ཕྱི་ལོ་ ༢༠༡༢ ལོའི་ལོ་གསར་དང་བསྟུན། ནང་བསྟན་རིག་མཛོད་ཆེན་མོ་ཟེར་བའི་བོད་ཡིག་དཔེ་མཛོད་དྲ་ཚིགས་ཤིག་གསར་དུ་བཟོས་ཏེ་ཤར་གཏོང་བྱས་ཡོད་ཅིང་། དྲ་ཚིགས་འདིའི་རྩ་བའི་ལས་འཆར་ནི་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་ཡིན་སྟབས། མི་རབས་ནས་མི་རབས་སུ་ལས་རྒྱུན་མཐུད་དེ་འགྲོ་དགོས་པས། གནས་སྐབས་སྡེ་ཚན་ཕལ་ཆེར་སྟོང་བ་ཡིན་མོད། དང་ཐོག་བོད་ཡིག་ཀློག་རྒྱུར་དགའ་བའི་བོད་མི་དང་། བོད་མིར་འབྲེལ་ཡོད་རྣམས་ཀྱི་ཆེད་དུ་དམིགས་ཏེ། རྩ་ཆེའི་དཔེ་རྙིང་ཁག་གིས་ཐོག་དྲངས་མདོ་སྔགས་རིག་གནས་སྣ་མང་གློག་དེབ་ཀྱི་གཟུགས་སུ་བཟོས་ཏེ། རིག་མཛོད་ངོ་མཚར་འཕྲུལ་དེབ་ཀྱི་སྟེགས་བུར་བཀོད་ནས་བོད་དང་བོད་ཡིག་ལ་བརྩེ་དུང་ཟབ་པའི་རིས་མེད་སྐྱེ་བོ་རྣམས་ལ་ལོ་གསར་བའི་ལེགས་སྐྱེས་སུ་ཕུལ་ཡོད་པས་དགྱེས་བཞེས་གནང་རོགས།
འཕྲུལ་དེབ་དེ་དག་དེང་སྐབས་སྤྱོད་སྒོ་ཧ་ཅང་ཆེ་བའི་ཀུ་ཤུ་རྟགས་ཅན་གྱི་རྩིས་འཁོར་ཆུང་བ་ iPad, iPhone and iPod touch རྣམས་ཀྱི་ནང་རིན་མེད་ཕབ་ལེན་བྱེད་ཆོག་པས་ཁྱེད་ཀྱིས་ཚོད་ལྟ་ཞིག་གནོངས་དང་། གཅིག་བྱས་ན་ཁྱེད་ལ་དཔེ་མཚོན་བྲལ་བའི་དགའ་ཚོར་ཞིག་སྟེར་སྲིད།
ཕབ་ལེན་བྱེད་སྟངས་ནི་ཆེས་ཤིན་ཏུ་སྟབས་བདེ་ཞིག་ཡིན། དང་པོར་ཁྱེད་ཀྱི་རྩིས་འཁོར་ཆུང་ཆུང་ iPad སོགས་ཀྱི་ནང་གི་ safari ནང་དུ་རིག་མཛོད་དྲ་བྱང་། HYPERLINK “http://www.rigzod.org/” http://www.rigzod.org/ བྲིས་ནས་ནོན་དང་། ནང་བསྟན་རིག་མཛོད་ཆེན་མོ་ཟེར་བའི་བོད་ཡིག་དྲ་བ་ཞིག་འཆར་ཡོང་།
དེའི་ཐོག་ཏུ་རིག་མཛོད་ངོ་མཚར་འཕྲུལ་དེབ་ཟེར་བ་ཞིག་ཡོད། དེའི་ཐོག་ཏུ་ནོན་དང་སྟབས་བདེའི་འཕྲུལ་དེབ་མང་པོ་ཞིག་གིས་འཚང་ཀ་རྒྱག་བཞིན་ཁྱེད་ཀྱི་མདུན་དུ་སླེབས་ཡོང་། དེ་དུས་ཁྱེད་རང་གང་ལ་དགྱེས་པའི་འཕྲུལ་དེབ་དཔེ་རྟགས་ཀྱི་ཐོག་གམ། ཡང་ན་ཕབ་ལེན་གནོངས་ཞེས་པ་དེའི་ཐོག་ནོན་དང་། ཁྱེད་ཀྱི་རྩིས་འཁོར་ནང་ Open in “ibooks” ཟེར་བ་ཞིག་ཤར་ཡོང་། དེའི་ཐོག་ནོན་དང་འཕྲུལ་དེབ་གང་ཡིན་པ་དེ་བདེ་བླག་ངང་ཁྱེད་ཀྱི་རྩིས་འཁོར་དུ་འཛུལ་ཡོང་།
