ཀླུ་སྨྱོན།
དེ་རིང་ནི་ཁོ་བོ་ཨ་རིར་འབྱོར་ནས་ལོ་ངོ་བཅུ་འཁོར་བའི་ཉིན་མོ་ཡིན་ཞིང་། ཉིན་མོ་འདིར་ཨ་རིའི་རིག་གཞུང་སྣ་མང་གི་ཁྲོད་དུ་ཁོ་བོ་དགའ་མོས་ཡོད་པ་མང་པོ་ཞིག་ཡོད་པ་དག་རེ་ཞིག་ཟུར་དུ་བཞག་སྟེ། རིག་གཞུང་འདི་དག་གི་ཁྲོད་དུ་ཁོ་བོས་ངོས་ལེན་བྱེད་མི་ཐུབ་པ་ཁག་ཅིག་ཡོད་པའི་ཁྲོད་ནས་རང་རེས་སྣང་ཆུང་བྱེད་མི་རུང་བའི་དོན་གནད་གཉིས་བརྗོད་རྒྱུ་ཡིན།
དང་པོ་དེ་ནི་ཨ་རིའི་ཐུགས་རྗེ་ལེགས་འབུལ་གྱི་དུས་ཆེན་སྲུང་རྩི་བྱེད་སྐབས། མི་ཚང་ཕལ་མོ་ཆེས་ཁྲིར་ཁེ་ཞེས་པའི་བྱ་ཆེན་དེའི་ཤ་ཁོག་བཟའ་དགོས་པ་དེ་ཡིན་ཞིང་། ལོ་རེ་རེ་བཞིན་དུས་ཆེན་འདིའི་སྐབས་སུ་བྱ་ཆེན་དེ་འདྲ་བྱེ་བ་ཁ་ཤས་བསད་དེ་བཟའ་དགོས་པ་འདི་ནི་ཞིབ་ཏུ་བསམས་ན་ཅུང་འཇིགས་སྐྲག་སྐྱེ་དགོས་པ་ཞིག་ཡིན་པ་དང་། གལ་སྲིད་ལོ་གཅིག་གི་དུས་ཆེན་སྲུང་རྩིའི་སྐབས་སུ་བསད་པའི་བྱ་ཆེན་དེ་དག་ཁྲོམ་རར་མ་བཀྲམ་གོང་ཕྱོགས་གཅིག་ཏུ་སྤུངས་པ་ཡིན་ན་རི་ཆེན་པོ་ཞིག་གི་ཚད་དུ་ལོངས་པ་ཞིག་ཡོད་ངེས་ཤིང་། འདི་ལྟར་འགྲོ་བ་མིའི་རིགས་ཀྱིས་ཕན་ཚུན་ལ་ཐུགས་རྗེ་ལེགས་འབུལ་གྱི་དུས་ཆེན་སྲུང་རྩི་བྱེད་ཆེད། ཉེས་མེད་སྲོག་ཆགས་བྱེ་བ་མང་པོ་དམར་གསོད་བཏང་སྟེ་རྒྱས་བཟའ་རྒྱས་འཐུང་བྱེད་པ་འདི་ནི་གཞན་གྱི་ཚེ་སྲོག་ལ་རྩི་འཇོག་བྱེད་མཁན་ཞིག་གི་ངོས་ནས་དང་ལེན་བྱེད་མི་ཐུབ་པ་ཞིག་རེད་ཨང་།
གཉིས་པ་དེ་ནི་ཨ་རིས་གཙོས་པའི་ནུབ་ཕྱོགས་སྤྱི་ཚོགས་སུ་ཡེ་ཤུའི་སྐྱེ་སྐར་གྱི་སྐབས་སུ་ལོ་མ་ལྗང་ཁུ་ཅན་གྱི་ཤིང་སྡོང་ཆེ་ཆུང་སྣ་ཚོགས་ཕྱི་རོལ་ནས་བཅད་འོང་ཏེ་ཁྱིམ་དུ་བཤམས་པའི་སྟེང་དུ་ཁྲ་ཁྲ་སིལ་སིལ་གྱི་རྒྱན་ཆ་སྣ་ཚོགས་འདོག་སྲོལ་འདི་ཡིན་ཞིང་། ཤིང་སྡོང་ནི་འགྲོ་བ་མིའི་རིགས་ལ་གསོ་རླུང་སྤྲོད་མཁན་ཡོད་ན་མེད་ན་ཞིག་ཡིན་པས། ལོ་རེ་རེ་བཞིན་འཛམ་གླིང་སྟེང་གི་ཡེ་ཤུའི་དུས་ཆེན་སྲུང་རྩི་བྱེད་མཁན་ཚོས་ཤིང་སྡོང་དུང་ཕྱུར་ལོངས་པ་རེ་བཅད་ནས་རང་ཁྱིམ་དུ་འཁྱེར་བ་འདི་ཡིས་སའི་གོ་ལའི་གསོ་རླུང་སྦྱིན་མཁན་གྱི་དཀོན་མཆོག་ལྟ་བུའི་སྐྱེ་དངོས་འདི་དག་གི་ཚེ་སྲོག་གམ་རང་དབང་ལ་གནོད་སྐྱོན་ཚབས་ཆེན་བཟོས་པ་ཞིག་ཡིན་པས། རང་རེ་ནང་པ་དག་གི་ཁྲོད་དུ་ཡང་ཡེ་ཤུའི་དུས་ཆེན་སྐབས་ཁྱིམ་དུ་ཤིང་སྡོང་བཤམ་མཁན་ཡོད་པ་ཚོས་དོན་དག་འདི་ལ་ཐུགས་སྣང་གནང་དགོས་ཤིང་། སྤྱིར་ན་དུས་ཆེན་འདི་འདྲའི་སྐབས་སུ་ཁྱིམ་ཚང་རེ་རེས་ཤིང་སྡོང་རེ་རེ་གཅོད་པའི་ཚབ་ཏུ་ཤིང་སྡོང་རེ་རེ་འདེབ་འཛུག་བྱེད་ཐུབ་ན་སའི་གོ་ལ་འདི་སྔོན་མ་ནས་ལྗང་མདོག་ཅན་གྱི་འཇིག་རྟེན་མཛེས་སྡུག་ལྡན་པ་ཞིག་ཆགས་ཡོད་མེད་ལ་ཐེ་ཚོམ་ཕྲ་མོ་ཙམ་ཡང་དགོས་ཀྱི་མ་རེད།
