ཏྲེ་ཧོར་ཐུབ་བསྟན།
བོད་ནས་གསར་ཏུ་དུས་དབང་ལ་ཆེད་དུ་བཅར་བའི་རང་རིགས་སེར་སྐྱ་ཕོ་མོ་རྒན་གཞོན་ཁྲི་ཚོར་བརྒལ་བ་རྡོ་གདན་དུ་འཛོམས་བཞིན་པའི་དུས་སྐབས་འདིར། བཙན་བྱོལ་སྤྱི་ཚོགས་ནང་དུའང་ཞབས་ཞུའི་ལས་འགུལ་འདྲ་མིན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་ཅིང་། ལྷག་པར་དུ་བོད་ནས་གསར་དུ་ཕེབས་པ་རྣམས་ལ་ཆེད་དུ་དམིགས་ཏེ་“འགྲིམ་འགྲུལ་སྟབས་ བདེའི”་ཞབས་ཞུ་སྒྲུབ་བཞིན་པ་འདི་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་ཕན་ལྡན་པའི་ལས་འགུལ་ཞིག་རེད། ཡིན་ནའང་། རིན་མེད་སྤྱི་ཚོགས་ཞབས་ཞུ་ཞེས་མིང་སྙན་པོ་ཞིག་གི་འོག་སོ་སོའི་ཁེ་སྤོག་མི་ ཉུང་བ་རེ་ཡང་ཟ་བཞིན་འདུག
གཞོན་ནུའི་སྒྲིག་འཛུགས་ནི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཚོགས་མི་ཆེས་མང་བའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཆེ་ཤོས་དེ་ཡིན་པ་མ་ཟད། སྤྱི་ཚོགས་ཞབས་ཞུའི་ལས་འགུལ་གང་མང་ཞིག་ལ་རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་མྱོང་།༢༠༠༥ལོའི་ཨཱ་མ་རཱ་ཝ་ཏི་དུས་དབང་སྐབས་ལྟ་བུར་མཚོན་ན། དམིགས་བསལ་བོད་ནས་ཕེབས་པའི་ཆོས་ཞུ་བར་སྟབས་བདེའི་ཞབས་ཞུ་ཧུར་ཐག་བསྒྲུབས་པར་ཀུན་གྱིས་གདེང་འཇོག་གནང་། ད་ལོའི་དུས་དབང་སླེབས་ལ་ཉེ་བའི་སྐབས་འདིར་ཡང་།གཞོན་ནུའི་རིན་མེད་དྭང་བླངས་ཞབས་ཞུའི་ལས་རིགས་ལ་ཀུན་གྱི་ཡིད་ཆེས་བྱེད་བཞིན་ཡོད། ཉེ་ཆར་སྤྱི་སྤྱོད་རླངས་འཁོར་འབབ་ཚིགས་ལྡི་ལི་སོགས་སུ་གཞོན་ནུའི་མིང་བྱང་ འཁོད་པའི་སྒྲིག་ཆས་གོན་པའི་དྭང་བླངས་རོགས་པ་མི་ཉུང་བ་རེའང་མཐོང་རྒྱུ་ཡོད་ལ། བོད་ནས་ཕེབས་མཁན་རྣམས་ལ་ཅ་དངོས་བསྡུ་གསོག་དང་སྐྱེལ་བསུའི་སྣེ་ལེན་གང་ཐུབ་ གནང་བཞིན་པའང་དངོས་ཡོད་ཡིན།
ཉེ་ཆར་རྡ་སའི་གསུང་ཆོས་ཀྱི་སྔ་རྗེས་སུ་རྡ་ས་ས་གནས་གཞོན་ནུའི་མིང་ཐོག་ནས་བོད་ནས་གསར་ཏུ་འབྱོར་བ་རྣམས་ལ་ཆེད་དུ་དམིགས་ཏེ་འགྲིམ་འགྲུལ་ཞབས་ཞུའི་ལས་རིམ་ཞིག་ཁྱབ་བསྒྲགས་བྱས་པ་དང་། གང་སར་སྦྱར་ཡིག་བཀྲམས་ཏེ་བྷ་སི་འདྲ་མིན་གྱི་རིན་གོང་མཐོ་དམན་སོགས་བྲིས་ཡོད། ལྷག་པར་དུ་རྡ་ས་ནས་ལྡི་ལི་དང་ལྡི་ལི་ནས་རྡོར་གདན་བར་གྱི་འགྲུལ་སྐྱེལ་རླངས་འཁོར་གྱི་སྤྱི་ཚོགས་ཞབས་ཞུའི་ལས་རིམ་ཞིག་གོ་སྒྲིག་བྱས་འདུག་ཅིང་།རྡ་ས་ནས་ལྡི་ལི་བར་གྱི་འགྲུལ་འཁོར་འཛིན་བྱང་རིན་གོང་ཧིན་སྒོར་༩༠༠དང་ལྡི་ལི་ནས་རྡོར་གདན་བར་ཧིན་སྒོར་༢༡༥༠བརྩིས་པའི་ཁྱོན་༣༠༥༠རེད། དུས་དབང་སླེབས་ལ་ཉེ་བའི་སྐབས་འདིར་འགྲིམ་འགྲུལ་གྱི་རིན་གོང་སྔར་ལྟར་རྒྱུན་ ལྡན་མིན་པ་ནི་དངོས་ཡོད་ཡིན། ནམ་རྒྱུན་རྡ་ས་ནས་ལྡི་ལའི་འགྲུལ་འཁོར་(པོ་ཏ་ལ་)རྟགས་ཅན་དང་འདྲ་བ་སོགས་ལ་༥༥༠ ནས་དེང་སང་༨༥༠ལྷག་འཕར་ཡོད། ཡིན་ནའང་།གཞོན་ནུའི་རིན་མེད་ཞབས་ཞུའི་རིན་གོང་ནི་དེ་ལས་ལྡབ་འགྱུར་རེད་འདུག ད་ལྟའང་འཛིན་བྱང་ཧིན་སྒོར༩༠༠རིན་ཅན་ཉོས་ན་འགྲུལ་འཁོར་ཡག་ཤོས་རྒྱབ་བསྙེལ་ཅན་ རག་གི་ཡོད། འོན་ཏེ། གཞོན་ནུའི་ཧིན་སྒོར༩༠༠ཅན་གྱི་འགྲུལ་འཁོར་ནི་རྒྱ་གར་གཞུང་གི་བྷ་སི་སྡུག་ ཤོས་(local bus)རེད། རྒྱ་གར་འགྲུལ་འཁོར་ལས་ཁུངས་ནས་ཁ་ཐུག་འཛིན་བྱང་ཉོས་ན་དེང་སང་ཡང་ཧིན་སྒོར་༤༠༠ ཙམ་གྱིས་རག་གི་འདུག གཞོན་ནུའི་དེ་ལ་ཧིན་སྒོར་༩༠༠རེད། རྒྱ་གར་འགྲིམ་འགྲུལ་ལས་ཁུངས་ནས་ཉོས་པ་དང་བསྡུར་ན་ལྡབ་གཅིག་ལྷག་གི་གོང་ཚད་རེད། དེ་ལྟར་རགས་བརྩིས་ཤིག་རྒྱག་ནའང་མི་རེའི་ལག་ནས་རིན་གོང་ཕྱེད་ཙམ་ཁེ་སྤོག་ལེན་ཡོད་པ་ནི་དངོས་ཡོད་རེད་འདུག་པས། ཁོང་ཚོས་ཁྱབ་བསྒྲགས་བྱས་པ་ལྟར་“ཚོང་ལས་མིན་པའི་སྤྱི་ཚོགས་ཞབས་ཞུའི་ལས་འགུལ”་ལའང་ཁེ་སོང་མི་ཉུང་བ་རེ་འདུག་བསམས་པའི་ཚོར་བ་ཞིག་ནི་སུ་ལའང་སྐྱེས་ངེས་ཤིང་། མི་ཚོགས་ཀྱི་ཚང་ཀ་ཤིག་ཤིག་ངང་འཁྲུག་ཆ་དོད་པའི་མེག་ལོར་འགྲུལ་འཁོར་ས་ཚིགས་ སུ་ཁེངས་པའི་གསར་འབྱོར་བ་ཚོས་ཀྱང་འགྲུལ་འཁོར་ལ་ལྟ་བཞིན། རིན་གོང་དང་འགྲུལ་འཁོར་མཚུངས་པོ་མེད་ལུགས་བཤད་མཁན་ཡང་མང་པོ་འདུག ད་དུང་ཐ་ན་མི་ཁ་ཤས་ཀྱིས་གསུང་པ་ལྟར་ན། འཛིན་བྱང་ཉོས་སྐབས་ཁོང་ཚོས་འགྲུལ་འཁོར་ཉལ་ས་ཅན་ཡིན་ལུགས་བཤད་སོང་ཞེས་ལབ་མཁན་ཀྱང་འདུག འགྲུལ་པ་ཕལ་ཆེར་བོད་ནས་ཆེད་དུ་དུས་དབང་ལ་ཕེབས་པའི་གསར་འབྱོར་བ་རེད་འདུག འགྲུལ་འཁོར་རེའི་ནང་དུ་ཧིན་བོད་སྐད་གཉིས་ཤེས་པའི་སྣེ་ཤན་པ་རེའང་བཀོད་སྒྲིགས་བྱས་འདུག
ས་རྒྱུས་མི་རྒྱུས་མེད་ཅིང་སྐད་ཆ་དང་གོ་བརྡ་མི་འཕྲོད་པའི་བོད་ནས་གསར་ཏུ་འབྱོར་བའི་རྒན་རྒོན་རྣམས་ལ་སྟབས་བདེའི་འགྲིམ་འགྲུལ་ཞབས་ཞུ་བསྒྲུབ་པར་ཧ་ཅང་ཡི་རངས་དང་བསྔགས་བརྗོད་ཞུ་འོས་ཀྱང་། ཁོང་ཚོས་ཁྱབ་བསྒྲགས་བྱས་པ་ལྟར་“ཚོང་ལས་མིན་པའི་རིན་མེད་དྭང་བླངས་ཞབས་ཞུ”་ དང་མི་འཚམས་པ་དང་།འགྲུལ་འཁོར་གྱི་རིན་གོང་ལྡབ་འགྱུར་ལེན་པར་ཚུལ་ལྡན་མིན་པའི་བསམ་འཆར་རང་ལའང་བྱུང་ཞིང་གཞན་དག་ཀྱང་དེ་ལྟར་གསུང་མཁན་མང་པོ་འདུག ཁེ་ལེན་ཚོང་ལས་ཀྱི་ཁོངས་སུ་གཏོགས་པའི་ལས་རིགས་ཡིན་ན་ཚུལ་ལྡན་ལུགས་མཐུན་ཡིན་ལ། འགྲུལ་པ་ཚོས་ཀྱང་བསམ་བློ་སྔ་ས་ནས་བཏང་ངེས་ཡིན། རྡ་ས་ས་གནས་གཞོན་ནུས་“ཚོང་ལས་མིན་པའི་སྤྱི་ཚོགས་ཞབས་ཞུ”ཞེས་མིང་སྙན་མོ་ཞིག་གི་ས་འོག་ཁེ་སྤོག་ལེན་པ་དེར་ཞབས་ཞུའི་ཀུན་སྤྱོད་དང་མི་འཚམས་པའི་ཐལ་དྲག་པའི་ཁེ་སོང་ལ་ཀུན་གྱི་ཡི་མ་རངས་ཤིང་འཁོན་ར་བྱས་མཁན་ཡང་འདུག་པ་ནི། ས་གནས་གཞོན་ནུས་འགྲུལ་འཁོར་སྡུག་ཤོས་ལ་རིན་གོང་ཆེ་ཤོས་དེ་ལེན་པས་ཡིན་སྲིད་པ་མ་ཟད། “ཚོང་ལས་མིན་པའི་ཞབས་ཞུའི་ལས་འགུལ”་ཞེས་ཁྱབ་བསྒྲགས་གང་སར་བྱས་པས་ཀྱང་ཡིན་ངེས།
༢༠༡༡ལོའི་༡༢པའི་ཚེས༢༣ཉིན།
ཁོང་གིས་གསུང་ལ་སྤྱི་སྒེར་ཚང་མའི་བརྟག་དཔྱད་ངེས་པར་བྱེད་དགོས། དེ་ལྟར་ཡིན་ན་རང་རེ་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཚོའི་ལག་ནས་དངུལ་དེ་ལྟ་བུ་ལེན་པར་མི་ལེགས་པས། ཚར་བཅད་ཚུལ་འདུས་ཤིག་ངེས་པར་གནང་དགོས།
དྲྭ་གྲོགས་ཚོ། གནས་ཚུལ་ཡག་པོ་གསན་རྒྱུ་དེ་གལ་ཆེན་པོ་རེད། ང་དེ་རིང་རྡོར་གདན་གནས་ཁྱད་པར་ཅན་ལ་འབྱོརཡོད། ཁ་སང་ང་ཐེ་ཝན་ནས་ཡོང་ནས་དི་ལི་ལ་འབྱོར་ན། ་ངའི་མེ་འཁོར་དེ་མ་ཧཱ་བྷོ་དྷི་(mhabodhi express) ཟླ་འདིའི་ཚེས་༢༢ ཉིན་་ཆུ་ཚོད་༢ པ་ནས་རྒྱུན་པར་དུས་ཚོད་དེ་རེད། འོན་ཏེ་སྨུག་པ་འཁྲིགས་རྐྱེན་གྱིས་མེ་འཁོར་ མི་འགྲོ་རྒྱུ་(canceled)ཆུ་ཚོད་༢ ཙམ་སྔོམ་ལ་གསལ་བརྡ་བྱས་འདུག་་སྐབས་དེ་ཉིན་བོད་ནས་ཆོས་ཞུ་བ་དང་ཧི་མ་་ཡི་ཆོས་བ་ཞུ་རྒས་གཞོན་སྐྱ་སེར་༢༠༠ ལྷག་ཙམ་འགྲོ་མཁན་རེད་འདུག གནས་ཚུལ་དེ་ར་འཕྲོད་པ་དང་ཅི་བྱ་བརྟོལ་བའི་དཀའ་ཚེགས་བསྔལ་བ་ཡོང་སོང་། མགྲོན་ཁང་ནི་གསར་དུ་རག་གིས་མི་འདུག་ཆུ་ཚོད་ཕྱེད་ཀའི་རིང་གཞོན་ནུ་ལྷན་ཁང་ན་གཞོན་ཚོས་འབྱོར་ནས་གནས་དོན་ཞུས་པས་སྣུམ་འཁོར་(bus)གྲ་སྒྲིག་གནང་ནས་མི་རེ་ལ་སྒོར་༡༩༠༠ རེ་ལེན་གནང་སོང་། གཞན་མ་ཇུ་ཏྲི་ལའི་ལས་ཁུང་ཚོ་ལ་bus གླ་རྒྱུ་མི་འདུག tourest camp ནས་རྒྱ་གར་བར་ཚོས་མི་རེ་ངོ་ནས་ཞུས་ཀྱང་སྒོར་༢༢༠༠ ཟེར་ནས་ཤོག་འཛིན་མ་ཉོས་པ་ཡིན་། བྱས་དུས་གཞོན་ལྷན་བཀའ་དྲིན་གྱིས་ང་ཚོ་མི་༢༠༠ ཡོད་མི་རེ་ལ་སྒོར་༣༠༠ ཕན་ཐོག་བྱུང་། ཡང་དེ་སྔོན་་ཉིན་ཞིག་ལ་བོད་ནས་གསར་ཕེབས་འགའ་ལ་མ་ཇུ་ཊི་ལ་ནས་མེ་འཁོར་ལ་རོག་པ་བྱེད་པོ་གཞོན་ནུ་གོ་སྒྲིག་ཡིན་ཁུལ་བྱས་ནས་ཕོ་སར་གཉིས་ཡོང་ནས་ཅ་དངོས་ཆ་ཙང་བཅོམ་རེད་ཟེར། གཞོན་ནུས་གསར་བསྒྲགས་བྱས་ཀ྄ིས་འདུག དེ་ཚོའི་དོན་རང་རེ་འགྲུལ་བ་གསར་པ་ལག་ནས་ཞལ་འདེབས་ཞུ་རོག་བྱས་ནས་རོག་པ་འདི་འདྲ་གནང་གིས་འདུག་དེ་ཚོ་ལའང་ཐུགས་བསམ་བཞེས་ན་གང་བྱུ་མ་གསུངས་ན་སྙམས།