ཡིན་ན་ཡང་གལ་ཏེ་ཁྱེད་ཀྱི་རྩིས་འཁོར་དུ་ iBooks མེད་ན། འཕྲུལ་དེབ་ཕབ་ལེན་མ་བྱས་སྔོན་དུ་ཁྱེད་ཀྱི་རྩིས་འཁོར་དུ་ iBooks ཕབ་ལེན་བྱེད་དགོས། དེ་ནི་ཁྱེད་ཀྱི་རྩིས་འཁོར་ནང་གི་ App Store ཐོག་ནས་རིན་མེད་ཕབ་ལེན་བྱེད་ཆོག
འཕྲུལ་དེབ་དེ་དག་འཛམ་གླིང་ཐོག་གི་ཆེས་ཐོག་མའི་དྲས་ཀྱི་བོད་ཡིག་འཕྲུལ་དེབ་དུ་བགྲང་ཆོག་ལ། བཟོ་རྩལ་དང་སྤུས་ཚད་ཀྱི་ཆ་ནས་ཀྱང་གོ་གནས་མཐོན་པོར་སླེབས་ཐུབ་པའི་རེ་བ་ཡོད།
རྒྱ་ཆེའི་ཀློག་མཁན་རྣམས་ཀྱིས་འཕྲུལ་དེབ་དེ་དག་ཡར་རྒྱས་གཏོང་ཕྱོགས་ཀྱི་དགོངས་འཆར་ག་རེ་ཡོད་ན་གསུངས་དང་འདི་ནས་བརྩི་བཀུར་གྱིས་བསྐྱར་བཅོས་བྱེད་རྒྱུའི་ཁས་ལེན་ཡོད། ཐུགས་རྗེ་ཆེ།
རིག་པའི་རྡོ་རྗེ་ལགས་ཀྱིས་གསར་སྐྲུན་གནང་བའི་༼ནང་བསྟན་རིག་མཛོད་ཆེན་མོ་༽དྲ་ཚིགས་དེ། ཕྱི་ལོ་གསར་པའི་དུས་བཟང་དང་བསྟུན་ནས་ང་ཚོར་ལེགས་སྐྱེས་སུ་གནང་བར་དགའ་བསུ་དང་བཅས་རྗེས་སུ་ཡི་རངས་ཞུ་ཞིང་། དུས་མཚུངས་༼ནང་བསྟན་རིག་མཛོད་ཆེན་མོ༽འི་མཛད་འཕྲིན་གོང་ནས་གོང་དུ་དགེ་བའི་སྨོན་འདུན་ཞུ།
འདི་ཚང་མ་ཚོང་མིང་གི་ཆེད་རེད།ཚོང་བ་ཚོའི་ད་སྐབས་ཆོས་ཙོང་གི་འདུག
ངོ་མ་སྐྱོ་བོ་རེད།
འབའ་བློ་ལགས།
ཁོང་རྣམས་པས་དཀའ་བ་ཁྱད་དུ་བསད་དེ་བོད་ཡིག་ལ་ཞབས་སུ་སྒྲུབ་བཞིན་ཡོད་པ་ལས། ཚོང་གང་ན་བྱེད་ཀི་འདུག དེབ་ཚང་མ་རིན་མེད་ཡིན་པ་མི་ཤེས་སམ།
གང་ལྟར་ངས་ཁ་སང་བཤད་པ་ལྟར་བོད་ཡིག་ཀློག་འདོད་ཡོད་མཁན་ཚོས་གློག་དེབ་རྣམས་ཕབ་ལེན་བྱོས་དང་། ངོ་མ་ཡིད་འཕྲོག་པ་ཞིག་འདུག
རིག་པའི་རྡོ་རྗེ་ལགས་སུ་ལག་ཐལ་མོ་སྦྱར་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།
