུས་ཚད་ལོངས་པའི་རྩོམ་པ་པོ་ཞིག་གིས་བྲིས་པ་ཡིན་པ་མཐོང་སོང་། བསྒྱུར་བ་ཡང་དོན་ལ་གནས་ཡོད་པའི་རེ་བ་ཡོད། ཕྲག་དོག་གི་དུགརྩ་ཅན་ཚོར་ཁ་ཡ་བྱེད་དགོས་པ་མེད་རེད།
ཐུབ་པ་ཞེས་པའི་མཆན་ཞབས་པ་དེ་ལ་ནད་རྙིང་ཞིག་ཡོད་པ་འདྲ། འཁོན་འཛིན་གྱི་སྐད་ཆ་འགའ་བཤད་སོང་། དེ་མིན་ན་སྒྱུར་རྩོམ་མ་རིག་གོང་ནས་ལེགས་ཉེས་བཤད་ཚོད་དཀའ་མོ་མ་རེད་པས།
ལས་ཀ་དེ་འདྲ་བྱས་པ་ཡག་པོ་རེད། དོན་དག་ཡོད་མེད་རྗེས་ལ་ལྟ་རྒྱུ་རེད། ཡིན་ཡང་གསལ་བོ་ཞིག་ལ་དྲ་ངོས་འདིར་ནམ་ཡང་ཕུང་དཀྲུག་རྒྱག་མཁན་དབྱངས་འཛོམས་དང་གསེར་འབྲུག་སྡེ་ལྔ་ཟེར་བ་སོགས་དངོས་གནས་དོན་གཅིག་མིང་ཡིན་པ་དེ་འདི་ནས་ཤེས་སོང་། དེ་བྱས་དུས་འདི་དག་ཀླུ་བྱམས་བཟའ་ཟླ་གཉིས་ཀས་གང་ཐུབ་ཐུབ་དྲ་ངོས་ནས་འཁོན་འཛིང་བྱས་པའི་རྫུན་རྐུབ་བརྡོལ་སོང་བ་རེད། དེས་རྐྱེན་རྒྱུ་ཡག་པོ་མེད་ས་ནས་འབྲས་བུ་ཡག་པོ་ཞིག་གཏན་དུ་སྐྱེས་མི་སྲིད་པ་རེད། དེས་ན་ཁུ་སིམ་ཁད་ཀྱིས་འཁྲབ་མཚམས་བཞག་ནས་ལེགས་པའི་ལམ་དུ་བསྐྱོད་ན་ལོས་དགའ། དངོས་གནས་འདི་བཟའ་བ་གཉིས་སྙིང་རྗེ་བ་ཞིག་རེད།
དེབ་འདི་ཡག་པོ་ཧ་ལས་པ་དེ་འདྲ་མ་རེད། ཁྱེད་ཚོས་རྗེས་ནས་ཀློག་དང་ཤེས་ངེས་རེད། ཀླུ་མཁར་བྱམས་ཀྱི་སྐྱེད་དམན་ཡིན་ཟེར་བ་དེས་བསྒྱུར་དགོས་དོན་དེ། གནམ་ལོ་ཡག་བརྒྱུད་དེབ་འབྲི་མཁན་གྱིས་ཀླུ་མཁར་བྱམས་ངོ་ཤེས། ཤེས་ཏེ་བསྟོད་བསྔགས་འདྲ་བཏང་ཡོད་པས་ཡིན་རྒྱུ་རེད། དེ་ནི་འགྲིག་འདུག དོན་ངོ་མ་ཀླུ་མཁར་གྱིས་ག་རེ་བྱས་མིན་བོད་མི་ཚོར་གསལ་བོ་ཡིན་པས། ཁོང་ཚོ་དག་ལ་རྦད་དེ་སྤྱི་ཚོགས་ནང་ས་མེད་པ་ཆགས་སོང་ན་དེའང་ཡ་རབས་ཀྱི་བྱ་བ་ཞིག་མ་རེད། དེ་བས་ཚང་མས་གུ་ཡངས་པོ་གནང་ནས། ཁོང་ཚོ་དག་ལའང་ས་ཁྱོན་ཅུང་ཙམ་སྤྲོད་དགོས་ཀྱི་རེད། དེ་བཟོད་སྲན་བྱས་ན་ཡག་གི་རེད། ཚང་མ་བཟང་རུང་ངན་རུང་མི་ཡིན་པ་གཅིག་གྱུར་རེད། བསམ་ཤེས་བྱེད་རོགས། ཀླུ་བྱམས་ཀྱི་མིང་ཐོན་ས་མེད་པ་མ་བཟོ་རོགས།