གཞོན་ནུས་བསྒྲུབ་པའི་སྤྱི་ཚོགས་ཞབས་ཞུའི་ལས་རིམ་ཞིག་འགྲོ་བཞིན་པ་ནི་དངོས་ཡོད་གནས་ཚུལ་རེད།ཡིན་ནའང་།འགྲུལ་འཁོར་བཟང་ངན་ལ་ལྟོས་པའི་རིན་གོང་ཞིག་དགོས་པ་ནི་འགྲོ་སྟངས་ཤིག་རེད་ལ།རྡ་ས་ནས་ལྡི་ལི་བར་གྱི་རིན་གོང་རྒྱ་གར་གཞུང་འགྲིམ་འཁོར་ལས་ཁུངས་དང་བསྡུར་ན་གཞོན་ནུའི་གོང་ལྡབ་འགྱུར་ལེན་བཞིན་པའང་དངོས་ཡོད་གནས་ཚུལ་རེད།གོང་དུ་གསུངས་པ་ལྟར་tourest campའགྲུལ་འཁོར་ནི་སྤུས་ཚད་ཆེས་ཡག་པའི་བྷ་སི་རེད།གོང་ཚད་ཀྱང་དེ་དང་ཧ་ཅང་འཚམས་པ་རེད།གཞོན་ནུའི་གླ་གཏོང་བའི་ལྡི་ལི་ནས་རྡོ་གདན་བར་གྱི་འགྲུལ་འཁོར་རིན་གོང་༢༠༥༠ཡིན་པ་ནི་འཛིན་བྱང་བཙོང་མཁན་གྱི་གཞོན་ནུའི་ལས་བྱེད་ཚོས་གསུངས་སོང་།
གང་ལྟར་འདི་ལ་ཞིབ་འཇུག་ཞིག་དགོས་པར་་སྣང་།
ཡིན་ནའང་། རིན་མེད་སྤྱི་ཚོགས་ཞབས་ཞུ་ཞེས་མིང་སྙན་པོ་ཞིག་གི་འོག་སོ་སོའི་ཁེ་སྤོག་མི་ ཉུང་བ་རེ་ཡང་ཟ་བཞིན་འདུག ཟེར།
གཞོན་ནུས་སྤྱི་ཚོགས་ཞབས་ཞུ་བཀྲ་ཤིས་བདེ་ལེགས་ཡོད། མི་ཚང་མ་དྲང་མདོག་དང་བཟང་མདོག་ག་ཚོད་བཤད་ནའང་ཉེས་སྐྱོན་རེ་མི་མཁན་ཧ་ལམ་མཐོང་དཀོན།
གཞོན་ནུའི་དེ་ལ་ཧིན་སྒོར་༩༠༠རེད། རྒྱ་གར་འགྲིམ་འགྲུལ་ལས་ཁུངས་ནས་ཉོས་པ་དང་བསྡུར་ན་ལྡབ་གཅིག་ལྷག་གི་གོང་ཚད་རེད། ཟེར་བ་དེ་ཚོ་བདེན་པ་ཨ་ཡིན་ན། མིན་ན་རང་ིགས་ཀྱས་བྱེད་ཐུབ་། གཞན་པ་གཞོན་ནུ་སྤྱི་དོན་ལས་ཀ་བྱེད་མཁན་དེ་ཚོར་སེམས་ཤུགས་བཅག་ན་མི་ལེགས་པས། བསམ་ཚད་དང་གོ་ཚད་མ་བཤད་ན་མི་ལེགས་སམ།
མིན་ན་རང་ིགས་ཀྱས་བྱེད་ཐུབ་། འདི། མིན་ན་རང་གིས་ཀྱང་བྱེད་མ་ཐུབ་། ལ་བཅོས་རོགས།
སྤྱིར་བཏང་ཕྲ་ལ་ཕྲན་བུ་ཡོང་བབ་རྩ་ནས་མ་ལེན་ན་མ་འོངས་པ་གཞོན་ནུ་ཚོགས་ལས་དོན་རྒྱུན་སྐྱོང་དགོས་དུས་དཀའ་ལས་ཡོག་གིད་རེད། འོན་ཀྱང་ཏྲེ་ཧོར་གྱིས་གསུངས་པ་བཞིན་དུ་ཞིབ་འཇུག་གནང་ན་ལེགས་སོ་ཡོད། ཡོང་བབས་དེ་སྒེར་ཁུག་ནང་ལ་མ་འགྲོ་དགོས་རེད། སྤྱི་པས་མིང་ནས་རང་དོན་བྱས་ན་ཐ་ཤལ་རེད། སྤྱིར་བཏང་ལམ་རྒྱུས་མེད ལམ་སྟིན་གནང་རོག་བྱས་པའི་ཕྱག་ལས་སྙིང་ནས་དགའ་བསུ་ཡོང། དེང་སང་མི་གཅིག་རོག་པ་ཞུས་ནའང་གླ་དོད་རྩ་ནས་མེད་ན་དཀའ་མོ་རེད། དེ་ལ་ངི་སྲུང་དགོས་རེད། ཟས་གོས་དང་། ཉིན་གླ་ཆ་ཚང་དགོད རེད། གཞོན་ནུ་ལ་ངོ་ཙམ་སྲུང་དགོད་མི་འདུག
་་་ལམ་རྒྱུས་མེད་མཁན་ལ་ལམ་སྟོན་་་་་བཅོས་གནང་་་
བོད་ནས་གསར་ཏུ་འབྱོར་བའི་སྤུན་མཆེད་སྐོར་ཞིག་གི་ཆེད་དུ་གཞོན་ནུའི་འགྲུལ་འཁོར་འཛིན་བྱང་ཉོས་པར་རང་ཉིད་དངོས་སུ་སོང་བ་དང་།རྡ་ས་འགྲུལ་འཁོར་འབབ་ཚིགས་སུ་སྐྱེལ་མར་ཕྱིན་པའི་བར་གྱི་དངོས་ཡོད་ཁག་ཅིག་གསལ་བཤད་ཞུས་པ་ཡིན་ལ། རྒྱ་གར་ས་གཞུང་འགྲུལ་འཁོར་ལས་ཁུངས་ཀྱི་འཛིན་བྱང་གཞོན་ནུ་ལས་ལྡབ་གཅིག་གི་རིན་ཆུང་བ་ནི།གྲོགས་པོ་སྐོར་ཞིག་གིས་ཉོས་པ་དངོས་སུ་གོ་ཐོས་བྱུང་བས་ངེས་པར་ཡིན་ངེས་ལ། གཞོན་ནུ་ལ་གཞི་མེད་སྐྱོན་འཛུགས་དང་ཁག་དཀྲི་ལད་ཟླ་ཅིའང་བྱེད་དགོས་མ་མཆིས་ནའང་། དངོས་ཡོད་ཀྱི་གནད་དོན་གླེང་ཆོག་པ་དང་ངེས་པར་འོས་པ་དང་དགོས་པ་ཞིག་ཀྱང་ཡིན་ངེས་པས། བདེན་པ་མིན་པའི་ཁུངས་ཡོད་ནས་གསལ་བྱེད་གནང་རོགས་ཞུས་འབོད་སྐུལ་ཞུ་རྒྱུ་ཡིན།།
གཞོན་ནུ་ཁ་སྔོན་ཨ་རི་དུས་དབང་་སྟོད་གོས་བོད་རང་བཙན་་་་མི་བྱང་ཁྱབ་བསྒྲགས་དང་སྦྲག་ཚོང་འགྲེམ་བྱས་སྐབས་ཡང་ཆོས་ཀྱི་ར་བ་ནང་ན་ཆབ་སྲིད་ཀྱི་ལས་བྱེ་མི་ཆོག་ཟེར་ནས། ང་ཚོ་སྤྱི་ཚོགས་ནང་རང་ལ་དབང་ཆ་དང་མིང་ཡོད་སྐབས་གཅིག་གི་གཅིག་ལ་མཐོང་ཆུང་བྱས་དང་བྱེད་བཞིན་པ་རེད། དེ་ཚོ་ཐབས་སྐྱོ་བོ་མ་རེད་དམ། ཨ་རིའི་ཆོས་སྲིད་རང་དབང་ཡོད་སར་ནས་དེ་འདྲ་བྱས་ནས་ད་གང་ཡོང།
ཏྲེ་ཧོར་། ཁྱེད་ཀྱིས་གསུངས་པ་བདེན་པ་ཡིམ་གྱི་རེད། དངོས་ཡོད་གནས་ཚུལ་རེད་འདུག་པས་ངོས་ལེན་ཡོད།
དེ་ལྟ་ཡིན་ན་གཞོན་ནུའི་ཞབས་ཞུ་དང་ཚོང་ལས་མིང་གཅིག་དོན་གྱི་རྣམས་གྲངས་ཙམ་རེད་འདུག ཁེ་སོང་ཡག་པོ་རག་ན་ཡག་པོ་རེད།རྗེས་སུ་ཆབ་སྲིད་ཀྱི་ལས་འགུལ་སྤེལ་སྐབས་འགྲོ་སོང་ལ་བཏང་ཆོག་གི་རེད།བོད་ནས་ཡོང་མཁན་གྱི་གསར་འབྱོར་ཚོའི་ལག་ན་སྒོར་མོ་མང་པོ་བཟུང་ཡོད་རེད།ཧཧཧ
ཡང་ཡང་ལྟོས་དང་། ལས་ཀ་གསར་དུ་མགོ་བཙུག་དུས་རྩོད་རྙོག་གི་ལབ་གླེང་བྱེད་ཡོང་གི་འདུག་ཧཧཧཧཧ་བལྟས་མོ་འདུག་སོ་དོས་ཏང་ངོས་ནས་དངོད་ཡོད་གནས་ཚུལ་བཤད་རྒྱུ་ཡོད་ན་ལེགས། དོན་དུས་ཚོད་ཆུད་ཟོད་བཏང་ཁ་བརྡ་ནང་མ་ཉེས་ཁ་དཀྲི་ལ་མ་རེམ་པ་ཞུ།
་་་སོ་སོས་དངོས་ཡོང་གནས་ཚུལ་་་བཅོས
རིན་གོང་བར་གྱི་ཧེ་བག་དེ་དངོས་ཡོད་གནས་ཚུལ་རེད་འདུག གཞོན་ནུའི་ཞབས་ཞུ་ལ་རྗེས་སུ་ཡི་རངས་ཞུ་འོས།ཞབས་ཞུ་དང་ཁེ་སོང་བར་ན་ཚོང་ལས་ཆགས་སོང་བ་ཡང་དངོས་གནས་ཡིན་པ་འདྲ།
ཧཧཧཧཧ། རང་ལ་ཁེ་བཟང་མི་དགོས་མཁན་སུ་ཡོད། སྤྱི་ཚོགས་ཚོགས་པའི་ཐོག་ནས་ལས་དོན་ལ་ཁེ་བཟང་མ་བྱས་ན་བཞེས་ལག་དང་བཞུགས་ས་གངས་ལྷ་ནས་གནང་ས་འདུག་པ་ད་ནས་ང་གངས་ལྷ་སར་རེ་འབིད་ཞུ་ན་ཨི་འགྲིག ཨ་ལ་རྩེད་མོ་ཞུས། ཁྱེད་གསུང་རྒྱུ་བདེན་ན་ཡང་ད་ལན་ཁེ་བཟང་ཟ་ན་འགྲིག་གི་རེད་དེ་ཁེ་བཟང་སྒེར་ཁུ་ནང་ལ་མི་འགྲོ་དགོས། དེ་གཙོ་ཆེ་གིས་རེད་དྲན་ཁི།
སྒེར་ཁུག་་་་བཅོས
གཞོན་ནུའི་ཞབས་ཞུ་ལ་རིན་སྟེར་དགོས་པ་རེད། མ་རིན་གྱི་ལྡབ་གཅིག་སྤྲད་དགོས་སོང་བ་རེད།སྐད་མ་ཤེས་ན་ད་དེ་རེད།སྐད་ཤེས་མཁན་གྱི་ཁེ་བཟང་དེ་རེད།དྲང་སྲོང་ཁྱོད་རྡོ་གདན་ནས་དྲ་ལམ་ལ་འཛུལ་ལོང་ཡོད་པ་ཡག་པོ་ཞེ་དྲག་རེད།
དེ་རེད། སྤྱིར་བཏང་ཕྱི་རྒྱལ་མི་ཚོས་བསམ་བློ་གཏོང་བཏང་དང་ང་ཚོས་བསམ་བློ་བར་ཧེ་བག་ཞིག་ཡོད་རེད། ཕྱི་རྒྱལ་ཚོས་དངུལ་འགྲོ་སའི་ཕུག་བསམ་བློ་བཏང་གིས་འདུག ཁོང་ཚོས་རྒྱ་གར་ཡོང་དུས་ཅ་དངོས་ཉོ་དུས་དང་བོད་མའི་སར་ནས་བོད་སྐྱཙས་བཅོལ་བ་རེད། དེ་སྤྱི་སྒེར་གང་ཡིན་ནའང་ཁྱད་ཡོད་མ་རེད། ལབ ཀྱིས་འདུག ང་ཚོས་བལྟ་དང་མི་སྒེར་གྱི་དོན་ལ་ཚོང་ཟོག་འདྲ་བོ་བསམ་ནས་གཞོན་ནུའི་ལས་དོན་ལ་ཚོང་ཟོག་འདྲ་བོ་བསམ་བསྡད་འདུག་འོ་ན་ཁྱོད་འཇོན་ན་ཁྱོད་ཀྱི་ལས་ཀ་དེ་ལས་དང་སྒོར་མོ་ལ་མི་དགའ་མཁན་ཞིག་ཡིན་གྱི་མ་རེད། ངས་བལྟས་མོ་བལྟ་ཆོག རང་གི་ཅི་ཡང་མི་འགྱོན་གཞན་ལ་ཅི་བཤད་མ་བསྡད། ཁོ་ཡང། ད་ཡིན་ན་སྤྱི་འཐུས་ནང་ནས་ཀརྨ་ཆོས་འཕེལ་དང་། དྲ་གྲོགས་ནང་ནས་སྤོབས་པ་མཐའ་ཡས་དང་། ཨ་རི་གནས་སྡོད་འཁྲིག་སྤྱོད་བླ་མ་རང་མིང་རང་གི་སྤྲུལ་མིང་བཏགས་མཁན་ཁ་བརྡ་ར་བ་ལས་བགེགས་སྤྲད་སོང་བ་དཔལ་མཇེ་མཁན་ཅན་བླ་མ་འདྲ་བོ་ཡོང་རན་འདུག་་་ཧཧཧཧཧཧ
ཨ་རིའི་གནས་སྡོད་དེང་སང་ཨི་ཛི་ན་ཡོད་སྐད་འདུག
དུས་རྒྱུན་སྤྱི་སྤྱོད་གླ་འཁོར་གྱི་རིན་བབ་དང་། དམིགས་བསལ་གོ་སྒྲིག་ཞུས་པའི་གླ་འཁོར་གཉིསལ་གླ་ཆ་མཐོ་དམའ་ཡོད་སྲིད་པས། དྭང་བླང་པ་ཚོ་ལ་ཚོང་པ་རེ་ཟེར་ན། མ་འོངས་པར་ཡ་རབས་སུ་གང་གིས་ཀྱང་སྤྱི་ཚོགས་ཞབས་ཞུ་བར་འཛུལ་བཞུགས་མི་ཐུབ་པར་ཆགས་ངེས་པས། དངོས་ཡོད་གནས་ཚུལ་གང་དང་གང་ཡིན་གསལ་པོར་མ་བཤད་ན་ཁ་བརྡས་ནངལ་གང་འགྲོ་ན་ཡང་ལས་རྒྱུ་འབྲས་ལ་འགྲོ་བགྱིད་མ་རེད་གདའ།
ང་ཆུང་དུས་གཏམ་དཔེ་ཅིག་གོ་མྱོང་བ་གཅིག་ནི།
ཁ་ཁ་རོག་སྡོད།
རྐུབ་མ་ཎི་དྲོངས། ཟེར་བ་འདི་དྲན་བཅུག་སོང་་།
ཀརྡོ་གཉེར་ཕྱག་ལགས་གསུངས་པ་དེ་དེ་བཞིན་ནོ། དེ་འདྲ་མ་ཉེས་ཁ་དཀྲིས་བྱས་ན་རྗེས་མར་བོད་སྤྱི་སྒེར་དོན་ལས་ཀ་ཡ་རབ་བཟང་སྤྱོད་ཚུལ་གནང་ཁག་པོ་རེང། ཀརྡོ་ལགས་མཁྱེན་ཡོན་ཅན་ཐུགས་བསམ་བཞེས་ཤེས་མཁན་ཞིག་རེད་འདུག་ངས་གུས་གུས་འདུད་དང་ལེགས་སོ་ཞུ།
ཐུབ་བསྟན་གྱིས་བཤད་པ་བདེན་པ་རེད། ལྡི་ལི་དང་རྡོ་གདན་ནས་ངའི་མངོན་སུམ་ཏུ་མཐོང་སོང་། ཁོང་ཚོའི་ལས་ཀ་དེའི་ཞབས་ཞུ་མ་རེད། ཚོང་ལས་རེད། གོ་ཐོས་ལྟར་ན་ཚོགས་པ་ལྔ་ཚོང་མེད་ན་ལས་ཀ་བྱས་གི་མི་འདུག་ཟེར་དངོས་གནས་བདེན་པ་རེད་འདུག མིང་དེའི་ཞབས་ཞུ་ཡིན་ཟེར་ནས་ཁ་གཡར་ཡོད་གཏོགས། དམིགས་ཡུལ་གཙོ་བོ་གསར་འབྱོར་པ་དང་མི་དམངས་ལ་མགོ་སྐོར་གཏོང་ནས་དངུལ་བསྡུ་ཐབས་ཁོ་ན་རེད། ཡིད་ཕམ་པ་ལ་་་་་
