ཐུབ་བསྟན་བསམ་འགྲུབ།
ཐུབ་བསྟན་བསམ་འགྲུབ་ལགས་ནི་བོད་མིའི་སྤྱི་ཚོགས་ནང་མིང་གྲགས་གང་འཚམས་ཡོད་པའི་མི་ཞིག་ཡིན་པ་དང་།ཁོང་ནས་ད་བར་བོད་སྤྱི་ཚོགས་ཀྱི་གྲུ་ཁ་འདྲ་མིན་དུ་བོད་དོན་ཕྱག་ལས་གང་འཚམས་གནང་ཡོད་པ་དང་ཤེས་འཇོན་ཉམས་མྱོང་གང་ས་ནས་གཞན་ལ་ངོ་གནོང་མི་དགོས་པའིབོད་མི་གྲགས་ཆེན་ཞིག་ཡིན་ཞེས་བཤད་རིན་ཡོད་པ་ཞིག་རེད། ལྷག་པར་དུ་ཁོང་ཉེ་སྔོན་དབྱིན་ཡུལ་དོན་གཅོད་ལ་བསྐོ་བཞག་གནང་བ་དང་དེའི་སྔོན་ཙམ་བཀའ་བློན་ཁྲི་བའི་འོས་དམིགས་འཚོལ་བའི་ལས་རིམ་ཞིག་མགོ་བཙུགས་པ་ནས་བོད་མིའི་ཤེས་ལྡན་ཁྲོད་དོ་སྣང་དང་གླེང་སློང་ཤུགས་ཆེ་རུ་ཕྱིན།ང་ཚོའི་དྲ་གནས་འདིའི་ཐོག་ཀྱང་ཁོང་གི་སྐོར་གླེང་སློང་རིམ་པར་བྱུང་བ་ལྟར་རེད།ཡིན་ན་ཡང་།ཁོང་གི་སྐོར་གླེང་སློང་བྱེད་སྐབས་དོན་དངོས་དང་འཚམས་མི་འཚམས་གཉིས་ཀ་བྱུང་ཡོད་པ་རེད། དེ་རིང་མོན་ཁྲི་རེལ་གྱི་བོད་མི་ཚོས་ཁོང་ལ་ཕེབས་སྐྱེལ་གྱི་མཛད་སྒོ་སྟབས་བདེ་ཞིག་བསྡུས་པ་དང་མཉམ་དུ་ཡང་སྐྱར་ཁོང་དང་མཇལ་བའི་གོ་སྐབས་ཤིག་རེག ཁོང་གིས་གསུངས་ན། ཉེ་སྔོན་བཀའ་ཤག་གིས་ད་ལྟ་བོད་ཀྱི་གནས་སྟངས་དེ་ཛ་དྲག་ཅན་དུ་འགྱུར་ཡོད་པ་དང་ལྷག་པར་དབྱིན་ཡུལ་དོན་གཅོད་དེ་གནད་འགག་ཆེན་པོ་ཡིན་པ།་ཁོང་གི་ཉམས་མྱོང་སོགས་ལ་གཞིགས་ནས་དེར་བསྐོ་བཞག་བྱས་པའི་གནས་ཚུལ་འབྱོར་བ་དང་ལམ་སང་་དེར་ངོས་ལེན་བྱེད་མ་ཤེས་པ་ཞིག་བྱུང་གསུངས།ག་རེ་རེད་ཟེར་ན།ཁོང་ནས་ལོ་ཤས་ནས་རྒྱ་ནག་སྤྱི་ཚོགས་ནང་འབྲེལ་བ་འཛིན་པའི་ལས་ཁུངས་ཤིག་དྷ་སར་སྒོ་ཕྱེས་ཡོད་པ་དང་།རྒྱ་གར་ལྷོ་ཕྱོགས་ཀྱི་གཞོན་སྐྱེས་རྣམས་ཀྱི་འཚོ་འདུན་དང་གཞིས་ཆགས་ཁ་ཐོར་དུ་མི་འགྲོ་བའི་ལས་གཞི་