༡༽ མ་གཞི་ནས་མིའི་རིགས་ཀྱིས་ཉིན་རྟག་པར་སྲོག་ཆགས་གྲངས་མེད་གསོད་ཀྱིན་པ་སུས་མི་ཤེས། མིས་ཤ་ཞིམ་ཤོས་ལ་བརྩི་བས་ན་ཤ་ལེགས་སྐྱེས་འབུལ་བར་ཡ་མཚར་ཅི། ཡ་མཚར་ངོ་མ་ནི་སྙིང་རྗེ་ཆན་གྱི་ཆོས་པ་ཚོ་ཡང་ཤ་ཞེན་ཤིན་ཏུ་ཆེ་བ་འདི་མིན་ནམ།
༢༽ ཁྱིམ་ཚང་མང་པོས་གསོམ་སྡོང་རང་གིས་གསོ་སྐྱོང་བྱེད་ཀྱིན་ཡོད་ལ་ཡང་ན་ཉོ་གིན་ཡོད། གང་ལྟར་དེ་དག་འཕྲོ་བརླག་ལ་དེ་ཙམ་འགྲོ་གིན་མེད། ཉར་ཚགས་ཡག་པོ་བྱེད་ཀྱིན་འདུག
ཡང་གཅིག་བཤད་ན་ཟ་རེས་དང་གསོ་རེས་སོགས་ནི་རང་བྱུང་ཁམས་ཀྱི་ཆོས་ཉིད་ཡིན་པ་རེད། དེས་ན་འདི་ལ་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་ཟེར་བ་མིན་ནམ།
དུས་ཆེན་ཚར་རྗེས་འདི་ཚོ་བེད་མེད་རེད། གཟའ་འཁོར་གཅིག་གི་དུས་དྲན་ཆེད། ཤིང་སྡོང་ཞིག་གི་ཚེ་སྲོག་བརླགས།
ཀླུ་སྨྱོན་གྱིས་རང་ཉིད་བླ་རྫུན་དང་། སྤྲུལ་རྫུན་བཟོས་ཏེ། སེམས་ཅན་མགོ་སྐོར་གཏང་རྒྱུར་འཇིགས་སྐྲག་སྤུ་ཙམ་མེད་ཀྱང་། ནུབ་ཕྱོགས་པས་ཁྲིར་ཁེ་ཞེས་པའི་བྱ་ཆེན་བསད་པ་དང་། ཤིང་རྡོང་བཅད་པར་ཀླུ་སྨྱོན་དེ་ཙམ་འཇིགས་སྣང་དགོས་དོན་མེད་པ་རེད།
གཞན་གྱི་ཚེ་སྲོག་ལ་རིན་ཐང་རྩི་མཁན་ཞིག་གིས་དང་པོར་རང་ཉིད་ཤ་མེད་སྤྱོད་མཁན་དུ་གྱུར་དགོས་པ་དེ་ཡིན།
ལོ་ཆུང་བྱིས་པ་དེ་ཚོ་ཕ་མའི་མཉམ་ཤ་ཁང་དུ་སླེབ་དུས་ཞེད་སྣང་གིས་སྐྱི་གཡའ་སྟེ་དེ་རིང་ནས་ང་ཤ་མི་བཟ་ཐག་བཅད་ཟེར། ནང་དུ་བྱ་ཤ་བརྔོས་ནས་ཕ་མས་བཟར་འཇུག་དུས་ཞིམ་པོ་འདུག ཟེར་བ་ནི་ཕ་མས་ནོར་འགྲོ་བ་ལས་བྱིས་པ་དེ་དག་གི་ཞེ་གཏིང་དུ་སྙིང་རྗེ་མེད་པར་ནོར་འཁྲུལ་ཤོར་བ་མིན།
བོད་པར་བྱམས་དང་སྙིང་རྗེ་ཡོད་པ་དེ་ལག་ལེན་དུ་བསྟར་ཆེད་ཤ་ལ་སྲེད་པའི་ཞེན་ཆགས་དེ་ཇི་སྲིད་དུ་མ་འདོར་བར་དེ་སྲིད་དུ་དོན་དང་འགབ་ཐབས་མེད་པས་དེ་འདོར་བར་འབད་དགོས་པར་མཐོང་།
ཀླུ་སྨྱོན་ལགས་ཤིན་ཏུ་བདེན་པ་རེད། བྱ་ཆེན་དེ་དག ཤིང་སྡོང་དེ་དག་གི་དྲུང་དུ་གསོན་པོར་སྐྱབས་ཐུབ་པ་ནང་པའི་ཆོས་ཀྱི་མཛེས་རྒྱན་རེད་དེ། ང་ཚོ་བོད་པ་ནང་པ་ཚོས་ཀྱང་ལོ་གསར་ལ་་་་ ད་ལབ་བགྱི་མིན།
བོད་པས་ཀྱང་བསང་ཤིང་བཀོག་པས་ཡུལ་རི་བོ་དམར་ཧྲང་དུ་ཕུད་ཡོད་གདའ།
འོ་ན་བོད་པས་བསངས་ཤིང་། འབུད་ཤིང་། ཁང་ཤིང་། དར་ཤིང་དེ་ཚོ། ནང་པ་ཞིག་ཡིན་ན་དང་པོ་སྐྱག་རྫུན་མ་ཤོད། གཞན་མགོ་མ་སྐོར། དེ་ནས་རིམ་བཞིན་ག་རེ་ཐུབ་ངེས་འདུག་གམ།