ཡ་ཁོ་རེ། ཁྱོད་མིང་དེ་སྒོ་དམར་གྲགས་པ་ཡིན་ས་མ་རེད། རྒྱ་དམར་དྲག་པོ། བསམ་བློ་ཡག་པི་ཐོངས། གཡམ་རྒྱུགས་བྱེད་མ་བསྡད། གསང་མིང་གངབསྐོད་ཀྱང་གསང་ཐག་རྟག་རྟག་ཧ་གོ་ཡིས་ཡོད་། ་་་་་མི་མང་ཡོད་སར་ཁ་བཙུམ། རང་གཅིག་པུའི་ཡིན་དུད་ལག་བསྡད་ཟེར་བ་ནང་བཞིན་རེང། ཁ་འདོན་འདྲ་འདོན་མ་ཐུབ་ན་ལ་ཕིང་བཙོང་ནས་སྡོད་
ཡ་སྒོ་དམར་ཁྱོད་དེ་དུས་ཡོད་ན། དེ་དུས་ཁྱོད་ལ་ལྕེ་དམར་དེ་མི་འགུལ་ཅི་ཡིན། རྒྱ་དམར་ལས་ཀ་དེ་ཨི་འགྲུབ་ལྟ་རྒྱུ་ཨི་ཡིན། བཙན་བྱོལ་ནང་དུ་འགྱོན་ན་འདྲ་མ་འགྱོན་ན་ཆབ་སྲིད་ལས་ཀ་ག་ཚད་ལས་ཡིད་མིག་དེ་དུས་ག་ན་ཟུགས་ཡོད། ཡིན་ནའང་ཁྱོད་བསམ་འདུན་འགྲུབ་ཀྱིས་མ་རརད། ཚོགས་པ དེ་ཚོས་ཁྱེད་རང་ལས་ཆབ་སྲིང་གང་ཧི་ཆ་ནས་ཤེས་འགྱོན་ཡིན་ན་ངས་ལེགས་སོདག་རྒྱབ་སྐྱོར་བརྒྱ་ཆ་%༡༠༠ ཐམས་ཡོད་ཁྱོད་དཀྲུགས་ཤིང་ག་ཚད་རྒྱབ་ཨི་ཐུབ་ལྟོས། ཉིན་ཞིག་ཐོད་པ་ས་བཞག་ཉིན་དཀའ་ལས་ཡིང་རྒྱུ་གཟབ་གཟབ། སྙིང་རེ་རྗེ།
གོང་དུ་དྲ་གྲོགས་མང་དག་ཅིག་གིས་གཞོན་ནུའི་འགྲིམ་འགྲུལ་ཞབས་ཞུ་དང་འབྲེལ་བའི་སྐོར་ལ་བཀའ་མོལ་ལྷུག་པོར་གནང་བར་ཡི་རངས་དང་། སྤྱིར་གཞོན་ནུའི་རོགས་རམ་ལ་དགའ་སྤོབས་དང་གོང་བཀུར་ཞུས་འོས་ཀྱང་།གནད་དོན་རེ་ཟུང་གི་ཐོག་ནས་གསལ་བཤད་བྱ་དགོས་ཆགས་པ་འགྲེལ་བརྗོད་སྔོན་སོང་ལྟར་རེད་ལ།འདི་ནི་རང་མིག་སྔུན་ལྷག་པའི་བྱ་སྤྱོད་ཅིག་ཐེར་འདོན་བྱས་པ་ཡིན་པས་དཀྲུག་བཤིགས་སུ་འགྱུར་བར་མི་སེམས་པར་མ་ཟད།དྭང་བླངས་ཞབས་ཞུ་དང་ཁེ་ལེན་ཚོང་ལས་བར་གྱི་ཧེ་བག་དེ་གསལ་འདོན་གྱིས་ཀློག་པ་པོར་རྣམས་ལ་ངོ་སྤྲོད་ཙམ་བྱེད་པ་ལགས།
ཏྲེ་ཧོར་གྱིས་བཤད་པ་བདེན་ན་དདངོས་གནས་ཞབས་འདྲེན་རེད།
ཁ་ངས་ཉེ་ཆར་ངའི་ཉེ་འབྲེལ་ཁ་ཤས་ཤིག་རྒྱ་གར་ལ་སླེབས་ཡོད་པའི་གོ་ཐོས་བྱུང་གཅིག་བྱས་ན་ཁོ་ཚོ་ཡང་དེ་ལྟར་མགོ་སྐོར་ཐེབས་ཡོད་ཚོད་རེད།
འདིའི་སྐོར་ངས་ཞིབ་འཇུག་བྱ་ངེས་ཡིན། གལ་སྲིད་གཞོན་ནུས་དེ་ལྟར་བྱས་ཡོད་ན། རྒྱ་ནག་ལ་ཡང་བཙན་བྱོལ་གཞོན་ནུ་ཚོགས་པའི་མགོ་ལ་ཞུ་རྒྱུ་ཞིག་རགས་ཚར་བ་རེད། དངོས་གནས་ཐབས་སྐྱོ་བོ་རེད།
ཡ་ཁོ་རེ་ཚོ། ད་དེ་འདྲ་ཅང་ཟེར་ཅི་ཕན་ཨི་ཡོང་། འོ་ན་ཁྱོད་ཚོ་མན་ཇུ་ཌི་ལའི་སྒེར་གྱི་ཚོང་བ་འགྲིམ་འགྲུལ་ལས་ཁང་ལ་སོང་དང་དེ་ནས་ཧ་གོ་ཡོང་། ང་ཚོ་ཁ་སང་མི་༢༠༠ ལྷག་ཡོད་། དར་དུས་རྒྱ་གར་བས་bus མི་རེ་ལ་སྒོར་༢༢༠༠ ལེན་གྱི་འདུག་མེ་འཁོར་ཚེས་༢༢ ཉིན་འགྲོ་མཁན་canceled ཆགས་ནས་གཞོན་ནུ་ལས་གཉེར་ཚོར་རེ་སྐུལ་ཞུས་པས་བཀྲིན་གྱིས་རྡོར་གདན་ལ་ཚེས་དེ་ཕྱི་དྲོ ཆུ་ཚོད་༤ ནས་འགྲོ་རྒྱུ་བྱུང་ཚེས་༢༣ ཕྱི་དྲོ་ཆོུད་༥ལ་bus ལྔ་ཁག་བདེ་འབྱོར་དང་། ལམ་ཟ་མ་ཟ་ས་འབབ་ཚུག་སིགས་རེ་མོས་བྱས་སོང་། bus ༢+༢ སྐུབ་ཏེག་ཅན་ཡག་པོ་འདུག། སྐབས་རེ་ལམ་འགྲོ་མེད་ན་ཁྱོད་རང་ཚོ་ཁ་ཤས་ལ་བྱུང་བ་འདྲ་ཡིང་བ་རེད། མི་ལ་བསོད་ནམས་མེད་ན་གསེར་ཡང་བྱེ་མ་འགྱུར་བཤད་གསོལ་ལྟར་རེད། ཕལ་ཆེར་ཁྱོད་ཚོ་ལ་གུར་ཡང་ཨི་ཁུང་བུག་སྡད་པ་ཡོང་གིས་རེད་ལྟོས་ཨ། ཡང་དེ་དུས་འཁོར་གོ་སྒྲིག་གི་ཚོང་ར་བྱས་ཡོད་ཀྱི་རེད། ཧཧཧཧཧ། ད་ལས་ངན་མ་བསགས། ་གནས་སྐོར་འགྲིམ་ འགྲུལ་ཚོ་ལ་དོན་མེད་ཆགས་སྡང་གི་རྐྱེན་མ་ཤོར་བ་གལ་ཆེ། ཉིན་གྲངས ༢༠ རིང་དུས་ཚོད་ཆུད་མ་ཟོས་པ་དགེ་སྐུལ གང་ཤེས་བྱ་ཨི་ཐོབ་ལྟོས་དེ་དགའ་མི་ཡོང་ངམ། གཞོན་ནུ་ཚོགས་པ་ལ་སྒོར་ཁ་ཤས་ཁེ་ཕན་བྱུང་ན་འགྲོ་ས་མ་ནོར་རེད། གལ་ཏེ་སི་ནོ་ལིའི་པུ་ལིས་ལག་ལ་ཤོར་ང་ཚོ་གང་བྱེད་ཡག་མི་འདུག་བ། མ་ཟད་ད་ལན་ཚོང་ངོ་མ་དེ་རྡོར་གདན་ས་གནས་རྒྱ་གར་བ་ཚོས་ཁང་ཆུང་༡༠+༡༠ ཅན་པོ་ལ་ཉིན་གྲངས་༡༥ རིང་སྒོར་ཁྲི་བཞི་ནས་དགུ་བར་ཚོང་གཉེར་བྱས་དང་བྱེད་བཞིན་འདུག་པས། དེ་ཚོ་ནི་གཞུང་གི་འགྲིམ་འགྲུལ་དང་འགྲུལ་hotel སྒྲིཧ་གཞིའི་ཁྲིམས་ལས ཡོངས་སུ་འགལ་བ་རེད།་་ five star hotel སྐར་མ་ལྔ་རྟགས་ཅན་ལའང་དེ་འདྲ་ཡོད་རེད་ཡོད་པསི དབང་དུ་བཏང་ནའང་དར་ཆུ་དང་སྡོད་ནས་རང་ཆས་སུ་གོ་སྒྲིག་ཡོད་རེད། འོན་ཀྱང་ས་གནས་ཡུལ་མི་རང་དཔུང་བཙན་པ་དང་། བོད་པ་ཚོས་ཀྱང་བསམ་བློ་ཕུག་རྒྱང་ཧང་འདྲ་བཏང་ཡིད་མེད་ཅི་འཚལ། དེ་ཚོ་བ་བློ་ཐོངས་ན་སྒོར་ཁ་ཤས་དིན་རྩོད་གླེང་མ་རབ་ངན་སྐུལ་མ་གནང་ན་བསམ། ཅི་ཏེ་ཐུགས་ཚབ་ཡོད་ན་ངོ་གདུང་བཏུག་ནས་ཁ་པར་རྒྱུད་གསལ་བཤད་བྱོས་དང་། བི་ཧ་རི་རོང་པ་ལ་ཁྱོད་ལབ་མ་ཐུབ་ནའང་གཞོན་ནུ་ལས་གཉེར་བ་ཚོར་ལབ་མི་ཐུབ་ཅི་ཡོད་།
བོད་ནས་ཕེབས་ཉན་དེ་ཚོ་དུས་འཁོར་དབང་དང་གནས་སྐོར་༧གོང་ས་མཆོག་མཇལ་བའི་ཆད་དུ་དཀའ་ངལ་ཁྱད་གསོད་གི་སླེབས་ཡོད་རེད་མ་གཏོགས་སྒོ་མོ་མང་དྲགས་ནས་ཡོང་བ་ཡིན་རེད་དྲན་གི་མི་འདུག། མི་ཁ་ཤས་ཞིག་གི་དེ་སང་སྒོ་མོ་མེད་ན་ལས་ཀ་བྱས་ཉན་ཡོད་མ་རེད་སྐོལ་ལ་བཤད་འདུག། ཡིན་ན་ཡང་མིང་དང་བླངས་པ་ཁུར་ནས་ཁེ་སོང་བླང་ན་དེ་ཁེ་འཚར་ཞིག་རེད། བོད་ནས་སླེབ་ཉན་དེ་ཚོ་ཀླད་པ་རྙིང་པ་ཡིན་ཡང་ཁེ་སོང་སུ་གི་ལེན་གི་འདུག་དང་བླངས་པ་སུ་རེད་འདུག་ཧ་གི་རེད། ཁོ་ཚོ་སེམས་སྲེད་ཡོད་པ་ཚོར་གི་འདུག།
སྤྲེལ་ཧོར་ཐུགས་བསྟན་གི་བདེན་སྤངས་དངོས་གསལ་སྟོན་འདུག་བ།
གཞོན་ནུའི་པེད་ཤག་བབ་རྒྱུ་མེད་པ་དང་ཁེ་ཕན་མེད་པའི་ལས་ཀ་ད་བར་བྱས་མྱོང་ཡོད་ནི་མ་རེད། བཤད་རྒྱུ་བོད་དོན་ཐད་གོ་རྟོག་མི་སྤེལ་བར་དངུལ་གང་ནས་ཡོང་ཐབས་ལ་འབད་བཞིན་པ་འདི་དངོས་གནས་སྐྱུག་བྲོ་བ་རེད།
གཞོན་ནུས་བོད་ནས་གསར་དུ་འབྱོར་མཁན་ཚོར་ཞབས་ཞུ་གནང་བ་སྙིང་དབུས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཞོར་དུ་ཁེ་བཟང་ཏོག་ཙམ་ལེན་གྱི་ཡོད་རུང་ཞབས་ཞུ་ཡག་པོ་བསྒྲུབས་ན་ལེགས
དྲང་སོང་བ་དེའི་མི་ཐ་ཤལ་ཞིག་རེད། ཁྱེད་ཀྱིས་ཡིག་ནོར་བྲིས་ཡོད་པས་་ཧ་གོ་གི་མ་རེད་བསམ་གིས་འདུག་གམ། ཤིས་གིས་ཡོད་ཁྱེད་རང་གཞུན་ནུའི་ལས་བྱེད་ཡིན་པ། དངུལ་བསྡུ་ཐབས་བྱས་མཁན་གཙོ་བོ་ཁྱོད་ཡིན་པ། དེང་སང་རྡོ་གདན་ལ་ཡོད་པ། ངའི་མིང་ལ་སྒོ་དམར་གྲགས་པ་ཟེར་བ་་མ་ཟད༼་སྒོ་དམར་གྲགས་པ་དར་རྒྱས༽་ཟེར་གི་ཡོད། གཡམ་རྒྱུགས་གཏན་ནས་མིན། ཧ་གོ་གི་འདུག་གམ། རྡོ་གདན་ལ་གུར་ཐེབ་ཆག་ཞིག་ལ་མི་དམངས་ལག་ནས་ཧིན་སྒོར་སུམ་ཁྲི་ཙམ་ལེན་པ་དེའི་ཉམ་ཐག་བོད་མི་ལ་ཁྱོད་ཚོའི་ཞབས་ཞུ་རེད་དམ་ཚོང་ལས་རེད། དེའི་མ་ཟད་ལྡི་ལི་ནས་རྡོ་གདན་བར་ཏུ་མེ་འཁོར་ལག་ཁྱེར་རམ༼པ་སི ༽ལ་ཁྱོད་ཚོའི་༨༥༠་དང་་རྒྱ་གར་པའི་ལག་ནས་ཉོ་ན་༧༥༠དང་གྲོགས་པོ་དང་ངོ་ཤེས་ལག་ནས་ཉོ་ན་༥༥༠དང་༦༥༠གང་རུང་རེད་འདུག འོ་ན་གོང་ཚད་གཞན་དང་མི་འདྲ་པས་ལེན་པ་དེའི་གཞོན་ནུའི་ཞབས་ཞུ་རེད་དམ་གཞོན་ནུའི་ཚོང་ལས་རེད་་་་དྲང་སྲོང་ལགས་་་་་་ང་ལ་རྒྱུ་མཚན་ཡང་དག་བཤད་ཡ་མང་པོ་ཡོད། གནས་སྐབས་དེ་ཙམ་ཡིན།
འབྲི་རུ་ཤེས་དཀར་འབུམ་གྱིས་གསུངས་པ་ལ་རྒཉཡབ་སྐྱིར་ཡོང།
བོད་ནས་གསར་དུ་ཕེབ་མཁན་ཡིན་རུང་མིན་རུང་རང་རེ་སུ་ལ་ཨ་སྒོར་ཐེར་འབུམ་ཡོད་ནའང་ད་དུང་སྒོར་མོ་མེད་མ་གཏོགས་ཡིད་དྲན་གྱི་མ་རེད།
ཁེ་བསང་སྤྲོད་གི་ཡིན་ན་མི་སུ་ཡིན་ཡང་ལས་ཀ་བྱས་གི་རེད། གསར་དུ་གནས་སྐོལ་ཚོ་ལ་སྒོ་མོ་མང་པོ་ཡོད་ན་མིང་འདོགས་ཅན་གི་ཞབས་ཞུ་པ་དགོས་ཡ་མི་འདུག་ཁོང་ཚོ་ལ་དོན་དངོས་གི་ཞབས་ཞུ་དགོས་གི་ཡོད་རེད། དེ་ཚོ་ལ་ཞབས་ཞུ་ཟེར་ན་འཐད་གི་མི་འདུག་གླ་པ་སྣེ་ཤན་པ་ལོབ་ན་འགྲིག་གི་འདུག།