ཡང་ལོ་གསར་པའི་ལེགས་སྐྱེས་ལ་ནང་བསྟན་རིག་མཛོད་བསྐྲུན་ནས་སྐུ་འགྱེད་མཛད་པར་རྗེས་་ཡི་རང་ངོ་། །སྤྱི་ལོ་གསར་པར་བཀའ་ཤིས་བདེ་ལེགས་ཡོད་ལགས།
འདི་ཚོང་གི་ཆེད་དུ་མ་རེད། འདི་རིན་མེད་རེད།
བཀྲ་ཤིས་བདེ་ལེགས་ཞུ
རིན་པ་མི་དགོས་པའི་ཚོང་ཤིག་རྒྱག་གྱུར་ཡོད་ན་འདི་ཚོང་གིས་ཆེད་དུ་རེད། ཕན་ཐོགས་ཅན་གྱི་ཚོང་དེ་འདྲ་རྒྱག་པ་པོ་དེ་ལ་ཐུགས་རྗེ་ཆེ་ཞུ།
རིག་པའི་རྡོ་རྗེ་ལགས། སྤྱི་ལོ་གསར་ཚེས་དང་། དགུན་ཉི་ཟློག་སོ་ནམས་པའི་ལོ་གསར་ཟུང་ལ་འཚམསའདྲིས་དང་ལས་དོན་བཟང་པོ་འདི་ལྟར་གནང་སྙིང་ཟོལ་མེད་ཀྱིས་དགའ་སྤྲོ་དང་། ཡི་རང་། བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཡོད།
༄། འདི་ནང་མཛོད་འདི་app ནང་ནས་ཁ་བྱང་ག་རེ་འབྲི་དགོས་ཡོད་དམ་བཀའ་ལན་གནང་རོ
ཡ་ད་ངས་ཆ་ཚང་ཁྱེད་ཀྱི་ནང་བསྟན་རིག་མཛོད་དྲ་ཡིག་དེ་བཀླགས་ཡིན་ཁ་བྱང་ངོས་ཟིན་སོང་བཀྲིན་ཆེ་ལགས་སོ།།
སྐུ་ཞབས་རིག་པའི་རྡོ་རྗེས་དབུས་ནང་བསྟན་རིག་མཛོད་ཀྱི་དབུ་ལས་ལྷན་རྒྱས་ལ་སེམས་ཁོངས་ནས་གུས་བརྩི་ཆེན་པོས་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ།
ཁྱེད་རྣམ་པས་སྐུ་ངལ་དང་། དུས་ཚོད། འགྲོ་གྲོན་སོགས་གང་ལའང་མ་འཛེམས་པར་སྔར་མེད་གསར་བྱུང་གི་འདི་ལྟ་བུའི་བྱ་བ་རླབས་ཆེན་ཞིག་བསྒྲུབས་ཐུབ་པར། ནང་བསྟན་སྤྱི་དང་། བོད་མི་རིགས་དང་། རིགས་གནས་ལ་མཛད་རྗེས་དང་། ལེགས་སྐྱེས་འདི་ལས་ལྷག་ཅིག་ཅི་ཡོད། ཁྱེད་རྣམ་པས་དུས་རབས་འགྲོས་དང་མཐུན་པའི་བོད་ཀྱི་སྐད་ཡིག་གོང་འཕེལ་བཏང་བ་ལ་བོད་མི་ས་ཡ་དྲུག་གི་སེམས་ཁོངས་ཀྱི་དགའ་བ་གང་གིས་མཚོན་ཐུབ། བཀྲིན་ཆེ། དངོས་གནས་བཀྲིན་ཆེ།
འདི་དག་ཚང་མ་བོད་པའི་རིག་གཞུང་ལ་ཕན་ལས་གནོད་པ་མེད་པ་ཆོད་སེམས་གཏན་པོ་སྒང་ནས་བཤད་ཐུབ་ཀྱིན་འདུག་འོན་གོང་གི་ཚོང་གི་ཆེད་རེད་ཟེར་མཁན་དེ་དག་དམིགས་ཡུལ་དོན་ངོ་མ་ཅི་ཞིག་ཡིན་མིན་མི་ཤེས་ཀི