ཞིག་ཀྱང་མགོ་བཙུགས་ཡོད་པ་རྣམས་མཇུག་སྐྱོང་བའི་ཆེད་དུ་ཡིན་འདུགཁོང་གི་ཕྱག་ལས་དེ་བོད་གཞུང་གི་ཕྱག་ལས་ཡིན་པ་དང་་གོང་གསལ་གྱི་ཕྱག་ལས་དེ་བོད་གཞུང་ལ་འབྲེལ་བ་ཡོད་པས་བར་ཆད་དུ་མི་འགྲོ་བར་མུ་མཐུད་མཇུག་སྐྱོང་བྱེད་ཆོག་པའི་བཀའི་གནང་བ་ཐོབ་པ་ལ་བརྟེན་ནས་ཁོང་ནས་དེ་ལ་མོས་མཐུན་གནང་་འདུག
ཁོང་ནི་ལྷ་སར་སྐྱེས་པ་དང་ཕ་མ་གཉིས་ཁམས་ནས་རེད། ལོ་ ༨ ལ་ཕ་མ་སྤུན་མཆེད་དང་མཉམ་་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་བ་དང་ ༡༩༨༠ལོར་ཀེ་ན་ཏའི་བཟའ་ཟླ་དང་བུ་ཕྲུག་གཉིས་མཉམ་ཀེ་ན་ཊར་གནས་སྤོ་བྱས་འདུག ཁོང་དགུང་ལོ་༡༡ཐོག་གཞན་བྱིས་པ་༡༦དང་མཉམ་བོད་ཀྱི་ཟློས་གར་ཁང་ནང་ཕྱིན་པ་དང་དེ་ནས་རིམ་པས་དགེ་རྒན་དང་མཐར་༡༩༧༨ནས་༡༩༨༠བར་ཟློས་གར་ཁང་གི་འགན་འཛིན་བྱས་་ཏེ་ཡོ་རོབ། སིང་གྷ་པོར། ཨོ་སི་ཊོ་རི་ལི་ཡ། ཨ་རི། ཁེ་ན་ཏ་བཅས་ནང་འཁྲབ་སྟོན་ལ་ཕྱིན དེའི་སྔོན་ཁོང་ནས་བྷི་རོན་སློབ་གྲྭ་ཆེན་མོའི་ནང་འཁྲབ་སྟོན་སྒྱུ་རྩལ་སྐོར་སློབ་སྦྱོང་བྱས་ཏེ་སློབ་མཐར་ཕྱིན་པ་མ་ཟད་འཁྲབ་སྟོན་སྒྱུ་རྩལ་སྐོར་གཟེངས་རྟགས་དེ་འདྲ་ཐོབ་ཡོད་པ་དང་། རྒྱལ་སྤྱིའི་སློབ་ཆེན་གྲགས་ཆེན་དུ་མ་ཞིག་ནང་བོད་ཀྱི་ཟློས་གར་སྒྱུ་རྩལ་སྐོར་གཏམ་བཤད་མགྲོན་འབོད་གནང་འདུག
ཁོང་ཁེ་ན་ཊར་སླེབས་ནས་ཁི་སྦེག་ཁི་བོད་རིགསཚོགས་པའི་ཚོགས་གཙོ་གནང་བ་དང་་།༡༩༩༠ལོར་བྱང་ཨ་རིའི་སྤྱི་འཐུས་སུ་འོས་འདེམས་བྱུང་། ༡༩༨༧ལོར་Canada Tibet Committee བཙུགས་པ་དང་༢༠༠༤བར་ཚོགས་པ་དེའི་ཚོགས་གཙོའི་འགན་བཞེས། དེའི་རིང་ཁེ་ན་ཊའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་དྲ་གནས་སོགས་གསར་འཛུགས་གནང་བ་དང་། རྒྱལ་དབང་རིན་པོ་ཆེའི་ ༡༩༩༠ ལོ་དང་། ༡༩༩༣ལོ། ༢༠༠༤ལོའི་ཁེ་ན་ཊའི་ཆིབས་བསྒྱུར་གོ་སྒྲིག་ཚགས་ཚུད་པོ་གནང་འདུག་པ་བཅས་མདོར་བསྡུས་ཙམ། ངས་ཤེས་པ་ལྟར་ན། ཁོང་ནི་ནམ་རྒྱུན་སྐད་ཆ་སྙན་པོ་ཙམ་བཤད་ནས་སྡོད་མཁན་ཞིག་མིན་པར་ལག་ལེན་་མཁན་ཞིག་ཡིན་པ་མ་ཟད་བསམ་བློ་བཏང་ནས་ལས་ཀ་གསར་བ་ཞིག་བྱེད་པར་འབད་མཁན་ཞིག་ཡིན། ད་རུང་ས་ཁུལ་གཞན་དང་གཞན་དུ་ང་ཁོང་འདྲ་བ་མེད་མི་སྲིད་པས་དེ་རིགས་སྤྱི་ཚོགས་ཐོག་ངོ་སྤྲོད་བྱེད་རྒྱུ་གལ་ཆེ་བར་མཐོང་།
མདའ་ཚན་པས་འདི་ལྟར་ཐུབ་བསྟན་བསམ་འགྲུབ་ཀྱི་ལོ་རྒྱུས་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ། ད་དུང་ཁོང་གི་ལོ་རྒྱུས་ལ་ཁ་གསབ་དགོས་པ་ཡོད་པར་སྣང་། ཁོང་ལོ་ ༨ ལ་རྒྱ་གར་དུ་སླེབས་དུས་དེ་ནི་དུས་ཚོད་ནམ་ཞིག་ལ་ཡིན། ད་ལྟའི་ནང་མིའི་གནས་སྟངས་ག་འདྲ་ཡིན་སོགས་གསབ་དགོས་པར་སྣང་། ངེད་ཀྱི་བསམ་པ་ལ། ང་ཚོས་འདས་པའི་ལོ་རྒྱུས་འཚོལ་དགོས་པ་དང་ཤེས་དགོས་པ་གལ་ཆེན་པོར་སྣང་མོད། ད་ལྟ་ཡོད་པའི་ལོ་རྒྱུས་ཤེས་རྒྱུ་འདི་ཡང་གལ་ཆེ་བར་འདོད། ངེད་ཀྱི་སེམས་ལ། “བོད་མི་སུ་དང་སུ་”ཞེས་པའི་ལས་འཆར་ཞིག་མགོ་བཙུགས་ཏེ། བོད་ཕྱི་ནང་གི་བོད་མི་ལས་རིགས་སྣེ་འཛོམས་སུ་ཡོད་ཀྱི་ལོ་རྒྱུས་ཕྱོགས་བསྡེབས་ཤིག་བྱས་ན་འདོད། འོན་ཀྱང་དགོས་པ་ཆེན་པོ་ཡོད་མེད་དང་། རོགས་དངུལ་རག་མིན་སོགས་མི་ཤེས།
དགེ་འདུན་རབ་གསལ་ལགས་ཀྱིས་གསུངས་པ་བདེན་པ་རེད། ཁོང་གི་སྐོར་རྒྱུས་ཙམ་འབྲི་ཐུབ་ན་ལེགས་མོད་ང་ལ་དུས་ཚོད་ཞེ་དྲག་མེད་པ་མ་ཟད་ང་རང་གང་ཐུང་ཐུང་འབྲི་རྒྱུར་དགའ་མཁན་ཞིག་ཡིན། ལྷག་པར་དུ་ངོ་སྤྲོད་ཐུང་ཐུང་དེ་མདང་དགོངས་འཕྱི་བོར་བྲིས་པས་མགྱོགས་པོར་མཇུག་བསྡུ་ཐབས་བྱས་པ་ཡིན། དེ་རིང་ངའི་སེམས་སུ་དོན་རེ་ཟུང་ཁ་གསབ་བྱ་དགོས་པ་འདུག་བསམས་སོང་། ད་ལྟ་འདིར་འཛུལ་བ་དང་ཁྱེད་རང་གི་དགོངས་ཚུལ་དེ་མཐོང་སོང་།