རྒན་ལགས་འདི་འདྲ་ཞིག་དྲན་སོང་། ས་གཞི་ཐམས་ཅད་གཡོགས་པ་ནི། དེ་ཉིད་ཀོ་བའི་ག་ལ་ལངས། ལྷམ་མཐིལ་ཙམ་གྱིས་གཡོག་པ་ནི ། ས་གཞི་ཐམས་ཅད་གཡོགས་དང་འདྲ། སྙིང་རྗེ་ཡིད་ལ་བཅངས་ནས་དང་པོ་རང་བརྒྱུད་གཙང་མ་བྱེད་ནས་ཤ་ཟ་རྒྱུ་སྤང་དེ་ནས་་་་་་་་་་་་་་་་་
ཀླུ་སྤྲུལ་ཚང་གིས་གསུང་ལ་རྒྱབ་སྐྱོར་ཡོད། རིན་བྲལ་གྱི་ཚེ་སྲོག་བཅད་པ་དང་རང་བྱུང་གི་སྐྱེ་དངོས་ལ་གནོད་པ་བྱས་པའི་དབང་གིས་ད་ལྟ་འཇིག་རྟེན་འདི་ཚར་ལ་ཁད་འདུག བྱ་བ་འདིའི་ཕྱོགས་ལ་མཐའ་གཅིག་དུ་སྐད་འབོད་རྒྱག་དགོས་པ་ཞིག་རེད་འདོད།
ཧཧ།ང་ཚོ་འདྲ་བོའི་ཁ་སྟབས་ཀྱིས་ཁོ་ཚོ་ལ་བཀོད་པ་བཞོག་མི་ཡོང་།
དུས་སང་གི་ཤེས་རིག་དང་མཁྱེན་རྒྱ་ཡང་བ་དོན་དངོས་གི་བྱམས་སེམས་རྒྱུད་ལ་འབྱོང་བའི་རྩོམ་པ་པོ་ཀླུ་སྨྱོན་གི་གསུང་དེ་དངོན་པར་བསྟོད།། ངེད་ཚོ་ནང་པ་སངས་རྒྱས་གི་ཆོས་དེ་འཛམ་གླིང་གི་སྒང་འདི་དུས་སང་ཡར་ཚང་མས་བཀུར་བོས་པ་ཞིག། གནད་ཚུལ་དང་ལུགས་སྲོལ་འདི་ལྟ་བུ་ཞིག་མཐོང་དུས་ཁྱད་པར་དུ་འཕགས་པ་ཀུན་གྱིས་མངོན་གི་རེད། དེ་སོང་བོད་ཀྱི་གསར་བུ་ཁ་ཤས་གི་ནུབ་ཕྱོག་མི་རིགས་གི་དཔལ་འབྱོར་དང་ཚན་རིག་ཡར་རྒྱས་ཡོད་པ་ཞིག་མཐོང་དུས་ཁོ་ཚོས་ག་རེད་བྱས་ན་འགྲིག་སྡོད་ཡོད་པ་འདྲ་ཞིག་མཐོང་གི་རེད། དེ་རང་ངོས་ནས་ནོར་འཕྲུལ་མཐོང་གི་འདུག། ང་ཚོས་ཁོ་ཚོ་ནུབ་ཕྱོག་པའི་ཡར་རབས་གི་སྤྱོད་པ་དང་ཤེས་རིགས་ལེགས་པའི་ཆ་དེ་སྦྱང་དགོས་ངས་རེད། ཡིན་ན་ཡང་མ་རབ་གི་ལུག་སྲོལ་དང་ཁོ་ཚའི་ཆོས་ལུགས་གི་གཡའ་དང་ལྟ་ལོག་པ་དེ་ཚོ་འཛེམ་བྱ་ཡིན་པ་ངོས་ཟིན་ན་ལེགས།
ཀླུ་སྨྱོན་ལགས་ཀྱིས་གསུངས་པ་ལ་རྒྱབ་སྐྱོར་ཡོད།ང་ཚོས་ནམ་ཡང་སྣང་ཆུང་བྱ་མི་རུང་བའི་བྱ་བཞག་གཅིག་ཆགས་ཡོད།ཁ་ཤས་ཀྱིས་དངོས་སུ་རང་གི་མཐོང་སར་བྱ་ཞིག་གི་སྐེ་བྲེགས་པ་མཐོང་ན་ལུས་ལ་ན་ཟུག་རྒྱག་པ་དང་ཁ་ནས་མ་ཎི་སྒྲོན་ངེས་ཡིན་རུང་།དེ་ལས་བརྒལ་བ་དང་རང་གིས་རྒྱས་ཟ་རྒྱས་འཐུང་བྱེད་བཞིན་པའི་སྐབས་བྲོ་བ་ཡག་མིན་དང་རྒྱགས་མ་རྒྱགས་མ་གཏོགས་གཞན་བསམ་གཞིག་ག་ལ་ཡོད།རང་གིས་ཟ་བཞིན་པའི་ཤ་དེ་ཡང་གང་དུ་མཐོང་བ་དེ་དང་གཅིག་མཚུངས་སེམས་ཅན་ཞིག་གིས་བཟོད་གླགས་མེད་པའི་སྡུག་བསྔལ་མྱོང་བ་ལས་བྱུང་བ་ཡིན་པ་སྨྲོས་ཅི་དགོས།དེ་བཞིན་དོན་མེད་རྩི་ཤིང་བྲེགས་གཅོད་དང་ཁོར་ཡུག་ལ་གཏོར་རླག་བཏང་བ་རྣམས་མཐའ་ཅིག་ཏུ་དགག་བྱའོ།ལྷག་པར་དུ་དེ་རིང་དབང་གི་དུས་སུ་གནས་ཁྱད་པར་ཅན་དང་དབང་ཁྱད་པར་ཅན་བླ་མ་ཁྱད་པར་ཅན་གྱིས་དབང་ལུང་མན་ངག་སྩོལ་བའི་སྐབས་སུ་དེ་བས་ཀྱང་དམར་ཟས་སྤངས་ཤིང་དཀར་ཟས་ལ་ལོངས་སྤྱོད་པའི་རེ་སྐུལ་ཞུ་ཡང་ཡང་ཞུའོ།