བོད་པའི་རིག་གཞུང་ཟེར་ན་དྲ་འཕྲུལ་འདི་ལྟ་བུར་ཟེར་དགོས་པ་རེད། མ་གཞི་རིག་གཞུང་དང་སྲིད་དོན་དོན་དག་ཅི་ཞིག་སྒྲུབ་ན་དཔལ་འབྱོར་མེད་རྩ་བ་ཡོངས་ཐབས་མེད་པ་ཞིག་ཞིག་རེད་། རང་ཉིད་འཇོན་པོ་ཡོད་ཚོང་གི་ཆེད་དུ་འདི་འདྲ་མ་ལག་དང་ཉུང་ལག་ཚང་བའི་རིག་གཞུང་ཕྱུག་པའི་དྲ་འཕྲུལ་ཞིག་བཟོས་དང་ངས་དགའ་བསུ་བྱེད་ངེས་ཡིན་ལོ་གསར་བའི་དྲ་ཚིགས་ཇུས་འགོད་པ་དང་དེ་དང་འབྲེལ་ཡོད་མི་སྣ་རྣམས་ལ་རྗེས་སུ་ཡི་རིངས་ཞུ་བཞིན་ཡོད། ལོ་གསར་བའི་ནང་ཚང་རང་གི་རིག་གཞུང་སྔར་ལས་དོན་གཉེར་ལེགས་པོ་རེ་བ་ཆེ།
རྗེས་སུ་ཡི་རང་གི་ཐལ་མོ་རྡེབ་བཞིན་ཡོད།
རྣམ་དཔྱོད་དང་སེམས་ཤུགས་ལ་འགྲན་ཟླ་བྲལ་བའི་སྐུ་ཞབས་རིག་པའི་རྡོ་རྗེ་ལགས་ཀྱི་ཕྱག་ལས་འདི་རྗེས་སུ་ཡི་རང་དང་ཚང་མས་རམ་འདེགས་དགོས་པའི་བྱ་བ་གལ་གནད་ཅན་ཞིག་རེད། ཕ་བཟང་གི་བུ་ཁྱེད་ཀྱི་བཀའ་འགྱུར་བསྟན་འགྱུར་ནང་གི་ལེ་ཚན་རེ་ནས་མགོ་བཙུགས་ཏེ་ཉིན་ཞིག་བཀའ་འགྱུར་བསྟན་འགྱུར་ནས་བཟུང་ནང་པའི་ཆོས་གཞུང་ཕོན་ཆེན་ཞིག་རིན་མེད་ཆོས་སྦྱིན་དུ་བསྩལ་ཐུབ་ན་ཅིས་ཀྱང་བཟང་། གསུང་རབ་ཤོག་ངོས་རེ་ལས་མིན་ན་ཡང་གཏགས་རོགས་བྱས་ནས་དྲ་བ་འདི་ཡར་རྒྱས་སུ་འགྲོ་བར་ང་ཚོས་འབད་བརྩོན་དགོས་པར་ཡིད་ཆེས་བརྟན་པོ་རྙེད་བྱུང་། ཐུགས་རྗེ་ཆེ།
རིག་པའི་རྡོ་རྗེ་ལགས་ལ་མཚམས་འདྲི་བཀྲིས་བདེ་ལེགས་ཞུ་བ་དང་ལྷན་དུ་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་ལམ་ཡོད། ཐུགས་རྗེ་ཆེ།།
བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། ཤིན་ཏུ་ལེགས།
ཨ་མའི་བུ་རྒོད་པོ་ཞེ་དྲག་ཡག་པོ་འདུག འོན་ཀྱང་། བྱ་བ་འདི་འགོ་རྩོམ་རྒྱུ་སླ་ཡང་མཇུག་སྐྱོང་རྒྱུ་ངོ་མ་དཀའ། ད་དེ་མོ་ཟིག་རེད།
གྲོགས་པོ་རིག་རྡོ་ལགས། གསར་འགྱུར་ལ་དགའ་གསུ་ཡོད། ཡིན་ནའང་། དྲ་ཚིགས་འདི་གསར་འགྱུར་འགོད་ས་མ་རེད། གལ་ཏེ་འདི་ན་ཁྱོད་ཀྱིས་གསར་འགྱུར་འགོད་དགོས་ན།
ཆ་རྐྱེན་དང་པོ། ཨམ་སྐད་ཁྭ་ཏའི་གདངས་འདྲ་བ་ཞི་རྒྱག་ཤེས་དགོས།
