ཀླུ་སྨྱོན།
དུས་རབས་ཀྱི་དཀྱོགས་མཚམས་ནས་ཁ་ཕྱོགས་གང་དུ་འཚོལ།
—ཁ་བྱང་གི་འགྲེལ།
གསར་བརྗེ་བས་རྙིང་ཞེན་པར་རྒོལ་དགོས་ལ།
རྙིང་ཞེན་པས་གསར་བརྗེ་བར་རྒོལ་དགོས།
དེ་གཉིས་ཀྱི་གཙུབ་བརྡར་ལས་འབར་བའི་མེ་ལྕེ་དེ་ཁོ་ནས།
མི་རིགས་འདི་ད་གཟོད་ཐལ་བར་སྲེག་ཐུབ།
མི་རིགས་འདི་གཞི་ནས་མེད་པ་བཟོ་ཐུབ།
ཨ་ལགས་ཀྱི་གསུང་ཡིན་དུས་བྱིན་རླབས་འདྲ་ཡོད་ན་མ་གཏོགས་གོ་རྒྱུ་ནི་ཅང་མེད་ཀི་ཡ་ཨ་ཡུམ།
གོང་གི་རྩོམ་དེའི་བརྗོད་དོན་སྙིང་པོ་ཁྱེད་ཀྱི་ངོས་ནས་དགག་བྱར་འཛིན་ནམ་ཡང་ན་སྒྲུབ་བྱར་འདོད། ཨ་ལགས་གསར་མིན་རྙིང་མིན་མཆོག་གིས་གསུང་ལན་ཞིག་གནང་རོགས་མཛོད།
གསར་པ་མཐའ་དག་སྐྱོན་མེད་ཡང་རྩེ་རུ་འདོད་ཅིང་།།
རྙིང་བ་ཅུང་ཟད་ལུས་ན་སེམས་སྡུག་སྦུབ་ལྷུང་བའི།།
ཤར་མ་ནུབ་ཀྱི་ལུགས་འཛིན་ཨ་གསར་ཅན་འགའ་ཞིག།།
ཀླད་མེད་ཕ་མགོ་རྡུང་མཁན་ཇབ་ཆུང་བར་ངེས་སོང་།།
ཨ་ལགས་གསར་བརྗེ་དང་རྙིང་ཞེན་གང་གི་ཕྱོགས་སུ་གཏོགས་པ་རེད། ཡང་ན་གཉིས་ཕྱོགས་སུ་པགས་བྱིའུ་ལྟར་རྒྱུག་བཞིན་ཡོད་དམ།
པགས་བྱེའུ་ལྟར་མ་བརྒྱུགས་ན་མི་གྲལ་དུ་ཚུད་ཐབས་མི་འདུག་གོ
ད་དུང་གཞན་ཞིག་ནི་རོང་པས་འབྲོག་པར་རྒོལ་དགོས་ཤིང་།།
འབྲོག་པས་རོང་བ་ལའང་ཕྲག་དོགས་ཀྱིས་འཁངས་ར་བྱ་དགོས་ལ། དབུས་པས་ཀྱང་མཐའ་འཁོབ་པར་མཐོངས་ཆུང་གིས་ཁྱད་གསོད་བྱ་དགོས་པ་དང་།།
མཐའ་འཁོབ་པས་ཀྱང་དབུས་པར་ཁགས་དཀྲི་བཏགས་ཆོག། དེ་ལྟར་རིམ་བཞིན་རྣོ་ངར་ལྡན་པའི་ངོ་བོར་སྒྱུར་ཐུབ་ཚེ་མི་རིགས་དང་རྒྱལ་ཁབ་ཀྱི་མིང་ཙམ་ཡང་མེད་པ་བཟོ་ཐུབ་ཅིང་། གོང་གི་རྩོམ་པ་པོ་འམ་རྩོམ་གྱི་ཁ་བྱང་འགྲེལ་བྱེད་མཁན་པོའི་ཐུགས་འདུན་འགྲུབ་པ་ཡིན་ནམ་སྙམ།།