གཞོན་ནུ་དྭངས་བླངས་པ་བརྫུས་ནས་རེ་བཟུང་གིས་ལས་ངན་བྱས་པ་གཞིར་བཞག་ནས་གང་བྱུང་མ་བཤད་ན་ལེགས། སེམས་ཤུགས་ཉམས་པ་ལ་གནོད་ཀྱི་རེད། གང་ཙམ་ནས་སྤྱི་བའི་ལས་ཀ་བྱ་མཁན་ཐོབ་ཀྱི་མ་རེད།གོང་གི་མཆན་མང་ཆེ་བ་གཞོན་ནུ་ཚོགས་པ་ལ་འཁོན་ཡོད་པ་འདྲ་བོ་འདུག བདེན་གཏམ་བཤད་མཁན་ཧ་ལམ་བཀོན་པོ་མཐོང་སོང་། འོན་ཀྱང་གཞི་མེད་སྒྲོ་འདོགས་ག་ཚོད་བརྗོད་ནའང་བསམ་ཤེས་ཚོས་རི་བོང་ཅལ་འདྲོགས་བྱེད་ཀྱི་མ་རེད། ཁྱེ་རང་ཚོའི་དུས་ཚོད་འཕྲོག་བརླག་ཡིན་པ་ཤེས་དགོས་ཡིད་ལ་ཟུངས། ངས་གྲོགས་པོ་དང་ངོ་ཤེས་བརྒྱུད་ཐོས་སོང་དེ་འདྲ་མིན་པ་རྒྱ་ཆ་༩༩རེད་འདུག མཐའ་དོན་གཞོན་ནུའི་ཚོགས་གཙོ་གཙོས་ཚོགས་མི་དང་དྭངས་བླངས་པ་རྣམས་ཞུ་རྒྱུར། སྐབས་འཚོལ་བ་མི་ངན་རེ་བཟུང་གི་སྐད་ངན་བསྒྲོགས་པ་ལ་སེམས་ཤུགས་མ་ཆགས་ནས་བྱ་བཟང་བློ་རྩེ་གཅིག་གིས་འབད་པར་ཞུ། བདེ་གཏམ་ལ་དགའ་བའི་བོད་མི་ཡོད་དོ་ཅོག་གིས་ཁྱེད་རྣམས་ལ་དུས་ཀུན་ཏུ་རྒྱབ་སྐྱོར་ཉེ་རིང་མེད་དོ། ཐུགས་བདེ་བར་ཞུ།།
ཡ་སྒོ་དམར་ལགས། དགོངས་པ་མ་ཚོམས། དོན་མེད་སྡིག་པའི རྐྱེ་བཟོ་རྒྱུ་ལ་ང་བསླེབས་མེད། ང་ནི་གྲྭ་བ་ཞིག་ཡིན། བདེན་པ་ང་རྡོར་གདན་ལ་ཟླ་འདིའི་ཚེས་༢༣ ཆུ་ཚོད་༥ ལ་འབྱོར། ང་དི་ལླི་ལ་ཟླ་འདི་ཚེས་༢༠ ལ འབྱོར་ཡིན། ཡོང་ས་ཐེ་ཝན་ལྷོ་ཕྱོགས་ནས་ཀའུ་ཤོང་ལ་རྙིང་མའི་ཆོས་ཚོགས་རང་བདག་ཡོད། གཞོན་ནུ་ཚོགས་པ་ལ་དགའ་མཁནཞིག་ཡིན། ད་བར་དངོས་ཤུག་རྒྱུད་གསུམ་འབྲེལ་བ་མེད་ཀྱང་། སེམས་ནང་ཁོང་རྣམས་པའི་ཕྱག་ལས་ལ་ཡི་རང་དང་བསྔགས་བརྗོད་རྗེས་འབྲང་བ་ཞིག་ཡིན་ལ་གྲ་གྲོགས་མཆེད་སྐུལ་འདེད་རྒྱབ་སྐྱོར་ཞུས་མཁན་ཡང་ཡིན། སླད་དུ་རྒྱུ་ལུས་ཕུང་པོས་འདི་ཉིད་གཞོན་ནུའི་བཀའ་སྒྲུབ་མ་ཐུབ་ནའང་། གོར་མོ་རེ་ཟུང་ཞལ་འདེབས་འབུལ་རྒྱུ་བྱུང་ན་སེར་སྣ་མི་བཟོ། ཁྱོད་གོར་མོ་དིན་དག་ལ་གཞོན་དགྲ་བཟོ་ནས་དིལླི་རྒྱ་མིའི་གཞུང་ཚབ་མའགྲོ་ཨ། ད་ལན་གོར་ག་ཚད་གྱོང་སིང་ངས་ཞལ་འདེབས་ཞུ་ཡོང་། ལས་ངན་བློ་ངན་མ་སྐྱེ་།
དྲང་སྲོང་གིས་བཤད་ན་ཡུལ་མི་ཚོ་ཁང་པ་ཐེབ་ཆག་ཞིག་ལ་སུམ་ཁྲི་དང་བཞི་ཁྲི་ལེན་པ་དེའི་དངོས་གནས་རེད།ཁོང་ཚོ་ལ་ཁག་ཡོད་པ་མ་རེད། གསུངས་ཆོས་རིན་པོ་ཆེ་ཉན་མཁན་ཚོ་ལ་ཞབས་ཞུ་འགྲུབ་གི་ཡིན་ཟེར་ནས་གསར་འགོད་གསར་བསྒྲགས་འཛམ་གླིང་ལ་ཁྱབ་བསྒྲགས་བྱས་ཡོད་མ་རེད། ཁྱེད་ཚོ་ཁྱབ་བསྒྲགས་ག་ཚོད་བྱས་སོང་། ཁྱེད་རང་ལ་བདེན་པ་ཡོད་ན་མིང་རྫུན་མ་མ་བཀོད་རོགས། མིང་དངོས་གནས་བྲིས་ད་་་ཧ
འབྲི་རུ་ལགས་དང། རྒྱ་མཚོ་རྣམས་གཉུས་ཀྱིས་གསུངས་པ་ནང་བཞིན་རེད། ངས་རྒྱབ་སྐྱིར་ཡོད།
ཨ་ཙི། ཁྱོད་ག་རེ་ཆགས་སོང་གསུང་ཆོགས་པ་དང། གཞུན་ནུ་ཚོགས་པ་སོགས་ལ་མི་དགའ་ག་ཏེ་བྱུང་ངམ། ཡང་མ་ཁྱེད་རང་ཤུག་ལྡན་ཚོགས་པ་ནས་ཡིན་ནམ། ངས་རེད་ཞུས་ཀྱིས་མེད་།
རྒྱལ་མཚོ་ཟེར་ཉན་དེ་གི་སྐད་ཆ་ཁེ་འཚར་ཞིག་གཡུག་ནས་འགྲོ་འདུག།
གཞོན་ནུ་ཚོགས་པས་ངོ་ཚོའི་ཕ་ནི་མ་བསད་མ་ནི་མ་གསད་་་གང་བྱས་ནི་མཁོན་ཡོད་དགོས་གི་རེད། ངོ་ཚོད་དུས་རྟག་ཏུ་བོད་གཞིག་ལུས་རྒྱ་ཆེའི་མི་མང་ཟེར་ནས་བཤད་གི་ཡོད་པ། ད་དེ་ཚོ་བོད་གཞིག་ལུས་རྒྱ་ཆེའི་མི་མང་རེད་རོག་པ་གང་ཐུབ་བྱད་དགོས་རེད། ཁེ་བཟང་དང་ཕྱོགས་རིས་མེད་པའི་ཐོགས་ནས། ཁོང་ཚོ་ལག་ནས་ཁེ་བཟང་ཟ་བ་དང་རོག་རམ་ཡག་པོ་མ་བྱས་པ་ཐོས་དུས་སེམས་པ་ཕམ་ཡ་རེད་པ།
དྲང་སྲོང་ལགས་ ཁྱེད་རང་རྒྱུ་མཚན་ཡང་དག་ག་ཚོད་བཤད་ན་་་་ཁྱེད་རང་མི་ཡང་དག་ཞིག་རྩ་བ་ནས་མཁས་ལེན་གི་མ་རེད་ལོ། ངས་བཤད་པ་ཚང་མ་བདེན་པ་ཡིན། རྫུན་མ་དང་དཀྲུགས་ཤིང་མིན། མ་ཟད་གཞོན་ནུ་ཚོགས་གཙོ་ལ་ཧ་ཅང་དགའ་ཁོང་གིས་ལྷག་བསམ་དྲང་བདེན་ལ། ཤེས་སོང་ངམ། དྲང་སྲོང་ཐ་ཤལ།
ང་ཏེ་ཝན་ལ་ཡོད་ཐེ་ཝན་ལྷོ་ཕྱོག་ཀོའུ་ཤོང་ལ་ཆ་རྒྱུས་ཡོད་ཡིན་ན་ཡང་རྙིང་མའི་ཆོས་ཚོགས་རང་བདག་གི་གྲང་སྲོང་ཟེར་བ་ཞིག་ཡོད་རེད་རྩ་བ་ནས་ཚོར་གི་མི་འདུག་དྲ་གྲོག་ཚོ།
སྣེ་ཤན་པ་སྦི་ཧར་ཡུལ་མི་ཞིག་གླ་དང་ཕུགས་རྒྱང་ཅི་འདྲ་འདུག་ལྟོས།
སྒོ་དམར་ལགས་། ངས་དོན་མེད་ཁྱེད་ལ་་ངན་ཚིག་ཞུས་ཡག་མིན་ཞུས་དགོས་དོན་མི་འདུག་། དོན་མེད་ཆགས་སྡང་སྐུལ་ན་ང་ལ་ཅི་ཕན། གལ་ཏེ་དེ་འདྲ་སྐྱོན་ཆ་ཅན་བྱུང་སོང་ན་ཁ་ཐུག་སྐད་ཆ་གྱིས་དང་། ཚོགས་གཙོ་དྲུང་ཡིག་འདྲ་རེང་སུ་ལ་སྐད་ཆ་གྱིས། སྐད་ཆ་རྫིག་པོ་འདྲ་བཤད་སོང་བ་དང། སྐྱོན་ཆ་ཁས་མ་ལེན། ཁྱེད་ཀྱང་གསུང་ཆོག་ལས་དོན་སདུ་འདྲ་སླད་མ་ཟབ་ན་ང་ཚོས་ངེས་པར་བདེན་དཔང་ར་ཕྲོད་བྱས་ནས་ཚགས་ཤོག་སིགས་དགྲམ་རྒྱུ་ཡིན་ལབ་དང་། བོད་པས་བོད་པ་ལབ་རྒྱུ་ལ་སྐད་བརཉད་མ་ཕྲིད་པའི་དཀའ་ངལ་ཡོད་མ་རེད་པ། མ་གཞི་ཁེ་བཟང་རྩ་ནས་མ་ཟས་ན་ཚོགས་པ་ཁག་གི་ལས་ཀ་ཡོང་ཡག་དཀའ་ལས་རེད་བསམ། དཔེར་ན་ཨ་རིར་དུས་དབང གསུང་ནའང་ཚོགས་བ་་དེས་ཊི་ཀ་ཊི ཙཽང་ནས་ཁེ ག་ཚད་བྱུང་ཡོད་པ་ང་ཚི་ཧ་གོ་གིས་རེང། སིན་ཀྱང་གཙོ་ཆེ་ཤོས་དེ བསམ་བློ་གཏོང་ཡག་གིར་མོ་སྒེར་བདག་མ་འགྲོ་བ་དང་ཚོགས་པ་རང་ལ་ཡིང་ཐུབ་ན་ངེ་ཙམ་སྐྱོན་ཤི་ཡོད་ན་བསམ། ཁྱེད་ལ་དཀའ་ངལ་ཞིག་ཕྲད་ཡོད་ན་ཐུགས་ཁག་ཡོད་འདོག་མ་རེད།
ཡ་བསོད་ནམས། ཁྱོད་དཀྲུགས་ཤིང་རྒྱབ་རྒྱུ་དགའ་བ་དེ ག་རེ་རེང། ཧཧཧཧཧ་གྲང་མོ་དང་དྲང་སྲོང་དག་ཆ་མི་ཤེས་མཁན་ཁ་ཁ་རོ་སྡོད། ངས་བསོད་ནམས་ཟེརཁན་དེ་ཐེ་ཝན་ལ་ཨི་ཡོད་རྩ་ནསི་ཤེས་གྲ་གྲོགས་ཚོ།
དྲ་གྲོགས་ཚོ། སྐད་ཆ་གསོམས་ན་ཤོད། རྩམ་པ་ལྡོད་ལ་མིད་ཟེར་བ་ལྟར་གཟབ་གཟབ་བྱས་ན་མ་གཏོགས། གྱོད་ཀྱི་བར་རྫུན་མཁས་ཟེར་བ་མིན་ནམ། ད་ལོ་ཡང་རྒྱ་གཞུང་གི་མ་མཐའ་མི་གཅིག་སྟོང་ཞིག་སོ་བ་བཏང་ཡོད་ཤག ཁ་སང་དེ་རིང་དེ་མོ་གོ་རྒྱུ་མང་གི ༢༠༠༦ ལོ་ལ་སོ་བ་མང་པོ་བཏང་ཡོད་པ་ཚང་མས་གོ་ཡོད་རྒྱུ་རེད། དེའི་བར་ཚང་མས་གཟབ་གཟབ་བྱས་ནས་སྐྱོན་ཞིག་བྱུང་ཡོད་ནི་མ་རེད། དེ་དུས་སོ་བ་དང་ད་བར་གྱི་སོ་བའི་ལས་འགན་མི་འདྲ་བས་ཡིན་རྒྟུ་རེད། དེང་སང་སོ་བས་ལས་འགན་ཚོགས་པ་དང་ཚོགས་པ་བར་དང། བོད་མི་དང་ཡུལ་མི། འགལ་ཟླ་ཡོད་པ་ཁག་གི་བར་དུ་འཛུལ་ནས་དཀྲུགས་ཤིང་རྒྱག་རྒྱུ་དེ་ཡིན་སྟབས་བོད་མི་ཡོངས་ཀྱིས་རང་རང་ས་ནས་གཟབ་གཟབ་གནང་རོགས་གྱིས་ཞེས་མཐེ་བོང་ཀེར་ནས་ཞུའོ།།
དྲྭ་བའི་གྲོགས་པོ་མང་དག་ཅིག་གིས་དེའི་སྐོར་ལ་ཚོར་བ་རྣོ་བའི་བཀའ་མོལ་ལྷུག་གསུངས་གནང་བ་ནི་དགོས་ངེས་ཤིག་རེད་སྙམ་ཡོད། བོད་ནས་གསར་ཏུ་དུས་དབང་ལ་འབྱོར་བའི་དད་ལྡན་ཆོས་ཞུ་ཚོ་མགོ་བོ་ག་ཚོད་མཁྲེགས་ཀྱང་ཞབས་ཞུ་དང་ཚོང་ལས་བར་གྱི་ཁྱད་པར་ནི་འབྱེད་ཤེས་ངེས་ཡིན། འདི་ནི་ཁ་བཤད་དང་ལག་ལེན་བར་གྱི་ཧེ་བག་འཐེར་འདོན་བྱེད་པ་ཞིག་ཡིན་ཞིང་། ཞབས་ཞུ་དང་ཚོང་ལས་བར་གྱི་གནས་ལུགས་གསལ་འདོན་ཞུས་པ་ཙམ་ལགས། བྱ་ལས་ཅི་ཞིག་འགོ་བརྩམས་ཀྱང་དཀར་རྐྱང་ཞིག་གི་ཕྱོགས་སུ་ཤར་བསྐྱོད་བྱེད་ཐུབ་པ་མི་སྲིད་ཅིང་།དེ་དང་དུས་མཉམ་དུ་ཕྱོགས་གཞན་གྱི་སྐྱོན་གྱི་ཆ་ཞིག་ཀྱང་མངོན་ཡོང་བ་ནི་རྒྱུན་ལྡན་ལྟར་ཡིན།ང་ཚོས་ངེས་པར་དུ་མ་འགྲིགས་པའི་སར་མཛུབ་མོ་བཙུགས་ཏེ་ཐེར་འདོན་བྱས་ན་ད་གཟོད་ཡར་སྐུལ་གྱི་ནུས་པ་འདོན་ཐུབ།
དྲང་སྲོང་མ་རེད་བདུད་སྲོང་རེད། ཁྱེད་རང་མི་ཚད་ལྡན་ཞིག་ཡིན་ན། མིང་དངོས་གནས་དང་སྡོད་གནས་དྲ་ཐོག་ལ་བཀོད་རོགས་ཞུ། མིང་རྫུན་མ་བེད་སྤྱོད་བཏང་ནས་དཀྲུགས་ཤིང་མ་རྒྱབ་རོགས།
ཧ་ཧ་། ཁྱེད་ཀྱི་གསུངས་པ་དེ་བདེན་པ་རེད། ང་བདུད་རེད་ཏེ་། ང་ལ་ཉོན་མོངས་དུག་ལྔ་ཡོད་པས་ཉོན་མོངས་བདུད་དང་འཆི་བདག་དང་ལྷ་བའི་བདུད་ཟག་ཕུག་སྡུག་ལྡན་ཡིན་པ་སྟེ་བདུད་བཞིའི་ཡོད། ད་ལན་བདུད་དེ་ལ་སྟིབས་ཞན་ཡག་ཆེད་རྡོར་གདན་ལ་གང་ཤེས་དགེ་སྒྲུབ་ཞུ་རྒྱུ་ཡིན་ལགས། འོན་དེ་ཁྱེད་ལ་ཨི་འདུག་གཟིགས་མ་གཏོགས་ཡོད་ནའང་སྐུ་ལས་ཡིང་འདོག་རེད། མེད་ན་སངས་རྒྱས་ཡིན་འགྲོ་
གཞོན་ལྷན་དང་བླངས་པ་ཚོ། ཁྱེད་ཚོ་དངོས་གནས་ཚོང་པ་ཡིན་ན། བོད་ནས་གསར་དུ་འབྱོར་ཚོའི་དངོས་དངོས་མ་འཕྲོག་པར་འཕྲལ་དུ་ལས་འགུལ་འཚམས་འཇོག་དགོས། དེ་མིན་ན་དྲ་འབུ་དེ་ཚོའི་ཁ་ལ་མགོ་ལྕོགས་ཅིག་རྒྱོབས་དང་། ལགས་དེ་འདྲར་བྱེད་དགོས་མ་རེད་པེ། ལགས། ཡང་བསྐྱར་གཅིག་གསུངས་དང་འདྲ་འབུ་ཚོ།
