འབྲོང་ངུར་ཆོས་རྗེ།
ཁ་སང་དགོང་མོ་ཆུ་ཚོད་ ༧ ཡོལ་ཙམ་ལ་རྡོ་རྗེ་གདན་དུ་འབྱོར། རླངས་འཁོར་ཆེ་བའི་རིགས་སྤྱི་ལེ་བདུན་བརྒྱད་སྔོན་ཚུན་ནས་ཉེན་རྟོག་པས་བཀག་འགོག་བྱེད་བཞིན་འདུག་སྟབས། རྙིང་མའི་སྨོན་ལམ་བཞུགས་སྒར་བར་རྐང་གསུམ་འཁྲུལ་འཁོར་བཞོན། དེ་ནས་རྐང་གསུམ་ལྕགས་རྟ་བཞོན་ཏེ་སྐོར་ནས་ང་ཚོའི་སྡོད་སྒར་བར་འགྲོ་དགོས་ཐུག རྒྱུན་ལྡན་མིན་པའི་བརྒྱུད་རིམ་དེས་ཉིན་མཚན་གཉིས་ཀྱི་འགྲུལ་བཞུད་རིང་མོ་གང་སུན་སྣང་ཞིག་གིས་མཇུག་བསྡུས། འོན་ཀྱང་གོང་ས་མཆོག་གི་སྐུའི་ཉེན་སྲུང་ཆེད་ཡིན་པར་སྙམ་སྟེ་བཟོད་སྒོམ་བྱས། གང་ལྟར་སྐབས་འདིར་རྗོད་འདོད་པའི་མདོ་དོན་ནི། རྐང་གསུམ་ལྕགས་རྟ་བཞོན་ནས་འགྲོ་བཞིན་པའི་སྐབས་སུ་རྙིང་མའི་སྨོན་ལམ་གྱི་བཞུགས་སྒར་ཉེ་འཁྲིས་སུ་སྐྱ་སེར་ཧ་ཅང་མང་པོ་ཞིག་ཚོགས་ཏེ་འུར་ཟིང་ཆེན་པོའི་ཐོག་ནས་གླུ་ལེན་གར་འཁྲབ་བྱེད་བཞིན་འདུག་པ་མཐོང་། སྐབས་ཐོག་དེར་བུ་མོ་ཞིག་གིས་ཤིན་ཏུ་འཁྲུག་ཆ་དོད་པོའི་ཐོག་ནས་སྐད་རྒྱག་པ་དང་མི་དམངས་རྣམས་ཀྱིས་ཀྱང་དེ་དེ་བཞིན་འུར་རྒྱག་བཞིན་འདུག ད་དུང་གཞན་ཡང་འདུག དེ་དག་མཐོང་སྐབས་ང་རང་ཧང་སང་སོང་། ཡ་མཚན་ཡང་སྐྱེ་བྱུང་། ཨ་ཙི་ག་རེ་ཡིན་ན་བསམས་སོང་། འདི་ལོ་བོད་ལ་དགེ་འདུན་པ་བཅུ་ཕྲག་བརྒལ་བས་རང་ལུས་མེེར་བསྲེགས་ཀྱིས་བོད་དོན་ཆེད་གཅེས་སྲོག་ཕུལ་བའི་དྲོད་རླངས་ཙམ་ཡང་མ་ཡལ་གོང་ནས་བོད་པ་ཚོས་གནས་རྩ་ཆེན་འདི་འདྲའི་མདུན་ནས་གླུ་ལེན་གར་འཁྲབ་ཀྱི་རྣམ་པ་ཞིག་སྟོན་ཡོང་དུས། བོད་པ་ཚོའི་བྱེད་སྟངས་འདིར་གཞན་ཧང་མ་སང་ནའང་ང་རང་ནི་ཧང་སང་སོང་། ད་དུང་ཁ་ཅིག་གིས་ལོ་གསར་གཏོང་མི་གཏོང་གི་སྐད་ཆ་ཤོད་བཞིན་འདུག།ཁྱད་མཚར་རེད། མདོར་ན་ང་ཡི་སེམས་སྐྱོ་གདུང་གི་མུན་ནག་ཞིག་གིས་མདུན་བསུས་སོང་།
ཡང་སྙིང་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་སྙིང་སྟོབས་ངོ་མ་མཐོང་ཞིང་བཀའ་དྲིན་བསམ་ཤེས་ཐུབ་མཁན་ག་ཚོད་ཡོད་དམ།