ཀླུ་སྨྱོན་ཁྱེད་ལ་སེམས་ཁྲལ་ཐོལ་བ་སླེབས་ཞག ཁག་མི་འདུག མ་གཞི་ནས་དང་པོ་ཤ་སྤངས་རོགས།
རྗེས་ནས་འགྲེལ་བཤད་འདྲ་བརྒྱབ་ན་ལན་པོ་མེད་འགྲོ ཕ་ཡུལ་ཕྱོགས་ལ་མཚོན་ནའང་ཤ་བཟའ་བ་བཤད་མི་དགོས་པར་དམིགས་གསལ་དགུན་ཤ་ཟེར་དུས་སྲོག་ལུག་ཅི་ཙམ་བཤའ་ཀི་ཡོད་མེད་དང་དགུན་ཤ་ཅི་ཙམ་ཉོ་ཀི་ཡོད་མེད་ཁྱེད་ཀྱི་སེམས་ལ་ཁྲིགས་སེ་ཡིན་པ།
མཚོ་མོ་མིན་ཅན་གི་ཀླུ་སྨྱོན་ལ་བླ་རྫུན་དང་སྤྲུལ་རྫན་ཟེར་ནས་ཁ་དེ་ཙམ་གཏོང་དགོན་དོན་
གང་ཡིན་ནམ། ཁྱོད་རང་མགོ་སེར་ལྟ་ལོག་པ་ཞིག་མག་པ་རག་གྲབས་མིན་གྲོ། ཁྱོད་རང་དངོས་གནས་བོད་པའི་བོ་མོ་ཞིག་ཡི་ནམ། ཀླུ་སྨྱོན་ཁོང་ནང་པ་སངས་རྒྱས་པའི་རྗེས་འཇུག་ཞིག་ཡིན་པའི་ཆ་ནས་དེ་ཚོ་ལ་འགན་ཡོད་དང་ཡོད། དེ་ཚོ་ནང་པའི་ལྟ་གྲུབ་དང་འགལ་ཡོད་རེད། བླ་རྫུན་དང་སྤྲུལ་རྫུན་སུ་ཡི་ཅི་ཧ་གོ་་་ཁྱོད་ལ་རྫུན་མ་དང་དངོས་གནས་དབྱེ་བའི་སྤངས་རྟགས་ག་རེ་ཡོད།
ཁ་ནས་གཞན་དོན་གླེང་བཞིན།།
ཁ་ནས་གཞན་ཕྲག་འཛར་འཛར།།
ཁ་ནས་མ་ཎི་པདྨེ།།
ཁ་ནས་བྱ་ཤ་གླང་ཤ།།
ཁ་ནས་བྱམས་དང་སྙིང་རྗེ།།
ཁ་ནས་རང་དབང་འདྲ་མཉམ།།
ཁ་ནས་འཚེ་མེད་ཞི་བདེ།།
ཁ་ནས་བྱ་ཤ་གླང་ཤ།།
ཁ་ནས་འགྲོ་དོན་མ་གླེང་ཉིན་གཅིག་མེད།།
ཁ་ནས་འགྲོ་ཤ་མ་བཟས་ཉིན་གཅིག་མེད།།
ཁ་ནས་ཤོད་དུས་བྱང་ཆུབ་སེམས་དཔའ་རེད།།
ཁ་ནས་ཟ་དུས་བྱ་ཤ་གླང་ཤ་རེད།།
ཁ་འཕང་མཐོ་བའི་ཀླུ་སྨྱོན།།
ཁ་བཤད་དོན་གནས་ཀླུ་སྨྱོན།།
ཁ་རྒྱུན་མ་ཉམས་ཀླུ་སྨྱོན།།
ཁ་ནས་གང་དྲན་ཀླུ་སྨྱོན།།
ཁ་གཏམ་མང་བའི་ཀླུ་སྨྱོན།།
ཁ་དོན་མཚུངས་པའི་ཀླུ་སྨྱོན།།
ཁ་ཆགས་ཆེ་བའི་ཀླུ་སྨྱོན།།
ཁ་ན་མ་ཐོའི་ཀླུ་སྨྱོན།།
ཁ་ཁུ་སིམ་པའི་ཀླུ་སྨྱོན།།
ཁ་བརྡ་ཚང་གི་ཀླུ་སྨྱོན།།
ཁ་སྒོ་བཟང་བའི་ཀླུ་སྨྱོན།།
ཁ་བ་ཅན་གྱི་ཀླུ་སྨྱོན།།
སྙན་ངག་པ་ཀླུ་སྨྱོན་གྱི་གསུང་བ་དེ་བདེན། ངེད་ཚོ་ནང་པ་ཡིན་པ་དང་། རིག་གཞུང་ལོག་སུ་ཡོད་པའི་ཆ་ནས་བཤད་ན། དུས་ཆེན་དེ་རིག་ལ་གུས་ཞབས་ཞུ་འོས་པ་ཡིན། ཡིན་ཀྱང་ལུགས་སྲོལ་མི་འདྲ་བ་འདི་ལྟ་བུ་ཞིག་མཐོང་དུས། ངེས་པར་དུ་རང་ལུག་མི་དོར་བ་ཞིག་བྱེད་དགོས་པ་ལས། གཞན་གྱི་སྐྱོན་ཚང་འདོན་པར་དགོས་མེད་པ་སྙམ།།
མཚོ་མོས་སྨད་པའི་ཀླ་སྨྱོན་དེ་འདྲ་མིན།།
དྲི་ཟླས་མངགས་པའི་ཀླུ་སྨྱོན་དེ་ཡང་མིན།།
སྙན་ངག་མཁན་གྱི་དགོང་ཚུལ་ལ་བསམ་ན།།
ཤེས་ལྡན་སྐྱེ་བོ་ཀུན་གྱིས་རང་བཞིན་བསྟོད།།
ཁ་འཕང་མཐོ་བ་བདེ་ནའང་།།
ཁ་བཤད་དོན་གནས་ངས་མི་ཤེས།།
ཁ་རྒྱུན་ཉམས་མེད་མི་ཤེས་ཀྱང་།།