ང་འདིར་ཡོང་ནས་ལོ་བཅུ་གྲངས་ཤིག་འགྲོ་གི་ཡོད། དེའི་རིང་ངས་ཐུབ་བསྟན་བསམ་འགྲུབ་ལྷོད་ལྷོད་བྱས་བསྡད་ཡོད་པའི་སྐབས་ཤིག་རྩ་ནས་མ་མཐོང་། ཁོང་ནས་སྔོན་ཁེ་ན་ཊ་བོད་དོན་ཚོགས་པའི་འགན་འཁུར་བའི་སྐབས་ཀྱང་ཟླ་ཕོགས་སོགས་མེད་པར་ལས་ཞོར་དུ་ཕྱག་ལས་གནང་བ་རེད། རྗེས་ནས་ ༢༠༠༤ ལོར་རྒྱལ་བ་རིན་པོ་ཆེ་འདི་ཕྱོགས་མ་ཕེབས་སྔོན་ཁོང་ལས་ཀ་ནས་ཕྱིར་འབུད་བཏང་བ་རེད། རྒྱུ་མཚན་ནི་བོད་དོན་ཆེད་རང་གི་ལས་ཀ་ནས་ཡང་ཡང་དགོངས་ཞུ་བྱ་དགོས་བྱུང་བས་ཡིན་འདུག སྔོན་ཐུབ་བསྟན་བསམ་འགྲུབ་ལགས་ནས་ལས་ཞོར་དུ་ཕོགས་འབབ་མེད་པར་བྱས་པའི་ལས་ཀ་དེ་ད་ལྟ་ཕྱི་རྒྱལ་བ་ཞིག་ལ་ལོ་རེར་སྒོར་སྟོང་ཕྲག་༤༥ མིན་ནམ་ཅིག་ཕྱིན་ནས་ཉིན་འཁྱོངས་ལས་ཀར་གྱུར་ཡོད་པ་འདི་གཅིག་པོས་ཐོག་ནས་ཀྱང་ང་ཚོར་བསམ་བློ་གཏོང་རྒྱུ་ཞིག་འདུག
ཁོང་གི་བཟའ་ཟླའི་མཚན་ལ་ཁེ་རོལ་བསམ་འགྲུབ་ཟེར་བ་དང་། མོས་ཀྱང་བོད་དོན་ལ་ཕྱག་ལས་ཡུན་རིང་གནང་བ་རེད། ལོ་ཤས་སྔོན་ནས་མོར་གཞུང་གི་ལས་ཀ་ཞིག་རག་ཡོད་ཚུལ་ཟེར། ཁོང་གཉིས་ལ་ཟླ་བ་ཟེར་བའི་བུ་གཅིག་དང་ཌེབ་ར་ཟེར་བའི་བུ་མོ་གཅིག་ཡོད་པ་རེད། ད་ལྟ་དེ་གཉིས་ཀ་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་དེ་རང་རང་ཐད་ཕྱག་ལས་གནང་གི་ཡོད་འདུག