སྤྱི་ལོ་ ༢༠༡༢ ཟླ་བ་ ༠༡ ཚེས་ ༠༤ ཉིན་དགོང་མོ་ཆུ་ཚོད་བཅུ་དང་ཕྱེད་ཐོག་བྲིས།
ཧང་སང་དགོས་པའི་བྱ་བ་གང་འདྲ་ཞིག་མཐོང་བར་ཡིན་ནམ། གནས་མཆོག་ཁྱད་ཅན་འདི་འདྲ་ལ་བླ་མ་སངས་རྒྱས་དངོས་ཕེབས་ནས་བྱིན་རླབས་ཅན་གྱི་ཆོས་ཁྱད་པར་ཅན་འདི་འདྲ་ཞིག་ཐོབ་དུས། དགའ་སྤྲོའི་ངང་ནས་གླུ་གར་ཅུང་ཟད་ཅིག་འཁྲབ་ན་ཡང་ཧང་སང་དགོས་དོན་ཨེ་ཡོད་ན།
ག་རེ་ཧང་སང་ཡིན་ན་མི་འཇོན་འཇོན་སྣང་བྱེད་མཁན་ཞིག་ཡིན་ས་རེད་ཡང་། བྲི་སྟངས་ལ་ལྟས་ན་མཁས་འདོད་དང་ཆེ་འདོད་བྱེད་མཁན་ཞིག་འདུག དེ་ཙམ་གྱིས་ཤེས་ཡོན་ཞིག་མེད་པར་གསལ་བོ་ཆགས་སོང་།
འབྲོང་ངུར་ཆོས་རྗེས་གསུངས་པ་བདེན་པ་རེད། ལ་ལས་ལོ་གསར་གཏོང་མི་གཏོང་ཞིག་སྐད་ཆ་ཞིག་བཟོ་གིས་འདུག་པ། ལ་ལས་གླུ་གར་གཏོང་བ་གང་འདྲ་ཡིན་ནམ། འོན་ཀྱང་ལ་ལས་གཏམ་བརྗོད་བསྟན་གྱིས་འདུག་། དམར་པོས་རྒྱ་ཡིས་སྡུག་རྩུབ་ཇི་ལྟར་གཏོང་ཚུལ་མིག་ལམ་འཕྲོ་ཡིས་འདུག་དེ་ལ་བསྔགས་བརྗོད་ཡོད།
རྡོར་རྗེ་གདན་ལ་ཆོས་ཞུ་གི་ཡོང་བ་ལས་གླུ་ལེན་གར་རྩེད་བྱེད་གི་ཡོང་བ་ཡིན་རྒྱུ་མ་རེད་།
འབྲོང་ངུར་ཆོས་རྗེ་རིན་པོ་ཆེ་ཧང་སང་བ་ཁག་མི་འདུག དངོས་གནས་འགན་འཁུར་ཡོད་པའི་མི་ཞིག་གིས་བལྟས་ན། རྒྱ་གར་ན་ཡོད་པའི་བོད་མི་འདི་ཚོའི་བྱེད་སྟངས་མཐོང་དུས་ངོ་མ་ངུ་འཆོར་དགོས་པ་མང་པོ་ཞིག་འདུག ཁ་ནས་བོད་ཀྱི་དཔའ་བོ་དཔའ་མོའི་བསྟོད་གླུ་ཡིན་ཟེར་ནས། དོན་དུ་དཔེ་ཤག་ཆེད་ཁོ་ན་རེད་འདུག ང་ལ་བོད་ནས་ཡོང་མཁན་ཞིག་གིས་བཤད་དོན། གལ་ཏེ་འདི་ལྟ་བུའི་གནད་དོན་གཞིས་ལུས་སྤུན་ཟླ་རྣམས་ཀྱིས་མངོན་གསུམ་མཐོང་ན་སེམས་ཕམ་འགྲོ་ས་རེད་ཟེར། ཡིན་ནའང་འདིའི་སྐོར་ག་ཚོད་ཅིག་འབྲི་བརྗོད་བྱས་ན་ཡང་རང་ཉིད་ངལ་བ་འབའ་ཞིག་ལས་གཞན་གང་ཡང་མི་འདུག གོང་དུ་འགའ་ཞིག་གིས་བཤད་ཚུལ་ལ་ལྟོས་དང་། ཁོ་རང་ལ་ཡང་གནོང་ཆེན་པོ་ཞིག་འདུག་པས། ཕལ་ཆེར་ཚོང་པ་དེའི་གྲས་གཅིག་ཡིན་པ་འདྲ། ཧ་ཧ་ཧ་་་ བླ་མ་དང་གནས་ཆེན་དབང་ལུང་མཇལ་བ་དགའ་བ་ལ། བཙན་བྱོལ་བོད་མིའི་བྱེད་སྟངས་འདི་ཚོ་སྐྱོ་བ་ལ། ཨོ། ད་མང་དྲགས་སོང་། ཡང་བཤད་དྲགས་ན། ཡང་ན་རྒྱ་མིའི་མྱུལ་མ་ཡིན་རབས་དང་། ཡང་ན། ཤུགས་ལྡན་ཕྱོགས་ཁག་གང་རུང་ཞིག་ཡིན་ཚུལ་གྱི་མི་དཀར་པོ་ལ་ཞྭ་ནག་པོ་སྐོན་མཁན་ཡོང་མདོག་ཁ་པོ་རེད། གང་ལྟར་དབང་ལུང་ཡག་པོ་ཞུས། སེམས་བཀུག་ནས་བསྡད་ན་དགའ་ས་རེད། ཧ་རོ་ཡ།
༄། གཤམ་གྱི་གནས་ཚུལ་གཟིགས་དང། ད་ཁྱོད་ཚོ་གཞས་དང་ཞབ་བྲོ་ཁྲོབས། ལག་པ་རྐང་པ་གཡུག་ཨ། རྐུབ་དང་གཞང་གཙོང་ཨ། གཟི་སྨན་སྣ་བཏགས་འཐེན་ཨ།གྲྭ་བ་ཞིག་དང་མི་སྐྱ་ཞིག་གིས་སྐུ་ལུས་མེར་བསྲེཊ་བཏང་།
འདོན་སྤེལ། ༢༠༡༢/༠༡/༠༦
དེ་ རིང་ཉིན་རྒྱབ་རྒྱ་ནག་གི་ཆུ་ཚོད་ ༢ དང་སྐར་མ་ ༤༠ ཙམ་ལ་ཨ་མདོ་རྔ་པ་རྫོང་ཐོག་ཏུ་གྲྭ་བ་ཞིག་དང་མི་སྐྱ་ཞིག་བཅས་མི་གཉིས་ཀྱིས་ ལྷན་དུ་རང་ལུས་མེར་བསྲེགས་བཏང་ཡོད་འདུག
༧གོང་ས་མཆོག་གིས་རྡོར་གདན་གསུང་ཆོས་ར་བར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གསུང་གི་ཡོད་པ་ལྟར། དེ་རིང་ཉིན་རྒྱབ་བཀའ་ཆོས་མགོ་འཛུགས་གནང་མ་ཐག བོད་ཨ་མདོ་རྔ་པ་ནས་ཕེབས་པའི་ཆོས་ཞུ་བ་ཞིག་གིས་ནང་མི་ཚོར་༧གོང་ས་མཆོག་གི་ གསུང་སྐད་ཐོས་སུ་འཇུག་ཆེད་བོད་དུ་ཁ་པར་བཏང་སྐབས། དེ་རིང་ཉིན་རྒྱབ་རྒྱ་ནག་གི་ཆུ་ཚོད་ ༢ དང་སྐར་མ་ ༤༠ ཙམ་ལ་རྔ་པ་རྫོང་གི་ཁྲོམ་གཞུང་དུ་གྲྭ་བ་གཅིག་དང་མི་སྐྱ་གཅིག་བཅས་མི་གཉིས་ ཀྱིས་ལྷན་ཏུ་རང་ལུས་མེར་བསྲེགས་བཏང་ཡོད་སྐོར་བརྗོད་འདུག སྐབས་དེར་ཁོང་གཉིས་ཀྱིས་ཕྱག་ཐལ་མོ་སྦྱར་ཅིང་ཞལ་ཀིརྟི་དགོན་པའི་ཕྱོགས་སུ་འཁོར་ཏེ། འབོད་ཚིག་མང་པོ་ཞིག་བསྒྲགས་ཡོད་ཀྱང་རོབ་ཙམ་ཐོས་ཐུབ་པ་ནི་ “རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག” ཅེས་པ་འདི་དག་ཡིན་འདུག ཡུན་ཙམ་གྱི་རྗེས་སུ་རྒྱ་གཞུང་གི་དམག་མི་དང་ཉེན་རྟོག་པ་འབྱོར་ཏེ་བཙན་ཁྲིད་ བྱས་ཡོད་འདུག