ཆ་རྐྱེན་གཉིས་པ། མྱི་སྟུ་ལྡག་པ་ལ་ཉོབས་སུ་མེད་པ་ཞིག་དགོས།
ཆ་རྐྱེན་གསུམ་པ། རྒྱལ་ཁབ་དང་མི་རིགས་ལ་ཤ་ཞེན་རྟིང་འབྲུ་ཙམ་མེད་པ་ཞིག་དགོས།
ཆ་རྐྱེན་བཞི་པ། ནང་ཁུལ་དཀྲུགས་པའི་རྩོམ་འཁྱོག་རེ་གཉིས་རེ་འབྲི་ཤེས་དགོས།
དེར་བརྟེན་ད་ནས་དྲ་ཞིགས་འདིའི་ནང་མི་འཛུལ་བ་ཞུ། དྲ་རྒྱ་ཚད་ལྡན་དེ་ཚོ་ནང་མི་ཚད་ལྡན་དེ་ཚོ་འཛུལ་དགོས་པ་དེ་ངས་སྐུ་ཉིད་ལ་དྲན་གསོ་ཞུས་པ་ཡིན།
འདི་འདྲ་ཞིག་གི་བོད་ཀྱི་རིག་གཞུང་ལ་གང་ཕན་གི་རེད།
འདི་འདྲ་མང་དྲག་ན་ཉིན་ཞིག་བོད་ཀྱི་བཀའ་བསྟན་པར་ཁང་ཚང་མ་སྒོ་རྒྱག་གི་རེད།
སྐྱོ་བོ་རེད། ཁྱེད་ཚོ་ཁོང་ཁྲོ་མ་ཟ་རོགས། འདི་སེམས་ཁྲེལ་ཙམ་ཡིན།
ཁ་དྲོ། ཡག་པོ་རེད། དཔེ་ཆ་ཞིབ་ཚགས་པོ་ཡོད་ན། རིན་འབབ་སྤྲད་དགོས་ན་མི་སྐྱོན་གི བོད་པའི་མི་རབ་ནས་མི་རབ་བར་རིན་མེད་ཟ་རྒྱུ་གོམས་དྲག་པ་རེད། ནམ་ཡིན་ན་རིན་མེད་ལ་རེ་བ་དེ་ལུགས་སྲོལ་ཡག་པོ་མ་རེད།
འབའ་བློ་ལགས། སེམས་ཁྲལ་མི་དགོས་པའི་སེམས་ཁྲལ་རང་རེད། ཉིན་རེ་བཞིན་འཛམ་གླིང་སྐྱེ་བོ་ཚང་མའི་མིག་ལམ་དུ་མཇལ་རྒྱུ་ཡོད་པ་ཞིག་བྱས་ཡོང་དུས་སྒོ་རྒྱབ་པ་ཡིན་ན། ལོ་དང་ཟླ་བ་བསྒྲིལ་ནས་ཁང་པའི་ཕུག་ཏུ་བརྩིགས་ནས་བཞག་པ་དེ་ཡག་གི་རེད་དམ། དངོས་གནས་བསམ་བློ་གཏོང་སྟངས་སྐྱོ་བོ་རེད། ལར་ནས་འབའ་བློ་ཁྱེད། བྱ་བ་འདི་ལ་དེ་འདྲའི་མི་དགའ་བའི་སྡང་ཟུག་ཅིག རྒྱུ་མཚན་དམིགས་བསལ་ཞིག་ཡོད་རྒྱུ་རེད། ཡོད་ན་ཞལ་གསང་གནང་ན་ཕན་ཆེ། དེ་མིན་རང་ཉིད་ཀྱིས་གང་ཡང་མ་འཇོན་པར། གཞན་གྱིས་བྱས་པར་ཕྲག་དོག་གི་བློ་མིག་དོག་པོ་དེ་མ་གནང་རོགས་ཞུ་རྒྱུ་ཡིན།།
ཤེས་རིག་བཀྲ་བའི་མཁས་པ་འགྱུར་འདོད་ན། །
རྣམ་ཀུན་སྣ་ཚཽགས་ཐབས་ཀྱིས་ཀུན་ལ་འབད། །
རྒྱུ་ནོར་འཛོམས་པའི་ཕྱུག་པོར་བྱ་འདོད་ན། །
རྣམ་ཀུན་སྣ་ཚོགས་ཐབས་ཀྱིས་ཀུན་ལ་འབད། །
ྸཨ་མའི་བུ་ལེགས་གྲུབ་བྱུང་བ་འཚམས་འདྲི་ཡོད།བཀྲ་ཤིས་བདེ་ལེགས།