གཞོན་ལྷན་ལ་རྒྱའི་རང་བཙན་ལྟ་བར་བཟུང་།
གཞོན་ལྷན་ལྷག་བསམ་སྤྱི་ཚོགས་སྣེ་ནས་འཁྲིད།
གཞོན་ལྷན་ཞབས་ཞུ་ཚོང་གི་ལག་ཆར་བགོས།
གཞོན་ལྷན་བྱ་བར་ལམ་འགྲོ་ཡོང་བར་ཤོག
ཁ་ལ་མགོ་ལྕོགས་ཅིག་རྒྱོབས་དང་། ཞེས་པ་འདི། ཁ་ལ་སྒོ་ལྕགས་ཅིག་རྒྱོབས་དང་། ལ་བཅོས་རོགས།
གངས་གཞོན་ལྷན་ཚོགས་རང་བཙན་དམག་སྒར་ཡིན།།
གངས་ཅན་གཞོན་ནུ་དགའ་ལྡན་ཕོ་བྲང་གྲོགས།།
གངས་ཕྲུག་གཞོན་ནུ་མ་འོངས་གངས་རིའི་བདག །
གངས་རིའི་གཞོན་ནུ་དུས་རབས་ཉེར་གཅིག་དཔེ།།
གངས་ལྷ་སྒོ་དམར་ཁ་ལྕེ་དམར་པོ་དེས།།ལུས་སེམས་བསྔལ་བ་བྱེད་པོ་གཞོན་ནུ་རེད། །རྒྱ་དམར་གཞུང་ཚབ་ཁང་ལ་གནད་་དོན་དེས། །ཁྱོད་ལ་ལེགས་སི་གཏེར་བའི་འབྱུང་། །ནར་ནར་ལྕེ་ལ་བདག་པོ་མ་རྒྱབ་ན། ། དབུ་རིལ་མགོ་ལ་འོ་རྒྱལ ཡོང་ངེས་ཡིན། །དེ་བས་རྟག་ཏུ་རྣམ་དཔྱོད་ཡངས་པོ་ཡིས། །སྤྱི་སྒེར་གང་ཡིན་ལེགས་ཉེས་འབྱེད་ཅིག་ལགས། ། ལར་ནས་གཞན་དབང་འདོ་ཚོར་གྱིས། །སྒེར་ནད་གཞན་ལ་གཡོག་པ་འདི་ལྟར་ནི།།ཤུག་ལྡན་ཚོགས་དང་རྒྱ་དམར་རླུང་འཚོར་ཡིས།།སྔོན་ཡང་དུས་དབང་མཛད་ཆེན་ཡལ་བར་བྱས། །ད་ཡང་གཞོན་ནུ་བུ་མེད་ལས་བཟང་ལ།།རང་གི་འདོད་བློ་དེད་ནས་སྤྲད་པར་བསམ། །འོན་ཏེ་རྣམ་དཔྱོད་བཟང་པོད་དྲྭ་གྲོགས་འགས། །བརྡ་ལན་རྡོ་རྗེ་ཕ་ལམ་རྒྱུ་མཚན་གསལ།། ཅེས་སྤྲིངས་སོ།།
་་་ཁྱེད་ལ་ལེགས་སོ་གཡེར་བའི་འབྲས་བུ་འབྱུང་། ་་་ བཅོས་་་་་
ཏྲེ་ཧོར་ཐུབ་བསྟན་གྱིས་དབུ་ཁྲིད་དེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིདྭང་བླང་ཞབས་ཞུའི་སྡེ་ཚན་དེ་ཚོང་འབྲེལ་གྱི་མིང་བྱང་གཡོག་པ་ནི་བསམ་བློ་ཅི་ཞིག་གི་ངོས་ནས་བཤད་མིན་གུས་པས་དཔག་དཀའ་མོད། གུས་པ་རྡ་ས་ནས་རྡོ་གདན་བར་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་བྱེད་པའི་ལས་འཛིན་པ་ཞིག་ཡིན་པའི་ཆ་ནས་སོ་ཉིད་ཀྱིས་ཁྲིད་པའི་དྲྭ་གྲོགས་རྣམས་ལ་ཚིག་འགའ་བཤད་འདོད་བྱུང། དང་པོ། ཐོག་མར་འདི་གའི་ལས་ཁུངས་ཀྱི་ངོས་ནས་ཆོས་ཞུ་འགྲིལ་བཞུད་པ་རྣམས་ལ་སྐད་སྒྱུར་དང་སྣེ་ལེན། རླངས་འཁོར་འབབ་ཚུགས་ནས་སྐྱེལ་མ་དང་ལམ་སྟོན་དག་ལས་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་བྱེད་རྒྱུའི་འཆར་གཞི་མེད་མོད། བོད་ནས་ཆེད་དུ་དུས་དབང་ལ་ཕེབས་མཁན་ཚོར་ས་གནས་འདིར་དཀའ་ངལ་དཀའ་ངལ་ཆེ་ཤོས་དངོས་མཐོང་བྱུང་བ་ནི། རྡོ་གདན་ལ་ཕེབས་བྱེད་ཀྱི་མེ་འཁོར་འཛིན་བྱང་མ་རེག་པ་དང་རྡ་ས་རུ་འགྲོན་ཁང་མ་རེད་པ་དེ་གཉིས་རེད། དེའི་སྟབས་ཀྱིས་འདི་གའི་དྭང་བླང་ཞབས་ཞུའི་ཁྱབ་ཁོངས་སུ་སྤྱི་སྤྱོད་རླངས་འཁོར་རྡ་ས་ནས་རྡོ་གདན་བར་ཤར་གཏོང་བྱ་རྒྱུར་ཐོལ་གྱི་འཛུགས་དགོས་བྱུང། གཉིས་པ། རིག་གོང་གི་ཐད་ནས་རྡ་ས་ནས་རྡི་ལི་བར་དུ་ཧིན་སྒོར་༩༠༠་དང་རྡི་ལི་ནས་རྡོ་གདན་བར་ཧིན་སྒོར་༢༡༠༠་བབ་ཡོད་པ་དངོས་ཡོད་གནས་ཚུལ་ཡིན། རྡ་ས་ནས་རྡི་ལི་བར་ཧིན་སྒོར་༩༠༠ ཐོབ་པའི་རྒྱུ་རྐྱེན་དེ་རྡ་ས་ནས་རྡི་ལི་བར་སྤྱི་སྤྱོད་རླངས་འཁོར་མ་རེག་པའི་སྟབས་ཀྱིས་རྒྱ་གར་ས་གནས་གཞུང་གི་འགྲུམ་འགྲིལ་ལས་ཁུངས་སུ་ཞུ་སྙན་ཕུལ་ཏེ་སྤྱི་སྤྱོད་རླངས་འཁོར་རེར་ཧིན་སྒོར་༣༤༣༠༥ བྱུང་བ་དེ་རེད། གོང་བཀོད་བསྡོམས་ཐོབ་ཀྱི་དངུལ་དེ་མི་གྲངས་སོ་བརྒྱད་ལ་བགོས་ཚེ་མི་རེར་ཧིན་སྒོར་༩༠༣ ཐོབ་ཡོད། སྤྱིར་དྭང་བླང་ཞབས་ཞུ་འདིའི་ཁྲོད་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་གི་རྒྱུད་རིམ་ནང་ཕེབས་མཁན་འགས་དངུལ་ཆ་ཚང་བ་མ་སྤྲད་པ་དང་སྐུབ་སྟེགས་སྟོང་པ་ལྷག་པ་སོགས་ཀྱིས་འདི་གའི་ལས་ཁུངས་རང་ངོས་ནས་ཧིན་སྒོར་༩༠༠༠ ལྷག་ཙམ་དྭང་བླང་ཞབས་ཞུའི་དོད་དུ་འགྲོ་གྲོན་བཏང་ཡོད། རྡི་ལི་ནས་རྡོ་གདན་བར་གྱི་གོང་ཚད་ཐད་དེའི་ལས་འཛིན་པ་གཙོ་བོ་བུ་ཆུང་ལགས་སུ་བཀའ་འདྲི་ཞུས་ཚེ་གསལ་ཁ་ཡོང་ངེས། སྤྱིར་རང་ཉིད་སྤྱི་ཚོགས་འདིའི་ནང་ལས་ཀ་བྱས་པའི་ཉམས་མྱོང་ལས་གསལ་བཤད་ཅིག་དགོས་བ་མ་མཐོང་མོད། སྐྱེས་བོ་འགའ་བྱུང་རྒྱལ་སྨྲ་མཁན་ཚོའི་ལྕེ་སྣེ་ལ་ཁྲིད་སྲིད་པས་ཚིག་འགའ་བརྗོད་འདོད་བྱུང། ད་དུང་དེ་ལས་གསལ་བོ་ཤེས་འདོད་ཚེ། ཐད་གར་རྡ་ས་ས་གནས་ལས་ཁུངས་སུ་བཅར་ཏེ་གུས་པར་འབྲེལ་བ་བྱོས་དང་དགའ་ཞིང་སྤྲོ་བའི་སྒོ་ནས་བྱུང་འཛིན་དང་ཡིག་ཆ་སོགས་སྟོན་ཆོག
བློ་བཟང་བཟོད་པ་ལགས། ཁྱེད་གཞོན་ལྷན་ལས་གཉེར་ཡིིན་ཚོང་འདུག ཁྱེད་ཀྱི་དོང་ཡོད་གནས་ཚུལ་ཞིག་གསུངས་འདུག་པར་ཐུགས་རྗེ་ཆེ་ཞུ། ངས་ཁ་སང་ནད་དྲྭ་གྲོགས་ཚོར་བསམ་འཆར་བྱས་ཀྱང་། གཙོ་བོ་སྒོ་དམར་དང་གངས་ལྷ་གཉིས་ཀྱིས་ཁ་སྡིག་ལག་སྡིག་བསག་གིས་འདུག་ངས་སྐབསམཚམས་ལན་བྲིས་ཡོད། ཧཞོན་ནུ་དག་བུད་མེད་སོགས་ལས་དིན་དགའ་བསུ་ཞུ་གིས་ཡོད་། མི་རེ་ཟུང་འདོད་བླ་མ་ཁང་བ་དེ་བྱ་ཐབས་བྲལ། ཧ་ལས་རྒཉཡུ་ཡང་ཡོད་མ་རེད། ཁྱེད་རྣམ་སེམས་ཤུག་ཞུམས།
དྲང་སྲོང་བདུད་རྒན་་་་་་ང་སངས་རྒྱས་ཡིན་མིན་ཁྱེད་ལ་ཐེ་ཚོམ་རེད། ཧ་ཧ་ཧ་ཧ་་ ངས་དྲི་བ་གཉིས་པ་ལ་ལན་རྒྱོབ། ཁྱེད་གྱིས་ཉོན་མོངས་དུག་ལྔའི་་བོད་གཞུང་དམངས་་གཉིས་དཀྲུགས་ཤིང་མ་རྒྱབ་ལོ། གཟབ་གཟབ་མ་བྱས་ན་དམྱལ་བ་ནང་ལ་ལྷུང་གིས་རེད་ད། ཧ་གོ་སོང་ངམ། མཐའ་མའི་དྲི་བ་ཡིན། ཁ་དྲོ།།
འོ་བཟང་བྱུང་།་དེ་ག་ཡིན་བྱུང་རྒྱལ་སྨྲ་མཁན་དག་ལ་གསལ་བཤད་ཅིག་དགོས་རྒྱུ་དེ་གས་ཆོག གཞོན་ནུ་ཚོགས་པ་རྒྱལ་རྒྱུར་ཅིག རྟག་ཏུ་
བློ་བཟང་བཟོད་པ་ལགས་ཀྱིས།
འདིར་དངོས་སུ་ཕེབས་ནས། འཁོར་གླ་༩༠༠ལ་༩༠༣སྒོར་གསུམ་ཙམ་ཐོལ་པ་མ་གཏོགས་མ་ཤོར་བའི་དང་བླང་ཕྱག་ལས་དང་གསལ་བཤད་ལ་བཀའ་དྲིན་ཤིན་ཏུ་ཆེ་ལགས། ཐུགས་རྗེ། རྗེས་སུ་ཡི་རང་ཡོད་ལགས།
འོ། ་ངས་ཁ་སང་ནས་ཀརྡོ་ལགས་མི་རྣམ་དཔྱོད་ཡོད་མཁན་ཞིག་རེད་བསམ། རེད་འདུག ག། རྒྱུ་མཚན་མཁྱེན་ཚར་ནས་ལེགས་སོ་ཞུས་པ་དེ་ཁོ་རང་གང་ཟག་དྲང་པོ་ཡིན་པ་རྟོགས་ནུས། ངས་ཁྱེད་ལ་་thanks ཞུ།
༡༽ སྒོ་དམར་དེ་མི་རྣམ་དཔྱོད་ཡོད་མཁན་དེ་རེད་མི་འདུག་ད་སྔོན་ང་ལ་བདུད་རེད་ཟེར། ངས་ངོས་ལན་ཞུས་། ཡང་མ་ཚེམས་ནས་བདུད་རྒན་རེད་ཟེར་དམའ་ཚིག་རྒྱབ་འདོད་ལ་་་་བདུད་དང་བདུད་རྒན་ལ་ཁྱད་ག་རེ་ཡོད། ཧཧཧཧ། ཡ་མཚན་ཁྱོད་རང་གི་རང་བློ་ལྐོག་ཏུ་མ་སོང་བས་བདུད་ཡིན་ནམ་་་་སངས་རྒྱས་ཡིན་ནམ། ཆ་མེད་ན་ད་ངོ་མ་ཁྱོད་རང་གཅིག་ཡིན་ས་རེད། ངས་ཞུས་མི་འདོད་དོན་མེད་ཁ་སྡིག་མི་བསག་ལོ། ངས་རྡོར་གདན་ནས་དྲ་གྲོགས་ཁྱོད་རང་ལ་སྨོན་ལན་བཟང་པོ་རྒྱབ་ཡོང་། ལས་ངན་མི་གསོག། ཁྱོད་སངས་རྒྱས་ཡིན་པར་ཤོག་་གལ་ཏེ་མིན་ན་སངས་རཉགྱས་གོ་འཕང་ཐོབ་པར་ཤོག སེམ་ཅན་ཐམས་ཅད་ལས་ངན་དག་བདུད་རྒན་ལས་གན་གང་བསགས་པ་ང་ཡི་ལས་ལུས་འདི་ཉིད་ཀྱ྄ི་གོ་ཆོ་པར་ཤོག་སེམས་ཅན་སུ་ཞིག་བདུད་མ་ཡིན་པར་ཤོག
ེསེམས་ཅན་ཐམས་ཅད་བདུད་དེ་ངའི་བདུད་དེས་གན་གོ་ཆོད་པར་ཤོག འདིས་དགེ་རྩ་གང་ཡོད་པ་དེས་སྒོ་དམར་ང་རང་གཉིས་ཀྱི་མ་དྲིན་ཅན་གཙོར་བྱས་རྣམ་མཁྱེན་ལམ་ཟིན་པར་ཤོག།
ཏྲེ་ཧོར་ཐུབ་བསྟན་གྱིས་སྡུག་སྐད་རྒྱག་གིན་འདུག བོད་པ་ཟེར་བ་འདི་ལས་ངན་ཞིག་རེད། སོ་སོའི་ནང་ཁུལ་ནས་ལས་ཀ་བྱེད་མཁན་ཚོ་ལ་སྐྱོན་བརྒྱབ། ཁ་བཏང་། ཡོད་པ་མེད་པ་བཟོ་རྒྱུའི་གོམས་གཤིས་སྡུག་ཆག་ཅིག་ཡོད་པ་རེད། འདིའི་དབང་གིས་ལྷག་བསམ་རྣམ་དག་ཅན་མང་པོ་ཞིག་སེམས་ཤུགས་ཆག་པ་རེད།
རྡ་ས་ས་གནས་གཞོན་ནུས་ཀྱང་དཀའ་ལས་བརྒྱབ་པ་རེད། ཉིན་ཤས་རིང་ཉིན་གྱི་སྒང་ལ་མཚན་བཞག་ནས་མགྲོན་ཁང་བཙལ་རྒྱུ་དང་། རྒྱུས་ཡོད་བྱེད་རྒྱུ། འགྲིམ་འགྲུལ་འཛིན་བྱང་ཉོ་རྒྱུ་སོགས་ཀྱི་རོགས་རམ་མང་པོ་ཞིག་བྱེད་ཀྱིན་འདུག ཏྲེ་ཧོར་ཐུབ་བསྟན་ཟེར་བ་སོགས་ཞར་གོག་ཚོས་དོན་དག་ཕྱོགས་གཅིག་ལས་གང་ཡང་མཐོང་མི་འདུག