ཁ་པར་གཏོང་ཡུལ་དེས་མཐོང་གསལ་ལྟར་ན། གྲྭ་བ་དེ་ཕལ་ཆེར་སྐུ་གྲོངས་ཡོད་པ་དང་། མི་སྐྱ་དེའི་གནས་སྟངས་གསལ་བོ་ཤེས་མ་ཐུབ་ཀྱང་མེ་ཤུགས་ཧ་ཅང་ཆེན་པོ་འབར་ཡོད་སྟབས་གཉིས་ཀའི་ཚེ་སྲོག་ཤོར་ཡོད་པར་ཚོད་དཔག་བྱེད་ཀྱིན་ཡོད་འདུག གཞན་གྲྭ་བ་དེ་དང་མི་སྐྱ་དེ་གཉིས་རྔ་པ་གང་ནས་ཡིན་པ་དང་ལོ་ཚད་དང་མིང་སོགས་ད་ སྔ་གསལ་བོ་ཤེས་རྟོགས་ཐུབ་མ་སོང་ཟེར།
ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཚེ་འདས་དེ་རྣམས་བར་དོའི་སྡུག་བསྔལ་ལས་ཐར་བར་ཤོག
སྤྱི་ཚོགས་ཆེན་པོའི་ནང་དུ་བཤད་མཁས་པ་ཙམ་གྱིས་མི་ཆོག གཙོ་བོ་བསམ་ལ་མཁས་དགོས། དེ་ཡང་རང་སྟེང་ལ་དམིགས་ནས་བསམ་ན་མི་ཡ་རབས་གྲས་སུ་གོམ་ཁ་བསྒྱུར་ཙམ་རེད། ཆོས་དང་འཇིག་རྟེན་གང་་ཐད་ནས་བཤད་ན་ཡང་དང་པོ་རང་ཉིད་ཀྱི་འདས་མ་ད་གསུམ་གྱི་སྒོ་གསུམ་གྱི་བྱ་བཞག་ཆེ་མ་ཆུང་གསུམ་ལ་འཛུབ་མོ་བཙུག་ནས་རང་ཉིད་གྱི་གཤིས་རྒྱུད་ཡག་པོ་དབང་ལ་བཙུག་ནས་རང་གིས་རང་ལ་ཡང་ཞེ་ཁྲེལ་མེད་པའི་ངང་ནས་བཀའ་མོལ་གནང་རྒྱུ་སློབས་གཉེར་གྱི་གྲུབ་འབྲས་སུ་གཙོ་བོར་འཛིན་བཞིན་པ་འཛམ་གླིང་མཁས་པ་རྣམས་ཀྱིས་གཙིག་ཆེར་འཛིན་བཞིན་པ་རེད།
དྲང་སྲོང་ལགས་ཀྱིས་གནས་ཚུལ་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ། བཀའ་དྲིན་ཆེ། ཁ་ཅིག་འདི་ནས་གཞས་འདྲ་བཏང་། ཞབས་བྲོ་འདྲ་འཁྲབ། ལྟད་མོ་འདྲ་བལྟས། ངོ་མ་བོད་མིའི་སྙིང་སྟོབས་དང་ལར་ཞེན་ཆ་མི་སྙོམས་པ་འདི་ཅི་ཞིག་ཡིན་ནམ། ཐ་ན་རྒྱལ་གཅེས་དཔའ་བོ་དཔའ་མོའི་མཛད་རྗེས་ལ་གུས་འདུད་ཙམ་ཡང་ཞུ་མི་ཤེས་པ་ཀྱེ་མ་ཧུད། གང་ལྟར་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་དག་གི་སྙིང་སྟོབས་ལ་བསྔགས་བརྗོད་དང་ཡི་རང་གུས་འདུད་སྨོན་འདུན་ལར་བརྒྱར་ཞུ་ཞུ།