དབྱིན་མ་བོད་རྣམ་འགྱུར་ཡ་མ་བརླ་ཅན་གྱི་TIBETANཞེས་པའི་མཆན་ཞབས་པ་འདིས་ཅི་ཞིག་བརྗོད་ཀྱིན་ཡོད་པ་རེད། དྲ་ངོས་འདིར་ཕུང་དཀྲུགས་རྒྱག་མཁན་ང་ཨེ་རེད། ཡང་ན་ཁྱོད་ཞར་སོང་བ་རེད། ཕུང་དཀྲུགས་རྒྱག་མཁན་སུ་ཡིན་མིན་རིག་མི་འདུག། ཡང་ན་ཁྱོད་ལ་འདྲེ་མིག་ཞིག་ཡོད་པ་ཡིན་རྒྱུ་རེད། བྱས་ཙང་ཁྱོད་ཀྱིས་ང་དང་གཡང་འཛོམས་གཉིས་གང་ཟག་གཅིག་ཏུ་ངོས་འཛིན་བྱས་འདུག། དོན་ངོ་མར་ཁྱོད་ཀྱི་མི་གཞི་ཐང་ལ་བུད་འདུག་ལ་ཀླུ་མཁར་བྱམས་ལ་འཁོན་འགྲས་དང་ཕྲག་དོག་གི་མེ་ལྕེ་འབར་གྱིན་པ་རང་བཞིན་གྱི་མངོན་ཡོང་གི་འདུག།
བོད་མིང་ཅན་ནི་སུ་ཡིན། ཕྲག་དོག་ཟ་ན་ད་བ་ནི་མ་རེད། དེ་ལས་མིང་དངོས་སུ་་སྨྲས་ཏེ་ཤར་ཁུགས་ནང་བཞིན་ཤོག་དང་འཁྲབ་སྟོན་ཅི་བྱེད་ཚང་མས་ཤེས་ཤེས་རེད་ཡ།
ཀློག་པ་པོ་རྣམས།་བསོད་ནམས་མིང་ཅན་ཞིག་གིས་མིང་འདི་འཁྱེར་ནས་ངོ་སོ་འཁྲབ་ཀྱི་འདུག
ང་པད་མ་ཆོས་སྒྲོན་གྱི་དེབ་དེ་མ་ཐོན་བར་སྐད་ཆ་ཞིག་མེད།
ཟིལ་གནོན་ལགས། ཀླུ་མཁར་བྱམས་འདི་ཡང་མིན་ན་མི་ནག་ཉེས་ཅན་ཞིག་རེད། དེ་མིན་ན་མི་རྩ་ཆེན་ཞིག་རེད། རྒྱ་ནག་གཞུང་གིས་མི་འདི་ལ་དོ་སྣང་བྱེད་ཀྱིས་ཡོད་པ་འདྲ། རྒྱུ་མཚན། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཅུའི་དང་ཁུལ་རྫོང་ཅེས་ཁོའི་ཕ་ཡུལ་གྱི་ནང་ལ་ཡོངས་ནས་་ཀླུ་མཁར་བྱམས་རྒྱ་གར་ནས་བསྡད་ན་ཡག་པོ་མེད་རབས་དང། ཁོང་ཕྱིར་ཕ་ཡུལ་ལ་ཁྲལ་ཡོངས་ཐུབ་ན་འགྲོ་གྲོན་ག་ཚོད་སོང་ན་ང་ཚོས་གཏོང་གི་ཡིན་ཟེར་གི་འདུག་ཟེར། དངོས་གནས་ཧ་གོ་གི་མི་འདུག། ཁོས་ག་རེ་བྱས་ཡོད་མེད་གསལ་བོ་ཤེས་ན་འགྲེལ་བཤད་བྱེད་ཅིག་གནང་རོགས། ཟིལ་གནོན་ལགས།