ཀུན་མཆོག་ལགས། སེམས་ཁྲལ་མི་དགོས་སར་སེམས་ཁྲལ་རེད་ཟེར་ན་ཁྱེད་ཀྱི་འདོད་པ་བྱས།
ཡིན་ཡང་འཛམ་གླིང་སྐྱེ་བུ་འདྲ་མིན་རེད། བསམ་ཚུལ་ཡང་འདྲ་མིན་ཡོང་གི་རེད།
སེམས་ཁྲལ་ཙམ་ཡང་བྱེད་ས་མེད་ཟེར་ན་རྒྱ་དམར་དང་མི་འདྲའམ།
དགོངས་དག འབའ་བློ་ལགས། ཁྱེད་རང་ཡང་བོད་མི་རིགས་དང་། བོད་མི་རིགས་ཀྱི་སྐད་ཡིག་ལ་དུང་སེམས་དང་། ཤ་ཚ་ཡོད་མཁན་ཞིག་ཡིན་པ་གོར་མ་ཆགས། ཕྲན་ལྟ་བུའི་བསམ་ཚོད་ལ་བྱ་བ་འདི་ལྟ་བུ་ནི་ཤིན་ཏུ་ནས་རླབས་ཆེན་དང་། གཟི་བརྗིད་ཅིག་ཏུ་བརྩི་ཆོག དགེ་ཆོས་ཀྱིས། ཐམས་ཅད་ཁོང་དུ་སྦེད་པ་ཟབ་མོར་རློམས། །ཀུན་ལ་དོགས་པ་བཟའ་བ་གྲུང་པོར་བརྩི། །གསར་པ་ཐམས་ཅད་འདྲེ་ཡི་འཕྲུལ་དུ་སེམས། །ངོ་མཚར་ཐམས་ཅད་ཐན་ལྟས་ཉིད་དུ་བསྒོམ། །གསུངས་པ་ལྟར་ང་ཚོའི་སྐད་ཡིག་དང་རིགས་གནས་འདི་ཉིད་དེང་རབས་ཀྱི་རྗེས་སུ་མ་བསྙེགས་ནས་མཆོག་འཛིན་དང་། གཅེས་སྤྲས་ཟེར་ནས་བསྡད་ན་ཉིན་གཅིག་ལྡོག་ཏུ་མེད་པའི་གོད་ཆགས་ཆེན་པོ་ཞིག་འབྱུང་ངེས།
པར་ཁང་དག་ནི་ཚོང་དང་དཔེ་སྤལ་གཉིས་ཀའི་ཆེད་ཡིན་པ་ཀུན་གསལ་རེད. རྒྱ་ལ་འདི་དྲ་དར་བས་དཔེ་སྤེལ་ལ་ཕན་པ་ཧ་ཅང་ཆེ་ཡང་པར་ཁང་ཚོའི་དཔེ་ཚོང་ལ་གནོད་ངེས་རེད.
གཞན་ཀུ་ཤུའི་རིགས་རྣམས་ཀྱི་གོང་ཚད་མཐོ་བས་ཀུན་ལ་རྒྱུགས་ཆེ་མིན་ཐེ་ཚོམས་རེད. གསར་གཏོད་ཡིན་པར་མི་འདོད་ཀྱང་རིག་གཞུང་དང་མི་སོགས་ཀུན་ལ་ཕན་པ་མངོན་སུམ་རེད. མ་ཟད་དུས་ཚོད་. དཔལ་འབྱོར དཀའ་ངལ་སོགས་ལ་མ་འཛེམ་པར་ཞབས་ཞུ་སྒྲུབ་པ་སེམས་བཟང་དང. དེང་དུས་ཀྱི་གོ་སྐབས་ལེན་ཤེས་པ་སོགས་ཀྱིས་ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞུའོ།།