ཕྱོགས་གཅིག་མཐོང་བ་དེ་ཡང་གནད་དོན་དབྱེ་ཞིབ་མ་ཤེས་པ་དང་། རྒྱུས་ལོན་མེད་པའི་གཏམ་ཞིག་རེད། རྡ་ས་ནས་ལྡི་ལི་བར་འགྲོ་མཁན་སྤྱི་སྤྱོད་རླངས་འཁོར་ཡག་པོ་ཚོ་སློབ་གྲྭའི་གུང་སེང་དང་བསྟུན་ཏེ་སྒོར་མོ་༨༠༠འཕར་བ་རེད། འདི་ཚོ་ངོ་མ་སྡུག་ཅག་རེད། སློབ་ཕྲུག་ཚོའི་གུང་སེང་ལ་ཆེད་དུ་བཟོས་པ་ཞིག་རེད།
གཞོན་ནུས་ལྡི་ལི་བར་གྱི་སྤྱི་སྤྱོད་རླངས་འཁོར་དཀྱུས་མའི་གླ་ཆར་སྒོར་༩༠༠་བླངས་པ་བདེན་པ་རེད། ཡིན་ནའང་། རྒྱ་གར་གཞུང་གི་རླངས་འཁོར་འདི་གྲས་ཕྱོགས་གཅིག་ལ་གླས་ན་ཕྱོགས་གཉིས་ཀྱི་གླ་ཆ་སྤྲོད་དགོས་པ་རེད། རླངས་འཁོར་འདི་གྲས་དེང་སང་ཕྱོགས་གཅིག་ལ་ཧིན་སྒོར་༤༧༥་རེད། ཕྱོགས་གཉིས་ཀྱི་གླ་འབབ་བརྩིས་ན་ཧིན་སྒོར་༩༠༠་སྤྲོད་དགོས་པ་དེ་ལུགས་མཐུན་ཅིག་རེད།
བོད་ཀྱི་གཞོན་ནུ་ངོ་མ་བཟང་ཀི སྐབས་འདི་འདྲའི་གནད་འགག་ལ་བོད་ཀྱི་གཞོན་ནུས་གང་ཡོང་བྱེད་པ་ལས་
ཏྲེ་ཧོར་སྐྱིད་སྡུག་མི་འདུག་ལ་གཞན་གྱི་ཚོགས་སྡེ་ཚོ་ཡང་མཐོང་སར་མི་འདུག
ད་དེ་བདེན་པ་རེད། ངས་ཀྱང་རྒྱུ་མཚན་མག་དག ཁ་སང་ནས་བཤད་ཀྱང་ཉན་འཇོག བྱས་ཀྱིས་མི་འདུག་དྲང་བདེན་གྱ་ི་སློང་མོ་བ་ལ་དྲང་སྲོང་གི་ཁས་ལེན་་ཞུ། ཧཧཧཧཧཧ། སྒོ་དམར་ལགས་ད་ང་བདུད་རྒན་རེང་བསམ་བསྡད་ནས་ལན་ཡང་མི་བཏང་ཁི།
༄། བོད་ཀྱི་གཞོན་ནུ་ཐབས་ཀྱི་སྤོབས་པ་དང་།།
བོད་ཀྱི་བུད་མེད་ཤེས་རབ་སྨྲ་མཁས་ཀྱིས།།
བོད་ཀྱི་ཆབ་སྲིད་སྒྲོན་མེ་རང་དབང་ལམ།།
བོད་་ཀྱི་འདོད་དོན་ཆོས་བཞིན་འགྲུབ་པར་ཤོག །
བོད་ཀྱི་ཕོ་རྒོད་དཔའ་རྩལ་གཞུང་བརྟན་དང་།
བོད་ཀྱི་མོ་བཟང་བྱམས་སྙིང་ཁོངས་ཡངས་དང་།།
བོད་ཀྱི་ཤ་རུས་ཆུད་ཟོས་མ་གཏོང་བར།།
བོད་ཀྱི་རིགས་རྒྱུད་གང་རྒྱས་སྤེལ་བར་ཤོག།
འབྲི་རུའི་ཤེས་དཀར་འབུམ་པ་ལགས། ཁྱེད་ཉིད་ཀྱི་སྙུག་མིང་ཤེས་དཀར་ཞེས་པའི་ཤེས་དེ་ནོར་ཡོད་པར་སེམས། གང་ཡིན་ཞེ་ན་འབྲི་རུ་རྫོང་དུ་ཡོད་པའི་གནས་མཆོག་བ་ལག་ཤེལ་དཀར་འབུམ་པའི་མཚན་དེ་ཡིན་ན་ནི་རང་བྱུང་ངམ་བཅོས་མིན་གྱི་ཤེལ་དེ་ཡིན་དགོས་པས། ཐུགས་སྣང་བསྟི་བ་ཞུ།
གོང་དུ་དྲ་གྲོགས་མང་དག་ཅིག་གིས་གཞོན་ནུའི་འགྲིམ་འགྲུལ་ཞབས་ཞུ་དང་འབྲེལ་བའི་སྐོར་ལ་བཀའ་མོལ་ལྷུག་པོར་གནང་བར་ཡི་རངས་དང་། སྤྱིར་གཞོན་ནུའི་རོགས་རམ་ལ་དགའ་སྤོབས་དང་གོང་བཀུར་ཞུས་འོས་ཀྱང་།གནད་དོན་རེ་ཟུང་གི་ཐོག་ནས་གསལ་བཤད་བྱ་དགོས་ཆགས་པ་འགྲེལ་བརྗོད་སྔོན་སོང་ལྟར་རེད་ལ།འདི་ནི་རང་མིག་སྔུན་ལྷག་པའི་བྱ་སྤྱོད་ཅིག་ཐེར་འདོན་བྱས་པ་ཡིན་པས་དཀྲུག་བཤིགས་སུ་འགྱུར་བར་མི་སེམས་པར་མ་ཟད།དྭང་བླངས་ཞབས་ཞུ་དང་ཁེ་ལེན་ཚོང་ལས་བར་གྱི་ཧེ་བག་དེ་གསལ་འདོན་གྱིས་ཀློག་པ་པོར་རྣམས་ལ་ངོ་སྤྲོད་ཙམ་བྱེད་པ་ལགས།
“བོད་ནས་གསར་ཏུ་འབྱོར་བའི་སྤུན་མཆེད་སྐོར་ཞིག་གི་ཆེད་དུ་གཞོན་ནུའི་འགྲུལ་འཁོར་འཛིན་བྱང་ཉོས་པར་རང་ཉིད་དངོས་སུ་སོང་བ་དང་།རྡ་ས་འགྲུལ་འཁོར་འབབ་ཚིགས་སུ་སྐྱེལ་མར་ཕྱིན་པའི་བར་གྱི་དངོས་ཡོད་ཁག་ཅིག་གསལ་བཤད་ཞུས་པ་ཡིན་ལ། རྒྱ་གར་ས་གཞུང་འགྲུལ་འཁོར་ལས་ཁུངས་ཀྱི་འཛིན་བྱང་གཞོན་ནུ་ལས་ལྡབ་གཅིག་གི་རིན་ཆུང་བ་ནི།གྲོགས་པོ་སྐོར་ཞིག་གིས་ཉོས་པ་དངོས་སུ་གོ་ཐོས་བྱུང་བས་ངེས་པར་ཡིན་ངེས་ལ། གཞོན་ནུ་ལ་གཞི་མེད་སྐྱོན་འཛུགས་དང་ཁག་དཀྲི་ལད་ཟླ་ཅིའང་བྱེད་དགོས་མ་མཆིས་ནའང་། དངོས་ཡོད་ཀྱི་གནད་དོན་གླེང་ཆོག་པ་དང་ངེས་པར་འོས་པ་དང་དགོས་པ་ཞིག་ཀྱང་ཡིན་ངེས་པས། བདེན་པ་མིན་པའི་ཁུངས་ཡོད་ནས་གསལ་བྱེད་གནང་རོགས་ཞུས་འབོད་སྐུལ་ཞུས་དོན་ལྟར། རྡ་ས་ས་གནས་གཞོན་ནུའི་ལས་བྱེད་བླ་བཟང་བཟོད་པ་ལགས་ནས་ཁ་བརྡ་རུ་གསལ་བྱེད་ཅིག་གནང་འདུག་པ་མདོར་དོན་ནི།
གུས་པ་རྡ་ས་ནས་རྡོ་གདན་བར་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་བྱེད་པའི་ལས་འཛིན་པ་ཞིག་ཡིན་པའི་ཆ་ནས་སོ་ཉིད་ཀྱིས་ཁྲིད་པའི་དྲྭ་གྲོགས་རྣམས་ལ་ཚིག་འགའ་བཤད་འདོད་བྱུང། རིག་གོང་གི་ཐད་ནས་རྡ་ས་ནས་རྡི་ལི་བར་དུ་ཧིན་སྒོར་༩༠༠་དང་རྡི་ལི་ནས་རྡོ་གདན་བར་ཧིན་སྒོར་༢༡༠༠་བབ་ཡོད་པ་དངོས་ཡོད་གནས་ཚུལ་ཡིན། རྡ་ས་ནས་རྡི་ལི་བར་ཧིན་སྒོར་༩༠༠ ཐོབ་པའི་རྒྱུ་རྐྱེན་དེ་རྡ་ས་ནས་རྡི་ལི་བར་སྤྱི་སྤྱོད་རླངས་འཁོར་མ་རེག་པའི་སྟབས་ཀྱིས་རྒྱ་གར་ས་གནས་གཞུང་གི་འགྲུམ་འགྲིལ་ལས་ཁུངས་སུ་ཞུ་སྙན་ཕུལ་ཏེ་སྤྱི་སྤྱོད་རླངས་འཁོར་རེར་ཧིན་སྒོར་༣༤༣༠༥ བྱུང་བ་དེ་རེད། གོང་བཀོད་བསྡོམས་ཐོབ་ཀྱི་དངུལ་དེ་མི་གྲངས་སོ་བརྒྱད་ལ་བགོས་ཚེ་མི་རེར་ཧིན་སྒོར་༩༠༣ ཐོབ་ཡོད། སྤྱིར་དྭང་བླང་ཞབས་ཞུ་འདིའི་ཁྲོད་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་གི་རྒྱུད་རིམ་ནང་ཕེབས་མཁན་འགས་དངུལ་ཆ་ཚང་བ་མ་སྤྲད་པ་དང་སྐུབ་སྟེགས་སྟོང་པ་ལྷག་པ་སོགས་ཀྱིས་འདི་གའི་ལས་ཁུངས་རང་ངོས་ནས་ཧིན་སྒོར་༩༠༠༠ ལྷག་ཙམ་དྭང་བླང་ཞབས་ཞུའི་དོད་དུ་འགྲོ་གྲོན་བཏང་ཡོད།”ཅེས་གསུངས་བ་བཞིན་རེད།
རྒྱ་ས་གཞུང་འགྲིམ་འགྲུལ་ལས་ཁུངས་ནས་འགྲུལ་འཁོར་དཀྱུས་མའི་འཛིན་བྱང་ལ་ཧིན་སྒོ་བཞི་བརྒྱ་ལྷག་ཡིན་པ་དང་།གཞོན་ནུའི་དེར་ཧིན་སྒོར་༩༠༠ཡིན་པའང་གོང་གི་གསལ་བྱེད་གནང་བ་ལྟར་རེད། དེ་ལྟར་སྡེབ་གླ་ལ་གོང་ཚད་ལྡབ་གཅིག་འཕར་བར་འགྲུལ་འཁོར་སྤུས་ལེགས་གཞན་དག་དང་སྤུས་ཀ་དང་རིན་གོང་བསྡུར་ན་ཐོད་ཐུག་གི་མི་འདུག་པས། ཐོད་མི་ཐུག་པ་བཞིན་ཞབས་ཞུ་དང་ཚོང་ལས་བར་གྱི་ཁྱད་པར་གསལ་འདོན་གྱི་དྭོགས་སློང་བྱས་དགོས་སོང་བ་རེད། ཡིན་ནའང་།རེ་ཟུང་གིས་གསུངས་པ་ལྟར་ན། གཞོན་ནུས་གླས་པའི་འགྲུལ་འཁོར་ལ་རྡ་ས་ནས་ལྡི་ལི་བར་ཡར་མར་ཕྱོགས་གཉིས་ཀྱི་རིན་གོང་སྤྲད་དགོས་བྱུང་བ་རེད་ཟེར། དེ་ལྟར་ཡིན་ན་གནས་ཚུལ་ལོགས་ཀ་རེད། འགྲུལ་པ་ཚོས་ཡར་མར་གཉིས་ཀྱི་རིན་གོང་ཤོར་སོང་བ་རེད། གང་ལྟར་བྱས་སྟངས་ལ་མ་ལྟོས་པར་རོགས་རམ་གྱི་ཁོངས་སུ་གཏོགས་པའི་སྤྱི་ཚོགས་ཞབས་ཞུའི་ལས་ཀ་རུ་བགྲང་འོས་པ་དང་ཆོག་པ་རེད་ལ། རྗེས་སུ་ཡི་རངས་དང་གོང་བཀུར་ཞུ་པ་ཞིག་ཀྱང་རེད། དེ་ཕྱོགས་མཚུངས་བྱ་ལས་ཅི་ཞིག་འགོ་བརྩམས་ཀྱང་ཀུན་གྱི་འདོད་བློ་ཁེངས་ཐུབ་པ་ཞིག་ཡོང་རྒྱུ་ནི་ཧ་ཅང་ཁག་པ་མ་ཟད།དེ་དང་མཉམ་དུ་ཕྱོགས་གཞན་གྱི་སྐྱོན་གྱི་ཆ་ཞིག་ཀྱང་མངོན་ཡོང་བ་ནི་རྒྱུན་ལྡན་ལྟར་ཡིན།ང་ཚོས་ངེས་པར་དུ་མ་འགྲིགས་པའི་སར་མཛུབ་མོ་བཙུགས་ཏེ་ཐེར་འདོན་བྱས་ན་ད་གཟོད་ཡར་སྐུལ་གྱི་ནུས་པ་འདོན་ཐུབ།
ཡ་ཡ། ཐུབ་བསྟན་། ཐུགས་མ་ཕམ། ད་ལན་སྒོར་མོ་འགྲོ་ས་མ་ནོར་བ་དགོས། ད་ལན་གཞོན་ནུ་ལས་ཀ་དང་ལེན་ཟེར་འགལ་བ་མེད། ང་རང་ཚོ་དགོན་གྲ་བཙུན་རྣམས་ཡུལ་སྡེ་ཞབས་རིམ་འགྲོ་གིས་རེད་ཏེ་ཚར་བ་དངུལ་གནང་གིས་འདུག་བ་དེ་ཡང་གྲ་བཙུན་གྱི་ཚིང་ཟོག་ཁུང་ལ་གཏོགས་སམ།
ཏྲེ་ཧོར་ཐུབ་བསྟན་ལགས། གསལ་བཤད་དེས་ད་དུང་ཁོངས་མི་འཁྱོལ་ན་རྗེས་མ་གདོང་དང་གདོང་ཐུག་ནས་གསལ་བཤད་བྱ་དགོས། ཉིན་ལ་མཚན་བཞག་ནས་རྒྱུགས་རྒྱུགས་འདུར་འདུར་གྱིས་སྤྱི་ཚོགས་ཞབས་ཞུ་སྒྲུབ་པ་ལ་ཉིན་མཚན་མེད་པར་འཁྱམ་ནས་འདུག་མཁན་ཞིག་གིས་བྱུང་རྒྱལ་དུ་སྨྲ་བ་དེ་དངོས་གནས་བཟོད་པ་སྒོམ་ཐུག་མ་སོང། དེ་སྨྲ་བརྗོད་རང་དབང་དུ་གཏན་ནས་འདོད་ཀྱིན་མེད་པས། གདོང་དང་གདོང་ཐུག་ནས་སྐད་ཆ་བཤད་དགོས། དེ་དུས་སྐད་ཆ་གསོན་བོ་ཞིག་དང་ཐེར་འདོན་གྱི་སྐད་ཆ་ཞིག་ཡོད་ན་འདི་གའི་ལས་ཁུངས་ཀྱིས་བོད་མི་སྤྱི་དང་སྐུ་ཉིད་ལ་བཟོད་གསོལ་ཞུ་ཆོག གུས་པས་ད་དུང་ཞུ་འདོད་པ་ཞིག་ལ་ཁ་ནས་ཤོད་རྒྱུ་ལས་མི་རིགས་འདིའི་ཆེད་དུ་ལག་པ་གཉིས་འགུལ་རོགས་གནང། བོད་མི་རིགས་སྤྱི་དང་ལྷག་པར་ཡུལ་གྱར་གྱི་སྤྱི་ཚོགས་འདིའི་ཁྲོད་སྐུ་ཉིད་འདྲ་བ་མང་དྲག་པས་ཕན་མ་ཐོག་རུངགནོད་མ་སྐྱལ་རོགས་ཞེས་ཞུ་འདོད་བྱུང།
ཏྲེ་ཧོར་ཐུབ་བསྟན་ལགས།
ཁྱེ་རང་གི་མ་རབས་ཀྱི་སྤྱོད་པ་འདི་བོད་བཙན་བྱོལ་སྤྱི་ཚོགས་ནང་ལ་འགྲོ་ས་ཡོད་མ་རེད། དེ་བས་ཁྱོད་རང་ཁ་བཙུམ་ནས་སྡོད་རོགས། ཞེས་ངས་སྐུ་སྐྱིད་ཞེས་ཞུ་འདོད་བྱུང་། དྲིན་ཆེན་གྱི་ལག་པ་རྡོ་ལ་མ་རྡུང་ཅིག །ཏྲེ་ཧོར་ལགས།