ཁ་ནས་གང་དྲན་སྙན་ངག་པ།།
ཁ་གཏམ་མང་བའི་ཀླུ་སྨྱོན་རེད།།
ཁ་དོན་མཚུངས་མེད་ངས་མི་ཤེས།།
ཁ་ཆགས་ཆེ་བའི་རྩོམ་པ་རེད།།
ཁ་ན་མ་ཐོ་ངས་མི་ཤེས།།
ཁ་ཁུ་སིམ་པོ་ག་ལ་ཡིན།།
ཁ་བརྡ་ཚང་གི་ཁ་པར་རེད།།
ཁ་སྒོ་བཟང་བའི་ཀླུ་སྨྱོན་ཁྱེད།།
ཁ་བརྡ་ཚང་གི་རྒྱན་ཆ་ཡིན།།
གང་དྲན་དེ་མུར་བྲིས་པ་ཡིན།། དགོང་པ་འགལ་ན་དགོང་དག་ཞུ།།
སྙན་ངག་མི་ཤེས་བྲིས་པ་འདིར། ཡིག་ནོར་བྱུང་བར་ཞུ་དག་མཛོད།། འཕན་པོ་བསྟན་དར་ནས་གུས་པ་ཆེན་པོས།། །།
གོང་དུ་དྲ་གྲོགས་མང་པོ་ཞིག་གིས་རང་རང་གི་བསམ་ཚུལ་སྤེལ་བར་དགའ་བསུ་ཡོད། མཚོ་མོ་ཞེས་པའི་དྲ་གྲོགས་དེར་ཡང་ཁོ་བོར་སྡིགས་དམོད་བྱས་པར་ཐུགས་རྗེ་ཆེ་ཞུ་བ་ཡིན། ང་ཚོའི་ཁ་དཔེར། མི་ལ་བཤད་ནི་དགོས། ཤིང་ལ་གཞོག་ནི་དགོས། ཟེར་བས། མི་ལ་བཟང་ངན་ཅི་ཡང་བརྗོད་མཁན་མེད་པར་ལྷགས་ཡོད་དུས་མི་དེར་ཅིག་འགྲིག་གི་མེད་པའི་རྟགས་རེད། ངས་བཟོད་པ་ཟེར་བ་ཅང་སྒོམ་མི་ཤེས་ཀྱང་། དེང་སང་མིས་བཟང་བཤད་ངན་བཤད་བྱས་པ་མང་དྲགས་པས་ད་ནི་སེམས་འདི་ཡང་འཁྲབ་ཏོ་འདྲ་ཞིག་ཆགས་ཏེ་ངན་བཤད་དེ་ཚོ་མཐོང་ན་ཡང་སེམས་ནང་དམིགས་བསལ་གྱི་ཚོར་བ་སྡུག་པོ་དེ་འདྲ་ཞེ་དྲགས་རང་ད་ཡོང་གི་མི་འདུག གཅིག་བྱས་ན་ངའི་སེམས་འདི་རྒྱ་མིའི་སྲིད་དོན་དཔོན་རིགས་ཚོའི་སེམས་ནང་བཞིན་ཆགས་ཏེ། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི་ཡོ་རོབ་སྒྲིག་འཛུགས་སོགས་ཀྱིས་སྡུག་སྐད་ཇི་ལྟར་བརྒྱབ་ཀྱང་ཉན་འཇོག་མི་བྱེད་པ་དེ་དང་འདྲ་བོ་འདུག
མཚོ་མོས་དམད་པའི་ཀླ་སྨྱོན་དེ་འདྲ་མིན།། ནོར་བཅོས
སྐུ་ཞབས་ཀླུ་སྨྱོན་ལགས། རང་ཉིད་ཀྱིས་ཉེ་ཆར་གཞས་ཅིག་བྲིས་ཡོད་པས་འདི་ལ་གཟིགས་ཞིབས་དང་། ལེགས་བཅོས་འམ་ཁྱེད་ནས་ཡང་འཚོར་དངོས་ཀྱི་ཐོག་གཞས་ཚིག་ཞིག་འབྲི་རོག་ཞུ་རྒྱུ་དང་། དེའི་སྔོན་དུ་གདུང་སེམས་མཉམ་བསྐྱེད་ཀྱིས། སྙན་ངག་དུམ་པོ་ཅིག་བྲི་རོག་ཞེས་རེ་བ་ཞུ་གི་ཡོད། གཤམ་གྱི་གཞས་ཚིག་འདི་ངས་བྲིས་པ་ཡིན་ལ་གཞས་ཀྱི་གདངས་ཡང་བཟོས་ཟིན་པ་ཡིན།།
གདུང་སེམས་མཉམ་བསྐྱེད།།
འཕགས་པ་སྤྱན་རས་གཟིགས་དབང་ཐུགས་རྗེའི་གཏེར།།
འཁོར་དང་བཅས་པ་བདག་ལ་དགོང་སུ་གསོལ།།
གངས་ཅན་པ་ཡི་དཔའ་བོ་དཔའ་མོ་རྣམས།།
མྱུར་དུ་བདེ་བ་ཅན་དུ་དྲང་དུ་གསོལ།།
ཨོ་མ་ཎི་པད་མེ་ཧུང་།། ༣
ཆོས་དད་རང་མོས་རིག་གཞུང་རྩ་གཏོར་དང་།།
འགྲོ་བ་མི་ཡི་ཐོབ་ཐང་མེད་པར་བརྟེན།།
འུ་ཐུག་ཐབས་ཟད་རང་ལུས་མེར་སྲེག་པར།།
གདུང་སེམས་མཉམ་བསྐྱེད་ཡིད་ཀྱི་མཆོད་མེ་ཕུལ།།