རིག་པའི་རྡོ་རྗེ་ལེགས། བོད་ཀྱི་རིག་གཞུང་ལ་རྩི་བཀུར་མཛད་དེ། དོན་གཉེར་ཅན་ལ་ཆོས་སྦྱིན་མཛད་པར་་རྗེས་སུ་ཡི་ཡང་། སྒོ་ཕྱེ་སྟངས་དེ་ལ་འབད་པ་བྱས་པས། ཕྱེ་མ་སོང་། ངའི་ནང་གཅིག་པ་སླེབས་པ་ན། དྲིས་ནས་ཕྱེ་ཐུབ་ངེས། ང་ཆུང་བའི་སྐབས་ཡིན་ན། འཁྲུལ་འཁོར་རིགས་ལ་ཤེས་འདོད་ཀྱིས་སྡོད་མི་ཐུབ་པ་ལྟ་བུ་ཡོད་ཀྱང་། ལོ་ཆེ་རྒན་དུ་འགྲོ་དུས་དབེན་པ་དགའ་བ་ལ་ཞིག་ཤུགས་ཀྱིས་འོང་། ཁྱེད་ཀྱིས་སྤུས་ཀ་བཏོན་པ་དེ་ངོ་མཚར་ཅན་ཡིན། བོང་བུའི་རྣ་མཆོག་ལ་གསེར་ལྟར་དོན་གཉེར་མེད་པ་ཞིག་ལ་རིན་མེད་དུ་ཆོས་སྦྱིན་བྱེད་ཀྱང་ཀློག་པ་ཡང་དཀའ་བ་འདུག སྤིར་བཏང་རྒྱ་གར་དུ། དེབ་གང་དང་གང་ཡིན་ཀྱང་རིན་ཆེ་ཙམ་བཞག་ན། རྩིས་མཐོང་ཆེ་བར་བྱེད། རིན་ཆུང་དང་། རིན་མེད་དུ་སྟེར་བ་དག་ལ་རྩིས་སྟངས་མི་བྱེད་པར་བཤད་སོང་། གང་ལྟར་ཁྱེད་ཀྱི་མཛད་པར་རྣམ་དཔྱོད་ཅན་དག་གིས་བསྟོད་བསྔགས་དེ་འོས་ཤིང་འཚམས་པར་མཐོང་ཞིང་། སྐུ་བཤེགས་ཨ་རི་པ། གེ་ནེ་སྨི་ཐ། འཇམ་དབྱངས་རྣམ་རྒྱལ་གྱི་བཀའ་དྲིན་ལས་བཀའ་བསྟན་གསུང་འབུམ་སོགས་བོད་ཀྱི་དཔེ་ཆ་གང་དགོས། གློག་ཀླད་འཁྲུལ་ཆས་ཐོག་ལེན་ཐུབ་པས། སྐུ་གཤེགས་དེའི་བཀའ་དྲིན་ཡང་རང་ཅག་བོད་དཔེ་ལ་དོན་གཉེར་ཅན་རྣམས་ཀྱིས་བརྗེད་མི་ཐུབ་པ་ལྟ་བུ་ཞིག་གོ །
ལོ་ཆེ་རྒན་དུ་འགྲོ་དུས་དབེན་པ་དགའ་བ་ལ་ཞིག་ཤུགས་ཀྱིས་འོང་། ཞེས་པ་དེ
ལོ་ཆེ་རྒན་དུ་འགྲོ་དུས་དབེན་པ་ལ་དགའ་བ་ཞིག་ཤུགས་ཀྱིས་འོང་། ཞེས་བཅོས་སོ།
ཕ་མེས་ཡབ་མེས་ཚོའི་རྔུལ་ཆུས་བསྐྲིན་པའི་པར་ཁང་ཚང་མ་སྒོ་བརྷྱག་ཉེན་འདུག
རིག་པའི་རྡོ་རྗེ་ལེགས།
ནང་བསྟན་རིག་མཛོད་ཀྱི་སྒོ་འབྱེད་སྟངས་ཤེས། དངོས་གནས། བོད་ཀྱི་རིག་གཞུང་དོན་གཉེར་ཅན་ཀུན་ལ་འདི་ནི་རིན་ཐང་ཅན། གསེར་གྱི་ཕུང་པོ་ལས་ཀྱང་ཆེས་མཆོག་ཏུ་གྱུར་པ་ལགས། བཀའ་དྲིན་མཆོག་ཏུ་ཆེ།
དཔལ་འབྱོར་དངོས་པོ་ལྡངས་ན། བོད་ཀྱི་སྤར་ཁང་སོགས་ལས་མེད་པར་མི་ལུས་ཏེ། བོད་ཀྱི་སྤར་ཁང་སོགས་ལ་བོད་ཀྱི་རིག་གཞུང་སྐད་ལེགས་པར་ཤེས་པ་དག་གིས་བོད་ཀྱི་རིག་གཞུང་དཔེ་རྣམས་ཚན་རིག་དང་མཐུན་པར་དཔེ་ཆ་བཟོ་སྐྲུན་བྱེད་དུ་འཇུག་དགོས་པ་འདུག