ཏྲེ་ཧོར་མ་རེད། སྤྲེ་འུ་རེད། ཐུབ་བསྟན་མ་རེད། ཐུགས་དཀྲུག་རེད། ད་ཁྱོད་ཀྱི་འབྱོན་གྱིས་འདུག་ག མི་ངན་ཁ་མ་རྩག སྤྲང་ངན་མཇེ་མ་རྩག་ཟེར་བ་དེ་ཁོ་ཐུགས་དཀྲུག་ཁྱོད་བཤིད་ཡག་ན་ག་ལས་བཤད་ཆོག་ཧ་གོའམ། གལ་ཐག་མ་ཞོནས་དང་བུད་མེད་ཚོང་མས་དྷ་སིའི་ཁྲིམས་ཁང་ངམ་། ཡང་ན་གྱོད་རྩོད་ཤིམ་ལ་གཏོང་གནང་རོང་། ཁོ་བདེན་ན་གཞོན་ཚོགས་གཙོ་ཁོ་ཞོག་ཁོ་ཕམ་ན་ཁ་བརྡའུ་ར་བ་ལས་དཔལ་མཇེ་མཁས་ཅན་འདྲ་གཡུལ་ནས་སྤྲོད་དགོས།
༄། བློ་བཟང་བཟོད་པ་ལགས་ཁྱེད་རྣམས་ཕྱག་ལས་ལ་བསྔགས་བརྗོད་ཞུ་ཀྱིས་ཡོད། སེམས་ཤུམ་མ་ཆགས་རོག། ང་རང་ཐེ་ཝན་ནས་བསླེབ་ཡིན། རྙིང་མའི་ཆོས་ཚོགས་ཡོད། ཁ་སང་དི་ལིར་སྤྱི་ཚེས་༢༢ དཔེ་མ་སྲིད་གཞོན་ནུ་ལས་དོན་དེས་bus སྤུས་ལེགས་དང་། སྡོད་ས་སྐུབ་ཏེག་རྒྱན་རྒྱབ་ནས་འདྲ་དྲང་པོ་གནང་སོང་བཀྲིན་ཆེ། ད་དུང་རྡོར་གདན་ལའང་དཔེ་མ་སྲིད་རོག་དན་གནང་ནས་Gaya ནས་མཆོད་རྟེན་བར་དུ་སྐྱེལ་མཁན་ཚོལ་ནས་ཤར་གཏོང་དཀའ་ངལ་མེད་པ་བློ་བདེ་སེམས་སྐྱིད་ངང་ལ་འབྱོར་གྱིས་འདུག མ་ཟད་བསླབ་བྱ་དང་སྦྲག་ནས་ཕན་པོ་འདུག་་དེ་བཞིན་ང་ཚོས་གཉེན་རྲནམས་བོད་ཕེབས་མཁན་ལའང་བློ་བདེ་བོ་བྱུང་འདུག་ངས་གཞོན་ནུ་ཚོགས་ལ་སླར་ཡང་བཀྲིན་ཆེ།
བློ་
ང་ཚོ་དྲྭ་གྲོགས་ངས་བཤད་པ་བདེན་ན་རྒྱབ་སྐྱོར་གནང་རོག སྤྲེའུ་ཐུགས་དཀྲུག་ལ་རྒྱབ་སྐྱོར་ཡོད་ན་རགྱུ་མཚན་བྲིས། ང་ཚོ་དྲ་གྲིགས་ང་ཚོ་བོད་མའི་ཚོས་ལས་ཀ་ག་རེ་བྱས་ན་དོན་མེད་དཀྲུགས་ཤིང་བྱས་ཀྱི་འདུག་ག་ང་ནི་ད་བར་གཞོན་ནུ་ལ་འབྲེལ་བ་ནི་མེད། ཁ་སང་དངོས་ཡོད་གམས་ཚུལ་ལྟར་ང་ཚོ་མི་གྲངས་༢༠༠ ལྷག་ཙམ་དི་ལི་ནས་བཀའ་དྲིན་ཆེ་སོང་། ད་ལྟ་རྡོར་གདན་མི་མང་ཚང་མའས་ངག་རྒྱུན་ལ་ལྟིས་དང་། གཞོན་ནུ་ལ་ད་ལན་ལས་འདི་ལ་རྒྱབ་སྐྱིར་ཡོད། ཡ་འབྲོང་བུ་སོག་ཚ་རྣམས་དང་ད་ལན་ཅིག་གསུངས་གནང་དང་། སྤྲིའུ་གང་བཤད་འདུག
འཛམ་གླིང་འདིའི་ཁོར་ཡུག་སྤྱི་དང་ལྷག་པར་རྒྱ་གར་དུ་འགྲུལ་བ་མང་བའི་དུས་ཚོད་འཁེལ་སྐབས་མེ་འཁོར་ལས་གཞན་རྣམས་རིན་དགོང་ལ་གཏན་འཇགས་མེད་པ་ནི་ཚང་མས་མཁྱེན་གསལ་རེད། གཞོན་ནུས་གསལ་བཤད་ལ་ཏྲེ་ཐུབ་ཀྱིས་མཆན་བཀོད་དེར་མགོ་ནས་མར་ཀློག་ཡོང་དུས་གོང་གི་ཚིག་སྐྱར་བཤད་ལས་དོན་དག་ཡོད་པ་ཅང་མིན་འདུག གཞོན་ནུས་མཆན་ནང་དུས་དབང་ལ་ཆེད་ཕེབས་བོད་འབྱོར་རྣམས་རྡོར་གདན་དུ་ངེས་པར་ཕེབས་དགོས་སྟབས་ཐད་ཀར་མེ་འཁོར་འཛིན་བྱང་དང་རྡ་སར་ཁང་པ་སོགས་མ་ཐོབ་པའི་དཀའ་ངལ་མི་ཉུང་བ་ཞིག་ལ་བརྟེན་ཐབས་ཤེས་གང་ཡོད་ཀྱིས་རོགས་སྐྱོར་གནང་བ་དེ་དག་ལ་བཀྲིན་བསམ་ཤེས་དགོས་པ་ཡ་རབས་དྲྭ་མའི་ངང་ཚུལ་ལ་ལྷུར་བཞེས་འཚལ། རྟག་ཏུ་གཏན་དུ་གཞོན་ནུ་ཚོགས་པ་རྒྱལ་རྒྱུར་ཅིག བོད་རྒྱལ་ལོ།།
བཀུར་འོས་བློ་བཟང་བཟོད་པ་ལགས། ཉིད་ཀྱི་གོང་གི་གསལ་བྱེད་དེ་གསལ་པོར་མཐོང་སོང་ལ། གཞོན་ནུས་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་གང་མང་སྤེལ་མྱོང་བ་དང་སྤེལ་བཞིན་པ་གོང་གི་རྩོམ་ཡིག་ནང་འཁོད་ལྟར་བསྐྱར་ཟློས་དགོས་གལ་མ་མཆིས་ཤིང་། ཉིད་ཀྱི་གསལ་བཤད་ནང་དུའང་འགྲུལ་འཁོར་ལ་རིན་གོང་ཆེ་པོ་སོང་ཡོད་ལུགས་ཙམ་ལས་བདག་གིས་བཤད་པ་དེ་རྫུན་རྐྱང་དང་མི་བདེན་པའི་བདེན་དཔང་དུ་གྱུར་མེད་པའང་ཤེས་གསལ་ལྟར་རེད། ངས་བཤད་པ་ནི་འགྲུལ་འཁོར་སྤུས་ལེགས་གཞན་དག་དང་བསྡུར་ན་གཞོན་ནུའི་ཞབས་ཞུ་འགྲུལ་འཁོར་ལ་གོང་ཆེ་དྲག་པའམ་འགྲུལ་འཁོར་དང་རིན་གོང་འཚམས་པོ་མེད་ལུགས་ཞུས་པ་བཞིན་དོན་དངོས་སུ་དེ་ལྟར་ཡིན་པ་མིག་མཐོང་ལག་ཟིན་ལྟར་རེད། ཁྱོད་ཀྱིས་ཀྱང་མི་ཤེས་པ་མི་སྲིད་པ་ཞིག་རེད། དེ་མཉམ་དུ་ཁྱོད་ཀྱིས་གོང་དུ་བདག་ལ་ཉིན་མཚན་མེད་པར་འཁྱམ་ནས་འདུག་མཁན་ཞེས་རྒྱུས་ཡོད་མདོག་གིས་བྲིས་འདུག་མོད།འོན་ཀྱང་།ངས་འཁྱམ་པོ་མིན་ལུགས་ཁྱེད་ལ་གསལ་བྱ་དགོས་མ་མཆིས་ནའང་། འཁྱམ་པོ་ཡིན་པའི་རྒྱུ་མཚན་ཞིག་ཁྱོད་ལ་བཤད་རྒྱུ་ཡོད་ངེས་པས་དགའ་བསུ་ཞུ་རྒྱུ་ཡིན། གཞན་གཞོན་ནུའི་བྱེད་ལས་ལ་རྗེས་སུ་ཡི་རངས་ཞུ་རྒྱུ་ལས་དེར་སྡང་སེམས་འཁོན་འཛིན་རིགས་ནི་རྒྱ་གུང་ཁྲན་ལས་གཞན་དག་ཡོད་དུ་མི་སྣང་བས། བདག་གིས་གསལ་བཤད་སྔོན་སོང་ལྟར་འགྲུལ་འཁོར་གྱི་སྤུས་ཚད་དང་རིན་གོང་།དེ་བཞིན་འགྲུལ་འཁོར་སྤུས་ལེགས་གཞན་དག་གི་རིན་གོང་སོགས་ཞིབ་བསྡུར་གྱིས་དྭོགས་སློང་བྱས་པ་ཡིན་ལ།དེ་ལྟར་གཏན་ནས་མི་འོས་པའམ་མི་ཆོག་པ། ཡང་ན་དོན་ལ་རྩར་ནས་མི་གནས་པའི་དཀྲོག་གཏམ་གྱི་རིགས་སུ་གཏོགས་པའི་ཅོལ་གཏམ་མིན་པའང་དངོས་ཡོད་རེད། ཡིན་ནའང་།དོན་བརྒྱ་མདོར་དྲིལ་ན། གཞོན་ནུས་འགྲུལ་འཁོར་གྱི་རིན་གོང་ཡར་མར་ཕྱོགས་གཉིས་ལ་སྤྲོད་དགོས་སོང་བ་ཕལ་ཆེར་ཡིན་ཚོད་འདུག་པས།དེ་དེ་རང་ལ་ངོས་འཛིན་ཞུ་རྒྱུ་ཡིན་པ་དང་། ངས་ནི་རྡ་ས་ནས་ལྡི་བར་སོང་བའི་འགྲུལ་གླ་རང་ལ་བསམས་པ་ཡིན་མ་ཟད།སྤྱིར་བཏང་གི་རིགས་པ་ལྟར་ན་དེ་ལྟར་ཡིན་ཀྱང་སྲིད་མོད། མར་སོང་གི་གླ་ལ་ཡར་རིན་སྤྲོད་དགོས་མི་སྲིད་པས་ཡིན། འོན་ཀྱང་། ཐེངས་འདིར་རྒྱུན་ལྡན་མིན་པའི་གནས་སྟངས་འོག་རིན་གོང་རྒྱུན་ལྡན་ལྟར་མ་ཡིན་པས་ན། ངས་སློང་དང་དངོས་ཡོད་པར་ལ་རྒྱུན་ལྡན་མིན་པའི་གནས་ཚུལ་ཡོད་པས་ཡིན་པ་རེད།དེ་ཙམ་ཡིན། གཞན་ཨུ་ཚུགས་ཀྱིས་ངའི་ནོར་འཁྲུལ་ཡིན་པར་ངོས་འཛིན་བྱེད་མཁན་རྣམས་ལ་དགོངས་དག་ཞུ་རྒྱུ་དང་དེ་ལས་ཁ་གསལ་ཞུ་སྙིང་ཡོད་རིགས་ལ་དགའ་བསུ་ཞུ་རྒྱུ་ཡིན།།དགེའོ།།
ང་ཚོས་བསམ་གཞིགས་བྱེད་དགོས་པ་རེད་མ་གཏོགས། གློག་ཀླད་ཐོད་དུ་གཏུག་སྟེ་གང་དྲན་དྲན་ལབ་པ་ཙམ་གྱིས་འགྲིགས་ཀྱི་མ་རེད། སོ་སོའི་ཐབས་ཤེས་བྱེད་ཐུབ་པ་ཞིག་ཡིན་ན་རང་གིས་ལྷག་བསམ་རྣམ་དག་གིས་རོགས་པ་གྱིས་དང་བོད་ནས་འབྱོར་བ་ཚོའི་དཀའ་ངལ་གང་འདྲ་ཡོད་མིན་ཤེས་གསལ་རེད། དེ་མིན་སོ་སོས་རོགས་བྱ་རྒྱུའི་ཚབ་ཏུ་རོགས་བྱེད་མཁན་ཚོ་ལ་གཅིག་མ་འགྲིག་གཉིས་མ་འགྲིག་རྒན་མོ་ཁ་རྒྱུ་ཅན་ནང་བཞིན་མ་བྱས་ན་བཟང་། འཁོར་གླ་སྒོར་མོ་ཁ་ཤས་གོང་ཆུང་བའི་དབང་དུ་གཏོང་རུང་སྐད་མ་ཤེས་སྟབས་རྒྱ་གར་དེ་ལས་མང་བ་ཟ་ངེས་རེད། ཁོང་ཚོས་སྐད་བསྒྱུར་མཉམ་དུ་ཚང་མ་གྲ་སྒྲིག་བྱེད་སྐབས་གང་མི་ཚད་ཡག་པོ་རེད། དེ་འདྲ་ཕོངས་ཆེན་པོ་ཟ་སྲིད་རྒྱུ་མ་རེད་ཚོགས་པ་ཞིག་གི་ངོས་ནས། དེ་ལས་རྒྱ་གར་སྡུག་ཡོད་པ་མྱོང་བས་གྲུབ་མི་འདུག་གམ། མི་དཀར་མི་དཀར་ཟེར་ཡང་རང་མི་དཀར་མེད་འགྲོ། གྲོགས་པོ་ཚོ།
ཡ་སྤྲེའུ་། ངས་ས་ཁ་སང་ནས་ལབ་བསྡད་ཡིན་པ། ད་ལྟ་བཤད་མ་བཤད་ཡོད་མ་རེད། བློ་བཟོད་ལགས་ཀྱིས་ཏྗེས་ནས་བཀའ་མུལ་ཞུ་ཡིང་གསུངས་འདུག་ག ད་ལྟ་ཁྱེད་རང་སྐད་བཙིར་མ་བཙིར་ཡོད་མ་རེད། ཧ་གོ་སོང་བ། ཁ་ཁ་རོག་བསྡན་ཁ་མཆུ་མེད། ལབ་ཡོད་རེད་པ་། ད་ག་རེ་ཕན་པོ་བྱུང་སོང་ངམ། དོན་མེད་ཡར་དཀྲུགས་མར་དཀྲུགས་བྱས་ནས་བསྡ་ན་རང་གུ་རང་ལ་ཁ་ནང་མཛུག་གུ་རྫང་ནས་བསྡད་དགོས་བྱུང་སོང་བས། ཧཧཧཧཧཧཇ། ཧིིཧཧཧཧཧཧ།
འབྲི་རུ་ཤེལ་དཀར་འབུམ་ཁྱེད་རྣམ་དཔྱོད་མཁྱེན་ཡངས་ཅན རེད་འདུག་རྒྱབ་སྐྱོར་གནང་བར་thanks། ད་དུང་དྲ་གྲོགས་ཚོད་དངོས་ཡིདཅགབས་ཚུལ དཔྱད་ནས་གསུང་རོག། དེང་སང་གཞོན་ནུ་ཚོས་ཉིན་ལ་ཟས་ཐག་རིང་། མཚན་ལ་གཉིད་ཐག་རིང་བས་སྐུ་ལས་འདི་འདྲ་ལ་ངས་ད་ལན རྒྱབ་སྐྱིར་ཞུ་ཀྱིས་ོཡོད་
དྲང་སོང་ཟེར་བའི་མྱི་འདིས་ཁ་ནས་ཡོང་ཚད་ལབ་སྟངས་ལ་ལྟས་ན་བསམ་བཞིན་དོན་མེད་དཀྲུགས་བཤིག་མཁན་ཞིག་ཡིན་ཚོད་འདུག་པས་ཀུན་གྱིས་དྲང་ཚུགས་ཟིན་དགོས་པར་སྣང་། གང་བྱུང་དུ་མི་ངན་དྲ་འབུའི་འདིའི་ཁ་ལྕེ་གར་འགུལ་ལ་དོན་མེད་ཡིད་ཆེས་བྱ་རུང་མི་འདུག