ཨོམ་ནི་པད་མེ་ཧུང་།།་་་་་་་་་་་་་་་་་་་་་་་་་་་་་་་
གཞན་ཕན་བྱང་ཆུབ་སེམས་ཀྱིས་མ་ཟིན་ན།།
རང་ལུས་མེར་སྲེག་གཏོང་བ་ག་ལ་འཕོད།།
སྙིང་སྟོབས་ཅན་གྱི་གདོང་དམར་བོད་མི་ཚོར།།
གདུང་སེམས་མཉམ་བསྐྱེད་གུས་པས་དབྱངས་འདི་ཕུལ།།
ཨོ་མ་ཎི་པད་མེ་ཧུང་།།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༠༡༡ ་་་༡༡་་་༢༧ མཚན་མོ་ ཆོུད་་་༡༡ སྐར་མ་ ༣༥ བྲིས
ཀྱེ་མ་་་་ཀྱིེ་ཧུད་་་་་་་གངས་ཅན་པའི་ལས་དབང་ལ་གཟིགས་དང་། ལས
འཕན་པོ་བསྟན་དར་ལགས།
ཉིད་ཀྱི་གཞས་ཚིག་དེ་ལས།
དགོང་སུ དགོངས་སུ
མེར་སྲེག་པར། མེར་བསྲེགས་པར།
ག་ལ་འཕོད། ག་ལ་ཕོད།
ཡིག་དྲུག་ནི་ཉིད་ཀྱི་གློག་ཀླད་ལས་མ་རྙེད་པ་ཡིན་སྲིད་པས་གཤམ་དུ་བྲིས་པ་འདི་བཤུས་ན་ཡང་འགྲིག
ཨོཾ་མ་ཎི་པདྨེ་ཧྰུྃ།
དྲང་མོ་བཤད་ན། ང་ཆེས་དགའ་བའི་ཟ་མ་དེ་ཤ་ཡིན། རློན་ཤ་ཟ་བར་ཤིན་དུ་དགའ། ཕ་ཡུལ་ལ་ཡོད་དུས་ཤ་རྡོག་རྡོག་ཅིག་ཡོད་ནའང་ཨ་མས་ང་ལ་ཉར་ནས་འདུག་གི་རེད། རྒྱ་གར་ལ་བསླེབས་དུས་ཤ་མང་བོ་ཟ་རྒྱུ་རེག་མ་བྱུང་། ཐེངས་དང་པོར་ཁ་པར་བརྒྱུད་ནས་ཨ་མར་ཁ་བརྡ་བྱས་དུས། ཨ་མས་ང་ལ། རྒྱ་གར་ནས་ཤ་ཟ་རྒྱུ་རེག་གི་འདུག་གམ་ཞེས་དྲིས་བྱུང་། ཨ་མས་སེམས་འཕྲལ་བྱེད་པར་དོག་ཏེ། ཤ་གང་འདོད་འདོད་རེད་ཅེས་རྫུན་བཤད་པ་ཡིན།
ཕྱི་རྒྱལ་དུ་བསླེབས་ནས་ཟ་མའི་དུས་ཐོག་ཚང་མར་ཤ་ཡོད་པའི་ཟ་མ་རྐྱང་རྐྱང་བཟས་པ་ཡིན། ལོ་བདུན་གྱི་སྔོན་ལ་བྱ་ཤ་ཟ་རྒྱུ་མཚམས་བཞག་ནས་ཚོད་ལྟ་བྱས་པ་ཡིན། སྔ་ལོ་ནས་བཟུང་ཤ་ཟ་རྒྱུ་མཚམས་གཙང་མ་བཞག་པ་ཡིན།
ཤིང་སྡོང་གི་ཐད་ནས་བཤད་ན། སྙན་ངན་མཁན་ཀླུ་སྨྱོན་ལགས་ཀྱིས་གསུང་ལྟར་སྡོང་གཅོད་པ་དེ་ཡག་པོ་ཞིག་མ་རེད། འོན་གྱང་ཡེ་ཤུའི་སྐྱེ་སྐར་དང་འབྲེལ་བའི་ཤིང་སྡོང་དེ་ཚོ་ཚོང་བ་ཚོས་དམིགས་བསམ་གྱི་ས་ཆ་ཞིག་ལ་འདེབས་འཛུགས་བྱས་ཏེ་བཙོང་གི་ཡོད་པ་རེད། ཁ་ན་ཊ་ལྟ་བུ་ལ་མཚོན་ན་གང་བྱུང་དུ་ཕྱི་རོལ་ནས་ཤིང་སྡོང་གཅོད་ཆོག་གི་མ་རེད། ཐ་ན་རང་གི་ཁང་བའི་རྒྱབ་ལོག་གི་ཤིང་སྡོང་གཅོད་དགོས་ནའང་ཡར་གཞུང་ལ་སྙན་ཞུ་འབུལ་དགོས་ཡོད་པ་དང་གཞུང་གི་ཆོག་མཆན་ཐོབ་དགོས་ཡོད་རེད།
ཤ་ཞིམ་པོ་ཟ་བ་བོད་ཀྱི་སྲོལ།། དེ་རོལ་འདོད་མེད་ན་སྡུག་གྱོང་རེད།། ཨ་ལགས་ཀྱིས་ཤ་མི་ཟ། ཆང་མི་བཏུང་། ནག་མོ་མི་རྒྱོ་ན་སེམས་ཅན་ག་བར་འདྲེན་ཐུབ།
སྐུ་ཞབས་ཀླུ་སྨྱོན་ལགས། བཀའ་དྲིན་ཤིན་ཏུ་ཆེ། ཁྱེད་ནས་གསུང་བ་བདེན། ཡིག་དྲུག་ནི་རང་ཉིད་ཀྱི་རིག་མཛོད་འཕྲུལ་ཆས་ནང་ནས་་རྙེད་མ་སོང་། ངས་གློག་ཀླད་ཟེར་བའི་ཐ་སྙད་དེ་བེད་སྤྱོད་བྱེད་ཀྱི་མེད།