ཁ་སང་ཐུབ་བསྟན་བསམ་འགྲུབ་ཀྱིས་གསུང་བཤད་སྟབས་བདེ་ཞིག་གནང་སྐབས། ལོ་སྔ་ཕྱི་འདི་དག་ལ་ཁོང་བོད་དོན་ཆེད་ཡང་ཡང་རྒྱ་གར་ལ་འགྲོ་དགོས་བྱུང་བའི་འགྲོ་སོང་ཆ་ཚང་བཟའ་ཟླའི་་ཕྱོགས་ནས་བཏང་བ་དང་། ད་བར་ཁོང་ལ་རྒྱབ་སྐྱོར་གནང་བར་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུས་སོང་། ཕྱི་ཕྱོགས་སུ་ཡང་ཡང་འགྲོ་དགོས་བྱུང་ན་ནང་མི་མཉམ་སྡོད་ཀྱི་དུས་ཚོད་ལྷོད་ལྷོད་ཅིག་མེད་པ་དེ་ནི་བཤད་མ་དགོས་པ་ཞིག་རེད། ད་ཐེངས་ཁོང་དབྱིན་ཡུལ་དོན་གཅོད་ལ་བསྐོས་པའི་གནས་ཚུལ་དེ་ཡང་ཁོང་ཚོ་གུང་སེང་ལ་ཡོད་སྐབས། གློ་བུར་དུ་གནས་ཚུལ་ཛ་དྲག་ཡོད་པས་དྷ་སར་འབྲེལ་བ་ཞུས་ཟེར་ནས་གློག་ཡིག་ཅིག་འབྱོར་ཏེ་དེ་ཡང་ཐུགས་ལྷོད་ལྷོད་ཅིག་བྱུང་མི་འདུག ད་ཐུབ་བསམ་ལགས་དབྱིན་ཡུལ་དུ་སྡོད་དགོས་པ་དང་བཟའ་ཟླ་ཡང་འགྲོ་བ་མིའི་ཐོབ་ཐང་གི་ལས་ཀའི་ཆེད་ཕྱོགས་བསྐྱོད་ཡང་སེ་བྱེད་དགོས་ཡོད་འདུག་པས་ནང་མི་མཉམ་སྡོད་ལོ་གཅིག་རིང་ཡོད་པ་མ་རེད་ཟེར་ནས་ཁ་སང་གཞན་ལ་ཁ་བརྡ་བྱས་འདུག འཁྲུལ་བ་མིན་ན་ངས་ཀྱང་མོའི་གདོང་པ་ནས་སྐྱོ་ཉམས་འདྲ་བོ་ཞིག་མཐོང་སོང་།
ད་བཤད་འདོད་པ་གཞན་པ་ཞིག་ནི། ངས་ཐུབ་བསམ་ལགས་ལ་ཁྱེད་རང་བཀའ་ཁྲིའི་འོས་མིར་ལངས་གི་མིན་ནམ་ཞེས་དྲིས་པ་ཡིན། ཁོང་ནས་དེ་ནི་རྩ་ནས་ཡོང་གི་མ་རེད། གཞན་པས་ཁོ་རང་བཀའ་བློན་ཁྲི་བར་འདུག་འདོད་རེད་ཟེར་ནས་མཐོང་ཚུལ་ངན་པ་ཡོང་གི་རེད་གསུངས་སོང་། དོན་དངོས་སུ་འདི་ནི་སྤྱི་ཚོགས་ནང་འགན་ཞིག་ལེན་གི་ཡོད་པ་ལས་གཞན་གང་ཡང་མིན་ན་ཡང་བོད་སྤྱི་ཚོགས་ནང་འདི་ལྟ་བུའི་མཐོང་ཚུལ་ཁྱབ་ཆེན་པོར་ཡོད་པ་རེད། ད་བར་བཀའ་བློན་ཁྲི་བའི་འོས་མིར་ལངས་མཁན་མེད་པ་དེ་ཡང་ཕྱོགས་གཅིག་ནས་སྤྱི་ཚོགས་ནང་དེ་ལྟ་བུར་མཐོང་ཕྱོགས་ངན་པ་ཞིག་ཡོད་པ་དེས་མ་ཡིན་ནམ། གང་ལྟར་ཀྱང་འདིར་བོད་མི་ཚོའི་ནང་ཐུབ་བསམ་ལགས་བཀའ་ཁྲིའི་འོས་མིར་ལངས་རྒྱུར་རེ་བ་རྒྱག་མཁན་འདུག