དབྲ་འབྲོང་ཕྲུག། ཁྱོད་ར་བཟིས་ཡོད་བས། ཁྱིད་ག་རེ་ཆགས་སོང་། ཁྱོད་ཁ་བརྡའི་མཆན་དེ་ཡག་པོ་ཀློག་གིས་ཡོས་པས། ཡང་མ་མེ་ཤེལ་ཨང་གྲངས་་༨༡ ཅན་མ་རག་ཡིན་ས་རེད། ཡག་པོ་ཀློག་དང་དེ་ནས་ང་གཉིས་བདེན་པ་རྩབ་རིས་བྱས་བྲེལ་བ་མ་གནང་ཨུ་གོ།
དྲང་སྲོང་ལགས།སྐད་ཆ་ལ་གནས་ལུགས་དང་རྒྱུ་མཚན་བཤད་ཡ་ཡོད་ན་ཡག་པོ་བཤད་ན་འགྲིག་གི་རེད།བཤད་དགོས་རེད།ཁྱོད་ཀྱིས་དེ་སྔོན་བྲིས་པ་ཚང་མ་རྒྱུ་མཚན་ཡོད་པའི་བཀའ་མོལ་རེད་འདུག ར་བཟི་ན་ཁྱོད་བཟི་ཡོད་ཤག་རེད།བཤད་ཡ་མེད་ན་ཁ་བཙུབ་དང་དགའ་གི་རེད།
ལྷན་རྒྱས་ནས་མཆན་འབྲི་དུས་དག་ཆ་ལ་ཐུགས་སྣང་གནང་ན་ཡག་པོ་འདུག གང་ཡིན་ཟེར་ན་ཁ་ཤས་ཤིག་རྩ་བ་ནས་ཀློག་ཤེས་ཀྱི་མི་འདུག དཔེར་ན། ཀློག་གིས་ཡོས་པས། མ་མེ་ཤེས་ཨང་གྲངས། བདེན་པ་རྩབ་རིས་བྱས། ལྟ་བུ་མང་པོ་ཞིག་ཁྱེད་ཚོས་འབྲི་ཤེས་ཀྱང་ང་ཚོས་ཀློག་ཤེས་ཀྱི་མི་འདུག་པས་གང་ཐུབ་ཐུབ་ང་ཚོའི་བརྡ་སྤྲོད་ཀྱི་གཞུང་ལ་བསྟུན་ཅི་ཐུབ་གནང་རོགས་ཞུ།
ར་འབྲོང་ཕྲུག བཤད་ཡོད་ལ། ད་དུང་བཤད་རྒྱུ་ཡིན། ཁྱོད་ར་བཟི་མེད་ན་མིའི་ཀྲོག་བཤད་ལ་གཡམ་རྒྱུག་མ་བྱོས། གཡམ་རྒྱུགས་མ་བྟས་བ་ར་མ་བཟིས་རྟགས་མངོན་སུམ་རེད། ངས་གཞོབ་ལྷན་ལ་རྒྱབ་སྐྱོར་མུ་ཐུད་ཞུ་རྒྱུ་ཡིན། ང་དང་འདྲ་བསི ཉིས་བརྒྱ་ལྷག་ཙམ ཡོད་དཀའ་ངལ་བྱུང་སོང་། དཀའ་ངལ་སེལ་སོང་དེ་ལ་རྟེན་ནས་ངས་མཐིལ་ཕྱིན་ནས་ཞུ་རྒྱུ་ཨང་སར་ཡོད། ངས་བཤད་རྒྱུ་ལ་དོན་དངོས་རྒྱུ་མཚན་འདུག་ན་དྲྭ་གྲོགས་ཚོགས་རྒྱབ་སྐྱོར་གནང་རོག
དྲང་སྲོང་ཟེར་བ་འདི་གཞོན་ལྷན་དོན་གྲུབ་ལྷ་དར་ཟེར་བ་དེ་རེད་འདུག་པས་གཟབ་གཟབ་བྱོས།
གེ་སར་སྒྲུང་གི་གློག་བརྙན་འདི་འདྲ་ཞིག་འདུག
འདན་སྲས་རྟོགས་བརྗོད། 格薩爾王-朵岭大戰01
http://www.youtube.com
གློག་བརྙན་འདི་འདྲ་ཞིག་འདུགwww.youtube.com/user/theShowerofBlessings
http://www.youtube.com/user/theShowerofBlessings
ཧཧཧཧ། གཞོན་ལྷ་དར་ཀླུ་དར་ཅི་ཧ་མི་གོ། ང་ནི་ཁེ་རྐྱང་གི་བྱ་བྲལ་མིན་ནའང་ཁེ་རྐྱང་གི་ལྡོམ་བུ་བ་ཆུང་ངུའི་ཞིག་ཡིན། ཆབ་སྲིད་ཀྱི་མདུན་རྒྱབ་ཤེས་འཇོན་མེད་ནའང་གཞོན་ནུ་ལས་རིག་བརྗེད་མི་སྲིད་པའི་བཀྲིན་གྱི་རྒྱབ་སྐྱོར་གྱི་ཁ་ཚིག་རྒྱུ་མཚན་བཤད་འདོད་ལེའུ་གསར་པའི་དོ་རའི་ནང་ལ་ཨང་གསར་ཡོད། འོན་ཏེ་ཁ་ཤུག་གི་ཚིག་ལྕིས་འཕང་བ་དེ་ནི་གཟབ་གཟབ་བྱོས་ཟར་བ་མ་གཏོགས་མེད་ན། འདོད་སྨྱོན་མི་དགེས་ཁོག་ཏུ་རློམ་བས་རང་སེམས་དྲི་མེད་དཀར་པོ་དེ་གཤིས་སུ་འཁྱིལ་བས་སློབ་སྟོན་དང་རང་སྟོབས་མངོན་པར་བྲལ་ཅིང་། ད་དུང་ཡང་དོན་མེད་གཡམ་རྒྱུགས་མིའི་ལད་ཟློས་ཁྱིས། ཁྱིའི་ལད་ཟློས་ཞི་མིས། ཟེར་བའི་དོན་ལྟར་སོང་བའི་སྙིང་རྗེའི་ཡུལ་དུ་སོང་ནའང་ཅི་བྱ། དིན་མེད་གཡུག་པ་ལ་ཁྲོ་བ་དང་མཚུངས་སོ།
གཞོན་ནུ་ཚོགས་པ་ནི་བཙན་བྱོལ་ནང་གི་མིང་དོན་མཚུངས་པའི་ཚོགས་པ་ཞིག་རེད། ཁོང་ཚོས་བོད་ཀྱི་རྩ་དོན་གྱི་མཚོན་བོད་སྤྱི་ཕན་གྱི་ལས་དོན་མང་པོ་ཞིག་གི་སྣེ་ཁྲིད་ཀྱི་ཡོད། གོང་དུ་འབྲེལ་ཡོད་བློ་བཟང་བཟོད་པ་ནས་གསལ་གསལ་ཐིང་འབྲེལ་བཤད་གནང་འདུག་པར་མུ་འཐུད་གྲིབ་ནག་གཟུགས་མཐོང་གནང་དགོས་དོན་ཨེ་ཡོད།
ཏྲེ་ཧོར་ཐུབ་བསྟན་ལགས། སྤྱིར་རང་ཉིད་ཀྱི་མིག་གཅིག་སྤྱི་ཚོགས་འདིའི་ནང་གཏད་ནས་ཡོད་མཁན་ཞིག་ཡིན་པ་མ་ཟད་འདོད་པ་མ་ཁེངས་པའི་གནས་ཚུལ་རང་ཉིད་ལའང་བྱུང་མྱོང་། རང་དབང་གི་ལུང་པ་ཞིག་ནས་སྨྱུག་ཐོག་པ་ཞིག་གིས་མཛུལ་མོ་འགུལ་མི་ཆོག་ཟེར་ཀྱིན་མེད། འོན་ཀྱང་འགུལ་ཤེས་དགོས་པ་དེ་གལ་ཆེན་པོ་རེད། དྲི་མི་མངའ་བའི་དྭང་བླང་ཞབས་ཞུ་ཚོང་འབྲེལ་གྱི་མིང་བདགས་ནས་ད་དུང་ཐེར་འདོན་བྱས་པ་ཡིན་ཟེར་ན། དེ་ནི་ཤི་ཡང་མགོ་མི་སྒུར་བའི་བྱ་བ་ཞིག་རེད། མཛུལ་མོ་འགུལ་ན་ཡུལ་དུས་གནས་བབ་དང་དམངས་ཀྱི་བསམ་བློ་ཁ་ཕྱོགས་ལ་ལྟ་དགོས་པ་སྨྱུག་ཐོག་པ་ཞིག་གི་མ་མཐའི་ཆ་རྐྱེན་ཡིན། དེ་ཐུགས་ལ་བཟུང། ཐུབ་བསྟན་ལགས་ད་འགྲོ་རན་སོང་བས་རྗེས་ཕྱོགས་མཇལ་ཡོང། ད་དུང་རྡོ་གདན་ལ་སོང་ནས་སྤྱི་ཚོགས་ཞབས་ཞུའི་ལས་ཀ་བསྒྲུབ་དགོས།
ཧཧཧཧཧཧ། ད་ཡིན་ན་སྤྲི་འུ་མེད་བ་ཀྲོག་ཀྲོག་མེད།
དྲང་སྲོང་ཟེར་བའི་མི་འདིས་མངཔོ་མང་པོ་ཞིག་བྲས་འདུག
ཁོ་རང་གི་བྲས་ཡོད་པ་བོད་ཡིག་མ་རེད་ཟེར་ན་ཡིན་ནི་འདྲ་ཞིག་རེད།
ཡིན་ཡང་ཀློག་ཤེས་ཀྱི་མི་འདུག
འབའ་བ། ཕལ་ཆེར་ཁྱེད་ཀྱི་གློག་ཀླད་དེ་ནང་ལ་ནད་འབུ་འཛུལ་ཡོད་ཀ྄ིས་རེད་། དེ་མིན་ན་ཕལ་ཆེར་ཁྱེད་རང་སེམས་ལ་ནད་ཉོན་ཤུག་རྐྱེན་གྱིས་རེད་སྙམ།
ཏྲེ་ཧོར་ཐུབ་བསྟན་དང་བློ་བཟང་བཟོད་པ་གཉིས་ལགས། ཁྱེད་གཉིས་ལ་བདེན་པ་འདུག ཏྲེ་ཧོར་གྱིས་གནད་འགག་ཁ་ཤས་མཐོང་བ་དེ་དང་བླང་བ་ཚོ་དང་ལས་ཀ་བྱེད་མཁན་ཚོ་འབྲེལ་བ་ཡོད་ནི་མ་རེད། དེ་དབུས་ནས་འཁྲབ་སྟངས་ཤིག་རེད། བློ་བཟོད་པས་བཤད་པ་ལྟར་དང་བླང་བ་ཚོར་ལྷག་བསམ་རྣམ་ཡིན་པ་མི་མང་གིས་ལོས་ཤེས། ཡིན་ནའང་། དབུས་ནས་སྒོར་མོ་གཙོ་བོ་ཡིན་པ་དང་ས་གནས་དང་བླང་བས་ཞེ་དྲག་བརྡ་མ་འཕྲོད་པར། ཨིན་ཇིའི་སྐད་དུ། Heart སྙིང་ངམ་ལྷག་བསམ་རྐྱང་རྐྱང་གིས་ལས་ཀ་བྱས་པས་གནད་དོན་དེ་བྱུང་བ་རེད། དེ་བས་ཁྱེད་གཉིས་ཀྱིས་མཉམ་ཏུ་དབུས་ཀྱི་རུལ་སུངས་དེ་ཚོ་དཀར་ནག་དབྱེ་འབྱེད་བྱེད་ཐུབ་ན། གཞི་ནས་གཞོན་ལྷན་ལ་བོད་ཀྱི་རྩ་དོན་བཤད་པའི་ནང་སྙིང་ཞིག་ཡོད་ངེས་པ་རེད། དེ་མིན། བཤད་ནས་ཅི་གང་ཐོབ་རྒྱུ་ཡོད་པ་མ་རེད།
ཏྲེ་ཧོར་ཐུབ་བསྟན་ཁྱེད་ཀྱིས་འབྲི་སྟངས་ཡག་པོ་རེད་ལྷོད་ལྷོད་བྱས་ནས་བྲིས་འདུག
བློ་བཟང་ལགས། ཁྱེད་དངོས་ནས་གཞོན་ནུའི་ལས་བྱེད་ཞིག་ཡིན་ན།
གསལ་བཤད་བཤད་པ་ལས།
གནོང་ལ་ཐུག་ན་གནམ་ལ་མ་ལྡིང་བར་སེམས་ལྷོད་ནས་གླེང་མོ་བྱས།
སྤྱིར་ཡུལ་གྱུར་གྱི་ཚོགས་པ་ཁགས་དངུལ་ལ་ཧ་ཅང་དགའ་བོ་རེད
ཧ་ཧ་ཧ། དྲང་སྲོང་ལགས།
བསམ་པ་དང་སྤྱོད་པ་སོགས་བག་ལ་ཕབ་མ་ཐུབ་ན་འདི་འདྲ་རེད།
ངོ་མ་ཁོང་ཁྲོ་མ་ཟ་རོགས།
ཁྱེད་ཀྱི་བྲིས་བ་ངས་ཀློག་ཤེས་ཀྱི་མི་འདུག
ཏྲེ་ཧོར་ཐུབ་བསྟན་ལགས།
ཁྱོད་རང་གིས་བཤད་སྟངས་མ་འགྲིགས་པ་གཅིག་ནི་གཞོན་ནུའི་དྭང་བླངས་ཞབས་ཞུ་བས་སྤ་སུའི་གླ་ཆ་མཐོ་པོ་ལེན་གྱི་འདུག་ཞེས་བཤད་པ་འདིར་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལས་ལྷག་པའི་ཕན་ཐོགས་ཡོད་པའི་ཚོགས་པ་ཞིག་བཙན་བྱོལ་ནང་དུ་མེད།
ཡིན་ནའང་གཞོན་ལྷན་གྱི་མིང་ཁུར་ནས་སྒོར་ཟ་མཁན་དང་བོད་སྤྱི་པའི་མིང་ཁུར་ནས་སྒོར་ཟ་མཁན་བཙན་བྱོལ་ནང་དུ་ཡོད་བསྡད་པ་རེད། དེ་འདྲ་ཡིན་དུས་་་སུ་ཡིས་ཟ་ཡི་ཡོད་ན་དེ་ལ་ཐད་ཀ་མཛུབ་མོ་བཙུགས་དགོས་པ་ལས་གཞོན་ནུ་ལྷན་ཚོགས་སུ་ཉེས་འཛུགས་བྱས་ན་དོན་དང་མཐུན་པ་མ་རེད།
གཟིགས་དང་་་་་རྡ་ས་ནས་ལྡི་ལི་འགྲོ་མཁན་སྤ་སི་དཀོན་པོ་རེད་དམ། མ་རེད། དཀོན་པོ་ཡིན་ན་རྐུབ་བཀྱག་ལྷག་གི་མ་རེད་པྭ། དཀོན་པོ་མིན་ན་ཡར་ཕྱོགས་མར་ཕྱོགས་གཉིས་ཀྱི་གླ་ཆ་སྤྲད་དགོས་དོན་གང་རེད་དམ།
ཡ་ཡ་། འབའ་བ། ཁྱོད་ཀྱི་བོད་ཡིག་ཀློག་མ་ཤེས་ན་ངས་བྱ་ཐབས་ཡོད་མ་རེད། ཡང་ན་ཁྱོད་རང་ནང་རྒྱུད་བཟོ་བོར་མ་གནས་མིན་ནམ། ཡང་ན་། ཆུ་འབབ་ཀླུང་ཡི་དྭགས་རྣག་བཞིན། ། ཞེས་གསུངས་པ་ལྟར་ཡིན་ན་ལུས་རྟེན་འདིར་ཅི་བྲལ་།
ཚོོགས་སྒེར་སུ་འདྲ་ཞིག་ཡིན་རུང་དངུལ་ལ་འབད་པ་མ་བྱེད་མཁན་ཡོད་ནི་མ་རེད། མ་ཟད་ཁྱོད་ཀྱང་དངུལ་ལ་མི་དགའམ།། གཞོན་ནུས་གསལ་བཤད་བྱས་ཀྱང་མ་ཉན་མཁན་ཡོད་ན་ཇི་ལྟར་བྱའམ། གཞོན་ནུ་དྭངས་བླངས་པས་རང་དོན་རིང་དུ་གཡུག་ནས་ཉིན་མཚན་མེད་པར་ས་གནད་ཁག་ལ་བོད་ནས་ཕེབས་པ་དང་ཆོས་ཞུ་བ་ཚང་མ་ལ་རོགས་སྐྱོར་བསམ་གྱིས་མི་ཁྱབ་པ་གནང་བཞིན་པར་བསྔགས་བརྗོད་དང་ཡི་རང་རྒྱབ་སྐྱོར་མཚོན་པའི་བྱ་བ་མ་ཐུབ་ནའང་ཟུར་ཟ་སྐྱོན་སོགས་མ་བྱེད་ན་ལེགས། གཞོན་ནུ་བྱ་བས་ཕན་པ་ཅི་འདྲ་འདུག་ང་རང་འདི་ཟླའི་༢༨ཉིན་དངོས་སུ་མཐོང་བྱུང་། གཞོན་ནུ་ཚོགས་པ་རྒྱལ་གྱུར་ཅིག བདེན་པ་རྒྱལ་ལོ།།