ཁྱེད་ནས་ལམ་སྟོན་གནང་བར་ཡང་དུ་ཐུགས་རྗེ་ལན་བརྒྱར་ཞུ་རྒྱུ་ཡིན།།
ཨོཾ་མ་ཎི་པདྨེ་ཧྰུྃ།
ཨོཾ་མ་ཎི་པདྨེ་ཧྰུྃ། བྱ་ཆེན་ཁྲིར་ཁེའི་ཚེ་སྲོག་སྐྱོབས། །
ཨོཾ་མ་ཎི་པདྨེ་ཧྰུྃ། སྔོན་ལྗང་ཤིང་སྡོང་སྲུང་གྱུར་ཅིག །
ཨོཾ་མ་ཎི་པདྨེ་ཧྰུྃ། དུས་ཆེན་རྒྱས་སྤྲོས་ཆུང་བ་དང་། །
ཨོཾ་མ་ཎི་པདྨེ་ཧྰུྃ། བོད་མིའི་དགའ་བདེ་འཕེལ་བར་ཤོག །
ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ།
ངོ་མཚར་ཅན་པོ་དྲྭ་གྲོགས་རྣམས་པ་ལ། ངས་ངོ་མ་ཐག་མཆོད་དྲིབ་ཞིག་ཞུས་རྒྱུར་ལན་ཤིག་གནང་རོག ལ་ལས་དམར་མི་ཟ་མཇན་གྱིས་སྒི་ང་ཟ་ཡིས་འདུག ངས་ཁྱོད་ཤ་མ་ཟ་ན་སྒོ་ང་ཅི་ལ་ཟ་བས་དྲིས། ཧཧཧཧཧ། ཁྱོད་ཀ་ཅ་ཨ་འུ་འབྲོག་ཕྲུག་རེད་ཟེར་ནས་འཆའ་ཚིག་བཅས་ཏེ་ལན་འདི་ལྟར་། སྒོ་ང་ལ་གཉིས་ཡོད། གཅིག་ནི་སྒེར་བདག་བྱ་ཅན་ནས་ཐོན་པའི་སྒོ་ང་དེ་ངོ་མ་བྱ་འབྱུང་འགྱུར་རེད། དེང་སང ཚོང་ཁང་ནས་ཉོ་རྒྱུ་ཅན་པོ་དེ་སྒ་ང་དེ་གློག་སྒོང་རེད་དེ་དམར་ཟས་མ་རེད་ཟེར། ངས་དྲིས་པས་དེ་བྱ་མོ་མངལ་ནས་ཐོན་རེད་དམ་དྲིས་པས་ གཅིག་གི་མ་རེད་གློག་ལས་བཟོ་བ་རེད་ཟེཏ། གཅིག་མ་རེད་བྱ་མོ་མངལ་ནས་ཐོན་རུང་བྱ་ཡོང་རྒྱུ་ཡིད་མ་རེད་ཟེར། ཁོ་བོ་ནི་ཀ་ཅ་རང་དེ་ཐག་མ་ཆོད་ད་དུང་མའི་མངལ་ནས་ཕྱིར་ཐོན་ཚར་ན་དེ་ལ་ཐོ་མར་རྣམ་ཤེས་འཇུག་ཚར་ཡོད་རེད་བསམ། བྱས་ཙང་ཁོ་བོ་ནི་འདི་དམར་ཟས་ཁོ་ན་ལ་འདོད་ཤོར་གྱིས་འདུག་རྣམ་པ་ཚོས་གསལ་བཤད་ཅིག་གནང་།
་་་ཐག་མ་ཆོད་པའི་དྲི་བ་་་་་། དམར་མི་ཟ་མཁན ་་་་་བཅོས་གནང་རྒྱུ།
སོ་སོའི་འདོད་པ་བཞིན་བཟའ་རྒྱུ་རེད་ང་ཤ་ཟ་ཡི་མེད་རུང་སྒོ་ང་ཆད་མེད་ཟ་བཞིན་ཡོད།
སྒོ་ང་བྱ་མ་གྲུབ་སྔོན་རེད་བྱ་གྲུབ་ཟིན་ན་བཟའ་ཉན་གྱི་མ་རེད། སྲོག་ཡོད་རེད་གདའ། གཞན་ག་རེ་བྱས་ཀྱང་འགྲིག་གི་རེད་དུས་རབས་ཉེར་གཅིག་རེད་པ། གཞན་གྱིས་གཅིག་ལབ་སོང་ན་འགྲེལ་བཤད་མང་ཙམ་རྒྱོབས། གང་ལྟར་རང་གི་འདོད་ཐོག་སོང་ན་བདེན་པ་རེད།
རང་འདོད་ཐོག་ཅང་བྱས་ན་ད་ལྟ་སྐྱིད་ན་རྗེས་ནས་དཀའ་ལའ་སྤྲད་ཡོང་ངོ་བུ། ད་ལྟ་འདི་དོན་གལ་གནད་ཆེན་པོ་རེད། ཁྱེད་རང་གང་འདོད་བྱས་རུང་མ་རུང་། ད་ལྟ་སྒོང་ང་དེ་དམར་ཟས་ལ་གཏོགས་སམ་མི་གཏོགས་དེ་ལབ ཞིག་གནང་རོག་དོན་ཀུ་རེ་བྱས་ནས་མ་གསུངས། ངས་གནད་འགག ཆེན་པོ་བརྩི་ནས་དྲི་བ་ཡིན། ཕལ་ཆེ་ཀླུ་སྨྱོན་ལགས་འདི་ལན་ཞིག་གནང་རོག
༄། ཨ་ཁུ་ཀླུ་སྨྱོན་སྙན་འདབས་གསན་དུ་གསོལ།།
ལ་ལས་འཕྲོད་རྟེན་ལ་ལས་དགེ་སྡིག་དང་།།
ལ་ལས་གཙང་གཙོག་ལ་ལས་ཞེ་ཁམས་སོགས།