བོད་དཔེ་ལ་བལྟོས་ཏེ། ལེགས་སྐྱར་སྐད་དུ་ཚན་རིག་དང་མཐུན་པའི་དཔེ་དེབ་མང་ཡང་། རྒྱ་གར་པ་རིགས་གཅིག་རྐང་འཛིན་འཚོལ་སྒྲུབ་བྱེད་པ་པོ་ཞིག་གིས་ཨིན་སྐད་ཀྱི་དེབ་ཀྱི་སྒོ་ནས་ཚོལ་སྒྲུབ་ཆུ་ཚོད་ཁ་ཤས་ལ་སྒྲུབ་ཐུབ་པ་ཞིག་ལ་ལེགས་སྦྱར་སྐད་དུ་ཡོད་པའི་དཔེ་དེབ་ཅིག་གི་སྒོ་ནས་འཚོལ་སྒྲུབ་ལ་་ཉི་མ་མང་པོ་འགོར། ཞེས་ལོ་ངོ་ལྔ་བཅུ་ཙམ་སྔོན་དུ་བཤད། དེ་ཡང་ཨིན་སྐད་དུ་དཔེ་དེབ་སྤར་སྐྲུན་བྱེད་པ་ན། གལ་ཆེའི་མིང་སོགས་ཀ་འཕྲེང་གི་རིམ་པར་བསྒྲིགས་ཏེ། དེབ་དེའི་ཤོག་གྲངས་གང་དང་གང་དུ་གསལ་བ་བཅས་ཀྱིས་མིང་ཚིག་གང་ཡིན་འཚོལ་སླ། བོད་སྐད་ཀྱི་དཔེ་དེབ་གང་ཡིན་ནའང་དེ་འདྲ་མེད་པས་མིང་སོགས་འཚོལ་དཀའ། དེས་ན་མ་འོངས་པ་ན་ཚན་རིག་གི་བློ་རྩལ་གྱིས་བོད་ཀྱི་དཔེ་དེབ་རྣམས་བསྐྲུན་དགོས་པར་སྣང་ངོ་།།
རྡ་སའི་ཁུལ་གྱི་སློང་ཕོར་ལྟ་བུ་ཁང་ཁུང་སྟོང་པ་རེིའི་སྒོའི་ཡ་ཐོད་ལ་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ཞེས་མིང་རྫིག་ཐག་ཆོད་རེ་བསྐལ་བ་དང་མི་འདྲ་བར། སྐུ་ཞབས་རིག་པའི་རྡོ་རྗེ་ལགས་ཀྱིས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་དུང་བ་ཟབ་པའི་མིའི་རིགས་རྣམས་ལ་ཁ་ཡོད་ལག་ཡོད་ཀྱིས་རིན་མེད་ཕན་ཐོགས་འདོད་དོན་སྒྲུབ་པ་ཙམ་མ་ཚད། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ལ་དམིགས་པའི་ཕྱག་ལས་རླབས་པོ་ཆེ་སྒྲུབ་རྒྱུའི་ནང་བསྟན་རིག་མཛོད་ཀྱི་དྲ་བ་ཞེས་པ་༢༠༡༢ ལོའི་གནམ་ལོ་གསར་པའི་དགའ་སྟོན་རྟེན་འབྲེལ་གྱི་དུས་སྐབས་དང་བསྟུན་ཏེ་ཤར་གཏོང་འགྲེམས་སྤེལ་བྱས་པ་དེ་ལ་རྗེས་སུ་ཡི་རང་དང་བསྟོད་བསྔགས་གྲངས་མེད་ཡོད།།
སྐུ་ཞབས་རིག་པའི་རྡོ་རྗེ་ལགས། ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ།
ཁྱེད་ཀྱི་ཕྱག་དཔེ་ཚོར་རིན་གོང་ཉུང་ཙམ་བཞེས་ན་ཡག་གི་རེད།
ནང་བསྟན་རིག་མཛོད་ནང་ཡིག་ཆ་ཕབ་ལེན་བྱེད་རྒྱུ་ཤེན་ཏུ་ཉྲོག་འཛིང་ཆེ་བ་བཟོ་འདུག