ང་རང་འབུ་དུག་སྦྲང་ཆུང་ཆུང་ཞིག་ལའང་ཁྲག་ཐིགས་པ་གཅིག་སྦྱིན་པ་གཏོང་མི་བྲ་མཁན་ཡིན་སྟབས། རྒྱལ་གཅེས་པ་ཁྱེད་རྣམས་ལྟར་རང་ལུས་མཆོད་མེར་འབུལ་ཐུབ་པའི་བློ་སྟོབས་ད་ལྟ་མ་མཆིས་ཀྱང་། ངས་ཁྱེད་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་ཡིད་སྨོན་དང་བཅས་ནམ་ཡང་སེམས་ཁོང་ནས་བཀའ་དྲིན་རྗེས་དྲན་དང་། གནས་མཆོག་ཁྱད་པར་ཅན་འདིའི་མདུན་ནས་བསྔོ་སྨོན་དང་གདུང་སེམས་མཉམ་བསྐྱེད་ཞུ།
ང་རེ་བོད་ཀྱི་སྤྱི་ཚོགས་ཁྲོད་ངན་པ་སྐྱག་ལངས་སུ་ཤོར་ཡོད་པ་ཞིག་ནི། གཞུང་དང་དགོན་པ། བླ་མ་དང་སྤྲུལ་སྐུ་གང་ལའང་བསྟོད་སྔགས་རྐྱང་རྐྱང་བྱེད་པ་དེ་རེད། གལ་སྲིད་མི་ཞིག་གིས་༸གོང་ས་མཆོག་དང་། བོད་མའི་སྒྲིག་འཛུགས་སོགས་ལ་དངོས་ཡོད་དང་མཐུན་པའི་སྐྱོན་བརྗོད་བྱེད་སྐབས་སུའང། ཁོ་རྒྱ་ནག་གི་སོ་བ་ཡིན་རབས་དང་། དོལ་རྒྱལ་ཚོགས་པའི་རྒྱུད་འཛིན་ཡིན་རབས་ཀྱིས་མི་དེའི་མགོ་ལ་སྟ་རེས་རྡུང་ཐབས་བྱེད། དེ་ནི་ནོར་བ་རེད། རང་ཉིད་ཀྱི་བསམ་ཚུལ་བཤད་པའི་ཐོབ་ཐང་འགྲོ་བ་མི་སུ་ལའང་ཡོད་ཡོད་པ་རེད། གང་ལྟར། ངས་འདིར་བཤད་འདོད་པ་ནི། དོལ་རྒྱལ་ཟེར་བ་དེ་ལྷ་ཡིན་ཀྱང་རུང་། འདྲེ་ཡིན་ཀྱང་བོད་ཀྱི་མང་ཚོགས་ཁྲོད་རྟག་ཏུ་བཀག་འགོག་བྱེད་པ་འདིས། དམར་པོ་རྒྱ་ནག་གི་འོག་ཏུ་ཆོས་དད་རང་མོས་མེད་ཅེས་བཤད་བཞིན་བཤད་བཞིན། དོན་ལ་བོད་བླ་མའི་རྒྱལ་པོའི་མངའ་ཁོང་དུའང་ཆོས་དད་རང་མོས་མེད་པའི་མདོག་ཞིག་བསྟན་ཡོང་གི་འདུག ངའི་བསམ་བློར་དོལ་རྒྱལ་བསྟེན་མཁན་རྣམས་ལ་བསྟེན་བཅུགས་ཏེ་རང་སོར་འཇོག་རྒྱུ་ལས་མང་ཚོགས་ཁྲོད་རྟག་ཏུ་དམའ་འབེབ་དང་། ཕྱོགས་གཉིས་སུ་བཀར་རྐྱང་བྱེད་པ་འདིས་བོད་མིའི་ནང་ཁུལ་དང་། ཁྱད་པར་དུ་དགེ་ལུགས་པའི་ནང་ཁུལ་དུ་རྙོག་གྲ་ཆེ་རུ་གཏོང་བ་ལས་ཕན་ཐོགས་མི་འདུག་སྙམ་མོ། གསེར་མིག་ང་ནི་རྒྱ་ནག་གི་སོ་བ་ཡིན་ཆོག་ལ། དོལ་རྒྱལ་ཚོགས་པའི་ཚོགས་མི་ཡིན་ཡང་སྲིད ཧཧཧཧཧ།