བྱ་སྒོང་རིལ་བུ་འདི་ལ་དཀར་དམར་ཟས།།
གང་དུ་གཏོགས་མིན་ལན་ཞིག་བསྩལ་དུ་གསོལ།།
ཨ་ཁུ་ཀླུ་སྨྱོན་ལགས་ཀྱི་གསུངས་ལ་བརྒྱ་ཆ་བརྒྱ་ཐམ་པ་རྒྱབ་སྐྱོར་ཡོད། དངོས་གནས་རེད་ཆོས་ལུགས་དང་བྱེད་སྒོ་ཁག་ཁ་ཤས་ཀྱིས་ཁོར་ཡུག་དང་ཚེ་སྲོག་ལ་གནོད་པའི་བྱ་བ་མང་པོ་མཉམ་བསྲེས་བྱེད་ཀྱིན་འདུག་པས། དེའི་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།
གློག་བརྙན་འདི་འདྲ་ཞིག་འདུག http://www.youtube.com/user/theShowerofBlessings
བོད་ཀྱི་ལོ་གསར་གཡག་གི་ཟླ་སྐེག་དང་།།
ཁ་ཆེའི་དུས་ཆེན་ར་ལུག་ཚེ་སྐེག་སྟེ།།
ཧིན་རྡུའི་དམར་མཆོད་དུད་འགྲོའི་རང་སྐེག་སོགས།།།
གཏི་མུག་ཆོས་ཀྱི་རྗེས་སུ་མངོན་པར་རྒྱུག།།
ཨ་ཁུ་ཀླུ་ལགས་ཁྱེད་ཀྱི་ཉིན་ཐོ་ཞིག་ན་མེ་ཁུ་སེ་ཁོའི་ཟ་ཁང་ཤ་ཟེས་རབས་དང་ཤ་ལ་ཧ་ཅང་དགའ་རབས་བྲིས་ཡོད་པ་འདྲ་ཞིག་ཡིན་ར།
ད་མི་བཤད་མི་བཤད་གནོད་ན་ཐང་།
ཁྱེད་ཀྱི་གསུང་པ་དེ་བདེན་པ་རང་རེད།
ཀླུ་སྨྱོན་ཀྱི་གསུང་དེ་རྒྱ་བརྒྱ་ཐམ་པ་ཡོད།
ད་ཤ་ཡི་སྐོར་ལ་གཅིག་བཤད་ཀྱི།
མ་གཞི་ནས་་་་་ཡུལ་ཆུ་འཐུང་ན། ཡུལ་ཁྲིམས་ཁུར་དགོས། བཟང་ཀྱང་རུང་མ་བཟང་ཀྱང་རུང་དེ་ཡུལ་དེ་ཡི་ལུགས་སྲོལ་རེད།
གཞན་ཡང། དང་པོ་ང་ཚོས་ཤ་བཟའ་རྒྱུ་སྤོང་དགོས་ཤ་བཟའ་མཁན་མེད་ན་སེམས་ཅན་གསོད་དགོས་པ་གང་ཡང་མེད།
རང་གི་གཟུགས་ཀྱི་ཕུང་པོ་ལ། ཚེར་མ་གཅིག་ཀྱང་མི་བཟོད་པར། གཞན་དག་སེམས་ཅན་མང་པོ་ཡི། སྲོག་གཅོད་ཤ་ལ་བཟའ་དགོས་ཟེར། ག་ལའི་སེམས་ཅན་བདུད་རིགས་ཅིག
ཞེས་བཤད་ཡོད་འདུག
ཀླུ་སྨྱོན་ལ་ཡང་སྐྱོན་འགེལ་རྐྱང་བྱེད་རྒྱུ་མེད། བྱ་དེ་རིགས་གསོད་པར་སྐྱོན་བརྗོད་བྱེད་པར་ཁོས་ཤ་བཟའ་རྒྱུ་སྤོང་དགོས་ཟེར་བ་དེ་ཡང་བདེན་པ་མ་རེད། དེ་ལྟར་ན་ང་ཚོས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་་་་ཅེས་བཤད་ཤ་ལ་ངོམ་རྒྱུ་མེད་པ་བཟའ་མཁན་བོད་མི་རེད། ཉོན་མོངས་དུག་ལྔ་སྤོང་དགོས་ཞེས་མ་ཎི་འདོན་འདོན་བྱེད་མཁན་བོད་མི་རེད ཡང་ཆགས་སྡང་རྩོད་མཁན་བོད་མི་རེད།
ཀླུ་སྨྱོན་གཅིག་པོ་གང་ནས་ཡིན།
མི་ས་ལ་རང་བསྡད། རང་ས་ལ་གཞན་བསྡད་ནས་ལྟས་ན་གང་འདྲ་འདུག་གམ།
འོ་དྲ་གྲོགས་སུ་གང་ལ་དམིགས་སུ་དགར་ནས་ཞུས་མེད་པས་དགོངས་འགལ་མེད་པར་ཞུ།
ཀ་ཅིའི་མདོག་ལ་འཁུ་བའི་ཀ་ཎི་ཀ།།
ཁ་ནས་ཤ་ཅང་སྤངས་པའི་ཚུལ་འཛིན་ཁ།།
ག་ལེར་མཛངས་མའི་ཤ་རྗེན་སྤྱད་འདུག་ག །
ང་འཛིན་ཆེ་ན་ཁམས་དཀར་ཤོར་ཡོང་ང།།
ཞེས་བྱ་བ་ནི་སྐབས་དོན་དང་སྦྱར་བའི་མཐའ་ཐོག་ཟུང་ལྡན་གྱི་དགོད་བྲོའི་ཀ་ཕྲེང་ངོ།