ད་དེ་ཙམ་ཡིན། གསལ་བཤད་བྱེད་དགོས་ས་ཡོད་ན་ཐུབ་བསམ་ལགས་ལ་འབྲེལ་བ་གྱིས། ད་ངའི་ཞ་ཡས་ངུ་གོ་གི ཨ་ཡས་ནང་ན་མེད།ང་འགྲོ་རན་སོང་། སང་ཉིན་མཇལ་ཡོང་།
ཐུབ་བསམ་ཟེར་བའི་བོད་མི་ཤེས་འཇོན་ཅན་ཞིག་ཡོད་པ་ཆ་རྒྱུས་མི་ཆེ་ཡང་མདའ་ཚན་པས་བཤད་པ་ལྟར་ན་དངོས་ནས་རྗེས་སུ་ཡི་རང་བྱེད་རྒྱུ་ལས་ཅི། འོན་ཏེ་ཁོ་པས་བཀའ་ཁྲིའི་འོས་གཞི་ལངས་ན་གཞན་གྱིས་མཐོང་ཕྱོགས་ངན་པ་འགྱུར་བས་དེ་འདོད་པ་མེད་སྐད། གཞན་གྱི་མཐོང་ཕྱོགས་ངན་པ་ཙམ་ཡང་གདོང་ལེན་བྱེད་པའི་སྤོབས་པ་མེད་ན་དེ་བཀའ་བློན་ཁྲི་པ་ཆགས་ཚེ་སྨྱོན་པ་འགྱུར་བར་སྨོས་ཅི་དགོས། རྒྱུ་མཚན་ནི་སྤྱི་མཐུས་ཟེར་བའི་མི་ཡ་མ་བརླ་དེ་དག་གིས་ཉོག་བཤད་བཙན་པོ་མདའ་མདུང་ལྟ་བུ་དེ་ཚོ་ཟམས་གདོང་འདྲ་བ་མི་རེ་ཟུང་ལས་བཟོད་མི་ཐུབ་མཐོང་ཆོས་སུ་གྱུར་པས་སོ།
ཁ་སྔོན་བསམ་གཏན་ཟེར་མཁན་ཞིག་གིས་སྟག་སྨྱོན་ཟེར་བ་དང་མདའ་ཚན་པ་སོགས་མི་གཅིག་དང་ཁེ་ན་ཊར་ཡོད་ཚུལ་བཤད་སོང༌། དེ་རིང་མདའ་ཚན་པས་རྩོམ་ཡིག་ལས་བདེན་དཔང་ཅུང་རགས་སོང༌། ད་དུང་སྟག་གསོད་དང་སྦང་སྦང་སོགས་དོན་དུ་སུ་ཞིག་ཡིན་ནམ། ང་ལྟ་བུའི་མི་གཅིག་ལ་མིང་གཅིག་ཅན་ཞིག་ཡིན་ན་ཅི་མ་རུང༌། འ་ལ་ཀུ་རེ་ཡིན། ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ།
ཚེར་མ་ཁྱོད་ལ་མིང་ག་ཚོད་ཡོད། ཡང་བུད་ཡོང་ནས། གདོང་དམར་གྱིས་ཁྱོད་ལ་བཟོད་གསོལ་ཞུ་བ་རེད་ཡ། ཁོ་ངོ་མ་བུ་ངར་རེད་ཡ། ཁྱོས་ད་རུང་ཟུག་རྒྱུ་མཚམས་མི་འཇོག་ནས། ད་ངོ་མ་སུ་གི་ཡ།
ལ-ཟླ་བ་ལགས་ཁྱོད་ལ་མིང་ག་ཚོད་ཡོད་དམ།
ལཟླ་བ་ལགས་ཁྱོད་ལ་མིང་ག་ཚོད་ཡོད་དམ།
མིང་བཅུ།