ཨ་མདོ་རྔ་བའི་དཔའ་རྒོད་རྣམས་ཀྱིས་གཙོས་གཞིས་བཞུགས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་ལ་ལག་ཟུང་སྤྱི་བོར་བཏུད་དེ་བསྔགས་པའི་བསྟོད་དབྱངས་འབུལ་བ་དང་འབྲེལ། འཛམ་གླིང་ནང་ཆེས་ཉུང་ལ་སྟོང་ལ་ཉེ་བའི་བོད་མི་རིགས་ཀྱི་མ་འོང་བའི་རིགས་རྒྱུད་ལ་ཐུགས་བསམ་བཞེས་ཏེ་ཁྱེད་རྣམས་ཀྱི་སྐུ་གཟུགས་ཞུགས་ལ་མ་ཕུལ་བར་སྐུ་ཚེ་ཡུན་ཏུ་བརྟན་པར་བཞུགས་རོགས། དུས་དང་སྐབས་ལ་བབ་པ་ན་ང་ཚོས་ཚང་མས་ཞུགས་ལ་ཕུལ་ཆོག
ལངས་ཤོར་ཕྱིན་པ་གསེར་མིག་ལ་ཞུ་རྒྱུ། ཁྱོད་ཀྱིས་གནས་ལུགས་མ་ཤེས་བའི་སྐད་ཆ་མང་པོ་བཤད་འདུག་པས་ཁྱོད་ལ་ཤེས་སུ་བཅུག་རྒྱུར། (ཁྱོད་ཀྱིས་བཤད་དོན་གལ་སྲིད་མི་ཞིག་གིས་༧གོང་ས་མཆོག་དང་། བོད་མའི་སྒྲིག་འཛུགས་སོགས་ལ་དངོས་ཡོད་དང་མཐུན་པའི་སྐྱོན་བརྗོད་བྱེད་སྐབས་སུའང་། ཁོ་རྒྱ་ནག་གི་སོ་བ་ཡིན་རབས་དང་། དོལ་རྒྱལ་ཚོགས་པའི་རྒྱུད་འཛིན་ཡིན་རབས་ཀྱིས་མི་དེའི་མགོ་ལ་སྟ་རེས་རྡུང་ཐབས་བྱེད། དེ་ནི་ནོར་བ་རེད་བཅས་ཁྱོད་ཀྱིས་བཤད་འདུག)
༡. གལ་སྲིད་མི་ཞིག་གིས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་ཚེ་མི་དེ་ཤེས་པ་རང་བཞིན་གནས་མེད་པ་ཐག་བཅད་ཆོག
༢. དོལ་རྒྱལ་ལྷ་མ་རེད། དོལ་རྒྱལ་ནི་དོལ་རྒྱལ་རང་རེད། འོན་ཀྱང་ཁྱོད་ཀྱིས་དོལ་རྒྱལ་མགོ་ལ་འཇོག་ན་འདྲ་སྐེར་གྱོན་ན་སུས་གཅིག་གིས་བཀག་འགོག་ཡོད་མ་རེད། ཁྱོད་ཀྱིས་འདོད་མོས་ལྟར་བྱེད་ཆོག
༣. ཆོས་དད་རང་མོས་ཟེར་བ་དེ་ཆོས་ལུགས་ཀྱི་རང་མོས་ཡིན་པ་ལས་དོལ་རྒྱལ་དང་འབྲེལ་བ་ཡོད་མ་རེད། དོལ་རྒྱལ་ནི་ཁྱོད་རང་གིས་ཟེར་བཞིན་འདྲེའམ་དོལ་རྒྱལ་ལས་ཆོས་ལུགས་ཞིག་མ་ཡིན། གསེར་མིག་ཁྱོད་དེ་ཤེས་པ་གྱིས། རྒྱ་གུང་ཁྲན་གྱི་སོ་བ་ད་ལྟ་ཁྱོད་ཀྱིས་འཇོན་ས་མ་རེད། མུན་མཐུད་ཤེས་རྒྱ་ཆེ་རུ་ཐོངས་དང་རྗེས་སུ་སོ་བ་བྱ་རྒྱའི་རེ་ཡོད་སྲིད།
ཕྱོགས་གཉིས་ཀ་ལ་བདེན་པ་རེད་བསམ་སོང་། དེ་ཕྱོགས་ལ་བློ་ཁ་ཕྱོགས་པ་ཡག་པོ་རེད། ཚ་ཚ་ལ་ལྷམ་གོག་བཀབ་པ་དང་བསལ་བ་བཞིན་རེད།